མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སྐུ་འགའ་དང་ལྷམ་མགོ་འགའི་སྟེང་གི་ཚོར་བ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཛ་ཛིལ་ཞེས་པའི་བཟོ་གྲྭ་ཞིག་གིས་ལྷམ་གྱི་བཟོ་བཀོད་འདྲ་མིན་སྟེང་དུ་སྟོན་པ་ཤཀྱ་ཐུབ་པ་དང་རྗེ་བཙུན་འཇམ་པའི་དབྱངས། མ་ཎིའི་གཟུངས་སྔགས་སོགས་དཔར་སྐྲུན་བྱས་ཏེ། ཚོང་རར་བཀྲམས་སྟབས་བོད་གཙོས་པའི་ནང་པའི་རྗེས་འཇུག་མང་བོས་ངོ་རྒོལ་བྱས་པར་བརྟེན། ད་ལྟ་ལྷམ་དེ་དག་ཕྱིར་བསྡུ་བྱས་པ་དང་འཛམ་གླིང་གི་ནང་པ་ཡོངས་ལ་དགོངས་དག་ཞུས་ཡོད་འདུག
ཉེ་ལམ་ཨ་རིར་རྟེན་གཞི་བྱས་པའི་ Zazzle ཞེས་པའི་བཟོ་གྲྭ་ཞིག་གིས་ལྷམ་གྱི་སྟེང་དུ་ནང་པ་སངས་རྒྱས་པའི་ཆོས་ལུགས་ཀྱི་ལྷ་སྟོན་པ་ཤཀྱ་ཐུབ་པ་དང་། ཤེས་རབ་ཀྱི་ལྷ་རྗེ་བཙུན་འཇམ་པའི་དབྱངས། སྙིང་རྗེའི་ལྷ་འཕགས་པ་སྤྱན་རས་གཟིགས་ཀྱི་གཟུངས་སྔགས། ནང་པའི་དབུ་ཁྲིད་དང་བོད་མིའི་སྐྱབས་མགོན་༧གོང་ས་མཆོག་བཅས་ཀྱི་སྐུ་བརྙན་བྲིས་ཏེ་རྒྱལ་སྤྱིའི་ཚོང་རར་འགྲེམ་སྤེལ་བྱས་ཡོད་འདུག

བཟོ་གྲྭ་འདིས་ད་བར་ཚོང་རྫས་སྣ་ཚོགས་སྟེང་བོད་དོན་སྐོར་གྱི་འབོད་ཚིག་དང་བོད་ཀྱི་མཚོན་དོན་ཡོད་པའི་ཚོང་རྫས་སྣ་ཚོགས་བཟོ་སྐྲུན་བྱེད་ཀྱིན་ཡོད་ནའང་། ཐེངས་འདིའི་ Keds བཟོ་གྲྭས་གསར་བཟོ་བྱས་པའི་ནང་པའི་སྐུ་བརྙན་ཡོད་པའི་ལྷམ་ཁྱབ་བསྒྲགས་བྱས་པ་འདིས། བོད་གཙོས་འཛམ་གླིང་གི་ནང་པ་ཡོངས་ཀྱི་སེམས་པར་ཕོག་ཐུག་བཟོས་ཡོད་འདུག

ངྷ་སའི་དབྱིན་ཡིག་སློབ་ཕྲུག་ཚོགས་པ་ ༼ ཚོགས་པ་འདི་ནི་བཟོ་གྲྭ་འདིར་ངོ་རྒོལ་བྱེད་ཆེད་དུ་གསར་དུ་བཙུགས་པའི་དབྱིན་ཡིག་སློབ་ཕྲུག་ཚོགས་པ་ཞིག་ཡིན་ ༽ ནས་ཕྱི་ཟླ་ ༦ ཚེས་ ༡༤ ཉིན་གསར་འགོད་གསལ་བསྒྲགས་སྤེལ་ཏེ། ཛ་ཛིལ་བཟོ་གྲྭའི་བྱེད་སྟངས་འདི་ནི་ནང་པ་སངས་རྒྱས་པ་ཡོངས་ལ་ཁྱད་གསོད་དང་། མཐོང་ཆུང་། དམའ་འབེབས། མནར་གཅོད་བཅས་བཟོད་དཀའ་བ་ཞིག་རེད་ཅེས་དང་། ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་ངྷ་ས་མེག་གྷན་དུ། བོད་དང་སོག་པོ། འབར་མ། ཧི་མ་ལ་ཡའི་རིགས་རྒྱུད་ཀྱི་ཡུལ་མི་སོགས་ཀྱིས་གྲུབ་པའི་ངྷ་སའི་དབྱིན་ཡིག་སློབ་ཕྲུག་ཚོགས་པས་རྒྱ་བོད་དབྱིན་གསུམ་ཐོག་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་རྒྱུར་གྲ་སྒྲིག་བྱས་འདུག

ཡིན་ནའང་། གནས་ཚུལ་འདི་བོད་ཀྱི་དུས་བབ་ཟིན་བྲིས་དང་ཁ་བརྡ་དྲ་རྒྱ། དབྱིན་ཡིག་གི་ངོ་གདོང་དྲ་རྒྱ་ Facebook སོགས་སུ་ཁྱབ་ཤུགས་ཇེ་ཆེ་དང་གླེང་སློང་ཇེ་མང་དུ་སོང་ཐོག ངྷ་སའི་དབྱིན་ཡིག་སློབ་ཕྲུག་ཚོགས་པའི་དབྱིན་ཡིག་སྡེ་ཚན་གྱི་ཚོགས་མི་འགས་ Zazzle ཚོགས་པའི་ཡན་ལག་ Keds ཚོགས་པར་དངོས་སུ་འབྲེལ་བ་བྱས་ཏེ་གསེད་དཀྲོལ་བྱས་རྐྱེན། ད་ལྟ་བཟོ་གྲྭ་དེས་ནང་པ་ཡོངས་ལ་དགོངས་སེལ་ཞུས་པ་དང་། ནང་པ་བ་རྣམས་ཀྱིས་དད་འདུན་བྱེད་སའི་སྐུ་བརྙན་ཡོད་པའི་ལྷམ་དེ་དག་ཚོང་ར་ནས་ཕྱིར་འཕེན་བྱས་འདུག

Keds ནི་ ༡༩༡༦ ལོར་དབུ་བརྙེས་པའི་ཚོགས་པ་ཞིག་ཡིན་ལ། བཟོ་གྲྭ་དེའི་འགན་འཛིན་ Kristin Kohler Burrows འབོད་པས་བཤད་དོན། ང་ཚོས་ལྷམ་ངོས་ཀྱི་པར་རིས་དེ་དག་གི་ཉེས་སྐྱོན་མ་ཤེས་ལ།  སྤྱིར་ན་ང་ཚོ་ནི་གཞན་གྱིས་ཅི་ཞིག་མངགས་གཏོང་བྱས་ན།  དེ་བཞིན་བཟོ་བསྐྲུན་བྱེད་ཀྱིན་པའི་ཚོགས་པ་ཞིག་ཡིན། འོན་ཀྱང་ཁྱེད་ཚོའི་གསལ་བཤད་དེས་ང་ཚོས་ནག་ཉེས་དང་། མི་སེམས་འཁྲུག་པའི་ལས་ཀ་བཟོ་གིན་པ་ཤེས་སོང་བས་དགོངས་སེལ་ཞུ་རྒྱུ་དང་། ང་ཚོས་བཏོན་ཟིན་པའི་ལྷམ་བརྒྱ་དང་བཞི་བཅུ་ཡོད་པ་དེ་དག་ཀྱང་དེ་རིང་ནས་མེད་པ་བྱ་ངེས་པར་མ་ཟད། གཞན་ལ་བཙོང་ཟིན་པ་འགའ་ཡོད་པའང་ཕྱིར་བསྡུ་བྱ་རྒྱུའི་ཐབས་ཤེས་འཐེན་གི་ཡིན། གཞུག་ཕྱོགས་འདིའི་རིགས་གཏན་ནས་མི་བྱ་རྒྱུའི་ཁས་ལེན་ཞུ་རྒྱུ་ཡིན་པས། ཁྱེད་ཅག་གིས་ངོ་རྒོལ་མཚམས་འཇོག་གནང་རོགས། ཞེས་ཡིག་ངག་གཉིས་ཐོག་ནས་དགོངས་སེལ་ཞུས་སྐོར། ཚོགས་པ་དེའི་ཚོགས་མི་གྲྭ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་སོངལ། ཁོང་གིས་ད་དུང་ཐེངས་འདིར་སྤེལ་འཆར་གྱི་ལས་འགུལ་དེ།  Keds བཟོ་གྲྭས་དགོངས་སེལ་ཞུས་པ་དང་ཚོང་རྫས་ཕྱིར་བསྡུ་བྱས་སྟབས་མཚམས་འཇོག་བྱས་ཡོད་ཟེར།

གཞན་ཡང་ Zazzle བཟོ་གྲྭས་ད་བར་བཟོ་སྐྲུན་བྱས་པའི་སྟོད་གོས་ T-shirt དང་རྒྱབ་ཁུག གོང་དཀྲིས། ཞྭ་མོ་བཅས་ཀྱི་སྟེང་དུ་བོད་རང་བཙན་དང་ང་བོད་ལ་དགའ། ང་བོད་རང་བཙན་ཆེད་དུ་ལངས་ཡོད། ཨོྃ་མ་ཎི་པདྨེ་ཧཱུྃ། བོད་ལ་ད་ལྟ་རོགས་པ་བྱོས་ལྟ་བུའི་འབོད་ཚིགས་སྣ་ཚོགས་ཡོད་པ་མ་ཟད། བོད་ཀྱི་ཕོ་བྲང་པོ་ཏ་ལ་དང་༧གོང་ས་མཆོག བོད་ཀྱི་རྒྱལ་དར། གངས་སེང་སོགས་བོད་ཀྱི་མཚོན་དོན་གསལ་བོར་མངོན་པའི་པར་རིས་སྣ་ཚོགས་ཅན་ཚོང་རྫས་བཟོ་སྐྲུན་བྱེད་ཀྱིན་ཡོད་འདུག

ལྷམ་སྟེང་ལ་སྟོན་པའི་སྐུ་འདྲ་སོགས་བྲིས་པའི་ཚོང་རྫས་འདིའི་རིགས་འགོག་དགོས་མིན་སྐོར་ལ་བོད་མིའི་ནང་དུ་བསམ་ཚུལ་མི་མཐུན་པ་ཡོད་ལ། བོད་ཀྱི་དུས་བབ་དྲ་ངོས་ཀྱི་ཟིན་བྲིས་པ་སྤོབས་པ་མཐའ་ཡས་ལགས་ཀྱིས་ལས་འགུལ་སྤེལ་མཁན་ཚོར་སྐྱོན་བརྗོད་བྱས་ཡོད་ལ། ཁོང་གི་ལྟ་ཚུལ་འདིར་རྒྱབ་སྐྱོར་བྱེད་མཁན་ཡང་མི་ཉུང་བ་ཞིག་བསླེབས་ཡོད་པ་རེད། དེ་བཞིན་དུ། ལས་འགུལ་འདི་ལ་རྒྱབ་སྐྱོར་བྱེད་མཁན་ཡང་ཡོད་པ་རེད།

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་གྱི་འོས་མིར་ལང་རྒྱུ་ཡིན་འདུག

ཆུ་ཚོད་ ༡༨ སྔོན་ལ།
ཡུམ་ཆེན་གདུགས་དཀར་སྒྲོལ་མ་དང་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་། ཟླ་ཚེས་མི་གསལ།
Mobile App

ཧཱུྃ་ཀར་རྡོ་རྗེ་མཆོག་གི་མ་ཡུམ་གདུགས་དཀར་སྒྲོལ་མ་ལགས་སྐུ་གྲོངས།

༢༠༢༥/༠༥/༡༢
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་འཁྲུལ་ཞིག་བླ་བྲང་དང་གདན་ས་རྫ་རོང་ཐུབ་བསྟན་སྨིན་གྲོལ་མདོ་སྔགས་ཆོས་གླིང་གཉིས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༥།༥།༡༢
༸གོང་ས་མཆོག གསར་འགྱུར།

འཁྲུལ་ཞིག་རིན་པོ་ཆེའི་ཡང་སྲིད་མཆོག་གི་ཁྲི་སྟོན་མཛད་སྒོ་སྟབས་བདེ་ཞིག་འཚོགས།

༢༠༢༥/༠༥/༡༢
Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩

མཆན། 13

  1. ཨ་འཇམ། says:
    ལོ་ 15 སྔོན།

    དེ་ནི་བོད་ཀྱི་རིག་གནས་སྟེང་གི་གནད་དོན་ཞིག་རེད།

    Reply
  2. ཇ་མ་ says:
    ལོ་ 15 སྔོན།

    ཚོད་ལྟ་གཅིག་བྱས་ན་མི་འགྲིག་པ་མི་འདུག

    Reply
  3. བསྟན་འཛིན་ཤེས་རབ། says:
    ལོ་ 15 སྔོན།

    ངས་བལྟས་ན་ཁོང་ཚོར་ཡི་རངས་བྱས་ན་རེད། ད་ལྟའི་མི་རབས་ནི་ཨ་གསར་དང་དང་དོད་ཀྱི་གཤིས་ཅན་ཞིག་ཡིན་པས། ཁོང་ཚོས་ཨ་གསར་དང་དང་དོད་བྱས་པ་རང་རེད། ཡང་གཅིག་བཤད་ན་ངང་ཚུལ་འདིས་འཛམ་གླིང་གི་མི་རྣམས་རང་རེའི་ཆོས་དང་དེའི་ཆ་ལུགས་ལ་དོ་སྣང་ཅི་ཙམ་སླེབས་ཡོད་མེད་ཀྱང་མཚོན་གྱིན་འདུག་པས། ངས་བལྟས་ན་དགའ་དགོས་པ་ཞིག་རེད་འདོད། གལ་སྲིད་ཅིག་ཅིག་རྩ་ཆེན་པོ་དང་ཅིག་བྱས་ན་ཉེས་མུག་ཡོད་རབས་བཤད་དེ་བེད་སྤྱོད་བྱེད་པར་བཀག་འགོག་རྐྱང་བྱེད་བསྡད་ན། ནམ་ཉི་མ་ཞིག་ལ་ང་ཚོའི་ནང་ཆོས་འདི་ཡང་རང་རེའི་ད་ལྟའི་སྐད་ཡིག་གི་རྗེས་སུ་མི་འགྲོ་བའི་ངེས་པ་མི་འདུག་གོ

    Reply
  4. ཀླུ་མཁར་བྱམས། says:
    ལོ་ 15 སྔོན།

    བཟོ་གྲྭ་དེའི་ཅ་ལག་ཁ་ཤས་ཤིག་ངའི་ཉོ་དགོས་ཀྱི་འདུག

    Reply
  5. བྱམས་རྒྱལ། says:
    ལོ་ 15 སྔོན།

    གངས་མྱུག་དང་ འོས་ལངས་གཉིས་ཤིན་ཏུ་བདེན།

    Reply
  6. ལྡན་མ་་་་་་ཐུབ་བསྟན་དངོས་གྲུབ། says:
    ལོ་ 15 སྔོན།

    རིགས་གཅིག་གིས་རྒྱབ་སྐྱོར་ཡོད་སྲིད་ཀྱང་་་་ལས་རིགས་འདི་དག་ང་ཚོ་ནང་པ་སངས་རྒྱས་པའི་ཆོས་ཀྱི་འགྲོ་ལུགས་ལ་རྩ་བ་ནས་མཐུན་གྱི་མེད་པ་མ་ཟད་འཇིག་རྟེན་ཚུལ་ལུགས་ལ་ཡང་མཐུན་གྱི་མེད། དེའི་ཕྱིར་ངས་ནི་འདིའི་རིགས་ལ་མོས་མཐུནརསྩ་བ་ནས་མེད། དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་གང་ལ་ཡང་མི་མཐུན་ཚུལ་བྲིས་ན་རྫོགས་མཐའ་མི་འདུག་པས་འདི་ཙམ་མོ།

    Reply
  7. ནོར། says:
    ལོ་ 15 སྔོན།

    Keds བཟོ་ལས་ཁང་གི་འགན་འཛིན་གྱིས་སྤེལ་བའི་དགོངས་སེལ་གསལ་བསྒྲགས།
    Over the weekend a post was made about our “Buddhist” shoes (Keds shoes utilizing the likeness of the Dalai Lama, as well as words from the Prayer of Compassion) and I want to respond regarding that post.

    We sincerely apologize for any discomfort this situation may have caused to the international Buddhist community. These shoes are no longer available online.

    It’s important for the Buddhist community to understand that Keds did not design the styles in question nor were the shoes available for sale on any of our company’s websites: keds.com or the Keds Collective (also at keds.com).

    The PRO-Keds and Keds shoes — with their blank canvas uppers — are at the center of a new trend: sneaker customization. The styles in question were designed by other individuals using an independent third-party sneaker customization website called zazzle.com.

    Zazzle.com is a separate ecommerce forum that utilizes PRO-Keds and Keds product to offer its sneaker customization capability, allowing individuals to create their own unique designs on sneaker products.

    The sale and design content of the shoes available on zazzle.com is directly managed and controlled by zazzle.com, who is responsible for screening all designs submitted through zazzle.com for inappropriate content. However, as the product bears our mark, we do take responsibility for ensuring that our brand is represented in a way consistent with our brand values.

    Upon receiving the post over the weekend, immediately on Monday morning, we contacted zazzle.com and requested that they immediately remove these shoes from their ecommerce site. I am pleased to report that the zazzle.com team responded quickly and complied fully with our request — the products have been removed from their site and are no longer available for purchase.

    In addition to ensuring these shoes are no longer for sale at zazzle.com, we are currently putting in place additional measures with zazzle.com to preclude any similar type of content from being placed on Keds or PRO-Keds branded shoes. While our partnership with zazzle.com presents a unique opportunity to build our brand and to reflect individual style and creativity, zazzle.com and Keds are ever mindful of the potential for some individuals to step beyond the bounds of appropriate creative expression. We are confident that the steps being taken will address this going forward.

    Sincerely,

    Kristin Kohler Burrows
    President
    Keds

    Reply
  8. འོས་ལངས། says:
    ལོ་ 15 སྔོན།

    བཟོ་གྲྭ་དེ་ཡིས་རྒྱུ་མཚན་གསལ་བརྗོད་དང་བཅས་དགོངས་དག་ཞུས་ཚར་འདུག་པས། རྡ་སའི་དབྱིན་ཡིག་སློབ་ཕྲུག་ཚོགས་པས་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་དེ་མཚམས་འཇོག་བྱས་པ་ཡག་པོ་རེད། ངོ་རྒོལ་གྱི་ལས་འགུལ་སྤེལ་ས་མང་བའི་བོད་པ་ཚོས་ཕྱོགས་གང་ཅིར་ལས་འགུལ་སྤེལ་བ་མང་དྲགས་ན། ལྡོག་ཕྱོགས་ནས་ང་ཚོ་ལ་དགོས་མེད་ཀྱི་དགྲ་དང་རྐྱེན་ངན་སྣ་མང་འབྱུང་བའི་ཉེན་ཁ་ཡོང་སླ་བར་སེམས།

    Reply
  9. ཐིག says:
    ལོ་ 15 སྔོན།

    སྤྱིར་བོད་ཀྱི་བཟོ་བཀོད་དང་སྒྱུ་རྩལ་ལ་སོགས་འཛམ་གླིང་ཁྲོམ་རྭར་སླེབས་པ་ནི་ང་ཚོ་དག༷འ་འོས་པ་ཞིག་རེད་ལ། འདིས་བོད་ཀྱི་ཆབ་དཔལ་རིག་གསུམ་དར་སྤེལ་དང་འཛམ་གླིང་ཡོངས་ལ་དཔེ་གསར་གྱིས་མིའི་ཚོར་ཤེས་བརྒྱུད་དེ་ཕན་རླབས་ཀྱང་ཆེན་པོ་ཐོན་ཐུབ་ཀྱིས་ཡོད་ནའང་། ད་ཐེངས་བཟོ་གྲྭ་འདིས་བོད་ཀྱི་མཐུན་མིན་རིག་གནས་ལ་ཁྱད་གསོད་བྱས་པ་མ་ཚད། སྒོས་སུ་བོད་ཀྱི་ཆོས་ལུགས་དང་དེད་གུས་ལ་མཐོང་ཆུང་བཏང་རེད།དེ་ནི་བོད་ཀྱི་ངོ་བོ་ལ་མཐོང་ཆུང་དང་ཁྱད་གསོད་བཏང་པ་ཞིག་རེད། མིི་རིགས་ཤིག་ལ་མཚོན་ན།མི་རིགས་དེའི་རིག་གནས་དང་ཆོས་ལུགས་དད་གུས་ཀྱི་སྲོལ་རྒྱུན་ཁྱད་ཆོས་ལ་ཁྱད་གསོད་དང་མཐོང་ཆུང་གཏོང་པར་ང་ཚོས་ནམ་ཡང་སྣང་ཆུང་དང་བསམ་བློ་གཏོང་ཤེས་འདོག་གིས་བཟོ་གྲྭ་དེར་རྒྱབ་སྐྱོར་རྩ་བ་ནས་བྱེད་མི་རུང་།

    Reply
  10. Rinchen Gonpo says:
    ལོ་ 15 སྔོན།

    བཟོ་གྲྭའི་ཁ་བྱང་འེ་ཤེས་གི

    Reply
  11. གངས་མྱུག says:
    ལོ་ 15 སྔོན།

    བཟོ་གྲྭ་འདིའི་བྱེད་སྟངས་ལ་དགེ་སྐྱོན་གཉིས་འདུག་པས་མཐའ་གཅིག་ཏུ་ངོ་རྒོལ་མི་བྱེད་པར་གསལ་བྱེད་ཀྱིས་ལྷམ་ཐོག་ཏུ་ལྷ་སྐུ་སོགས་པར་བ་ཕྱིར་བསྡུ་དང་སྟོད་གོས་སོགས་ཀྱི་སྟེང་རྒྱལ་དར་བོད་ཡིག་སོགས་བཀོད་པར་བསྔགས་བརྗོད་དང་དེ་དག་གི་ཁྱད་པར་གསལ་བྱེད་ཡག་པོ་ཞིག་བྱེད་དགོས་སྙམ།

    Reply
  12. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ངྷ་སའི་དབྱིན་ཡིག་སློབ་ཕྲུག་ཚོགས་པར་པར་དམིགས་གསལ་ཐུགས་རྗེ་ཆེ་ཞུ་རྒྱུ་མ་ཟད་རང་མི་རིགས་ཀྱི་སྲོལ་རྒྱུན་གོམས་གཤིས་ལ་སྙས་དམོད་དང་མཐོང་གཏོང་མཁན་དག་ལ་མགྲིན་པ་བཏེགས་ཏེ་ངོ་རྒོལ་དགག་རྒྱག་གནང་བར་ནི་མི་རིགས་ཞིག་དང་རིག་གཞུང་ཞིག་གི་ཆེད་དུ་ཡིན་པ་རྗེས་སུ་ཡིད་རང་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན། དྲན་དབང་དགེ་འདུན་ཆོས་འཕེལ་ནས། དྲང་པོའི་མི་ལ་འཁྱོག་པའི་ལམ་སྟོན་པའི། སྐྲ་སེར་སྤྲེའུ་རིགས་ལ་དོགས་ཟོན་མཛོད། ཞེས་གསུང་ཡོད། ཁོས་ཚོས་ཏིག་ཁ་སྦྱིན་ནས་ཤ་རྡོག་རག་ཐབས་བྱེད་པའི་ཐབས་ཤེས་དེར་ང་ཚོ་ནམ་ཡང་མགོ་བསྐོར་མི་ཐེབས་པའི་རེ་བ་ཡོད།

    Reply
  13. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ངོ་མ་དགོད་སྤྲོ་བོ་ཞིག་རེད
    མགོ་ནས་རྐང་མཐུལ་བར་རྒྱལ་འགོང་གི་གནོད་པ་མི་ཡོང་ཆེད་མགོ་དང་སྐེ་ལ་བཏག་ཡོད་པས་རྐང་ལ་ཡང་གྱོན་་མི་སྲིད་པ་མ་རེད་འདོད།་ཧ་ཧ་
    དུས་རབ་འདིའི་རྗེས་ཟིན་རྒྱུ་མ་རེད་ཡ།
    བཟོ་གྲ་དེས་དང་ཐོག་ནས་བླ་སྤྲུལ་རྫུན་མ་ཞིག་ལ་ལྐོག་ངན་སྤྲད་དེཕན་ཡོན་ཡོད་ཚུལ་ཞིག་བཤད་ན་ཕར་ཆེར་ཚོང་རྟ་རྒྱུག་རྒྱུག་བྱས་ཡོད་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese