མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧ས་སྐྱ་གོང་མའི་ཆིབས་སྒྱུར།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

 

༧ས་སྐྱ་གོང་མ་རིན་པོ་ཆེ་མཆོག་གིས་ལོན་ཌོན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གནང་བཞིན་ཡོད་འདུག

ར་ཅི་པུར་ཝ་མ་དགོན་བཤད་གྲྭ་ནས་དགྲ་བཅོམ་པ་ཆོས་སྐྱབས་ལགས་ཀྱིས་འདི་ག་གསར་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཕྱི་ཟླ་ ༥ པའི་ཚེས་ ༢༠ ཉིན་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་བཞུགས་སྒར་ར་ཅི་པུར་ནས་ཆིབས་ཐོན་གྱིས་ལྡི་ལི་བརྒྱུད་ར་ཤི་ཡའི་རྒྱལ་ས་མོ་སི་ཁོར་ཞབས་སོར་བདེ་བར་འཁོད་ཡོད་ལ། ཚེས་ ༢༡ ཉིན་ནས་བསྟུད་མར་ཉིན་ ༡༡ རིང་ཡུལ་དེའི་དད་ལྡན་མང་ཚོགས་ལ་གསུང་ཆོས་དང་བཀའ་སློབ་བཅས་ཀྱི་མཛད་རིམ་ལེགས་པར་བསྐྱངས་ཡོད། ཟླ་ ༦ པའི་ཚེས་ ༡ ཉིན་མཁའ་ལམ་བརྒྱུད་ལོན་ཌོན་དུ་ཕེབས་ཏེ་བོད་ཀྱི་དགེ་རྩ་ཚོགས་པའི་གོ་སྒྲིག་འོག་དབྱིན་ཡུལ་ས་གནས་ཁག་གསུམ་གྱི་ནང་མང་ཚོགས་ལ་ཆོས་འབྲེལ་གཟབ་རྒྱས་ཤིག་གནང་ཡོད་ལ། སྐབས་དེར་མགོན་པོ་གང་ཉིད་ཀྱིས་ས་གནས་བོད་རིགས་ཚོར་མཇལ་ཁ་གནང་ཐོག་ཡ་རབས་བཟང་སྤྱོད་དང་། ཆོས་དང་རིག་གཞུང་ལ་དོ་སྣང་། ལྷག་དོན་དུ་༧གོང་ས་མཆོག་གི་ལམ་སྟོན་འོག་ཤར་བསྐྱོད་དགོས་རྒྱུ། བོད་དོན་ལས་འགུལ་ཐད་ཚང་མས་ཁུར་མཉམ་ལེན་དགོས་རྒྱུའི་བཀའ་སློབ་བཅས་བསྩལ་ཡོད།

དེ་བཞིན་འཕྲུལ་རྟ་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་བ་སྐུ་ཞབས་ལྷག་པ་ཚེ་རིང་ལགས་ལའང་དམིས་བསལ་མཇལ་ཁ་གནང་སྟེ་ཁོང་གི་སྙིང་སྟོབས་ལ་བསྔགས་བརྗོད་ཀྱང་བྱས་ཡོད། ཡུལ་དེའི་བདེ་ཆེན་ཆོས་ཚོགས་ཀྱིས་གདན་ཞུ་བྱས་པ་བཞིན་ཚེས་ ༡༣ ཉིན་ཞེན་པ་བཞི་བྲལ་གྱི་ཆོས་འབྲེལ་དང་། ཚེས་ ༡༤ ཉིན་ནས་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱི་མགོ་འཛུགས་གནང་ཡོད་པ་རེད། དབྱིན་ཡུལ་གྱི་མཛད་རིམ་ཁག་གྲུབ་རྗེས་ཚེས་ ༡༧ ཉིན་ནས་མགོན་པོ་མཆོག་ཡུ་རོབ་རྒྱལ་ཁབ་གཞན་ཁག་ཏུ་ཕེབས་རྒྱུ་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༧ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 9

  1. སྐྱ་ཀ says:
    ལོ་ 16 སྔོན།

    དད་འདུན་གྱི་སོར་མོའི་རྩེ་ནས་ཁྱོད་ཉིད་སྐད་ཅིག་ཙམ་ཡང་འབྲལ་མ་གནང་རོགས། ངས་དུས་རྟག་ཏུ་ཁྱོད་ཉིད་དང་ཁྱོད་ནང་བཞིན་གྱི་ངུར་གོས་ཅན་ཚོར་སྙིང་ཁ་རུ་ཉལ་ནས་སྨྲ་སྒོ་ནས་འབོད་མྱོང་བླ་མ་ལགས་མགོན་པོ་ལགས། འགྲོ་བའི་བདེ་སྡུག་ལ་ཐུགས་ཁ་ཕྱོགས་ཏེ་ཉིན་མཚན་ཀུན་ཏུ་སྐུ་ངལ་མཛེན་མེད་ངང་ཞལ་ཏའི་ལམ་སྟོན་གནང་བ་དེ་དུས་ནམ་དུ་ཡང་ཞལ་སློབ་རྣམས་ཀྱིས་དྲན་རྟེན་དུ་གྱུར་ཡོད།

    Reply
  2. ཇིང་སྲས་མིག་གསུམ་པ། says:
    ལོ་ 16 སྔོན།

    ས་སྐྱ་བདག་ཁྲི་རིན་པོ་ཆེ་དེ་རིང་ཧོ་ལན་ཌིའི་རྒྱལ་ས་གདན་ཧྰ་ཧྭི་ན་བཞུགས་འདུག་པ་མ་ཟད་སང་ཉིན་འདི་ནས་གསུང་ཆོས་གནང་རྒྱུ་རེད་ཟེར་གྱི་འདུག
    ད་དུང་འཛིན་བྱང་རེ་ལ་ཡོ་སྒོར་ཉི་ཤུ་རྩ་བདུན་དང་སྲང་སི་ལྔ་བཅུ་ཡིན་ཞེས་གསལ་བསྒྲགས་བྱས་འདུག
    དུས་འཁོར་དབང་ཆེན་བསྐུར་མཁན་དུ་སྤྲུལ་བ་ཞིག་མིན་འགྲོ

    Reply
  3. སྨར་དྷཱིཿཟེར། says:
    ལོ་ 16 སྔོན།

    དུས་བབ་ཚང་གི་གསར་འགྱུར་ཧ་ཅང་ཡག་པོ་འདུག་འོན་ཀྱང་ཡིག་ནོར་ལ་ཏོག་ཙམ་གཟབ་ཐུབ་ན་དགེ་མཚན་ཅུང་ཆེ་བར་མངོན། འདི་དང་འདི་འདྲའི་རིགས་ཅན་གྱི་གསར་འགྱུར་གང་མང་འཁོར་སྤྲོད་དང་འགོད་ཐབས་གནང་ཐུབ་ན་དེ་ལས་དགེ་མཚན་ཆེ་བར་སེམས།

    Reply
  4. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 16 སྔོན།

    སྤྲུལ་སྐུའི་མིང་ཅན་མང་པོ་ལ་ཆོས་དང་རིག་གནས་ཀྱི་ཡོན་ཏན་མེད་པར་མ་ཟད་བོད་བསྟན་སྲིད་ཀྱི་གནས་སྟངས་ལ་སེམས་ཚོར་ཅི་ཡང་མེད་པའི་མུན་སྟོང་དུ་གྱུར་བའི་སྐབས་འདིར། བོད་པའི་ཆོས་དང་རིག་གནས་ཀྱི་བསླབ་བཟང་པོ་གནང་མཁན།
    དཔལ་ལྡན་ས་སྐྱ་གོང་མ་མཆོག་ཉིད་བསྟན་འགྲོའི་མགོན་དུ་སྐུ་ཚེ་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་ཆོས་བཞིན་འགྲུབ་པ་དང་། རླབས་ཆེན་གཞན་ཕན་ཀྱི་མཛད་ཕྲིན་འཛམ་གླིང་ཀུན་ནས་ཀུན་ཏུ་འཕེལ་ཞིང་རྒྱས་གྱུར་ཅིག

    གོ་སྐབས་འདི་བརྒྱུད་དེ་དཔལ་ལྡན་ས་སྐྱ་གོང་མ་རིན་པོ་ཆེས་གཙོས་པའི་བསྟན་འཛིན་སྐྱེས་ཆེན་རྣམས་ལ། ངས་ལྷག་བསམ་རྣམ་དག་གི་རེ་བསྐུལ་ཁ་ཤས་ཞུས་ན།
    ༡༽ བོད་མི་ལ་ཚད་བཀག་མེད་པར་རིས་མེད་བླ་མ་ཚད་ལྡན་རྣམས་ཀྱི་མདུན་ནས་དབང་ལུང་ཁྲིད་གསུམ་ཟབ་མོ་ཐོབ་ཐབས་གནང་འོས།
    ༢༽ དེ་བཞིན་མདོ་རྒྱུད་མན་ངག་རྣམས་ལ་ཐོས་བསམ་སྒོམ་པར་བྱེད་དགོས་ཞིང་། ཁྱད་པར་བྱང་སེམས་ལ་བློ་སྦྱོང་དང་། ཡང་སྒོས་ཡི་དམ་ཀྱི་ཉམས་ལེན་དང་ཕྱག་རྫོགས་ཀྱི་མན་ངག་ལ་གཞུང་ནས་གསུང་བའི་ཉམས་རྟོགས་ཀྱི་རྟགས་རྣམས་མ་ཐོན་བར་བསྙེན་སྒྲུབ་ལ་བཞུགས་ཐབས་གནང་དགོས།
    ༣༽ མནའ་བོའི་བོད་ཀྱི་བཅུ་ཕྲག་རིག་གནས་ལ་སློབ་སྦྱོང་ལེགས་པར་བྱེད་དགོས་པ་གཞིར་བཞག དེང་རབས་ཀྱི་རང་བྱུང་ཚན་རིག སྤྱི་ཚོགས་ཚན་རིག སྐྱེ་དངོས་ཚན་རིག སེམས་ཁམས་ཚན་རིག ཚད་བསྡུར་ཚན་རིག་སོགས་ལ་སློབ་སྦྱོང་གང་འཚམས་ཞིག་བྱེད་དགོས་ཏེ། དེང་སང་མི་མང་པོས་ཚན་རིག་ལ་རྨོངས་དད་བྱེད་བཞིན་ཡོད་པར་མ་ཟད་དགེ་བཤེས་དང་སྤྲུལ་སྐུའི་མིང་ཁྱེར་མཁན་གྱི་ཆེ་རློམ་པ་འགའ་རེས་ཀྱང་། གཞན་ཟེར་གཡོམ་བརྒྱུགས་ཀྱིས་སངས་རྒྱས་ཀྱི་ཆོས་ལས་ཚན་རིག་བདེན་པ་ཆེ་སྙམ་པའི་ལོག་རྟོག་གི་སྨྲེང་ངག་འདོན་གྱིན་འདུག་པས་གཟབ་དགོས།
    ༤༽ དེང་སང་བོད་ཀྱི་མཁན་སྤྲུལ་ཆོས་ཤེས་མཁན་ཅུང་ཟད་ཡོད་པ་ཐམས་ཅད་ཕྱི་རྒྱལ་ལ་ཕེབསཅིང་བཞུགས་ནས། མ་བསྐུལ་དང་ལེན་ཀྱིས་ཕྱི་རྒྱལ་མི་སྐྱ་ཕོ་མོ་ཐམས་ཅད་ལ། དགའ་ཚོར་ཆེན་པོས་བཀའ་ཆོས་གང་ཟབ་གསུང་བ་དང་འབྲེལ། ཆོས་ཞུ་བ་ཚོ་ལ་ཁ་དགའ་ངོ་ཡག་གིས་གུས་བཀུར་ཆེན་པོར་བྱེད་བཞིན་ཡོད་ན་ཡང་། བྱམས་བརྩེ་ཅན་གྱི་མཁན་སྤྲུལ་འདི་ཚོས། བོད་དང་རྒྱ་བལ་འབྲུག་གསུམ་ལ་ཡོད་པའི་བོད་རིགས་མི་སྐྱ་ཕོ་མོ་ཚོ་ལ། ཕྱག་དབང་ཙམ་གནང་བའམ་མྐབས་རེ་ཚེ་དབང་ཙམ་བསྐུར་བ་ལས་དགའ་ཚོར་ཆེན་པོས་བཀའ་ཆོས་གང་ཟབ་གནང་མཁན་ཕལ་ཆེར་མེད་པར་བརྟེན། དེང་སང་བོད་རིགས་མི་སྐྱ་ཕོ་མོ་མང་ཆེ་བས་སངས་རྒྱས་ཆོས་ལ་རྨོངས་དད་ཡོད་ལ་མེད་ལ་ཁད་ཙམ་ལས། མཆོག་གསུམ་ལ་རྒྱུ་མཚན་ཤེས་པའི་དད་པ་ཡང་དག་ཡོད་མཁན་ཤིན་ཏུ་དཀོན་པས། བོད་ཀྱི་མི་རབས་རྗེས་མ་རྣམས་ཆོས་མེད་ཀླ་ཀློའི་མི་རིགས་ཞིག་ཏུ་འགྱུར་ཉེན་ཆེན་པོར་འདུག།
    སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་དང་བསྟན་འཛིན་སྐྱེས་མཆོག་རྣམས་ཀྱི་བཀའ་དྲིན་ལས་དེང་སྐབས་འཛམ་གླིང་ཡུལ་ཁམས་ཀུན་ཏུ་བོད་ཀྱི་ནང་ཆོས་ལ་སློབ་སྦྱོང་བྱེད་མཁན་དང་ཉམས་ལེན་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་བོད་ཕྱི་ནང་གི་བོད་མི་མང་པོ་ཞིག་ཆོས་མེད་སྨྲ་བར་འགྱུར་མཁན་ཇེ་མང་ལ་འགྲོ་བཞིན་འདུག བོད་མི་བརྒྱ་ཆ་བརྒྱད་ཅུ་ལྷག་གིས་ཆོས་ལ་སློབ་སྦྱོང་བྱེད་རྒྱུའི་གོ་སྐབས་མ་རགས་པས། བོད་མི་ནང་ཆོས་ཀྱི་རིན་ཐང་དངོས་གནས་་ཤེས་མཁན་ཕལ་ཆེར་མེད་ལ་བོད་ཀྱི་གྲྭ་བ་ཆོས་བཤད་ཕོད་མཁན་ཕལ་ཆེར་མེད་ལྟ་བུ་རེད། དཔེར་ན། བལ་ཡུལ་དུ་བོད་ཀྱི་ཁྱིམ་ཚང་གཅིག་ལ་སྤྲུལ་སྐུ་གསུམ་ལྷག་འཁྲུངས་ོ་དང། སྤྲུལ་སྐུ་དེ་ཚོས་རྒྱལ་ཁབ་དུ་མར་ཆོས་ཚོགས་བཙུགས་པས། མི་མང་པོ་ཞིག་ནང་ཆོས་ལ་དོ་སྣང་བྱེད་ཐུབ་པ་བྱུང་ཡོད་ཀྱང་། སྐྱོ་དགོས་པ་ཞིག་ལ་ཁོ་ཚོའི་ཕ་མ་རྒན་ཁོག་གཉིས་མ་ཡིན་པའི། ནང་མི་སྤུན་མཆེད་ཚང་མ་ཆོས་ལ་དད་པ་མེད་པར་མ་ཟད་བོད་ཞེན་ཙམ་ཡང་མི་འདུག གནས་སྟངས་ཐབས་སྡུག་འདི་འདྲ་འབྱུང་བའི་རྒྱུ་མཚན་ནི། བོད་ཀྱི་བླ་མ་ཚོས་ཕྱི་རྒྱལ་ཀྱི་མི་ལ་ཆོས་བཤད་པ་ལས། རང་རིགས་བོད་མི་ལ་ཆོས་མི་བཤད་པའི་གོམས་སྲོལ་ངན་པ་དང་། བོད་མི་ཕ་མ་ཚོས་བོད་ཀྱི་རིག་གཞུང་ལས་ཕྱི་རྒྱལ་རིག་གཞུང་ཡ་མཚན་ཆེ་སྙམ་པའི་རྨོངས་དད་ཤུགས་ཆེ་ཡོད་པའི་རྐྱེན་ཀྱིས་རེད།
    དེར་བརྟེན་གལ་ཏེ་བོད་ཀྱི་མཁན་སྤྲུལ་དགེ་བའི་བཤེས་གཉེན་རྣམས་ལ་བྱམས་སྙིང་རྗེ་རེ་ཡོད་ན། ངེས་པར་དུ་ཐུགས་བརྩེ་བས་ཆོས་ཀྱི་ཤེས་ཡོན་མེད་པའི་བོད་མི་སྐྱ་ཕོ་མོ་ཐམས་ཅད་ལ། ཟབ་མོའི་བཀའ་ཆོས་གང་མང་གནང་ནས་ཆོས་དང་མི་ཚེ་ཕན་ཚུན་གྲོགས་སུ་འགྱུར་བ་ཞིག་བྱས་ཏེ། ཆོས་ཀྱི་རིན་ཐང་ཤེས་ཞིང་མི་ཚེའི དོན་སྙིང་རྙེད་པའི་ཆོས་ལྡན་མི་རིགས་ཞིག་འཛམ་གླིང་ཞི་བདེའི་རྒྱན་དུ་ཡུན་རིང་དུ་གནས་ཐུབ་པར་བྱེད་དགོས།
    བོད་ཀྱི་སྐྱབས་མགོན་མཁན་སྤྲུལ་རྣམས་ཀྱིས་བོད་མི་སྐྱབས་མེད་རྣམས་ལ་ཉུང་མཐའ་ཡང་གཟའ་འཁོར་རེའི་གཟའ་ཉི་མའི་ཆུ་ཚོད་བཅུ་བ་ནས་བཅུ་གཉིས་བར་བཀའ་ཆོས་ཐེངས་རེ་གནང་རོགས་ཞུ་རྒྱུ་དང་། གལ་ཏེ་བཀའ་ཆོས་གནང་མཁན་མ་རྙེད་པའམ་སྐབས་རེ་ངེས་པར་དུ་སྐྱབས་མགོན་རྒྱལ་བ་རིན་པོ་ཆེའི་འོད་སྡེར་ལ་བལྟ་ཉན་བྱེད་དགོས།
    ༥༽ ཁྱད་པར་དགོན་བདག་བླ་མ་ཚོ་ནི། དུས་ཚོད་མང་ཆེ་བ་ཕྱི་རྒྱལ་ཀྱི་སྦྱིན་བདག་ཚོའི་ཆེད་དུ་ངོམ་ཆོས་ཀྱི་མཛད་རིམ་སྣ་ཚོགས་ལ་བྲེལ་ནས་སྒོར་མོ་བཙལ་དགོས་པས། རང་གི་གྲྭ་བ་ཚོ་ལ་ཆོས་བཤད་རིན་མེད་པའམ་བཤད་ཁོམ་མེད་ལ། གྲྭ་བ་ཚོས་ཀྱང་དཔོན་ཉམས་དོད་པའི་དགོན་བདག་བླ་མ་རྣམས་ནི་སྦྱིན་བདག་སྐུ་ངོ་ཀྱི་འདུ་ཤེས་ཙམ་ལས་བླ་སློབ་ཀྱི་འབྲེལ་བ་ངོ་མ་ཞིག་བྱེད་མྱོང་མེད་པའི་སྐྱོན་ཀྱིས། དགོན་པའི་ནང་གི་གྲྭ་བ་མང་ཆེ་བས་ཞོགས་ཚོགས་དགུང་ཚོགས་ལྟ་བུའི་རྒྱུན་འདོན་གྱི་ལྟ་སྒོམ་སྤྱོད་པའི་གོ་དོན་དང་དགོས་པ་རྒྱུ་མཚན་གང་ཡིན་མི་ཤེས་པ་དང་། ཐ་ན་ས་ོསོའི་ཁ་འདོན་ཀྱི་ཚིག་དོན་ཙམ་ཡང་ཚུལ་བཞིན་ཤེས་མཁན་དཀོན་པོ་གྱུར་ཡོད།
    ཆོས་མི་ཤེས་པའི་བླ་གྲྭ་མང་པོ་ཞིག་དགོན་པའི་ནང་དུ་ཡུན་རིང་བྲེལ་ཟིང་གིས་མི་ཚེ་བསྐྱལ་ནས་བསྡད་ཀྱང་། ཉོན་མོངས་མར་འགྲིབ་དང་དངོས་གྲུབ་ཡར་འཕེལ་ནི་ཕལ་ཆེར་མེད་པས། ཆོས་ཀྱི་སློབ་སྦྱོང་མ་ཐོབ་པའི་ཉམ་ཆུང་གྲྭ་བ་མང་པོ་རིམ་པས་སྐྱ་སར་བབ་ནས། བོད་ཀྱི་ནང་ཆོས་ནི་ཕྱི་རྫིག་ནང་སྡུག་གི་ཆོ་ག་ཕྱག་ལེན་དང་། རྟགས་གསལ་སྐམ་པོ་ཙམ་རེད་འདུག་སྙམ་པའི་ལོག་ལྟ་སྐྱེས་ནས། བོད་ཀྱི་ནང་ཆོས་ལ་སྐྱོན་བརྗོད་བྱེད་མཁན་མང་པོ་བྱུང་དང་བྱུང་བཞིན་ཡོད་ན། ཤེས་ལྡན་དགོན་བདག་བླ་སྤྲུལ་ཡོངས་ནས་ཆོས་ཀྱི་སློབ་སྦྱོང་ནམ་ཡང་མི་ཐོབ་པའི་ཉམ་ཆུང་དགོན་པའི་གྲྭ་བ་རྣམས་ལ་བྱམས་དང་སྙིང་རྗེ་ཆེན་པོས་་དམིགས་བསལ་ཀྱིས་བཀའ་ཆོས་གང་མང་གནང་ཐུབ་པ་བྱེད་དགོས་སོ།

    Reply
  5. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    གསལ་སྟོང་ཟུང་འཇུག་གི་མངའ་བདག་༸དཔལ་སྐྱ་གོང་མ་མཆོག་ལ་མི་ཕྱེད་པའི་དད་གུས་དང་། སྐུ་ཚེ་ཡུན་དུ་བརྟན་པའི་སྨོན་འདུན་ཞུ།།

    Reply
  6. གངས་བུ་ལྷག་བསམ་ཅན། says:
    ལོ་ 16 སྔོན།

    ངེས་པ་དོན་གྱི་བླ་མ་རིན་པོ་ཆེ་རྟགས་ཏུ་རྒྱལ་གྱུར་ཅིག གོང་དུ་ར་ཅི་པུར་ཝ་མ་དགོན་བཤད་གྲྭ་ཞེས་བྲིས་འདུག་ཀྱང་ར་ཅི་པུར་དང་མ་དགོན་བཤད་གྲྭ་གཉིས་མངའ་སྡེ་ཐ་དད་རེད། ས་གཞིས་སྤུ་རུ་ཝ་ལ་མ་དགོན་བཤད་གྲྭ་ཞེས་བྲིས་ན་བཟང།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བསྟན་འཛིན་སྐྱེས་བུ་ཐམས་ཅད་༸སྐུ་ཁམས་བཟང་། །

    Reply
  8. རྐང་གསུམ། says:
    ལོ་ 16 སྔོན།

    ༸ཆེས་མཆོག་ཏུ་བཀུར་བར་འོས་པའི་ས་ཆེན་འདིའི་བསྟན་དང་འགྲོ་བའི་མགོན་སྐྱབས་དམ་པ་བླ་མ༌༸གོང་མ་རིན་པོ་ཆེའི་མཛད་པ་འཕྲིན་ལས་དབྱར་དུས་ཀྱི་རྒྱ་མཚོ་བཞིན་དར་ཞིང་རྒྱས་པ་དང་། སྐུ་ཚེ་བསྐལ་བ་ཁྲི་ཕྲག་ནས་ཁྲི་ཕྲག་པར་བརྟན་པར་ཤོགས།

    Reply
  9. ཆུ་ཤུར་མིག་དམར་ says:
    ལོ་ 16 སྔོན།

    སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་བཀའ་དགོངས་ལས་སྐད་གཅིག་ཙམ་ཡང་འགལ་མི་མྱོང་བའི་༧སྐྱབས་མགོན་དཔལ་ལྡན་ས་སྐྱ་གོང་མ་མཆོག་རྟག་ཏུ་རྒྱལ་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese