མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ན་ཚོད་མ་སྨིན་པའི་བརྩེ་དུང་ལ་སྐྱུར་དྲི་ཁ་སོང་།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

མཱ་སུ་རི་བོད་ཁྱིམ་དུ་སློབ་ཕྲུག་བུ་མོ་གཅིག་དང་སློབ་ཕྲུག་བུ་ ༩ ཡི་བར་འཁྲིག་སྤྱོད་ཀྱི་གནས་ཚུལ་བྱུང་སྟེ་ཁྱོན་སློབ་མ་བཅུ་དང། ཁྱིམ་ཚང་གི་ཕ་ཚབ་མ་ཚབ་གཉིས་བཅས་ཕྱིར་ཕུད་བཏང་ཡོད་འདུག
 
མཱ་སུ་རི་བོད་ཁྱིམ་གྱི་སློབ་མ་ཟུར་པ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་སྔོན་མའི་ཕྱི་ཚེས་ ༢༣ ཉིན་མཱ་སུ་རི་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་ ༣ པའི་བུ་ཞིག་དང་འཛིན་རིམ་ ༦ པའི་བུ་མོ་ཞིག་གིས་འཛིན་གྲྭ་གྲོལ་བ་དང་སློབ་གྲོགས་རྣམས་འཛིན་ཁང་ནས་ཕྱིར་ལོག་རྗེས། འཛིན་གྲྭ་ ༤ པའི་སློབ་ཁང་དུ་ཚུལ་མིན་འཁྲིག་སྤྱོད་བྱེད་བཞིན་པ་དེར་ཡོད་སློབ་མ་མང་པོ་ཞིག་གིས་མཐོང་ཡོད་འདུག་ལ། ཕྱིས་སུ་སློབ་མ་ཚོས་སློབ་གྲྭའི་སྒྲིག་སྲོལ་དགེ་རྒན་སྐད་བཏང་སྟེ་ཁོ་གཉིས་འཇུས་ཡོད་པ་དང་། འབྲེལ་ཡོད་དགེ་རྒན་གྱིས་བུ་མོར་གནས་ཚུལ་དེའི་ཐད་འདྲི་གཅོད་བྱས་རྗེས་གོང་གསལ་བུ་དེ་གཅིག་པུ་མིན་པར། མོའི་མཉམ་དུ་འཁྲིག་སྤྱོད་བྱེད་མཁན་ཁྱོན་སློབ་ཕྲུག་བུ་ ༩ བྱུང་ཡོད་འདུག དེ་དག་ནི་འཛིན་གྲྭ་ ༡༡ ཡིན་པའི་བུ་ཞིག་དང་འཛིན་གྲྭ་ ༦ པ་ཡིན་པའི་བུ་གསུམ། འཛིན་གྲྭ་ ༣ པ་ཡིན་པའི་བུ་གཅིག། འཛིན་གྲྭ་ ༡༢ ཡིན་པའི་བུ་ཞིག   འཛིན་གྲྭ་  ༣ པའི་བུ་ཞིག་དང་འཛིན་གྲྭ་གསལ་ཁ་མེད་པའི་བུ་གཉིས་བཅས་ཁྱོན་བུ་ ༩ ཡོད་འདུག

སློབ་གྲྭའི་ངོས་ནས་བུ་མོ་མོ་རང་དང་མོའི་མཉམ་དུ་འཁྲིག་སྤྱོད་བརྟེན་རོགས་བུ་ ༩། གཞན་ཡང་བུ་མོ་དེ་སྡོད་སའི་ཁྱིམ་ཚང་གི་ཕ་ཚབ་མ་ཚབ་བཅས་མི་ ༡༢ ཕྱིར་འབུད་བཏང་ཡོད་འདུག

གོང་གསལ་གྱི་གནས་ཚུལ་ཐད་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་མཱ་སུ་རི་བོད་ཁྱིམ་གྱི་དྲུང་ཆེ་ལས་ཚབ་རྒན་དགེ་འདུན་རིན་ཆེན་ལགས་སུ་བཀའ་འདྲི་ཞུས་པར་ཁོང་གིས། ཁྱེད་རང་ཚོས་གོ་ཟིན་པའི་གནས་ཚུལ་དེ་བདེན་པ་རེད། སློབ་མ་རྩ་དགོངས་ལ་གཏོང་དགོས་དོན་དེ།  ང་ཚོ་སློབ་གྲྭ་ཞིག་ཡིན་པ་དང་སློབ་མའི་སྒྲིག་སྲོལ་ནང་ཆོག་དང་མ་ཆོག་གི་ལས་ཀ་ཡོད་པ་ལྟར། ཐེངས་འདིའི་སློབ་མའི་བྱེད་སྟངས་དེ་མ་ཆོག་པ་ཞིག་ཆགས་ཡོད་པ་དང་། ཁ་ཐུག་ཏུ་འགན་འཁུར་མཁན་ཁྱིམ་ཚང་གི་ཕ་ཚབ་མ་ཚབ་ལ་མཚོན་ནའང་ཕྲུ་གུར་ལྟ་རྟོག་བྱས་པ་མ་འདང་བའི་དབང་གིས་རྩ་དགོངས་ལ་གཏོང་དགོས་བྱུང་བ་རེད་ཅེས་བརྗོད་བྱུང་ལ། གལ་སྲིད། སྤྱི་ཚོགས་ནང་བཙན་གཡེམ་གྱི་དོན་རྐྱེན་བྱུང་ཚུལ་བརྗོད་ཀྱིན་ཡོད་པ་ཡིན་ན་དེ་བདེན་པ་མ་རེད། ཐེངས་འདིའི་འཁྲིག་སྤྱོད་དེ་ལོ་མང་རིང་ནས་བྱུང་བསྡད་པ་ཞིག་འདུག་ལ།  དེ་ཡང་གཙོ་བོ་ཕོ་མོ་ཁོ་མོར་བུ་གཅིག་དང་གཉིས་བྱས་ཏེ་རིམ་པའི་འཁྲིག་སྤྱོད་བྱས་ཡོད་པའི་གནས་ཚུལ་བརྒྱུད་དེ། ད་ལྟའི་བར་དུས་ཡུན་གང་འཚམ་ཞིག་ལ་བུ་མང་པོ་དང་མཉམ་དུ་འབྲེལ་བ་བྱུང་བ་དེ་འདྲ་ཡིན་སྟབས།  དེའི་དབང་གིས་ང་ཚོས་ཐེངས་འདིར་མོ་དང་འབྲེལ་ཡོད་ཀྱི་བུ་དགུ་རྩ་དགོངས་བཏང་བར་མ་ཟད། དེ་བཞིན་ཁྱིམ་ཚང་གི་ཕ་ཚབ་མ་ཚབ་གཉིས་ཀྱིས་ཀྱང་རྒྱུན་རིང་པར་ཁྱིམ་ཚང་དེའི་ནང་བུ་ཕྲུག་ཕན་ཚུན་བར་འབྲེལ་བ་བྱུང་ཡང་འགན་མ་འཁུར་བའི་རྒྱུ་མཚན་གྱིས་རྩ་དགོངས་གཏོང་དགོས་བྱུང་བ་རེད་ལ། གནས་ཚུལ་འདི་དགེ་རྒན་གྱི་སློབ་གསོ་དང་ཕ་མའི་བདག་སྐྱོང་སོགས་འདི་རེད་ཅེས་ང་རང་གིས་བཤད་ཐུབ་མ་སོང་ཅེས་བརྗོད་བྱུང་།  

ཡང་ཁོང་གིས། སློབ་གྲྭའི་ནང་སློབ་མ་སུ་སྒྲིག་སྲོལ་དང་འགལ་ཡོད་མེད་ལྟ་རྒྱུ་ལས། བོད་ནས་ཡོང་བ་དང་རྒྱ་གར་ནས་སྐྱེས་པ་སོགས་ཀྱི་དབྱེ་བ་རྩ་བ་ནས་མེད་སྟབས། ཉེ་ཆར་རྩ་དགོངས་བཏང་རྗེས་སློབ་གྲྭའི་ངོས་ནས་བལ་ཡུལ་སྣེ་ལེན་ཁང་ལ་འབྲེལ་བ་ཞུས་རྗེས་ལས་བྱེད་མངགས་གཏོང་བྱས་ཏེ་ཁོང་ཚོ་བལ་ཡུལ་ཏུ་བསྐྱལ་ཡོད། ང་རང་བོད་ཁྱིམ་གྱི་འགན་ཆ་ཚང་འཁུར་མཁན་ཞིག་མིན་ཡང་། ང་རང་ལས་བྱེད་རྒན་པ་ཞིག་དང་དྲུང་ཆེའི་ལས་ཚབ་ཡིན་པའི་ཆ་ནས་ང་ཚོའི་དགེ་རྒན་དང་ཕ་ཚབ་མ་ཚབ་ཚང་མས་མ་འོངས་པར་གཟབ་དགོས་པའི་སྐོར་བརྗོད་རྒྱུ་དང་། སློབ་མ་ཚོར་ཡང་དེའི་ཕྱོགས་ལ་སློབ་གསོ་རྒྱག་རྒྱུ་དེ་ད་ལྟའི་བར་བྱས་པ་རེད་ལ། མ་འོངས་པར་ཡང་བྱ་ངེས་ཡིན། དེ་མ་གཏོགས་པའི་རྒྱ་གར་ཉེན་རྟོག་མི་སྣ་སྐད་བཏང་སྟེ་གནས་ཚུལ་ཐག་གཅོད་བྱས་པ་དེ་འདྲ་ཡོད་པ་མ་རེད་ཅེས་དང་། ད་ལྟའི་བར་མཱ་སུ་རི་བོད་ཁྱིམ་གྱི་དགེ་ལས་ཡར་འཇུག་མར་ལེན་དང་གླ་ཆ་སྤྲོད་རྒྱུ་སོགས་བོད་ཁྱིམ་རང་གིས་ལས་ཀྱིན་ཡོད་པ་ལས། ད་ལྟའི་བར་ཡུལ་མིའི་ཁྲིམས་ཀྱིས་ལག་བསྟར་བྱེད་དགོས་པ་དེ་འདྲ་བྱུང་མེད། གལ་སྲིད་མི་མང་གི་ངོས་ནས་ཁྲིམས་ལ་སྦྱར་དགོས་པའི་རེ་བ་དེ་འདྲ་བཏོན་པ་ཡིན་ན་ང་ཚོས་གནས་སྟངས་ལ་ཕབ་པའི་ལས་ཀ་བྱ་དགོས་པ་རེད། ཅེས་གསུངས་བྱུང།

འདི་གའི་གསར་འགོད་པས་གནས་ཚུལ་རྒྱུས་ལོན་བྱས་ཏེ་ཤེས་རྟོགས་བྱུང་བ་ལྟར་ན། མཱ་སུ་རི་བོད་ཁྱིམ་ནང་ད་ལྟའི་བར་དགེ་རྒན་དང་སློབ་མ། ཕ་ཚབ་དང་སློབ་མ། སློབ་མ་དང་སློབ་མའི་དབར་བཙན་གཡེམ་དང་འཁྲིག་སྤྱོད་ཀྱི་དོན་རྐྱེན་གང་འཚམ་བྱུང་ཡོད་འདུག་ལ། ཐེངས་འདིའི་འཁྲིག་སྤྱོད་ཀྱི་གནད་དོན་ནི་སློབ་ཕྲུག་རྩ་དགོས་བཏང་བ་མང་ཤོས་དེ་ཆགས་ཡོད་པ་དང་། བོད་ནས་འབྱོར་བའི་སློབ་མ་དགུ་དང་བཞུགས་སྒར་གྱི་ལས་བྱེད་ཞིག་གི་བུ་ཕྲུག་གཅིག་བཅས་ཡོད་འདུག

གསར་འགོད་པ། དོན་གོ།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

༢༠༢༦/༠༡/༡༠
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

མཆན། 53

  1. phuntsok Choegyel says:
    ལོ་ 16 སྔོན།

    དྲ་གྲོགས་རྣམས་པ་ལགས།
    འཁྲིག་སྤྱོད་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་སློབ་ཕྲུག་ཕྱིར་ཕུད་གཏང་ན་ནོར་འཁྲུལ་རེད

    Reply
  2. དོན་ལ་བསམ་གཞིགས་ says:
    ལོ་ 16 སྔོན།

    ད་རིང་ནོར་འདུག་པས་ དྲུང་ཚབ་ལགས་ རང་གི་ལུས་ལ་དཔེ་བླངས་ནས་ གཞན་ལ་གནོད་པ་མ་བྱེད་ཅིག་ ངོས་པ་ཤེས་གྱིས་

    Reply
  3. འཇམ་དབྱངས says:
    ལོ་ 16 སྔོན།

    བློ་ཕམ་ཚད་མེད་བྱུང་། བོད་ནང་གི་ཕ་མ་ཚོས་རང་གི་ཤ་ཁྲག་ལས་ཆད་པའི་བུ་ཕྲུག་དེ་དག་གི་གཅེས་པའི་སྲོག་དང་མི་ཚེ་གཅིག་གི་མདུན་ལམ་གྱི་སྐྱིད་སྡུག་ཚང་མ་མ་སུ་རིའི་དགེ་ལས་ཚོ་ལ་བཅོལ་ཡོད་རེད། འོན་ཀྱང་ཁྱེད་ཚོས་སྒྲིག་གཞི་ཕྲན་བུ་ཞིག་འགལ་མིན་ལ་ཁ་གཡར་ཏེ་རྒྱ་དམར་ལ་རྩེས་སྤྲོད་བྱ་ཚུལ་དེ་ཧ་ཅང་གི་བློ་ཕམ་དང་ངོ་རྒོལ་ཡོད་ ག་རེ་བྱས་ནས་རྒྱ་དམར་ལ་རྩེས་སྤྲོད་རེད་དམ།།

    Reply
  4. ཐོས་དགའ། says:
    ལོ་ 16 སྔོན།

    བུ་མོ་དེར་ཕ་ཚབ་མ་ཚབ་གཉིས་ཀྱིས་སློབ་གསོ་སྤྲད་རྒྱུ་མ་འདང་བའི་རྒྱུ་མཚན་གྱིས་གནས་དབྱུང་བཏང་བའི་དབང་དུ་བྱས་ན་དགེ་རྒན་རྣམས་དང་ལྷག་པར་སློབ་སྤྱི་ཁོ་རང་ཡང་སློབ་མར་སློབ་གསོ་སྤྲོད་མཁན་གཙོ་བོའི་གྲས་
    ལོས་ཐེ་ཡོད་པས་ཁོང་རྣམ་པས་རང་འཁྲིའི་ལས་འགན་མ་འགྲུབ་པ་ཡིན་སྟབས་བཟང་སྤྱོད་ཀྱི་སྒོ་ནས་ལས་གནས་ནས་རང་འགུལ་གྱིས་རྩ་དགོངས་ཞུ་དགོས་ལ་དེ་མིན་འཛིན་སྐྱོང་ཤེས་རིག་བཀའ་བློན་མཆོག་ནས་ཁོང་རྣམ་གནས་དབྱུང་བཏང་དགོས་པ་རང་བཞིན་གྱིས་ཆགས་ཀྱི་འདུག འདི་འདྲ་ཞིག་མ་རེད་དམ།

    Reply
  5. འཇམ་གྲགས says:
    ལོ་ 16 སྔོན།

    འདི་ལོའི་ས་ཡོམ་གནོད་འཚེ་ལ་ཡང་བོད་གཞུང་ནས་བློ་ཡིད་ཚིམས་པའི་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེས་མ་བྱུང་བའི་གླེང་ཕྱོགས་བོད་ནས་ཡར་ཐོས་རྒྱུ་འདུག ད་རེས་ཡང་སློབ་ཕྲུག་རྣམས་རྒྱ་མི་ལ་ཕྱིར་སྤྲོད་བྱས་ན་གཞིས་བྱེས་བར་ལ་་་་་་་་་་་་་་ཡོང་མི་སྲིད་པ་མ་རེད།

    Reply
  6. གངས་བུ་ལྷག་བསམ་ཅན། says:
    ལོ་ 16 སྔོན།

    དྲྭ་གྲོགས་ཡོངས་ལ་ཞུ་རྒྱུ་ངས་མ་སུ་རི་སློབ་གྲྭའི་དྲུང་ཆེའི་ལས་ཚབ་པ་དགེ་འདུན་རིན་ཆེན་ལགས་སུ་ཞལ་པར་ཕུལ་ནས་འབྲེལ་བ་བྱུང་ཀྱང་། ཁོང་གིས་གསུང་དོན་གཟའ་ཟླ་བ་ཉིན་མོ་ལས་ཁུང་སུ་ཁ་པར་གཏང་ཤོག་གསུང་གིས་འདུག དེའི་སྔོན་ལ་དབུས་སྣེ་ལེན་ཁང་དང་བལ་ཡུལ་ཡན་ལག་སྣེ་ལེན་ཁང་སོགས་ལ་འབྲེལ་བ་གནང་ཐུབ་ན་གནང་རོགས་ཞུ།

    Reply
  7. རིག་པའི་རལ་གྲི། says:
    ལོ་ 16 སྔོན།

    ན་མ་སྨིན་ན་འདོད་པ་སྤྱད་ག་བར་ཐུབ། དེ་ངོ་མཚར་མི་ཆེ་རུང་། ཕྲུག་གུ་ཆགས་པ་སོགས་ཀྱི་གནས་ཚུལ་མེད་བཞིན། འཁྲིགས་སྦྱོར་བྱས་པས་སློབ་གྲྭ་ནས་ཕྱིར་འབུད་གཏོང་བ་ནི་ཤིན་ཏུ་ངོ་མཚར་ཆེ། རྒྱ་བལ་གང་རུང་དུ་ནང་མི་ཡོད་པ་ཞིག་ཕྱིར་འབུད་བྱས་ན་ད་དུང་ཐུགས་ཁག་མེད་རུང་། བོད་ནས་གསར་དུ་འབྱོར་བའི་ན་མ་སྨིན་པ་རྣམས་བལ་ཡུལ་དུ་བརྫངས་ནས་རྒྱ་ལག་ཏུ་བརྩིས་སྤྲད་བྱེད་བརྩིས་བྱེད་པ་འདི་ནི་ཧང་སང་དགོས་པའི་གནས་ཚུལ་ཞིག་རེད།

    Reply
  8. ཆོས་འཕེལ། says:
    ལོ་ 16 སྔོན།

    རྩ་དགོངས་གནང་དགོས་རྒྱུ་དེ་ཕྲུག་གུ་དེ་རྣམས་བལ་ཡུལ་དུ་བརྫངས་བའི་ཆགས་གཞི་བཞག་མཁན་དེ་རྣམས་རེད། ཕྲུག་གུ་ལ་ཕྲུག་གུ་བྱུང་ན་སློབ་གྲྭ་ལས་རྒྱང་འབུད་གཏོང་བ་ལུགས་དང་མཐུན་ཀྱང་། འཁྲིག་སྤྱོད་བྱས་པ་ཙམ་གྱིས་སློབ་གྲྭ་ལས་རྒྱང་འབུད་གཏོང་དགོས་ན། སློབ་གྲྭ་རེ་ལས་སློབ་ཕྲུག་བརྒྱ་ཆ་བཅུ་རེ་མི་རིང་རྒྱང་འབུད་གཏོང་དགོས་ཐུག་པ་ལག་མཐིལ་རེད།
    དེ་རིང་གི་གནས་ཚུལ་འདིས་སེམས་པ་གཏིང་ནས་སྐྱོ། བོད་ནས་ཡོངས་པའི་གཞོན་ནུ་དེ་རྣམས། ཉེས་ཁ་ཆེ་བའི་རྒྱ་དམར་གྱི་ཁ་རུ་འཁྲིགས་སྤྱོད་བྱས་པར་རྒྱུ་མཚན་གྱིས་སྤྲད་པ་འདི་ལས་ནག་ཉེས་ཆེ་བ་བཟོ་རྒྱུ་མེད།
    དེ་དང་ད་ལྟར་དངོས་སུ་མཐོང་བའི་བུ་དེ་རྒྱང་འབུད་བཏང་དགོས་ཀྱི་ཡོད་པ་ཡིན་ནའང་། བུ་གཞན་བརྒྱད་དེ་རྣམས་ཀྱིས་འཁྲིགས་སྤྱོད་བྱས་ཡོད་པའི་དཔང་རྟགས་གསལ་པོ་གང་ཡོད་དམ། བུ་མོ་དེས་བཤད་པ་ཡིན་ན། དེ་བདེན་པའི་དཔང་རྟགས་གང་ཡོད། ང་ཚོའི་བོད་ཀྱི་ཆེས་མཐོའི་ཁྲིམས་ཁང་ཆེན་པོ་དེ་ལས་ཀ་ཕལ་ཆེར་མེད་ནས་སྡད་ཡོད། གལ་སྲིད་ང་ཕྲུག་དེ་རྣམས་ཀྱི་གང་ཡང་རུང་བའི་སྤུན་ཉེ་ཡིན་ན་ཁྲིམས་གཏུགས་བྱེད་ཐག་ཆོད་ཡིན།
    ད་ལྟའི་སྐབས་སུ་གནས་ཚུལ་འདིས་བོད་ནས་ཡོངས་པའི་ཕྲུག་གུ་རྣམས་ཕ་མས་ཉེས་ཁར་མ་འཛེམས་ནས་རྒྱ་གར་དུ་རྒྱལ་སློབས་གྲྭ་གཏང་གནང་བ་དེ་རྣམས་ལ་ཁྱད་གསོད་ཇི་ཙམ་ཡོད་པ་གསལ་བོར་མཚོན་གྱི་ཡོད་རེད།
    བཙན་བྱོལ་གྱི་བོད་པ་ཡོངས་དང་། བོད་ཀྱི་གཞུང་མང་གཉིས་ལ། ཕྲུག་གུ་དེ་རྣམས་བསླབ་བྱ་དང་སྒྲིགས་འཛུགས་ཡག་པོ་ཡོད་ས་ཞིག་ཏུ་མི་ཚེ་ཆུད་ཟོས་སུ་མ་གཏོང་ནས་བཙུད་རོགས་གྱིས་ཟེར་འབོད་སྐུལ་ཞུ་རྒྱུ་ཡིན།

    Reply
  9. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བོད་མི་ཉམ་ཐག་རྣམས་ལ་བསམ་གཞི་ཡོད་པའི་དྲ་གྲོགས་ཚོ་དང་ལྷག་པ་ཏུ་བཙན་བྱོལ་གཞུང་གི་ལས་བྱེད་ཡིན་པའི་དྲ་གྲོགས་རྣམས་ཀྱིས་ངེས་པ་ཏུ་ཕྲུ་གུ་འདི་དག་བདག་པོ་རྒྱག་ཐུབ་པ་བྱེད་རོགས།

    བཙན་བྱོལ་བོད་གཞུང་ལ་སྙན་ཞུ་རྒྱབ་དགོས་ནའང་འདྲ་རྡ་ས་བསྡད་ཡོད་མཁན་ཚོ་ཞུ་གཏུགས་རྒྱབ་མཁན་ཕེབས་རོགས་ཞེས་རེ་བ་ཞུ་རྒྱུ་ཡིན།
    བཙན་བྱོལ་གཞུང་ལ་སྙན་ཞུ་ཕུལ་ན་ཡ་ལན་མི་བྱེད་པ་དེ་འདྲ་ཡོང་མདོག་ཁག་པོ་མ་རེད་སྙམ། སྡེ་དགེ་བ་འཇིགས་མེད་ཡེ་ཤེས་རྡོ་རྗེ་ལགས་ཁྱེད་ནི་བོད་མི་རིགས་ལ་ཤ་ཚ་ཡོད་པའི་མི་བུ་ཞིག་ཡིན་པས་ཕྲུ་གུ་དེ་ཚོ་བཙན་བྱོལ་གཞུང་གི་བདག་པོ་རྒྱབ་ཀྱི་འདུག་དང་མི་འདུག་གཅིག་ལྟ་རོགས།

    གལ་སྲིད་བཙན་བྱོལ་གཞུང་གི་བདག་པོ་རྒྱབ་ཀྱི་མེད་ན་ང་རང་ཚོས་ཐབས་ཤེས་གཞན་པ་གཅིག་བཙལ་ཆོག་གི་རེད་སྙམ། ང་ཡང་གཟའ་ཟླ་བའི་ཉིན་མོར་སུད་སི་རྒྱ་གྲམ་དམར་པོའི་ཁྲིམས་རྩོད་པ་ངོ་ཤེས་པ་གཅིག་ཡོད་པས་ཁོའི་རྩ་ལ་སྐད་ཆ་ཞིག་དྲི་མཁན་འགྲོ་རྩིས་ཡོད།
    ཕྲུ་གུ་དེ་དག་ལ་འཁྲིག་པའི་དོན་དག་གིས་ཁྲིམས་ཆོད་དེ་འདྲ་གཏོང་ན་འགྲིག་གི་ཡོད་མེད་དང་བདག་པོ་མེད་པའི་ཁྱི་འཁྱོམ་བཞིན་དུ་ལྷག་པའི་བོད་ཕྲུག་ཚོ་ལ་སྐྱབས་རེ་ས་འདྲ་ཨེ་རག་ལྟ་གི་ཡིན།

    དྲ་གྲོགས་ཚང་མས་ཕྲུ་གུ་དེ་དག་གི་མི་ཚེ་ཆེད་དུ་དགྲ་བོ་རྒྱ་དམར་ལ་རྩིས་སྤྲོད་མི་དགོས་པས་ཐབས་ཤེས་གཏོང་རོགས་ཞེས་རེ་བ་ཞུ་རྒྱུ་ཡིན།

    Reply
  10. ནགས་རླུངས says:
    ལོ་ 16 སྔོན།

    Boy and girl of class 2 asked teacher:
    “can kids of our age have kids?”

    Teacher replied ” NO Never!!”

    Boy said to girl :
    “see i told you not to worry!!!!”.

    Reply
  11. ལྡན་མ་་་་་་ཐུབ་བསྟན་དངོས་གྲུབ། says:
    ལོ་ 16 སྔོན།

    འོ་དེ་འདྲ་མ་རེད་་་སྤྱིར་འཁྲེག་སྤྱོད་བྱས་པ་རྒྱུན་མཚན་དུ་བྱས་ནས་ཧང་སང་འདོག་གི་སྐད་ཆ་ཤོད་ཀྱིས་མེད་ཀྱང་།ང་ཚོའིོ་སློབ་གྲྭའི་སྒྲིག་འཛུག་ལ་རྩི་ཀུར་མ་བྱས་པ་དང་ལྷག་དོན་དུ་འཛིན་ཁང་དུ་དེའི་རིགས་བྱས་པ་ནི་ཆེས་མ་བོ་པའི་བྱ་བཞག་ཅིག་མ་ཡིན་ནམ། འོན་ཀྱང་ལོ་ན་ཆུང་བའི་རིགས་དེ་ཚོ་ལ་གཞུང་གི་ངོས་ནས་ངེས་པར་དུ་བསམ་བློ་གཏོང་དགོས་ཀྱི་འདུག་དྲན་གྱིས་ཡོད།ཕྱོགས་ཅིག་ནས་ཕ་ཚབ་དང་མ་ཚབ་དེ་དག་གི་ཉེས་པ་རེད་མ་གཏོགས་ཁྲུ་གུ་ལ་ཁག་མེད་འདོག་འདོག་འདྲ་བྱས་འདུག། གལ་ཏེ་ཕྲུ་གུར་དགེ་རྒན་དང་ཕ་མས་སློབ་གསོའི་མ་འདངས་བ་རྩི་ཡིས་ཡོད་ན་ཕྲུ་གུ་དེ་དག་ལ་ད་དུང་གོ་སྐབས་ཤིག་ངེས་པར་དུ་སྤྲད་དགོས་ཀྱི་འདོད་དོ།

    Reply
  12. གངས་བུ་ལྷག་བསམ་ཅན། says:
    ལོ་ 16 སྔོན།

    ད་ལྟ་སློབ་ཕྲུག་དགུ་ནང་ནས་བརྒྱད་བལ་ཡུལ་ན་ཡོད་ཀྱི་རེད་དེ་ཚོ་བོད་ལ་ལོག་མི་དགོས་པ་བཙན་བྱོལ་ནང་གི་སློབ་གྲྭ་ཞིག་ཏུ་འཛུལ་ཐུབ་ཐབས་དེ་ང་ཚོ་དྲྭ་གྲོགས་ཡོངས་ཀྱི་ལས་འགན་ཞིག་ཡིན་ཙམ་མ་སུ་རིའི་སློབ་གྲྭ་དང་བཙན་བྱོལ་གཞུང་ལ་ཁོང་རྣམས་ཀྱི་སྐྱིད་སྡུག་ཞིག་ན་ཚང་མའི་འདོད་པ་ཨེ་ཡོད་ན། འདོད་པ་བྱུང་ཚེ་ཁ་པར་ཨང་གྲངས་འདི་ཐོག་ནས་འབྲེལ་བ་གནང་རོགས།0_9805634232
    ཐུགས་རྗེ་ཆེ།

    Reply
  13. གངས་ལྷ་མེ་ཏོག says:
    ལོ་ 16 སྔོན།

    དྲ་གྲོགས་རྣམས་པ་ལགས། ཁྱོད་ཚོས་མ་སུ་རིའི་སློབ་གྲྭའི་འཁྲིག་སྤྱོད་ཀྱི་གནས་ཚུལ་ཐོས་སྐབས་ཧ་ལས་མདོག་བྱས་ཀྱི་་འདུག་བྱས་དགོས་དོན་གང་ཡང་ཡོད་མ་རེད། གང་ཡིན་ཟེར་ན་གནས་ཚུལ་དེ་འདྲ་ཧ་ལས་དགོས་པའི་གནས་ཚུལ་མ་རེད་སྤྱིར་
    གཏང་གི་གནས་ཚུལ་ཆུང་ངུ་ཞིག་རེད། ཡིན་ན་ཡང། སློབ་ཕྲུག་ཀྱི་འཁྲིག་སྤྱོད་བྱས་པའི་རྒྱུ་མཚན་ལ་བརྟེན་ནས་སློབ་ཕྲུག་ཕྱིར་ཕུད་
    གཏང་བ་ཡིན་ན་ཤིན་ཏུ་ནས་ཀྱང་ནོར་འཁྲུལ་ཆེན་པོ་རེད། དེ་ཙམ་གྱི་པྱིར་ཕུད་གཏང་བ་ཡིན་ན་ཕྱི་གླིང་ཡུལ་གྱི་སློབ་གྲྭ་ཕལ་ཆེ་བ་རྣམས་
    སློབ་གྲྭ་ནས་ཕྱིར་ཕུད་གཏང་དགོས་ཀྱི་རེད། དེ་འདྲའི་རིགས་ཧ་ཅང་མང་པོ་ཡོད་ལ་ཕྱིར་ཕུད་གཏང་པའི་གནས་ཚུལ་མེད། ད་དུང་ཕྱིམ་ཚང་གི་ཕ་མ་གཉིས་ཕྱིར་ཕུད་གཏང་བ་དེ་ཡང་སློབ་ཕྲུག་ལ་སློབ་གསོ་ཡག་པོ་མ་རྒྱག་པ་ལ་བརྟེན་ནས་ཕྱིར་ཕུད་གཏང་བ་ཡིན་ན་རྒན་ལགས་ཀྱང་
    ཕྱིར་ཕུད་གཏང་དགོས་པ་རེད། གང་ཡིན་ཟེར་ན་རྒྱུ་མཚན་ཅིག་མཚུངས་ཡིན་པའི་ཕྱིར།

    Reply
  14. བྱམས་རྒྱལ། says:
    ལོ་ 16 སྔོན།

    གསར་འགོད་པ་དོན་གོ་ལགས། །ཁྱེད་ཀྱིས་དྲ་གྲོགས་ཅོ་རི་ལགས་ཀྱིས་རེ་བསྐུལ་བཞིན་སློབ་མ་དེ་ཚོའི་ལོ་གྲངས་རྣམས་ཤེས་ཐབས་ཤིག་གནང་རོགས་ སྤྱིར་གསར་འགྱུར་རྒྱས་པོ་འདུག་ཀྱང་ལོ་གྲངས་མེད་ན་གཅིག་མ་ཚང་བ་འདྲ་པོ་འདུག་ལ་གནད་འགགས་ཤིག་ཀྱང་རེད་འདུག་། །

    རྒན་ཟ་ལེ་ལགས།
    །བུད་མེད་ལོ་ན་༡༢ ནས ༥༠་བར་ཟླ་ཚན་བབ་ཀྱི་ཡོད་འདུག་། ཟླ་ཚན་བབ་འགོ་ཚུགས་ནས་བཟུང་ནུ་མ་དང་འདོད་པ་རྒྱས་ནས་ན་ཚོད་སྨིན་པའི་ཚད་ལ་སླེབས་ཀྱི་ཡོད་འདུག་།

    བཀུར་འོས་སྡེ་དགེ་ལགས། །ཁྱེད་གཞུང་ཞབས་པ་ཞིག་ཡིན་འདུག་པས་ རང་གཞུང་ལ་སློབ་མ་དགུ་པོ་དེ་དག་གི་མི་ཚེའི་མདུན་ལམ་སྐོར་སྐྱིད་སྡུག་གཅིག་ཞུ་ཨེ་ཐུབ།

    Reply
  15. ཧོར་བུ་ཡེ་ཤེས says:
    ལོ་ 16 སྔོན།

    དེ་ལྟར་བྱུང་བ་ནི་ཁྱོད་ཚོས་འགོ་དབུ་འཛིན་དང་དགེ་ལས་རྣམས་པས་སློབ་གསོ་ཡག་པོ་མ་བྱུང་བ་ལས།སློབ་ཕྲུག་གིས་ནོརབ་ག་ལ་ཡིན།ས་ཐག་རིང་པོ་དེ་འདྲ་ནས་ཁོང་ཚོས་ཕ་མས་ཡིད་ཆེས་དང་རེ་བ་ཐམས་ཅད་ཁྱོད་ཚོ་ལ་བཅོལ་ནས་རང་ལུས་ནས་ཆད་པའི་བུ་ཕྲུག་ཁྱོད་ཚོའི་ལག་ཏུ་བཞག་པ་རེད།དེ་ལ་ལྟ་རྟོག་ཡག་པོ་མ་བྱས་པར་ད་དུང་ཁོང་ཚོས་ནོར་ཟེར་བ་ནི་ཧ་ཅང་གི་བློ་ཕམ་རེད།དགོན་པ་གྲྭ་ཚང་འདྲ་ཡིན་ན་གནས་ཚུལ་ཁ་ཁ་རེད།དྲངས་ལྡན་མེད་པའི་ཉེས་ཆད།ངོ་མ་བློ་ཕམ་ཡོད།ལྷག་པར་དུ་བོད་ལ་ལོག་ཆུགས་པ་དེ་དགྲ་དགའ་གཉེན་སྡུག་གི་ལས་རང་རེད།
    དྲུང་ཆེ་ལགས་ཁྱོད་ཀྱིས་སློབ་གསོ་གཏོང་མཁན་གྱི་དགེ་རྒན་གཅིག་ཀྱང་བཏང་མི་འདུག་པས་དེ་ག་འདྲ་ཡིན་ནམ།ལ་ཁྱོད་ཀྱི་སྤྲེལ་ལུད་ཡིན་རྒྱུ་རེད་མ་ཟད།ཁྱོད་ཀྱིས་བོད་ཕྲུག་༩་ལ་མི་ཚེ་མདུན་ལམ་མེད་པ་བཟོས་བ་ནི་ཁྱོད་ཀྱི་ནག་ཉེས་ཤིག་ཡིན་པ་ཤེས་སམ།
    སྤྱིར་ཡུལ་ཁྲིམས་དང་ནང་ཁྲིམས་ཡོད་པ་རེད་ལ་དགོས་པའང་རེད།ཡིན་ནའང་འཁྲིག་སྤྱོད་ཙམ་གྱི་ཉེས་ཆད་དེ་འདྲ་ངོས་ལེན་མེད།དཔེ་ན་སློབ་གྲྭ་གཞན་དུ་གཏང་བ་དང་འཛིན་གྲྭ་ལོ་གཅིག་ཕབ་པ་སོགས་སློབ་ཕྲུག་ལ་བལྟས་ནས་ཉེས་ཆད་བཏང་དགོས་པ་ལས་དགོན་པ་གྲྭ་ཚང་ཞིག་གི་ཉེས་ཆད་དེ་ཁྱོད་གྲྭ་བའི་ཁོར་ཡུག་ནང་མཚར་ལོང་བྱུང་བ་ཞིག་མ་རེད་དམ།

    Reply
  16. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་མི་ཚོས་བོད་མི་ལ་་བྱམས་བརྩེ་བྱས་ནས་ཉེས་ཡངས་བཏང་རྒྱུ་ཕར་བཞག
    སྐྱབས་ཡུལ་བོད་གཞུང་གི་བོད་མི་ཤེས་ཡོན་ཡོད་མཁན་ཚོས་ཀྱང་། སྐྱབས་བཅོལ་བ་བོད་མི་སློབ་ཕྲུག་འདི་དག་ལ་སྙིང་རྗེ་མེད་པར། བོད་རྩ་མེད་གཏོང་མཁན་གྱི་རྒྱ་མིའི་ལག་ཏུ་སྤྲད་པ་ནི།
    ཅི་འདྲའི་ཡ་ང་བ་དང་སེམས་པ་སྐྱོ་དགོས་པའི་ལྟས་ངན་ཞིག་རེད།

    དེས་ན་དགྲ་དགའ་གཉེན་སྡུག་གི་ཐག་གཅོད་ངན་པ་འདི། འཕྲལ་དུ་འབྲེལ་ཡོད་བཙན་བྱོལ་བོད་གཞུང་གིས་ཛ་དྲག་གིས་མེད་པར་བྱེད་རོགས་ཞུ།

    Reply
  17. རྡོ་རྗེ་ཚེ་རིང་། says:
    ལོ་ 16 སྔོན།

    ལུང་རིགས་རྒྱལ་ལགས། སྐད་ཆ་བཤད་དུས་ཡིན་ཅིག་གཟབ་དགོས། བོད་ནས་ཡོང་བའི་ལོ་གཞན་ཚང་མ་སློབ་སྦྱོང་གི་གོ་སྐབས་ཞིག་ཨེ་རག་བསམ་ནས་ཡོང་བ་ཡིན་དུས་ལོ་ཚོད་ཐོག་གསང་བ་བྱེད་དགོས་པ་སྨོས་མེད་རེད། དེ་ལྟར་ཁྱེད་ནས་མ་ཉེས་ཁ་གཡོགས་ཀྱིས་གནས་ཚུལ་སྡུག་པ་ཐམས་བཅད་བོད་ནས་ཡོང་བ་རྣམས་ལ་ཁག་དཀྲིས་ན་གཏན་ནས་མི་འདོད།

    Reply
  18. འབའ་ཐང་གི་བུ། says:
    ལོ་ 16 སྔོན།

    གནས་ཚུལ་མ་ལེགས་པ་གོ་ཐོས་བྱུང་བར་ཧ་ཅང་བློ་ཕམ་བྱུང༌། གཅིག་ནི་དེང་སང་བོད་པའི་མ་འོངས་པའི་སོན་རྩ་ཚོའི་སྒོ་གསུམ་གྱི་བྱ་སྤྱོད་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བ་འདི་རེད།

    གཉིས་ནི་ཕྱོགས་དང་མཚམས་རྒྱབ་དང་མདུན་གྱི་གནས་སྟངས་མང་པོ་ཞིག་ལ་བསམ་ལོངས་བྱ་ལོངས་མེད་པར་འཚབ་འཚུབ་ངང་འཁྲིད་སྤྱོད་ཀྱི་བྱ་བ་ལ་བསྙད་བཏགས་ནས་བོད་ཕྲུག་གྲངས་དགུ་ཙམ་ཕྱིར་འབུད་བྱས་པ་འདི་ཡིན།

    ང་རང་སེམས་ཁྲེལ་ཆེ་ཤོས་གཅིག་ནི་ཕྱིར་འབུད་ཟིན་པའི་བོད་ཕྲུག་དེ་དག་གི་ཁྲོད་ནས་རེ་བ་རྒྱག་ཆོག་པའི་བག་ཆགས་ཅན་གྱི་སློབ་ཕྲུག་རེ་གཉིས་ཀྱང་ཡོད་སྲིད། གང་ལྟར་སློབ་ཕྲུག་དགུ་པོའི་མ་འོངས་པའི་མདུན་ལམ་ག་འདྲ་ཆགས་མེད་སེམས་འཚབ་དང་བློ་བསམ་མི་གཏོང་ཀ་མེད་རེད།

    དོན་དག་གཉིས་ནི་ད་ཆ་ཁོང་ཚོ་བལ་ཡུལ་དུ་འབྱོར་ཟིན་པའི་གནས་ཚུལ་གོ་ཐོས་ལྟར་ན་མི་རིང་བར་བོད་དུ་བསླེབ་ཚེ་རྒྱ་གཞུང་གིས་བེད་སྤྱོད་ག་འདྲ་གཏོང་མིན་དང༌། ལྷག་དོན་ཁོང་ཚོའི་ཕ་མ་གཉེན་མཚན་ཚོས་ཐག་གཅོད་ཚུལ་མཐུན་མ་བྱས་པའི་གནས་ཚུལ་འདིའི་ཐོག་ནས་བཙན་བྱོལ་གཞུང་ལ་ལྟ་སྟངས་ངན་པ་མི་ཡོང་བའི་ངེས་པ་སྟབས་རང་གཞུང་ནས་མ་ལེན་མ་འགྱོད་པའི་ཞིབ་དཔྱོད་བྱ་དགོས་སྙམ་པ་བྱུང༌།

    Reply
  19. འབྲི་འབྲོང་། says:
    ལོ་ 16 སྔོན།

    བོད་མི་ཚོས་བོད་མི་ལ་་བྱམས་བརྩེ་བྱས་ནས་ཉེས་ཡངས་བཏང་རྒྱུ་ཕར་བཞག
    བོད་གཞུང་གི་བོད་མི་ཚོས་བོད་མི་སློབ་ཕྲུག་འདི་དག་ལ་སྙིང་རྗེ་མེད་པར་རྒྱ་མིའི་ལག་ཏུ་སྤྲད་པ་ནི་སེམས་སྐྱོ་པའི་ལྟས་ངན་ཞིག་རེད།

    Reply
  20. དབྱར་ཁབ་ཀུན་བཟང། says:
    ལོ་ 16 སྔོན།

    ཕྲུ་གུ་དེ་ཚོ་ཕྱི་འབུད་བཏང་བ་ནི་ངོ་ཕམ་པོ་བྱས་འདུག
    དེའི་ཚབ་ཏུ་ཕྱི་ཆད་མི་ཡོང་བའི་ཆེད་དུ་སློབ་ཚོགས་ཁྲོད་ནས་ངོ་ཚར་དགོས་པའི་ཉེས་ཆད་རེ་བཀབ་ཏེ་དེ་སྔོན་དགེ་རྒན་དང་ཁྱིམ་སྡེ་ཕ་མའི་སློབ་གསོའི་མ་འདང་བའི་ཆ་དེ་དག་ཁ་ཚབ་རེ་བཟོས་ན་ག་འདྲའི་ཡོད་ས་རེད།
    སློ་སྤྱི་དང་དགེ་རྒན་དེ་དག་ནི་རང་གི་ནག་ཉེས་ལ་གུ་ཡང་རེ་བྱས་ཏེ་རྒྱབ་སྐྱོབ་མེད་པའི་སློབ་ཕྲུག་གི་ུ་མི་ཚེའི་འདུན་ལམ་ལ་དེ་འདྲའི་རྒོལ་རྔུང་ཚར་ཆེ་དེ་ཧང་སང་བྱུང།
    གལ་ཏེ་ངེས་པ་དུ་དེ་འདྲ་གནང་དགོས་ན་སློབ་སྤྱི་དང་དགེ་རྒན་ལ་ཡང་ཁྱི་སྡེའི་ཕ་མ་བཞིན་དུ་ཉེས་པ་མཚུངས་སོ
    མཚུངས་སོ།།

    Reply
  21. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་མི་ཚོས་བོད་མི་ལ་་བྱམས་བརྩེ་བྱས་ནས་ཉེས་ཡངས་བཏང་རྒྱུ་ཕར་བཞག
    བོད་གཞུང་གི་བོད་མི་ཚོས་བོད་མི་སློབ་ཕྲུག་འདི་དག་ལ་སྙིང་རྗེ་མེད་པར་རྒྱ་མིའི་ལག་ཏུ་སྤྲད་པ་ནི་སེམས་སྐྱོ་པའི་ལྟས་ངན་ཞིག་རེད།

    Reply
  22. བཀྲ་ཤིས། says:
    ལོ་ 16 སྔོན།

    འཁྲིག་པ་སྤྱོད་པ་དེ་རྩ་དགོངས་ཞུ་དགོས་པའི་གནད་དོན་ཞིག་མ་རེད། གནད་དོན་མ་ཤེས་པའི་དབང་གིས་སློབ་ཕྲུག་ཚོའི་མི་ཚེ་མདུན་ལམ་ལ་བསམ་ཤེས་མ་བྱས་པ་ལ་ངོ་རྒོ་ནམ་ཡང་བྱེད་ངེས་ཡིན། སོ་སོས་ཉི་རེ་ལ་འཁྲིག་པ་ག་ཚོད་སྤྱོད་ཀྱི་ཡོད།མགོ་ལ་སྡད་མཁན་ཚོས་འགྲོ་མིའི་ཐོབ་ཐང་ལ་བརྩི་བཀུར་ཚུ་རོགས།

    Reply
  23. གངས་བུ་ལྷག་བསམ་ཅན། says:
    ལོ་ 16 སྔོན།

    གནས་ཚུལ་འདི་སློབ་ཕྲུག་ཞིག་ལ་མཚོན་ན་དེ་ལས་སྡུག་བ་ཞིག་ཡོད་མ་རེད། མ་ཚད་མ་སུ་རིའི་སློབ་གྲྭར་བྱུང་བ་ཐེངས་དང་པོ་མ་རེད། འོན་ཀྱང་གནས་ཚུལ་འདི་བཞིན་མ་འོང་པ་ལ་སློབ་གྲྭ་ཁག་ལ་མི་འབྱུང་བའི་ཕྱིར་དུ་འགན་ཆ་ཚང་སློབ་གྲྭའི་དགེ་རྒན་དང་ཕ་ཚབ་མ་ཚབ་བཅས་ལ་ཡོད་པས་ཚང་མའི་ཐུགས་གཟབ་གནང་རྒྱུ་དང། ད་དུང་མ་སུ་རི་སློབ་གྲྭའི་ཁྱིམ་ཚང་༼༢༠༽༼༤༽༼༡༢༽སོག་སློབ་གྲྭ་ནས་ཐག་རིང་ཙམ་བསྐྱོད་དགོས་སྐབས་ལམ་ཟུར་དུ་ཆང་རག་བཏུང་ས་ཡོད་པ་ཁོ་བའི་མཐོང་སོང་དེའི་སྐོར་ལ་ཡང་འབྲེལ་ཡོད་ཚང་མའི་གཟིགས་སྐྱོངས་དགོས་པ་ཞུ་མཁྱེན།

    Reply
  24. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    མ་སུ་རིའི་སློབ་ཕྲུག་བཅུའི་སྐོར་ལ་མང་པོ་ཞིག་གིས་ཐག་གཅོད་དྲང་པོ་བྱུང་ཡོད་མེད་ཙམ་ལས་དཀའ་ངལ་གྱི་མགོ་ཁུངས་རྩད་གཅོད་བྱེད་གི་མི་འདུག དཀའ་ངལ་གྱི་ཁུངས་རྙེད་སོང་ན། ཐག་གཅོད་དང་རྗེས་ཕྱོགས་ཀྱི་ལམ་ལུགས་གཏན་འབེབས་བྱ་ཕྱོགས་ལ་ཡང་ཕན་གི་རེད།

    ༡། ངས་བལྟས་ན་སློབ་མ་བསྡུ་དུས་ལོ་ཚོད་ལ་ཞིབ་འཇུག་ནན་མོ་བྱེད་མ་ཐུབ་པའི་དབང་གིས་གནས་ཚུལ་འདི་བྱུང་བ་རེད་འདོད། སྤྱིར་བཏང་བཙན་བྱོལ་གྱི་ཕྲུ་གུ་ཚོ་སློབ་གྲྭར་འཇུག་ཚད་ལྟར་ན། འཛིན་རིམ་དྲུག་པའི་བུ་མོ་དེ་ལོ་ ༡༢ ཡིན་དགོས་པ་རེད། ཡིན་ཡང་། བོད་ནས་ཡོང་བའི་སློབ་ཕྲུག་ཕལ་ཆེ་བས་སོ་སོའི་ལོ་གསང་བ་བྱས་ཡོད་སྟབས་གནས་སྟངས་འདི་བྱུང་བ་རེད། བུ་མོ་དེ་དོན་དངོས་སུ་ལོ་ ༢༠ ཡིན་སྲིད་ལ། ལོ་ ༡༥ དང་ ༡༨ སོགས་གང་རུང་ཡིན་སྲིད་པ་རེད། སྨན་ཤར་ཅིག་བྱིས་པར་བརྫུས་ནས་བསྡད་ཀྱང་། ཐེངས་མར་པོར་རང་དབང་མེད་པར་གསང་སྟབས་ཀྱིས་ག་ས་གང་དུ་རིལ་བ་དང་། མཐའ་མ་དེར་ལངས་ཚོའི་སྟོབས་ཤུགས་ཀྱིས་གསང་བ་ཕྱིར་བརྟོལ་བ་རེད།

    གསོག་སྒར་དང་སུ་ཇཱ་གཉིས་ལ་ལོ་ ༡༨ ཀྱི་མཚམས་ནས་ཁྱད་པར་ཕྱེ་ཡོད་པ་བཞིན། རྗེས་ཕྱོགས་ལོ་ ༦ ནས་ལོ་ ༡༨ བར་གྱི་ལོ་ཚོད་ལ་ཡང་ཞིབ་འཇུག་ནན་མོ་བྱ་དགོས་པ་དང་། དེ་དག་ལ་དཔག་པའི་འཛིན་རིམ་དང་སློབ་གྲྭ་ཡང་བགར་ཐུབ་ན་འཛིན་སྐྱོང་ལ་སྟབས་བདེ་བོ་ཡོང་གི་རེད། སློབ་མ་ཚོའི་ནང་དུའང་ཕན་ཚུན་བར་དུས་ལ་རན་མིན་གྱི་མིག་ལྟོས་འཇོག་སྟངས་དང་བསམ་བློ་གཏོང་སྟངས་ལ་ཁྱད་པར་འགྲོ་གི་རེད།

    ༢། ཐག་གཅོད་ཀྱི་ཆ་ནས་སྤྱིར་བཏང་འགྲིག་འདུག་སྙམ། མ་སུ་རི་སློབ་གྲྭར་དོན་དག་འདི་འདྲ་བ་མང་པོ་འབྱུང་གི་ཡོད་པ་བདེན་ན། ཐག་གཅོད་འདི་འོས་འཚམ་ཞིག་རེད། ཐག་གཅོད་ནན་མོ་འདི་བྱས་ཚར་བའི་རྗེས་ལ་སློབ་གྲྭ་གཞན་དང་སྤྱི་ཚོགས་ཀྱིས་གསལ་བོ་གོ་རྒྱུ་གལ་ཆེན་པོ་རེད། ཕ་མ་ཚོས་ཀྱང་གོ་དགོས་པ་རེད། ད་ཡོད་སློབ་ཕྲུག་ཚོ་དང་ཁྱིམ་ཚང་གི་ཕ་མ་ཚང་མས་གཟབ་གི་རེད།

    འདི་ལྟའི་ཐག་གཅོད་ནན་མོ་བྱེད་ཐུབ་མཁན་གྱི་སློབ་སྤྱི་དང་དགེ་ཆེ་སོགས་ནི་ཕྱིར་འབུད་བྱེད་པ་ལས་བསྡད་ན་ཡག་གི་རེད། མུ་མཐུད་ནས་བསྡད་ནས་ཕྱིན་ཆད་ཅི་དགའ་གང་དྲག་ལ་འབད་དགོས་པ་རེད།

    སློབ་གྲྭ་རང་ལ་མཚོན་ན་ཡང་། མ་སུ་རི་སློབ་གྲྭའི་སྙན་གྲགས་གསོ་གི་རེད་མ་གཏོགས་ཉམས་གི་མ་རེད་འདོད། ཐག་གཅོད་དང་མཉམ་དུ་ད་ནི་སློབ་གསོ་ལ་སྔར་ལས་ལྷག་པའི་ཤུགས་རྒྱག་རྒྱུ་གལ་ཆེན་པོ་རེད། འདིའི་སྐོར་སྔོན་མ་ཞིག་ལ་ཡང་ཟིན་བྲིས་ཤིག་སྤེལ་ཡོད། སློབ་གྲྭ་ཁག་གི་ནང་འཁྲིག་སྤྱོད་ཀྱི་སློབ་གསོ་གལ་ཆེན་པོ་རེད་ལབ་ཡོད།

    ཐག་གཅོད་ཀྱི་ཕྱོགས་ལ་ད་དུང་གདམ་ག་གཅིག་འདུག བུ་མོ་དེས་རང་འདོད་ཀྱིས་བུ་ ༩ མཉམ་དུ་བསྡད་སྟབས། མོ་རང་སྒྲིག་འཛུགས་ཤིག་གི་འོག་ན་ཡོད་སྟབས་བྱེད་སྟངས་ཅུང་ཐལ་དྲག་འདུག འདི་ལྟ་བུ་ནི་སློབ་གྲྭ་ཙམ་དུ་མ་ཟད། སྤྱི་ཚོགས་ནང་ནས་ཀྱང་འཆལ་མོའི་རིགས་ལ་རྩི་གི་རེད། དེར་བརྟེན། མོ་རང་གཅིག་པུ་ཕྱིར་འབུད་བྱེད་པ་དང་། ཕ་ཚབ་མ་ཚབ་གཉིས་ལ་ཉེས་ཆད་ནན་པོ་གཅོད་པ། སློབ་ཕྲུག་བུ་ ༩ ཡི་ཕ་མ་རྣམས་སྐོང་འགུག་དང་བཅས་ཆད་པ་དང་སློབ་གསོ་མཉམ་དུ་འགྲོ་ཐུབ་ཡོད་ནའང་འགྲིག་གི་རེད་འདོད།

    ༣། མ་གཞི་ནས་འཁྲིག་སྤྱོད་ནི་མི་སྒེར་སོ་སོའི་གསང་བའི་ལས་འགུལ་ལྟ་བུ་ཞིག་རེད། རང་རང་གི་དགའ་ས་འདོད་ས་དེར་མིག་གི་ལྐོག་མདའ་ག་ས་གང་ནས་འཕེན་གི་ཡོད་པ་རེད། དུས་དང་གནས་ཀྱི་གོ་སྐབས་རྒྱུན་དུ་འཚོལ་གིན་ཡོད་པ་རེད། འདི་ལ་བཀག་འགོག་བྱ་རྒྱུ་ཁག་པོ་རེད། དབྱིན་ཡུལ་དུ་ལོ་སྔོན་མ་ནས་བཟུང་ལོ་ ༡༤ ནས་བཟུང་བའི་བུ་རྣམས་ལ་དམིགས་ཏེ། སློབ་གྲྭའི་ར་སྐོར་ནང་དུ་འགྱིག་ཤུབ་བཞག་ཡོད་པ་རེད། དེའི་རྒྱུ་མཚན་ནི་བྱིས་པ་ཚོ་ཚོང་ཁང་ནང་དུ་སོང་ནས་འགྱིག་ཤུབ་ཉོ་བར་ངོ་ཚ་གི་ཡོད་སྟབས། སློབ་གྲྭའི་ངོས་ནས་གསང་བའི་ཚུལ་གྱིས་འགྱིག་ཤུབ་དེ་དག་ཁོ་ཚོའི་ཆེད་དུ་བཞག་ཡོད་པ་རེད། འདིའི་ཤུགས་རྐྱེན་ནི་བུ་མོ་ཚོར་བྱིས་པ་མི་འཁོར་བ། སློབ་གྲྭའི་ནང་དུ་ན་ཚ་སྔོན་འགོག་བྱེད་ཐུབ་པ། ཞོར་དུ་བཀག་ན་མི་ཁོག་པའི་དབང་ཤུགས་བཙན་པོ་དེའི་འདོད་པ་ཡང་སྐོང་ཐུབ་པ་ཞིག་བཟོས་པ་རེད། འདིའི་རིགས་ལ་ཡང་བསམ་བློ་གཏོང་མི་ཆོག་པ་མ་རེད་སྙམ།

    ཁ་ཐུག་ཏུ་བྲིས་སྟབས་ཡིག་ནོར་རེ་ཡོད་ན་དགོངས་དག་ཞུ།

    Reply
  25. ལྡན་མ་་་་་་ཐུབ་བསྟན་དངོས་གྲུབ། says:
    ལོ་ 16 སྔོན།

    བསམ་ཡུལ་ལས་འདས་སོང་་་་་དགེ་རྒན་དང་ཕ་མའི་ཚབ་དེ་དག་གི་དངོས་ནས་སློབ་ཕྲུག་ལ་ཤ་ཚའི་ངང་ནས་སློབ་གསོ་མ་བྱས་པའི་ཉེར་ལེན་ལས་བྱུང་བ་རེད་ལྷག་པར་དུ་ལོ་ན་ཆུང་བའི་རིགས་དེ་ཚོ་དགེ་རྒན་དང་ཕ་ཚབ་མ་ཚབ་ཀྱི་སློབ་བྱས་མ་འདངས་བ་གསལ་པོ་རེད། ད་ལྟའི་སློབ་གྲའི་དབང་འཛིན་པ་དག་གིས་ནུས་ཤུག་མ་འདངས་པའམ་ནུས་ཤུག་རྩལ་དུ་མ་སྟོན་བའི་རྐྱེན་གྱིས་སློབ་ཕྲུག་ལ་ཤེས་ཡོན་སྤྲད་ཐུབ་ཀྱིས་མེད་མ་ཟད་ཀུན་སྤྱོད་ཀྱང་ཆེས་ཐ་ཤལ་ལས་མེད་པ་སྒྱུར་བཞིན་འདུག་པས་འདི་ནི་ཆེས་བློ་ཕམ་སྐྱེ་སའི་གནས་རེད།

    Reply
  26. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    མ་སུ་རིའི་སློབ་གྲྭར་གནས་ཚུལ་འདི་འདྲ་བྱུང་བ་ཉུང་ཉུང་གཏན་ནས་མིན། ཆུ་ངནལམ་ཤོར་གྱི་རུལ་དྲི་ཁ་བའི་གནས་ཚུལ་འདི་ཚོ་གཙང་མ་མ་བཟོས་ན་བོད་མི་རིགས་ལ་གྱོང་གུད་འགྲོ་ཡི་ཡོད་རེད།

    Reply
  27. མི་ཆུང་། says:
    ལོ་ 16 སྔོན།

    མ་རུ་རི་གཅིག་པུར་ཡང་གནས་ཚུལ་འདི་གཅིག་པུ་མིན་ལ། ཐོག་མ་ཡང་མིན། ད་དུང་གོ་པལ་པུར། འབིར་ཅོང་དྷ་རའི་བོད་ཁྱིམ་སློབ་གྲྭ་སོགས་ཀྱི་དགེ་རྒན་དང་། སློབ་མ་རྙིང་པ་ཚོར་སྐད་ཆ་རེ་བྲིས་དང་། གནས་ཚུལ་འདི་འདྲའི་རིགས་གང་འཚམས་བྱུང་འདུག།

    འདི་རིགས་ཚང་མ་གཙོ་བོ་འཛིན་སྐྱོང་གིས་ལྟ་རྟོག་ཡག་པོ་མ་ཐུབ་པས་ལན་པ་རེད། ཐག་རིང་བོད་ནས་ཕ་མ་དང་སྤུན་མཆེད་ཚོས། རྒྱུ་ནོར་དང་དྲན་སེམས་ཡོད་ཚད་བློས་བཏང་ནས། རེ་བ་དང་ཡིད་ཆེས་ཀྱིས་བསླུས་ཏེ། ས་འདིར་གར་བཏང་བ་རེད། འོན་ཀྱང་ད་ལྟ་དེ་དང་དེ་རིགས་རྣམས་གནས་བབ་དང་། ཁོ་ཚོའི་འབྱུང་འགྱུར་གང་དུ་སོང་ཟིན་ནམ།

    ད་དུང་རྡ་སའི་གཡས་གཡོན་གྱི་ཤིང་ནགས་གསེབ་དང་། བག་བསུ་ནག་སོགས་སུ་ཉལ་ཐ་དང་། དཀར་བསུབ་རྔུབ་ནས་ཉིན་མཚན་སྐྱེལ་མཁན་གྱི་བོད་ཕྲུག་གི་ཚོགས་སྡེ་དེ་ཚོ་ས་གང་ནས་སླེབས་པ་དང་། འབྱུང་འགྱུར་གང་དུ་འགྲོ་འམ།

    Reply
  28. Pema says:
    ལོ་ 16 སྔོན།

    སློབ་ཕྲུག་ཕན་ཚུན་ཚུལ་མིན་གྱི་བྱ་སྤྱོད་བྱེད་པ་འདི་ལྟ་བུ་བྱེད་པ་དེ་ཉེས་ཆད་ནན་པོ་བཏང་དགོས་པ་ཞིག་ལས་བོད་དུ་ཕྱིར་སློག་པ་དེ་ཡག་པོ་མ་རེད། དམིགས་བསལ་འཛིན་རིམ་༡༢གྱི་སློབ་བུ་སྤྱི་བཏང་ཁྲིམས་ལུགས་ལྟར་ན་ལོ་ན་དར་བའི་ཕྲུག་གུ་ཞིག་ཡིན་དགོས་པ་དང་དེས་འཛིན་གྲྭ་༦པའི་བུ་མོར་འཁྲིག་སྤྱོད་བྱེད་པ་དེ་རྒྱ་གར་ཉེས་ཁྲིམས་འོག་ཚུད་རྒྱུའི་གནས་ཚུལ་ཆེན་པོ་ཞིག་ཡིན་པས་འཛིན་སྐྱོང་ནས་དེ་ལྟ་བུས་གནས་ཚུལ་འགྲེལ་བརྗོད་གནང་སྐབས་ཅུང་གཟབ་གཟབ་གནང་དགོས་པ་ཡིན། འཁྲིག་སྤྱོད་དེ་ཡང་འཛིན་གྲྭའི་ནང་བྱེད་པ་མང་པོས་མཐོང་ཡོད་སྟབས་ཁྱིམ་ཚང་ཕ་མ་གཉིས་གཅིག་པུར་ཉེས་པ་བཏང་བས་ལ་དག་ཀྱི་མ་རེད། སློབ་གྲྭའི་སྒྲིག་ཁྲིམས་སྤྱི་ཡོངས་ནས་བསྐྱར་ཞིབ་ནན་པོ་བྱེད་དགོས། འདི་ལྟ་བུའི་སློབ་གྲྭར་འཁྲིག་སྤྱོད་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག་ནི་བོད་ནས་ལོ་ན་དར་ཡང་སུ་ཇ་སོགས་སུ་ཚུད་རྒྱུའི་ཆེད་ལོ་ན་ཆུང་ཆུང་རྒྱབ་པ་དེ་རྒྱུ་རྐྱེན་ཆེན་པོ་ཞིག་ཏུ་བརྩི་དགོས། ལོ་ན་དར་བ་དང་འཁྲིག་པའི་འདོད་ཆགས་ཡོང་རྒྱུ་ནི་ཆོས་ཉིད་རེད། ཁྱིམ་ཚང་དུ་ཕ་མ་དང་ཕྲུག་གུ་མང་པོ་ཡོད་ན་འཛིན་གྲྭ་མ་གཏོགས་ད་འདོད་པའི་སྲེད་པ་ཕྱིར་འདོན་ས་གང་དུ་ལྷག་འདུག

    Reply
  29. བསྟན་པ་ཡར་འཕེལ། says:
    ལོ་ 16 སྔོན།

    ངོ་མ་གནས་ཚུལ་འདི་རིགས་བོད་ནང་གི་ཕ་མ་ཚོས་གོ་ན་སེམས་ཤུགས་ཆག་ངེས་རེད། སྤྱིར་བཏང་མ་སུ་རིའི་སློབ་གྲ་འདིར་གནས་ཚུལ་ངན་པ་མང་པོ་ཞིག་ད་བར་ཆུ་ངན་ལམ་ཤོར་ལྟ་བུར་གྱུར་བསྡད་པ་མི་ཉུང་བ་ཞིག་འདུག ལོ་ཤས་སྔོན་ངའི་ངོ་ཤེས་ཤིག་གི་ཚ་མོ་ཞིག་མ་སུ་རིར་འཛིན་རིམ་བཅུ་པ་བར་དུ་བསྡད་ནས་བོད་དུ་ཕྱིར་ལོག་དགོས་པའི་གནས་ཚུལ་ཞིག་བྱུང་བ་རེད། དེ་ནི་འཛིན་རིམ་བཅུ་པ་ཡན་ཁྱིམ་ཚང་དུ་སྡོད་དགོས་པ་དང་འཛིན་རིམ་བཅུ་པ་ནས་བུ་དང་བུ་མོ་སོ་སོར་ཉལ་ཁང་དུ་སྡོད་དགོས་དུས་བུ་མོ་ཉལ་ཁང་གྱི་སྒོ་དེ་རྟག་པར་གཏོར་གྱི་ཡོད་པ་མ་ཟད་དེ་རིང་བསྐྱར་བཟོ་བྱས་ན་སང་ཉིན་ཞོགས་པ་ནས་གཏོར་ཚར་བསྡད་པ་དེ་འདྲའི་གནས་ཚུལ་ཞིག་མུ་མཐུད་ནས་བྱུང་ཏེ་མཐར་བུ་མོ་དེ་སློབ་གྲར་བསྡད་མ་ཐུབ་པར་ཕྱིར་རང་ཡུལ་དུ་ལོག་དགོས་བྱུང་བ་རེད། དེའི་སྐོར་གནས་ཚུལ་འདྲི་རྩེད་བྱས་པར་བུ་མོའི་ཉལ་ཁང་དུ་ཡོང་མཁན་གྱི་བུ་དེ་ཚོ་བུ་མོ་སུ་ཞིག་གིས་ཕྱིར་བསྒྲགས་བྱས་ན་དེ་ལ་ཉེས་རྡུང་ཚད་མེད་གཏོང་རྒྱའི་ཐ་ཚིག་བསྒྲགས་ཀྱི་ཡོད་པའི་གནས་ཚུལ་འདུག དེར་རྟེན་བུ་མོ་དེ་ཚོ་རིགས་གཅིག་ནི་འདོད་མོས་ཡོད་མཁན་དང་། རིགས་གཅིག་ནི་འདོད་མོད་མེད་ཀྱང་འཇིགས་བསྐུལ་དང་བཙན་མནོན་འོག་མི་སྨྲ་བའི་རྟུལ་ཞུགས་འཛིན་དགོས་པའི་གནས་ཚུལ་དེ་ད་ལྟའང་མུ་མཐུད་བཞིན་ཡོད་ཚོད་འདུག

    Reply
  30. ཁ་རུ་ཁ་ཐུག says:
    ལོ་ 16 སྔོན།

    སྤྱིར་བཏང་སློབ་མའི་ལོ་ཚད་དང་མཐུན་པའི་སྒོ་ནས་འཁྲིག་སྤྱོད་ཀྱི་རིགས་འདིར་ཚད་བཀག་ཅིག་ཡོད་པ་ནི་འོས་འཚམ་ཞིག་ཡིན་མོད།འཁྲིག་སྤྱོད་བསྟེན་པ་ཙམ་གྱིས་སློབ་སྦྱོང་གི་གོ་སྐབས་ཀྱང་ཕྲོགས་ཟིན་པའི་ཁྲིམས་ཆད་འདི་དངོས་གནས་དྲང་བདེན་ཞིག་མ་རེད།བུ་མོ་དེས་བུ་དགུ་ལ་ལུས་འབྲེལ་བྱས་པའི་བར་དུ་འབྲེལ་ཡོད་དགེ་རྒན་ཚོས་ཅི་ཞིག་བྱས་ནས་བསྡད་པ་ཡིན།འབྲེལ་ཡོད་སློབ་སྤྱི་དང་དྲུང་ཆེ་དག་གིས་ཅི་ཞིག་བྱས་ནས་བསྡད་པ་ཡིན།ཉེས་སྐྱོན་ཚང་མ་གཞན་སྟེང་དུ་འགེལ་མཁན་གྱི་མ་སུ་རཱིའི་སློབ་སྤྱི་དང་དྲུང་ཆེ་དག་ཀྱང་ཕྱིར་འབུད་གཏོང་དགོས་ཚོད་འདུག
    གཞན་ལ་དབང་ཡོད་ཀྱིས་ཐ་ན་ཁྱིམ་ཚང་གི་ཕ་ཚབ་དང་མ་ཚབ་ཕྱིར་ཕུད་བཏང་བ་འདི་ལས་ལྷག་པའི་ཉེས་སྐྱོན་ཞིག་གང་ན་ཡོད།ཁོང་ཚོར་འགན་ཁུར་ཡོད་ན་ཁྱོད་ཚོར་ཅིའི་ཕྱིར་མེད་པ་རེད།ཡང་ན་དེ་ལས་ལྷག་པའི་ཁྲིམས་ཆད་གཞན་ཞིག་གཏོང་རྒྱུ་མེད་སོང་བ་རེད་དམ།རང་འཐད་ཀྱིས་འཁྲིག་སྤྱོད་ཀྱི་བདེ་བར་རོལ་བ་རེད་མ་གཏོགས་བཙན་གཡེམ་བྱས་པ་ནི་མ་རེད།ལྷག་པར་དུ་ཁྱིམ་ཚང་གི་ཕ་ཚབ་མ་ཚབ་དང་ངན་འབྲེལ་གྱི་ལུས་འབྲེལ་གྱི་ལམ་དུ་ཞུགས་པ་དེ་བས་ཀྱང་མ་རེད།
    ཐག་གཅོད་འདིར་ང་ཚོས་ངེས་པར་དུ་ངོ་རྒོལ་རྒྱག་དགོས།
    མིའི་ཆེད་དུ་ཁྲིམས་བཟོས་པ་རེད་དམ།ཡང་ན་ཁྲིམས་ཀྱི་ཆེད་དུ་མི་སྤྱོད་པ་རེད།
    གནས་ལུགས་དང་མི་མཐུན་པའི་ཐག་ཆོད་འདི་ང་ཚོས་ངེས་པར་དུ་འགན་རྐང་ལེན་གྱིས་འདི་ལྟར་འཆོར་དུ་འཇུག་མི་ཉན།

    Reply
  31. དོན་གོ says:
    ལོ་ 16 སྔོན།

    དྲ་གྲོགས་རྣམ་པ་ལགས། ཐེངས་འདིའི་ཕྱིར་ཕུད་བཏང་བའི་སློབ་མ་ཆུང་ཤོས་རང་ལོ་ ༡༡ ཡིན་འདུག དེ་ནི་འཛིན་རིམ་གསུམ་པའི་སློབ་མ་དེ་རེད། ཆེ་ཤོས་འཛིན་གྲྭ་ ༡༢ ཡིན་པའི་སློབ་མ་གཅིག་དང་ ༡༡ ཡིན་པའི་སློབ་མ་གཅིག་བཅས་གཉིས་པོ་དེ་རེད། ཁོང་གཉིས་རང་ལོ་རང་ལོ་ཉི་ཤུའི་ཡན་ཡིན་འདུག གཞན་ཕོ་མོ་མོ་རང་དང་བུ་དེ་དག་རང་ལོ་ཉི་ཤུའི་མན་ཡིན་ཚུལ་བརྗོད་བྱུང་། དོན་དངོས་ཀྱི་ལོ་ཚོད་རག་ཚེ་ཁྱེད་རྣམ་ལ་མཁོ་སྤྲོད་བྱ་ངེས་ཡིན།
    གང་ལྟར། རྣམ་པ་ཚོས་གསར་འགྱུར་འདིར་གཟིགས་ཏེ་འབྱུར་འགྱུར་སློབ་གྲྭ་འདི་གཙོས་སློབ་གྲྭ་གཞན་དུ་གནས་ཚུལ་འདིའི་རིགས་མི་འབྱུང་བའི་ཐབས་ལམ་དང་། གནས་ཚུལ་འདི་ལྟ་བུའི་རིགས་འབྱུང་སའི་གནད་སོགས་ལ་གཞིགས་ཏེ་བགྲོ་གླེང་དང་བསམ་ཚུལ་སྤེལ་གྱུར་གལ་ཆེན་དུ་མཐོང་།

    Reply
  32. ནད་པ says:
    ལོ་ 16 སྔོན།

    ཚེ་རིང་ལགས་ཀྱིས་བཟོ་གྲྭའི་ཐོན་སྐྱེད་ཀྱི་སྤུས་ཚད་དང་འབྲེལ་ནས་གསུངས་པ་དེ་དངོས་འབྲེལ་རེད། སློབ་གྲྭ་ཞིག་གི་ནང་སློབ་ཕྲུག་ཚོའི་སྦྱང་འབྲས་ཡག་པོ་བྱུང་དང་མ་བྱུང་ནི་གཙོ་བོ་སློབ་གྲྭའི་སློབ་གསོ་དང་། སྒྲིག་གཞི། སློབ་མའི་འབད་བརྩོན་དང་། ཀུན་སྤྱོད་བཅས་ལ་རག་ལས་ཡོད།

    མའོ་ཙེ་ཏུ་གིས་ཆབ་སྲིད་དང་འཐབ་ཇུས་ནི་ཏང་གི་སྲོག་རྩ་ཡིན། རིམ་པ་ཁག་གི་མགོ་འཁྲིད་ཀྱི་དེ་ལ་ནན་ཏན་ལག་བསྟར་བྱེད་དགོས་པའི་བླངས་བྱ་བསྟན་པ་ལྟར་སློབ་གྲྭའི་སློབ་གསོ་དང་། སྒྲིག་ལམ། ཀུན་སྤྱོད་བཅས་ལ་རིམ་པ་ཁག་གི་དབུ་འཛིན་དང། སློབ་སྤྱི། དགེ་རྒན། ཕ་ཚབ་མ་ཚབ་བཅས་ཀྱི་ནན་ཏན་གྱི་འགན་འཁུར་བླངས་དགོས།

    འགན་འཁུར་བླངས་ནས་སློབ་གསོ། སྒྲིག་ལམ། ཀུན་སྤྱོད་བཅས་ཀྱི་གཏན་འབེབས་ལས་གཞི་རྩའི་སློབ་གྲྭའི་སྒྲིག་ལམ་དང་འགལ་ཕྱིན་ཕྱིར་འབུད་ཀྱང་བྱེད་དགོས།
    སུན་རྩེའི་དམག་དོན་བསྟན་བཅོས་ལས་དམག་དཔུང་བྱམས་བརྩེས་སྐྱོང་དགོས་ལ་ཁྲིམས་ཀྱི་ཀྱང་གཅུན་དགོས་ཞེས་པ་ལྟར་སློབ་མ་ཚོ་བྱམས་བརྩེས་སྐྱོང་དགོས་ལ་ཁྲིམས་དང་སྒྲིག་གཞི་ལས་སགལ་ཕྱིན་ངེས་པར་ཕྱིར་འབུད་ཀྱང་བྱེད་དགོས།

    དེ་ནི་རྒྱལ་ཁབ་དང་། ཚོགས་པ། སློབ་གྲྭ། དགོན་སྡེ་སོགས་ཚང་མའི་གཞི་རྩའི་སྲོག་རྩར་ཐུག་ཡོད།

    Reply
  33. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 16 སྔོན།

    གསར་འགྱུར་འདིའི་ཁ་བྱང་དེ་ངས་གོ་བ་ཁྱོན་ནས་ལེན་ཐུབ་མ་སོང་། ན་ཚོད་མ་སྨིན་ན་འཁྲིག་སྤྱོད་ག་འདྲ་བྱེད་དགོས་རེད། ལོ་བཅུ་བདུན་བཅོ་བརྒྱད་ཟེར་དུས་ལང་ཚོ་རྒྱས་པའི་སྒང་ཡིན་པས་སློབ་མ་དེ་ཚོར་ཁག་ཅི་ཡོད།
    སློབ་གྲྭ་ནས་རྩ་དགོངས་བཏང་བ་ནི་སློབ་གྲྭའི་སྒྲིག་འཛུགས་ཀྱི་འགན་འཁུར་བ་ཞིག་ཡིན་གྱི་རེད། དེ་ལ་ང་ཚོས་བཤད་རྒྱུ་ཞིག་ཡོད་མ་རེད། འོན་ཀྱང་གསར་འབྱོར་སློབ་མ་དེ་ཚོ་ད་གར་འགྲོ་འདིར་འགྲོ་མེད་ནས་དཀའ་ངལ་ཆེན་པོ་འཕྲད་བསྡད་ཡོད་པ་གཏན་ཁེལ།

    Reply
  34. གནམ་ལྕགས། says:
    ལོ་ 16 སྔོན།

    གོང་དུ་བྱམས་རྒྱལ་ལགས་ཀྱིས་བཤད་པ་བཞིན་ཕྱིར་འབུད་བཏང་བའི་གནས་ཚུལ་དེའི་ཐད་ནས་ཁྱིམ་ཚང་ཕ་མ་རྩ་དགོངས་ལ་གཏོང་དགོས་ན། སློབ་སྤྱི་ཡང་གཏོང་དགོས་པ་རེད། དེ་ནི་དྲང་བདེན་གྱི་སྐད་ཆ་ཞིག་རེད། མ་རི་རུ་ནས་འདི་འདྲའི་གནས་ཚུལ་བྱུང་རྒྱུ་མང་མེད་ན་ཉུང་མེད།

    ད་དུང་ཟ་ལེ་ཡིས་བཤད་པ་བཞིན་གསར་འགྱུར་འདིའི་ཁ་བྱང་གི་སྟེང་ནའང་གནད་དོན་ཞིག་ཡོད་པར་མཐོང་། ན་ཚོད་མ་སྨིན་པ་ཟེར་ས་མི་འདུག་གི

    Reply
  35. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 16 སྔོན།

    དེས་ན་དགྲ་དགའ་གཉེན་སྡུག་གི་ཐག་གཅོད་ངན་པ་འདི། འཕྲལ་དུ་འབྲེལ་ཡོད་བཙན་བྱོལ་བོད་གཞུང་གིས་ཛ་དྲག་གིས་མེད་པར་བྱེད་རོགས་ཞུ།

    མིའི་རིགས་ཀྱི་སྤྱི་ཚོགས་ཡོད་ན་ཕོ་མོའི་འཁྲིག་སྤྱོད་ཡོད་པ་ཆོས་ཉིད་རེད། དེ་ནི་མི་སྤྱོད་ལས་འདས་པའི་ཁྲིམས་འགལ་གྱི་བྱ་བ་ཚབས་ཆེན་ཞིག་གཏན་ནས་མ་རེད།

    སྤྱི་བཏང་འཁྲིག་སྤྱོད་གནས་ཚུལ་ཞིག་གིས་བོད་ཕྲུག་དགུའི་མི་ཚེའི་མདུན་ལམ་བརླག་ཏུ་འཇུག་པ་ནི་ཧ་ཅང་བློ་ཕམ་དགོས་པའི་དྲང་བདེན་མ་ཡིན་པའི་ཁྲིམས་ཆད་ཞིག་རེད།

    ལྷག་པར་ང་ཚོ་བཙན་བྱོལ་བོད་པར་མཚོན་ན། བོད་ཕྲུག་གཅིག་གི་མདུན་ལམ་འཕྲོ་བརླག་བཏང་ནའང་བསབ་ཏུ་མི་གཏུབ་པའི་ཕམ་ཁ་ཆེན་པོ་ཞིག་རེད།

    ཁྱོད་ཚོས་སློབ་ཕྲུགའདི་དག་གི་མི་ཚེ་འདུན་ལམ་ལ་བསམ་བློ་དང་ཤ་ཚ་ཅི་ཡང་མེད་པའི་ཐོག་ནས། ཕྱིར་རྒྱ་ལག་ཏུ་བསྐྱེལ་བ་ནི་རྒྱ་དམར་གྱི་བྱེད་སྟངས་བཞིན་མི་ཆོས་ལས་འདས་པའི་མནར་གཅོད་ཚབས་ཆེན་བྱས་པའི་ཉེས་པ་བསགས་ཡོད་པར་ཤེས་དགོས།

    འཁྲིག་སྤྱོད་ཀྱི་གནས་ཚུལ་འདི་འདྲ་བའམ་འདི་ལས་སྡུག་པའི་གནས་ཚུལ་འཛམ་གླིང་སློབ་གྲྭ་གཞན་དག་ལ་རྟག་ཏུ་བྱུང་དང་བྱུང་བཞིན་ཡོད་ཀྱང་། སློབ་ཕྲུག་རྒྱངས་འབུད་བཏང་ནས་དཔའ་གཏམ་བཤད་མཁན་ཁ་ཆེ་དྲག་སྤྱོད་པ་ཙམ་ལས་བྱུང་མྱོང་མེད། ད་དུང་འཁྲིག་སྤྱོད་ལ་དགའ་བའི་སློབ་ཕྲུག་ལ་དམིགས་བསལ་གྱིས་བལྟ་རྟོག་དང་སློབ་གསོ་ཆེན་པོ་སྤྲད་པ་ལས་ཆད་ལས་ངན་པ་བྱེད་སྲོལ་མེད།

    སྙིང་རྗེ་དང་བཟོད་པ་ཡོད་མདོག་བྱེད་མཁན་བོད་མི་ཤེས་ཡོན་པ་རློམ་མཁན་འདི་ཚོས། ཉམ་ཆུང་བོད་པའི་སློབ་ཕྲུག་འདི་དག་རྒྱ་དམར་གྱི་ལག་ཏུ་བཞག་ནས་མནར་གཅོད་བཏང་བཅུག་ཕོད་པ་ནི། ཅི་འདྲའི་ངོ་ཚ་འོས་པའི་བྱ་བ་ངན་པ་བཟང་སྤྱོད་དང་ཡོངས་སུ་འགལ་བ་ཞིག་རེད་ཨང་། བལ་ཡུལ་དཔོན་ངན་འགའ་རེས་བོད་མི་སྐྱབས་བཅོལ་བ་རྣམས་རྒྱ་གཞུང་གི་ལག་པར་སྤྲད་པ་ལས་ཀྱང་ཡ་ང་བ་་ཞིག་རེད།

    བོད་ཕྲུག་གསར་འབྱོར་བ་དགུ་སློབ་གྲྭ་ནས་ཕུད་ནས་བོད་ནང་ལ་བཏང་བ་འདི་ལ། བོད་གཞུང་དམངས་གཉིས་ནས་ངོས་ལེན་གཏན་ནས་བྱེད་མི་འོས།

    གཞིས་ལུས་བོད་མི་རྣམས་ལ་ཤ་ཚ་སྙིང་རྗེ་སྤུ་ཙམ་མེད་པའི་སྒེར་གཅོད་འདི་ལྟ་བུས་བཙན་བྱོལ་བོད་གཞུང་གི་ཆེ་མཐོང་ཉམས་ཉེས་སུ་བཏང་བར་མ་ཟད་རྒྱ་དགའ་བོད་སྡུག་གི་གནས་ཚུལ་ངན་པ་འབྱུང་བའི་རྐྱེན་རྩ་བཞག་འདུག གནས་ཚུལ་འདི་ཚོ་བོད་ནང་གི་བོད་མི་ཚོས་གོ་ཚེ་ཡིད་ཐང་གཏིང་ནས་ཆད་ཀྱི་རེད།

    བོད་ནས་བསླེབས་པའི་གསར་འབྱོར་སློབ་མ་དགུ་བོ་བལ་ཡུལ་སྣེ་ལེན་ཁང་དུ་གཏོང་ལུགས་ལ་ལྟོས་དང་། ཁོ་ཚོ་ལ་རྒྱབ་རྩ་མེད་པར་གསལ་པོ་རེད། ཉམ་ཆུང་སློབ་མ་འདི་ཚོས་སློབ་སྦྱོང་གི་གོ་སྐབས་ཤོར་བ་དང་མི་ཚེའི་མདུན་ལམ་བརླག་ཏུ་འཇུག་པ་ནི། བོད་པས་བོད་པ་ལ་བྱེད་མི་རུང་བའི་རྒྱ་དམར་གྱི་ཀླ་ཀློའི་ངན་སྤྱོད་ངོ་མ་དེ་རེད།

    གལ་ཏེ་ཁྲིམས་ལྟར་ཆད་ལས་གཅོད་དགོས་ན་མ་སོ་རི་སློབ་གྲྭའི་སློབ་སྤྱི་དང་དགེ་རྒན་ཚོ་ཅིའི་ཕྱིར་ན་ཕྱིར་འབུད་མ་བྱས་པ་རེད།

    གཞིས་ལུས་བོད་པ་ཚོས་ལུས་སྲོག་འབེན་དུ་བཙུགས་ཏེ་དཀའ་བ་བརྒྱ་ཕྲག་སྤྱད་ནས། སོ་སོའི་སྙིང་དང་འདྲ་བའི་བུ་དང་བུ་མོ་རྣམས་ས་མཐར་འདིར་བསྐྱལ་བ་ནི། སྐྱབས་མགོན་རྒྱལ་བ་རིན་པོ་ཆེས་བཙུགས་པའི་བོད་གཞུང་སློབ་གྲྭ་ལ་དད་པ་དང་ཡིད་ཆེས་ཆེན་པོ་བྱས་པ་ལས་གཞན་མེད།

    གལ་ཏེ་སློབ་མ་འདི་དག་བཙན་དབང་གིས་བོད་ལ་ཕྱིར་སློག་ན་གཞིས་ལུས་བོད་འབངས་རྣམས་སེམས་ཕམ་ཚད་མེད་ཡོང་བ་མ་ཟད་རྒྱ་དམར་གྱིས་བཤད་པའི་སྐྱག་རྫུན་ལ་རྒྱབ་སྐྱོར་ཆེན་པོ་བྱས་པ་ཞིག་མ་རེད་དམ།

    དེས་ན་དགྲ་དགའ་གཉེན་སྡུག་གི་ཐག་གཅོད་ངན་པ་འདི། འཕྲལ་དུ་འབྲེལ་ཡོད་བཙན་བྱོལ་་བོད་གཞུང་གིས་ཛ་དྲག་གིས་མེད་པར་བྱེད་རོགས་ཞུ།

    Reply
  36. སྟག་སྨྱོན། says:
    ལོ་ 16 སྔོན།

    ཁག་མེད། ངོ་ནས་ཁག་མེད། དཔེ་སྐྱིད་པོ་ཡོད། བསྲན་ཁག་པོ་ཡོད།

    Reply
  37. ཟ་ལེ་རྒྱལ། says:
    ལོ་ 16 སྔོན།

    ཨ་ལ་ལ། ན་ཚོད་མ་སྨིན་ཟེར། བོད་ཕྲུག་ཚོའི་ན་ཚོད་སྨིན་ཡོད་མེད་དེའི་ཚད་བཀག་སུ་ཞིག་གིས་གང་ཞིག་ན་ཐག་གཅོད་བྱས་འདུག
    ང་རང་སློབ་མའི་དུས་སུ་དགེ་རྒན་ཚོས་རང་ཉིད་ཀྱིས་ཅི་ཡང་མི་ཤེས་ནའང་སློབ་ཕྲུག་ཚོའི་མདུན་ནས་ཡིན་མདོག་གིས་ཁོག་སྟོད་ལྟོར་རྒྱས་གོང་ཁོག་སྨད་རྩར་རྒྱས་ཞེས་བཀའ་བཀྱོན་བཏང་ཡང་རང་ཉིད་སློབ་མ་ཞིག་ཡིན་པའི་ངོས་ནས་གནས་ལུགས་ཡོད་ཀྱང་བཤད་པའི་ཐོབ་ཐངས་མེད་པས་ཡོད་ཚད་ལ་ལེགས་སོ་ཞེས་བ་ཡིན། ཡིན་ནའང་མ་སི་རེའི་དགེ་རྒན་ཁྱོད་ལ་དེ་རིང་ལེགས་སོ་ཟེར་ཐུབ་ས་མ་རེད།
    བོད་པའི་བུ་དང་བུ་མོ་ཚོའི་ན་ཚོད་སྨིན་དང་མ་སྨིན་དང་ལྷག་པར་ཏུ་མ་སི་རིའི་སློབ་ཕྲུག་ཚོའི་ན་ཚོད་སྨིན་ཡོད་མེད་དེའི་ཚད་གཞི་གང་ན་ཡོད། ངས་ཤེས་ཚོད་ལྟར་ན་བུ་མོ་ཚོར་ཟླ་མཚན་བབས་ནས་ནུ་མ་རྒྱས་བ་དང་ཆགས་སྲེད་ཀྱི་ཚོར་བ་དེ་ཡོང་གིན་འདུག་པས་ཕྱི་གླིང་བ་ཚོས་དུས་དེ་ནས་བཟུང་ན་ཚོད་སྨིན་པར་བཤད། ཨོ་ན། བོད་མི་ཚོས་ན་ཚོད་སྨིན་དང་མ་སྨིན་གྱི་སྐད་ཆ་དེ་ཚད་གང་ནས་བཤད་ཀྱིན་ཡོད། སྟོན་པ་བཅོམ་ལྡན་འདས་ཀྱི་རྗེས་འཇུག་པ་ཚོས་རང་གིས་སྲུང་མ་ཐུབ་པའི་དམ་བཅའ་དེ་སློབ་མ་ཚོའི་མགོ་ལ་བཙན་གྱིས་འཇོག་ག་ལ་རུང་།
    དེ་རིང་འདི་ཙམ་ཡིན། སང་ཉིན་ང་རང་སློབ་ཕྲུག་དེ་དག་གི་རྒྱབ་རྩར་ལང་ནས་རང་གི་ཚོད་ཀྱི་གནས་ལུགས་དེ་བཤད་ཀྱི་ཡིན། དེ་རིང་ཁོམ་པ་མེད།

    Reply
  38. རིག་འཛིན། says:
    ལོ་ 16 སྔོན།

    དྲྭ་གྲོགས་ཚོས་རྣོ་བསམ་རེ་གཏོང་དང་དངོས་གནས་བློ་ཕམ་དགོས་པའི་ཕྲུག་གི་དགུ་པོ་འདི་ཚོའི་འདུན་ལམ་ག་འདྲ་ཆགས་རྒྱུ་རེད་་་་་སློབ་སྤྱི་དེ་སློབ་ཕྲུག་ལ་སེམས་ཁུར་བྱེད་མཁན་ཞིག་ཕལ་ཆེ་མིན་པ་འདྲྲ
    ཁོང་རང་གི་ཕྲུག་ཞིག་དེའི་ནང་དུ་ཡོད་ན་བསམ་བློ་གཞན་པ་ཞིག་གཏོང་མདོགས་ཁ་བོ་རེད་་་་་སྙིང་རྗེ་་་་བོད་དུ་ཡོད་པའི་ཕ་མ་དག་གིས་བོད་གཞུང་ལ་རེ་བ་དང་ཡིད་ཆེས་གཙང་མ་ཞིག་བྱས་ཏེ་ཨ་ཉོག་འདི་ཚོར་འགྲོ་སོང་ཆེན་པོ་ཐོག་རྒྱ་གར་གཏོངས་ཡོང་དུས་འདི་ཕྱོགས་ནས་མི་ངན་འགས་བྱེད་སྟངས་འདི་ཕ་ཡུལ་དུ་གོ་སོང་ན་འདྲ་དྲན་རྒྱུ་རེད།
    དྲང་པོ་ཡིན་གནས་ཚུལ་འདི་ཐོས་མ་ཐག་སེམས་ཕམ་ཞེ་དྲགས་བྱང་།

    Reply
  39. ནགས་རླུངས says:
    ལོ་ 16 སྔོན།

    སློབ་གྲྭའི་སྒྲིགས་འཛུགས་དང་སློབ་གསོའི་ཚད་གཞི་འདོང་ན་སློབ་ཕྲུག་དེ་དག་ཀྱིས་ལས་ངན་དེ་འདྲ་བྱེད་པ་དཀའ་ལ་དེ་དག་སློབ་སྦྱོང་གི་གོ་སྐབས་ཀྱང་ཤོར་རམ། ལྷས་རྭ་བཙན་ན་སྤྱང་ཀི་འཛུལ་ཐབས་དཀའ་ཞེས་པས་དཔེ་ལྟར་གནས་ཚུལ་དེ་དག་བྱུང་སྲིད་དམ། འོན་ཀྱང་་་་་་

    Reply
  40. སེར་སྨད་བློ་དགའ། says:
    ལོ་ 16 སྔོན།

    བློ་ཕམ་གྱི་གནས་ཚུལ་འདི་གང་དྲག། ཨ་ཁ་ཁ་་་་་་་་༸གོང་ས་མཆོག་ལ་བརྟན་བཞུགས་ཤིག་ཕུལ་རྒྱུའི་ཚབ་ཏུ་འདི་འདྲའི་ཐུགས་ཕམ་ཞིག སློབ་གྲྭ་གཞན་དང་གཞན་ལ་ཉམས་མྱོང་འདི་ཁྱབ་སྤེལ་བྱེད་དགོས་ཀྱི་འདུག། ད་དུང་འདི་དང་འདི་འདྲ་བའི་གནས་ཚུལ་སློབ་གྲྭ་གཞན་དུ་མེད་པའི་གདེང་ཚོད་སུ་ལ་ཡོད། གནས་ཚུལ་འདི་ཚོ་བོད་ནང་གི་ཕ་མའི་གོ་ཚེ། ཡིད་ཐང་ཆད་ཀྱི་མ་རེད་པས། དགྲ་དགའ་གཉེན་སྐྱོའི་གསར་འགྱུར་འདིའི་རིགས་ཕྱིན་ཆད་མི་ཡོང་བའི་ལྟ་རྟོག་ཡག་པོ་དགོས་པ་དང་། བོད་པའི་སློབ་གྲྭ་གཞན་ཚང་མའི་ནང་འགན་ཁྱེར་མཁན་ཡོངས་ཀྱིས་ངེས་པར་དུ་གཟབ་གཟབ་གཟིགས་གཟིགས་གནང་རོགས།

    Reply
  41. nyimatashi says:
    ལོ་ 16 སྔོན།

    སེམས་པ་གཅིག་ཏུ་བསྡུ་མི་བཏུབ་པའི་བཀག་རྒྱ་ནི་
    བརྕེ་དུང་གི་ངར་ཤུགས་རེད།

    Reply
  42. ཐིག says:
    ལོ་ 16 སྔོན།

    སྤྱི་བཏང་ནས་ཕོ་མོའི་འཁྲིག་སྤྱོད་ཀྱི་གནས་ཚུལ་ཞིག་གི་དབང་གིས་བོད་ཕྲུག་དགུའི་མི་ཚེའི་མདུན་ལམ་བརླག་ཏུ་འཇུག་པ་ནི་བློ་ཕམ་དགོས་པ་ཞིག་རེད། མིའི་རིགས་ཀྱི་སྤྱི་ཚོགས་དར་འགོ་བརྩམས་པ་ནས་ཕོ་མོའི་འཁྲིག་སྤྱོད་ནི་ཡོད་ཡོད་པ་ཞིག་རེད་ལ། དེ་ནི་མི་སྤྱོད་ལས་འདས་པའི་བྱ་བ་ཞིག་ཀྱང་གཏན་ནས་མ་རེད་སྙམ། ལྷག་པར་ང་ཚོ་བོད་པར་མཚོན་ན། བོད་ཕྲུག་རེ་རེའི་མདུན་ལམ་འཕྲོ་བརླགས་སུ་སོང་ནའང་ཕམ་པོ་རེད་ལ། དེ་ནི་སུས་ཀྱང་གོན་གསབ་ཐུག་པ་ཞིག་མ་རེད།

    Reply
  43. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བཀུར་འོས་གསར་འགོད་པ་དོན་གོ་ལགས།
    ང་ཚོང་ཀློག་པ་པོས་དོན་ཞིག་གསར་འགྱུར་འདིར་ལྟ་དུས་གོ་དགོས་པ་ནི་རྩ་དགོངས་གཏོང་བའི་སློབ་མ་རྣམས་ཀྱི་ལོ་ཚོད་ཧ་གོ་དགོས་པ་འདུག
    འཁྲིག་སྤྱོད་ལ་དགའ་བའི་སློབ་མ་དགུ་བལ་ཡུལ་སྣེ་ལེན་ཁང་དུ་གཏོང་ལུགས་ལ་ལྟས་ན་བོད་ནས་བསླེབས་པའི་གསར་འབྱོར་བ་ཡིན་པར་འདྲ། རྒྱབ་རྩ་མེད་པར་གསལ་པོ་རེད།
    བོད་ནས་བསླེབས་པའི་གསར་འབྱོར་བ་སློབ་མ་འཛིན་གྲྭ་བཅུ་གཉིས་པ་ཞིག་ཡིན་དུས་རང་ལོ་ཅོ་བརྒྱད་བརྒལ་ཡོད་ཀྱི་རེད། འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ལུགས་ཐོག་ཏུ་རང་ལོ་ཅོ་བརྒྱད་བརྒལ་ཚར་དུས་ཕར་ཕྱོགས་ཚུར་ཕྱོགས་གཉིས་ཀའི་འདོད་མོས་ཐོག་ནས་འཁྲིག་པ་སྤྱོད་ཆོག་པ་ལས་མི་ཆོག་པའི་ཁྲིམས་ལུགས་ཤིག་གིས་སློབ་གྲྭ་ནས་སློབ་མ་རྩ་དགོངས་གཏོང་དགོས་པ་དེ་འདྲ་མཐོང་ཡ་མེད།
    སློབ་མ་དེ་ཚོས་འཁྲིག་པ་སྤྱོད་པ་ཙམ་གྱི་སློབ་གྲྭ་ནས་རྩ་དགོངས་གཏོང་ཡོད་པས་ཕྲུ་གུ་དེ་ཚོའི་མི་ཚེའི་མདུན་ལམ་ལ་དཀའ་ངལ་ག་འདྲ་འཕྲོད་ཀྱི་ཡོད་མེད་ལ་བསམ་གཞི་མ་བྱས་པ་འདིར་ཧ་ཅང་ཡག་པོ་མ་རེད་སྙམ།
    དགོན་པ་གྲྭ་ཚང་ནང་དུ་འཁྲིག་པ་སྤྱོད་ན་རྩ་དགོངས་གཏོང་བ་ཡིན་ན་ལུགས་མཐུན་དང་ཁྲིམས་མཐུན་ཡིན་པ་ལས་སློབ་གྲྭ་ནང་དུ་སློབ་མས་འཁྲིག་པ་སྤྱོད་ན་རྩ་དགོས་གཏོང་དགོས་པས་ཁྲིམས་ལུགས་ཅིག་ཡོད་པར་འདི་འདྲ་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ལུགས་སྲོལ་མེད། གལ་སྲིད་དེ་འདྲའི་ཁྲིམས་ལུགས་ཤིག་ཡོད་ན་ནུབ་ཕྱོགས་པའི་སློབ་མ་བརྒྱ་ཆ་༥༠་རྩ་དགོངས་གཏོང་དགོས་ལུས་ཡོང།

    ཅི་ནས་ཀྱང་བོད་ཕྲུག་གསར་འབྱོར་བ་དགུ་སློབ་གྲྭ་ནས་རྩ་དགོངས་གཏོང་བ་འདིར་ངེས་ལེན་མེད། དུས་བབ་ཚང་གིས་ཕྲུ་གུ་ཚོའི་ལོ་ཚོད་ག་ཚོད་ཡིན་མིན་ལན་ཞིག་གནང་རོགས་ཞུ།

    Reply
  44. དབང་ལྡན་མཚོ་མོ། says:
    ལོ་ 16 སྔོན།

    གནས་ཚུལ་འདི་འདྲ་སྔོན་མ་ནས་བྱུང་དང་བྱུང་བཞིན་པ་རེད།
    ཡིན་ཡང་སློབ་ཕྲུག་ལུང་རྟ་མ་རྒྱུག་པ་འདི་དག་མགོ་ལ་སློང་བ་རེད། འདི་དག་མི་ཚེ་འདུན་ལམ་ལ་བསམ་བློ་དང་ཤ་ཚ་ཅི་ཡང་མེད་པའི་ཐོག་ཕྱིར་བལ་ཡུལ་དུ་བསྐྱེལ་བ་དེ་དག་དག་ཞིག་ཨེ་ཡིན་ནམ།
    ངས་ལྟོས་ན་མ་སོ་རི་སློབ་གྲྭས་སློབ་སྤྱི་དང་དགེ་འདུན་རིན་ཆེན་ཟེར་བ་དེ་གཉིས་དངོས་པར་དུ་ཕྱིར་ཕུལ་དགོས་པ་དེ་རེད།

    Reply
  45. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    གནས་ཚུལ་འདི་ངས་ལྷོ་ཕྱོགས་ནས་ཐོས་མ་ཐག་དུས་བབ་དྲ་ཚིགས་སུ་མཆན་ཞིག་བཏབ་ཡིན། དེའི་ཉིན་སློབ་ཕྲུག་དེ་ཚོ་ལྡི་ལི་སྣེ་ལེན་ཁང་དུ་འདུག་ཟེར། སྙིང་ཆགས་པ་ལ་ས་མཚམས་ཡོད་མ་རེད།

    Reply
  46. གྱི་ན་བ says:
    ལོ་ 16 སྔོན།

    སློབ་གྲྭའི་སྒྲིག་ཁྲིམས་ལ་བརྩི་སྲུང་མ་བྱས་པ་བྱ་ལ་ངན་ལ་འཇུག་ཚེ། ཉེས་ཆད་ཀྱི་ལག་སྟར་གནང་བ་ཐུགས་རྗེ་ཆེ། འོན་ཀྱང་དེ་ལས་ཚབ་ཆེ་བའི་ཐོན་རྫས་རིགས་ལ་བག་མེད་ཀྱི་ལོངས་སྤྱོད་པའི་ཕྲུག་མང་དག་ཡོང་བཞིན་པ་སྤྱི་ཚོགས་ནང་གླེང་སློང་སྣ་ཚོགས་ཡོང་བཞིན་རེད། དེར་བརྟེན་བསྐུར་འོས་སྐབས་བབ་ཀྱི་འགན་ཁྲིམས་ཡོད་པའི་ལས་བྱེད་ཚང་མའི་ངེས་པར་དུ་ཐུགས་ཟབ་ཅི་ནས་ཀྱང་གནང་རོགས་ཞུ།

    Reply
  47. ཚེ་རིང་། says:
    ལོ་ 16 སྔོན།

    གནས་ཚུལ་འདིའི་ཐད་འབྲེལ་ཡོད་ཤེས་རིག་ལས་ཁུངས་ནས་ཀྱང་འགན་གཙང་ལེན་བྱས་ན་རེད། མ་གཞི་གནས་ཚུལ་དེ་བྱུང་ས་ནི་སློབ་གྲྭ་བྱེ་བྲག་པ་ཞིག་དང་། ཁྱིམ་ཚང་བྱེ་བྲག་པ། སློབ་མ་བྱེ་བྲག་པ་འགའི་གནད་དོན་ལྟ་བུར་སྣང་མོད། མིའི་རིགས་ཀྱི་སློབ་གསོའི་ལས་དོན་ཐད་ལྟ་རྟོག་འཆར་འགོད་བྱེད་མཁན་གྱི་སློབ་གསོ་ཆེད་གཉེར་གྱི་སྒྲིག་འཛུགས་ཤིག་གམ། སློབ་མ་སྐྱེད་སྲིང་བྱ་སའི་སློབ་གྲྭའི་སྡེ་ཁག་ཅིག་ངོས་ནས་བལྟས་ན་གནད་དོན་འདིའི་རིགས་ཆུང་ཆུང་ཞིག་གཏན་ནས་མ་རེད། ལོ་ཆུང་བྱིས་པ་མང་པོ་ཞིག་གི་སྐྱེད་སྲིང་གི་བརྒྱུད་རིམ་ལ་སྔར་ནས་ནོར་འཁྲུལ་ཤོར་ཟིན་པ་དང་། སློབ་གྲྭའི་སློབ་གསོའི་འཆར་འགོད་དང་སྒྲིག་འཛུགས་གང་རུང་ཐད་ཚགས་ཚུད་དོ་དམ་མ་བྱུང་བར་ཐུག་ཡོད། སློབ་མ་རེ་འགའ་དང་ཁྱིམ་ཚང་ཨ་མ་རེ་འགའ་ཕྱིར་ཕུད་བཏང་བ་ཙམ་གྱིས་ནོར་འཁྲུལ་ཡོད་ཚད་རྩ་བ་ནས་དག་སེལ་བྱས་ཟིན་ཞིག་མ་རེད། ཉི་མ་རེ་རེར་སློབ་མའི་མྱོང་གིན་པའི་སློབ་གསོའི་སྤུས་ཚད་དང་། སློབ་མ་འཚར་ལོངས་འབྱུང་སའི་སློབ་གྲྭ་དེའི་དུས་རྒྱུན་གྱི་སློབ་གསོའི་མཁའ་དབུགས་བཅས་ལ་ཞིབ་ཚགས་པོའི་སྒོ་ནས་གཙང་བཤེར་བྱེད་དགོས་པ་ཞིག་རེད། དཔེར་ན། བཟོ་གྲྭ་ཞིག་གི་ཐོན་རྫས་ལ་སྐྱོན་བུད་པ་དེ་ནི་བཟོ་གྲྭ་དེའི་འཕྲུལ་ཆས་དང་། ལག་རྩལ་བ། བཟོ་བསྐྲུན་རྒྱུ་ཆ་བཅས་ཕྱོགས་ཡོངས་ལ་རག་ལས་ཡོད་པས་ན། ཐོན་རྫས་མེར་བསྲེགས་བཏང་བ་ཙམ་གྱིས་གནད་དོན་ཡོངས་སུ་ལེགས་བཅོས་ཟིན་པ་ཞིག་ག་ལ་ཡིན། སློབ་གྲྭ་འདིར་གནད་དོན་འདིའི་རིགས་བྱུང་བ་ཐེངས་དང་པོ་དང་གཉིས་པ་ཙམ་མ་རེད། དེར་བརྟེན། འབྲེལ་ཡོད་སྡེ་ཁག་དང་འགན་ཡོད་མི་སྣ་དག་གིས་ཐུགས་ཁུར་ཆེ་བཞེས་གནང་སྟེ། ཐག་ཉེ་རིང་ཀུན་ན་ཡོད་པའི་ཕ་མ་དག་གིས་རང་ཉིད་ཀྱི་བུ་ཕྲུག་བདེ་ལེགས་ངང་འཚར་ལོངས་འབྱུང་བར་ཡིད་ཆེས་བློ་གཏད་བྱ་ཆོག་པའི་སློབ་གསོའི་ཁོར་ཡུག་ཅིག་བསྐྲུན་རྒྱུ་མཁྱེན་མཁྱེན་ཞུ།

    Reply
  48. བྱམས་རྒྱལ། says:
    ལོ་ 16 སྔོན།

    ལགས་རེད་ཤེལ་དཀར་ལགས་ སློབ་སྤྱི་ཡང་ཕྱིར་འབུད་གཏང་དགོས་རེད་ སློབ་ཕྲུག་མང་པོ་སྡེབས་གཅིག་ལ་ ཕྱིར་འབུད་གཏང་ཡ་དེ་ འགྲིག་ཨ་ཡོད་བསམ་གྱི་འདུག་།

    Reply
  49. བྱམས་རྒྱལ། says:
    ལོ་ 16 སྔོན།

    འོ་ད་དེ་དྲངས་བདེན་གྱི་ཁྲིམས་ལུགས་མ་རེད་ ཐེངས་འདིར་གཙོ་བོ་ སློབ་སྤྱི་དང་ འཛིན་གྲའི་འབྲེལ་ཡོད དགེ་རྒན་ ཕ་ཚབ་དང་ མ་ཚབ་བཅས་སློབ་གྲ་ནས་ཕྱིར་འབུད་གཏང་དགོས་ཡ་རེད་། ཁོང་ཚོས་ལྟ་གཏོགས་ ཡག་པོ་མ་བྱས་པའི་སྐྱོན་རེད་།

    Reply
  50. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    དངོས་གནས་ཐབས་སྐྱོ་བོ་རེད། དགོས་པའི་སློབ་སྦྱོང་མི་བྱེད་པར་མི་དགོས་པའི་འཁྲིག་སྤྱོད་ལ་བྲེལ་ཚུབ།
    དྲང་པོར་བཤད་ན། ཕ་ཚབ་མ་ཚབ་ཕྱིར་ཕུད་བཏང་བ་ནང་བཞིན་འབྲེལ་ཡོད་དགེ་རྒན་ཡང་གཏོང་དགོས་པ་རེད། རྒྱུ་མཚན་མཚུངས་པ་རེད།

    མ་འོངས་བོད་ཀྱི་སོན་རྩ་རྣམས་ཀྱིས་སྐྱུ་བྲོ་བའི་གནས་ཚུལ་དེའི་རིགས་ཇེ་མང་ཇེ་མང་རེད། ངས་གོ་ཐོས་ལ་རྡ་ས་བོད་ཁྱིམས་ཀྱི་བུ་མོ་ལོ་ཆུང་ཞིག་ལ་ཡང་ཕྲུག་གུ་ཆགས་ནས་ལག་ཤེས་བཟོ་གྲྭ་ཞིག་ལ་བཏང་སྐད་འདུག

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese