མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་མཚམས་གྱི་བོད་རིགས་བྱིས་པ་ཚོ།

བོད་ཀྱི་དུས་བབ།
༢༠༡༠/༠༦/༡༩
Share on FacebookShare on TwitterShare on EmailShare on Whatsapp

མ་སུ་རི་ནས་བྱིས་པ་བརྒྱད་ཕྱིར་བོད་དུ་གཏོང་ཕྱིར་བལ་ཡུལ་སྣེ་ལེན་ཁང་དུ་བསྐྱལ་ཡོད་པའི་སྐབས་འདིར། བལ་ཡུལ་ཉེན་རྟོག་པས་ཀྱང་བོད་ནས་རྒྱ་གར་དུ་བྲོས་ཡོང་མཁན་བྱིས་པ་ཚོ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱ་འཆར་བྱས་ཡོད་འདུག

སང་ཉིན་ཏེ། ཕྱི་ཟླ་ ༦ པའི་ཚེས་ ༢༠ ཉིན་ནི་འཛམ་གླིང་སྐྱབས་བཅོལ་ཉིན་མོ་ཡིན་ལ། འཛམ་གླིང་གི་སྐྱབས་བཅོལ་བ་ཀུན་གྱི་ནང་ནས་ཉེན་ཁ་ཆེ་ཤོས་ནི་ཧི་མ་ལ་ཡའི་འཁྱགས་ཀླུང་དང་། རྒྱ་ནག་གི་མཐའ་མཚམས་དམག་མིའི་མེ་མདའི་སོ་ཁ་ནས་འབྲོ་བཞིན་པའི་བོད་རིགས་རྣམས་ཡིན། ལོ་ལྟར་བོད་མི་ ༣༠༠༠ ཙམ་རེས་ཉེན་ཁ་བརྒྱུད་ནས་རྒྱ་གར་དུ་ཡོང་གིན་ཡོད།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ཚེས་ ༡༨ ཉིན་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ནང་དུ་བོད་ནས་རྒྱ་གར་དུ་བྲོས་བྱོལ་ལ་ཡོང་མཁན་བྱིས་པ་གཉིས་ཚུད་པའི་བོད་མི་བདུན་བལ་ཡུལ་ཉེན་རྟོག་པས་འཇུས་ཏེ་བཙན་ཤེད་ཀྱིས་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བྱ་རྩིས་བྱས་པ་དང་། མཐའ་མ་དེར་ཁོང་ཚོ་ཉེན་རྟོག་པའི་ལག་ནས་བྲོས་བྱོལ་གྱིས་བལ་ཡུལ་གྱི་ཤིང་ནགས་ཤིག་གི་ནང་དུ་ཉིན་ཁ་ཤས་རིང་སྦས་སྐུང་བྱས་ཡོད་འདུག

ཁོང་ཚོའི་ནང་དུ་ལོ་ ༧ ཅན་གྱི་བུ་མོ་ཞིག་དང་ལོ་ ༡༢ ལ་སོན་པའི་བུ་ཞིག་བཅས་ཡོད་ལ། ཁོང་ཚོ་ཤིང་ནགས་ནག་ཡུན་རིང་ལྷག་སྟབས་ན་ཚ་ཕོག་ཡོད་པ་དང་། བྱིས་པ་དེ་གཉིས་ཛ་དྲག་གིས་སྨན་ཁང་དུ་སྐྱེལ་དགོས་པའི་ཚད་དུ་ཡོད་པ་ལྟར་མཐའ་མ་དེར་བལ་ཡུལ་གྱི་རྒྱལ་ས་ཀ་ཐུ་མན་གྲུར་འབྱོར་ཡོད་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བརྗོད་དོན། བལ་ཡུལ་ནང་དུ་ཆབ་སྲིད་ཀྱི་བར་བརྒལ་ཞིག་འགྲོ་བཞིན་པའི་སྐབས་སུ་པེ་ཅིན་གྱིས་བལ་ཡུལ་གཞུང་དང་མཐའ་མཚམས་དམག་མི། ཁྲིམས་ལུགས་མི་སྣ། མི་སེར་སྤྱི་ཚོགས་བཅས་ལ་འཐབ་བྱུས་རང་བཞིན་གྱི་ཤུགས་རྐྱེན་སྤྲོད་བཞིན་པ་ནི་བོད་མི་ཚོར་མཚོན་ན་འཛིན་བཟུང་དང་། ཕྱིར་རྩིས་སྤྲོད་སོགས་ཀྱི་ཐད་ནས་ཉེན་ཁ་ཆེན་པོ་རེད་ཅེས་དང་། རྒྱ་ནག་གི་ཉེན་རྟོག་པ་དག་གིས་བལ་ཡུལ་གྱི་ས་ཁོངས་ནང་དུའང་དྲག་པོའི་སྦྱོར་བ་རྩོམ་སྲིད་པའི་སེམས་ཁྲལ་བྱ་མཁན་ཡོད་པ་རེད་ཟེར།

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་བཤད་དོན། རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་རྣམས་བལ་ཡུལ་ས་མཚམས་ཀྱི་ཕར་ཕྱོགས་སུ་མཐོང་གི་འདུག་ལ། དེ་དག་གིས་བོད་མི་སྐོར་ཁག་དེ་འཚོལ་བཞིན་ཡོད་སྐོར་གོ་ཐོས་བྱུང་ཡོད་འདུག

༢༠༠༨ ལོར་བོད་ནང་ཞི་བའི་ངོ་རྒོལ་བྱུང་བ་ནས་རྒྱ་ནག་གཞུང་གིས་བོད་ས་གང་སར་དམ་དྲག་བྱས་པ་དང་། ལྷག་པར་དུ་བལ་བོད་མཐའ་མཚམས་སུ་དམག་མི་འཕར་སྣོན་བྱས་པ་སོགས་ཀྱི་དབང་གིས་བོད་ནས་རྒྱ་གར་ལ་བཙན་བྱོལ་དུ་ཡོང་བའི་གྲངས་འབོར་ཡང་མར་ཆག་ཡོད་པ་རེད།

མཆན། གོང་གསལ་པར་འདི་དག་ནི་ནང་པ་ལའི་དོན་རྐྱེན་སྐབས་ཀྱི་འདྲ་པར་དང་། བོད་ནས་བཙན་བྱོལ་དུ་ཡོང་མཁན་ནད་པར་གྱུར་བ། དེ་བཞིན་བོད་ནས་བལ་ཡུལ་སྣེ་ལེན་ཁང་དུ་བདེ་གླགང་ངང་འབྱོར་བའི་བྱིས་པ་སྐོར་ཞིག་གི་པར་བཅས་ཡིན། པར་འདི་དག་ནི་གྷོ་གྷལ་པར་མཛོད་ནས་བླངས་ཏེ་འདིར་བཀོད་པ་ཡིན།

གསར་འགྱུར་འབྲི་མཁན། ལུང་རིགས་རྒྱལ།

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༩ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

ཆུ་ཚོད་ ༡༠ སྔོན་ལ།
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

ཆུ་ཚོད་ ༡༣ སྔོན་ལ།
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

མཆན། 53

  1. ལྡན་མ་་་་་་ཐུབ་བསྟན་དངོས་གྲུབ། says:
    ལོ་ 15 སྔོན།

    བཀུར་འོས་སྤྱི་མཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མཆོག་ནས་དེའི་སྐོར་ལ་ཕྱག་ལས་གནང་བར་ཐུགས་རྗེ་ཆེ་ཞུ་ཡ་དང་ད་དུང་མི་མཐད་ང་ཚོ་ཚང་མས་ཤུག་རྒྱག།
    གྲུས་འབྲས་ཡོང་གི་རེད་ཡོང་དགོས་ཀྱིས་ཀྱང་རེད་བསམ་གྱི་ཡོད།

    Reply
  2. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    བཀུར་འོས་དྲ་གྲོགས་ལྷན་རྒྱས་མཆོག་ལ་ཆེད་ཞུ།
    ཁ་སང་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་དབུས་སྤྱི་འཐུས་རྒྱུན་ལས་ཀྱིས་བཀའ་ཤག་ལ་སྙན་ཞུ་ཕུལ་ཏེ། ད་ལྟ་བལ་ཡུལ་སྣེ་ལེན་ཁང་དུ་བསྐྱལ་ཚར་བའི་སློབ་ཕྲུག་ཚོ་བོད་ལ་ཕྱིར་སློག་བྱས་ན་མི་འགྲིགས་པའི་ལམ་སྟོན་བྱས་ཡོད། ཅེས་བཀའ་ལན་འབྱོར་བྱུང།

    Reply
  3. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    སྤྱི་ཡོངས་ནས་བཀུར་འོས་སྐུ་ངོ་། སྐབས་འགར་སྨད་འོས་པའི་སྐུ་ངོ་སྤྱི་འཐུས་རྣམ་ཀྱི་ཕྱག་དེར་ཡིག་དོན། ད་ལྟའི་གནས་ཚུལ་འདི་བསྟུན། སྤྱི་འཐུས་ལྷན་ཚོགས་ཀྱིས་ངེས་པར་ཅན་དུ་ཞིབ་གཤེར་དགོས་པའི་གནས་ཚུལ་ཞིག་འདུག་རྒྱུ་དེ། རང་རེའི་བཙན་བྱོལ་གྱི་སློབ་གྲྭའི་སློབ་ཕྲུག་ནམ་རྒྱུན་ཨང་རིམ་དང་པོ་ཤ་སྟག་ཐོབ་ཀྱང་། མཐའ་མའི་གྲུབ་འབྲས་སྐབས་ཨང་རིམ་དང་པོ་ཐོབ་པའི་རེ་བ་ཆག་ཀྱི་ཡོད་པའི་གསར་འབྱོར་སློབ་ཕྲུག་དེ་རྣམས་རྒྱུ་མཚན་གང་ལ་བརྟེན་ནས་སེམས་ཤུག་ཆག་ཀྱི་ཡོད་པ་དང་གཅིག། གྲུབ་འབྲས་ལེགས་པ་ཐོབ་པའི་སློབ་ཕྲུག་ལེགས་ཤོས་ཕྱི་རྒྱལ་དུ་གཏང་སྲོལ་ཡོད་པ་ཤེས་བཞིན། གོ་སྐབས་དེ་འདྲ་གསར་འབྱོར་ཕྲུག་གུ་ལ་རེག་པ་ཁག་པོ་རེད་ཟེར་སེམས་ཤུག་ཆག་ཅིང་འདུག་པ་འདིའི་རྒྱུ་མཚན་གང་ཡིན་གཉིས་ཡིན་ཡིན།
    སློབ་གྲྭ་གཅིག་ཙམ་མ་རེད། གྷོ་བར་པུར། མ་སོར་རིས་གཉིས་ཀྱི་སློབ་གྲྭ་གཉིས་ཀྱི་་གཙོ་བྱས་པའི་སློབ་གྲྭའི་སློབ་ཕྲུག་ལེགས་ཤོས་ཕ་ཆེ་བར་སློབ་གྲྭ་ལས་དོན་རན་པའི་སེམས་ཤུག་ལྷག་པར་ཞུམ་གྱི་འདུག་པ་འདི་བསལ་མ་ཐུབ་ན། མི་རབས་ཤེས་ཡོན་ཅན་གྱིས་འབྱུང་འགྱུར་གྱི་བོད་དོན་ཇི་ལྟར་འཛིན་སྐྱོངས་ཐུབ་བམ

    Reply
  4. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    ཁ་སང་སྔ་དྲོ་ངས་མ་སུ་རིའི་སློབ་གྲྭའི་དྲུང་ཆེའི་ལས་ཚབ་པ་དགེ་འདུན་རིན་ཆེན་ལགས་སུ་ཁ་པར་གྱི་ལམ་ནས་དྲི་བ་ཞིག་དྲིས་པ་ཡིན། དྲི་བ། ( སློབ་གྲྭའི་ཁྲིམས་དང་འགལ་ན་སློབ་གྲྭ་ནས་ཕྱིར་འབུད་གཏང་བ་དེ་སྔར་སློབ་གྲྭ་རང་ནས་ལག་ལེན་བྱེད་མྱོང་བ་ཞིག་ཡིན་ཀྱང། བལ་ཡུལ་སྣེ་ལེན་ཁང་དུ་སྤྲོད་དགོས་པའི་རྒྱུ་མཚན་གང་ཡིན་ནམ།) ལན། ༼དེ་བོད་ནས་སླེབས་པ་ཞིག་རེད་ཟེར་ནས་བོད་ལ་ལོག་དགོས་རེད་ཟེར་གྱི་མེད། གང་ཡིན་ཟེར་ན་སློབ་ཕྲུག་ཁ་ཤས་ཀྱི་ཕ་མ་རྒྱ་གར་ལ་ཡོད་སྡད་པ་དང་སྤུན་མཆེད་ཡོད་སྡད་པ་དེ་འདྲ་འདུག་དེ་ཚོ་སོ་སོའི་སར་སྐྱེལ་ཡོད་རེད། སློབ་ཕྲུག་དྲུག་བལ་ཡུལ་སྣེ་ལེན་ཁང་དུ་གཏང་ཡོད་རེད། དེའི་ནང་ནས་བུ་གཉིས་མ་གཏོག་གཞན་ཚང་མ་ཨ་ཁུ་ཕྱི་རྒྱལ་ལ་ཡོད་སྡད་པ་དང་ཨ་ཅག་དང་ཨ་སུ་བལ་ཡུལ་ནས་ཡོད་སྡད་པ་དེ་འདྲ་གསུང་ཙམ་ཁོང་ཚོས་ལེན་རྒྱུ་རེད་འདུག་ང་ཚོས་འདི་ནས་སྣེ་ལེན་ཁང་དུ་སྤྲོད་དགོས་ཡ་དེ་སྣེ་ལེན་ཁང་ནས་སློབ་གྲྭ་ནང་གཏང་ཡིན་ཙམ་སྤྲད་པ་ཡིན།༽ ད་དུང་ཁོང་གིས་གསུང་དོན། བློ་ཕམ་པོ་དང་སེམས་པ་སྐྱོ་དགོས་པ་ཞིག་རེད་དེ་འོན་ཀྱང་སློབ་གྲྭའི་མ་འོང་པའི་སྒྲིགས་གཞི་ལ་བསམ་ནས་ཐག་བཅད་དེ་འདྲ་ཞིག་མ་བྱེད་རང་བྱེད་བྱུང་ཞེས་གསུང་སོང། དེསྔ་དྲོ་དབུས་སྣེ་ལེན་ཁང་དུ་ཞལ་པར་ཞིག་ཕུལ་ཡིན་ཏེ་སྐུ་ངོ་ལགས་བཞུགས་མེད་འདུག་གསུང་གི་འདུག་དྲྭ་གྲོགས་ཚོ་ད་ག་འདྲ་བྱེད་ན་ལེགས།

    Reply
  5. བྱམས་རྒྱལ། says:
    ལོ་ 15 སྔོན།

    གངས་བུ་ལྷག་བསམ་ཅན་ལགས་
    གཟའ་ཟླ་བའི་ཉིན་མ་སུ་རི་དྲུང་ཆེ་ལས་ཚབ་དགེ་འདུན་རིན་ཆེན་ལགས་སུ་འབྲེལ་བ་བྱུང་ཡོད་ན་ལགས།

    བཀུར་འོས་སྤྱི་འཐུས་གསེར་རྟ་ལགས།
    ཁྱེད་ཀྱིས་ཤུགས་རྒྱག་ན་འབྲས་བུ་ཏན་ཏན་ཐོན་པའི་རེ་བ་ཡོད་།

    བཀུར་འོས་གཞུང་ཞབས་པ་ སྡེ་དགེ་ལགས།
    ཁྱེད་ཀྱིས་གང་ཐུབ་གཅིག་གནང་འདུག་པས་སྙིང་ནས་དགའ་ཡོད་།

    Reply
  6. འཇམ་གྲགས says:
    ལོ་ 15 སྔོན།

    མ་སུ་རི་སློབ་གྲ་དེ་སྔ་ནས་ད་བར་སྙོག་གྲ་ཅན་ཞིག་ཡིན་པ་གོ་མྱོང་། ད་ལན་སློབ་ཕྲུག་ཕྱིར་སྤྲོད་བྱས་པ་གོ་དུས་སློབ་གྲའི་དབུ་ལས་ཡག་པོ་མེད་པ་ཡིད་ཆེས་སོང་།

    Reply
  7. རིག་པའི་རལ་གྲི། says:
    ལོ་ 15 སྔོན།

    མ་སུ་རིའི་སློབ་གྲྭའི་དབུ་འཛིན་ལས་སྣེ་ཡོངས་ལ་ཡིག་དོན། ༡ ད་ལྟའི་སྐབས་སློབ་གྲྭ་གསར་འབྱོར་དགུས་འཁྲིགས་སྤྱོད་བྱས་པའི་ཉེས་པའི་འོག་བཙན་བྱོལ་གྱི་སྤྱི་ཚོགས་ལས་གཏོན་ནས་དམྱལ་བ་མི་ཡུལ་དུ་ཕོས་པ་ལྟ་བུའི་རྒྱ་བལ་གྱི་བཙོན་ཁང་དུ་བརྩིས་སྤྲད་བྱེད་པའི་སྒྲིགས་གཞི་དེ། གང་ཟག་སུས། གནས་སྐབས་གང་དུ་བཟོས་པ་ཡིན་པའི་ངོ་སྤྲོད་གསལ་པོ་ཞིག་དྲྭ་ཐོག་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བཀོད་ཐུབ་པའི་རེ་བ་ཞུ་རྒྱུ་དང་། ༢ དངོས་སུ་མཐོང་པ་དེ་ཕུད། གཞན་རྣམས་ཀྱིས་འཁྲིགས་སྤྱོད་བྱས་པའི་དཔང་རྟགས་གང་ཡོད། ༣ གལ་སྲིད་སློབ་གྲྭ་ལས་ཕུད་དགོས་ཀྱི་སྒྲིགས་གཞི་ཉེས་འགལ་བྱས་ཀྱང་། བལ་ཡུལ་དུ་སྐྱེལ་དགོས་པའི་རྒྱུ་མཚན་གང་།
    ༤ སློབ་ཕྲུགས་རྣམས་རང་ལོ་བཅོ་བརྒྱད་མན་ཡིན་ཚེ། སློབ་གྲྭ་ལས་གཏོན་དགོས་ཚེ། སོ་སོའི་ཕ་མ་དང་། ཕ་མ་དངོས་སུ་མེད་ན། ཕ་མ་དང་འདྲ་བའི་རྗེ་བཙུན་པད་མ་སོགས་ལ་སྔོན་བརྡ་བཏང་དགོས་པ་དེ་འཛམ་གླིང་སྤྱི་འགྲོས་ཡིན་པ་འདྲ་པས་དེ་ལྟར་བྱུང་ངམ།
    ༥ དགེ་རྒན་དང་སློབ་གྲྭའི་འགན་ཁུར་བ་རྣམས་ལས་ཕ་ཚབ་དང་མ་ཚབ་ཉེས་པ་ཆེ་བའི་རྒྱུ་མཚན་གང་།
    ཁྱེད་རྣམ་པ་སློབ་གྲྭ་ཞིག་གི་དབུ་འཛིན་དང་། ལས་སྣེ་བ་ཞིག་ཡིན་པས། བོད་ཡིག་འདྲི་ཀློག་ཤེས་ཚོད་ལ། དྲི་བ་འདི་དག་ལས་གསལ་ཞིག་ཡོང་བའི་རེ་བ་ཞུ
    མདོར་ན། ཕྲུག་གུ་དགུ་དེའི་མི་ཚེའི་འགན་དེ་སློབ་གྲྭའི་དབུན་འཛིན་ལས་སྣེ་རྣམས་ལ་ཡོད་པ་ལོས་མཁྱེན། དེ་རིང་དེ་ཙམ་ཡིན

    Reply
  8. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    དྲ་གྲོགས་ལྡན་མ་ཐུབ་བསྟན་དངོས་གྲུབ་ལགས། ཁྱེད་ཀྱིས་གསུངས་པ་ལྟར་ཕྲན་གྱིས་སྙན་ཞུ་འདི་ཕྱི་ཚེས་༡༩ཉིན་གྱི་ཕྱི་དྲོ་སྤྱི་འཐུས་རྒྱུན་ལས་ལ་ཕུལ་ཡོད་ཀྱང་དེའི་ཉིན་ཕྱི་དྲགས་ནས་ལས་ཁུངས་རྗེས་ཟིན་ཡོད་ས་མ་རེད། དེ་རིང་ཞོགས་པར་སླར་ཡང་ཕུལ་ཡོད་པར་མ་ཟད་ཚོགས་གཙོ་གཞོན་པ་རྒྱ་རི་སྒྲོལ་མ་མཆོག་དང་འདིའི་སྐོར་ལ་བཀའ་མོལ་བྱུང་བས་དཔལ་ལྡན་ཚོགས་གཞོན་མཆོག་གིས་ཀྱང་ཐུགས་ཁུར་ཆེ་བཞེས་གནང་བཞིན་འདུག དེ་བཞིན་དགེ་བཤེས་སྨོན་ལམ་མཐར་ཕྱིན་སོགས་ཁག་གཅིག་དང་ཁ་སང་བཀའ་མོལ་བྱུང་ཞིང་ཁོང་རྣམས་པས་ཀྱང་དོ་སྣང་གནང་བཞིན་འདུག་ལགས། དེ་བཞིན་གང་ཐུབ་ཀྱིས་ཡར་མར་འབྲེལ་བ་ཞུ་བཞིན་ཡོད་པའི་ཁུལ་ཡིན་མོད་གང་ལྟར་ང་ཚོ་ཚང་མས་མཉམ་འབྲེལ་བྱེད་དགོས་པ་གལ་ཆེན་ཆགས་འདུག དེའི་ཕྱིར་དེ་སྔོན་ནས་འདི་སྐོར་ལ་དོ་སྣང་ཐོག་མར་གནང་མཁན་དུས་བབ་གསར་ཁང་གི་ལས་བྱེད་ལྷན་རྒྱས་དང། དགོངས་འཆར་གསལ་བོ་གསུང་མཁན་གྱི་དྲ་གྲོགས་ལྷན་རྒྱས་དང། ཡར་མར་ཞལ་པར་སོགས་ཕུལ་ནས་ཆེད་དུ་ལས་ཀ་བྱེད་མཁན་སོགས་ཚང་མར་བཀའ་དྲིན་དཔག་མེད་ཆེ་ཞུ་བཞིན་ཡོད་ལ་མུ་མཐུད་ནས་ཤུགས་རྒྱག་རོགས་ཞུ།།

    Reply
  9. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    དེ་རིང་གཞི་ནས་གསར་འགྱུར་འདི་ཀློག་པའི་གོ་སྐབས་བྱུང་། གསར་འགྱུར་འདི་ཀློག་བཞིན་ངའི་སྙིང་ལ་ན་ཟུག་དང་། སྐྱོ་སྣང་ཧ་ཅང་ཆེན་པོ་བྱུང་། ང་ཚོ་བོད་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་ད་ལྟ་གང་འདྲ་ཞིག་ཡོད་པ་ཤེས་གསལ་རེད། ད་དུང་གཞིས་བྱེས་གཉིས་ཀྱི་འབྲེལ་ལམ་ཇེ་སྡུག་ཏུ་གཏོང་རྒྱུ་ཡིན་ནམ། ད་ལྟ་བོད་གཞིས་བྱེས་གཉིས་ཀྱི་འབྲེལ་བ་དེ་༸གོང་ས་མཆོག་དང་། ཆོས་བརྒྱུད་ཁག་གི་སློབ་གཉེར་གྱི་འབྲེལ་བ་དེ་རེད། སྔར་ནས་བཙན་བྱོལ་དུ་འབྱོར་བའི་མི་མང་དང་། གཞིས་ལུས་མི་མང་གི་བར་གྱི་འབྲེལ་བ་དེ་གང་འདྲ་ཞིག་ཡོད་པ་ང་ཚོས་ཤེས་གསལ་རེད།

    ཐེངས་འདི་དང་འདི་འདྲ་བའི་བྱེད་སྤྱོད་མང་དག་ལ་བརྟེན་ནས་བོད་གཞིས་གཉིས་ཀྱི་འབྲེལ་ལམ་གྱི་སྐུད་པ་དེ་ཆད་མི་ཡོང་ངམ་བསམ་གྱི་འདུག

    Reply
  10. ལྡན་མ་་་་་་ཐུབ་བསྟན་དངོས་གྲུབ། says:
    ལོ་ 15 སྔོན།

    སྤྱི་མཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་མཆོག་་་་་ཁྱེད་ཀྱིས་འདིར་ཞུ་ཡིག་ཞིག་བཀོད་འདུག་པ་དེར་ཡིད་རང་ཞུ་རྒྱུ་ཡིན། ཡིན་ན་ཡང་དོན་དངོས་ཐོག་ཁྱེད་ལ་འདོད་པ་དེ་ལྟར་བུ་ཞིག་ཡོད་ན་གྲོས་ཚོགས་ཀྱི་རྒྱུན་ལས་དང་བཀའ་ཤག་ལ་སྙན་གསན་ཕུལ་སྟེ་དངོས་སུ་ལས་དཀའ་གནང་ན་གྲུབ་འབྲས་ཡོང་གི་རེད་བསམ་གྱིས་འདུག་དེ་འདྲ་ཡིན་དུས་དངོས་སུ་ཁྱེད་ཀྱིས་ཕྱག་ལས་དེ་འདྲ་གནང་ཡོད་དམ།

    Reply
  11. ཚེ་བརྟན་སྒྲོལ་དཀར། says:
    ལོ་ 15 སྔོན།

    དྲྭ་གྲོགས་ཡོངས་ལ་ཐུགས་རྗེ་ཆེ་ཞུ།

    Reply
  12. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    ངས་གཟན་སྤེན་པ་ཉིན་མོ་མ་སུ་རི་སློབ་གྲྭའི་དྲུང་ཆེའི་ལས་ཚབ་པ་དགེ་འདུན་རིན་ཆེན་ལགས་སུ་ཁ་པར་གྱི་ལམ་ནས་འབྲེལ་བ་ཅུང་ཙམ་བྱུང་འོན་ཀྱང་ཁོང་གིས་གཟའ་ཟླ་བ་ཉིན་མོ་ལས་ཁུངས་ནང་ཁ་པར་གཏང་ཤོག་གསུང་སོང། ད་སང་ཉིན་ནམ་ལང་བ་དང་ཁ་པར་གཏང་ཡ་སྒུག་སྡད་ཡོད།

    Reply
  13. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    ཉེ་ཆར་བོད་ཡུལ་ཤུལ་མངའ་སྡེའི་ཁུལ་དུ་སློབ་གྲྭ་ཞིག་གི་ནང་བོད་ཕྲུག་བུ་ལོ་༢༠ཅན་ཞིག་གིས་བུ་མོ་ལོ་༡༣ཅན་ཞིག་ལ་བཙན་དབང་གིས་ལུས་འབྲེལ་བྱེད་འདུག་ཀྱང་བོད་མི་རིགས་ཀྱི་དགྲ་བོ་འབོད་པའི་རྒྱ་མི་གུང་ཁྲན་དམག་གིས་ཀྱང་སློབ་ཕྲུག་གཉིས་པོ་སློབ་གྲྭ་ནས་ཕུད་མེད་པ་མ་ཚད་མ་འོང་པ་ལ་དེ་འདྲ་བྱེད་མི་ཆོག་པའི་སླབ་བྱ་གནང་ནས་ཡིག་ཚད་ཀྱང་གཏང་ཆོག་པའི་ཁྲིམས་ཐག་བཅད་འདུག།ང་ཚོའི་མ་འོང་པའི་སོན་རྩ་ན་གཞོན་ཚོ་ཡིན་ཞེས་གླེང་བཞིན་དུ་ཁོང་ཚོ་རྒྱ་དམག་གི་ལག་ཏུ་སྤྲོད་པ་དེ་བོད་ཕྱི་ནང་གཉིས་ཀྱི་བར་དུ་མི་མཐུན་པ་བཟོ་ཡ་གི་ལག་ཆ་ཞིག་ཡིན་ལས་ཆེ། མཐའ་དོན། ངས་ཁོང་ཚོ་ངོ་མི་ཤེས་ལ་ད་དུང་སྐྱེས་ཡུལ་གང་ནས་ཡིན་པ་ཡང་ཤེས་མ་སོང། འོན་ཀྱང་སློབ་ཕྲུག་དེ་དག་གི་མི་ཚེ་འི་མདུན་ལམ་དང་བོད་ཕྱི་ནང་གཉིས་པོ་ཆིག་སྒྲིལ་ཡོང་ཡ་གི་ཆེད་དུ་བསམ་ནས་དཀའ་ལས་རྒྱོབ་པ་ཡིན། དཔལ་ལྡན་རང་གཞུང་མཆོག་ལ་ཞུ་རྒྱུ་ཁོང་ཚོ་ཕྱིར་འབུད་མ་གཏང་རོགས་ཐུགས་རྗེ་གཟིགས།

    Reply
  14. གཡག་རྒོད says:
    ལོ་ 15 སྔོན།

    སྡེ་དགེ་འཇིགས་མེད་ལགས། བཀྭའ་དྲིན་ཆེ། ཁྱེད་རང་ནི་ང་ཚོ་ནུབ་ཕྱོགས་ནས་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཚོ་ལ་མིག་དཔེ་བཟང་བོ་ཞིག་རེད། རང་གཞུང་གི་ལས་བྱེད་ཚོའི་སེམས་ཤུགས་དང་ཧུར་བརྩོན་ལ། དུས་རྟག་ཏུ་གུས་བརྩི་ཡོད། བོད་མི་ཤེས་ཡོན་ཅན་ཚང་མ་ནུབ་ཕྱོགས་སུ་རང་ལ་དཔའ་འབྱོར་འཚོལ་དུ་བསླེབ་ཡོང་བ་ཡིན་ན། རྩ་དོན་ལ་རེ་བ་ཕལ་ཆེར་བརླག་ངེས་རེད། རྒྱུ་མཚན་དེའི་ཕྱིར་བཙན་བྱོལ་བོད་གཞུང་གི་ལས་བྱེད་ཚང་མ་ལ་བཀྭའ་དྲིན་ཆེ་ཞུ། ང་རང་ཡིན་ནཡང་རྩ་དོན་འཐབ་རྩོད་ཀྱི་ཕྱོགས་ལ་གང་ཐུབ་ཐུབ་བྱེད་ཀྱི་ཡོད་ལ། ཏནཏན་བྱ་ངེས་ཡིན། འོན་གྱང་ཕྲུ་གུ་དགུ་བལ་ཡུལ་ལ་ཕྱུར་འབུད་བྱས་པ་དེ་དྲང་མོ་མ་རེད།

    Reply
  15. རླུང་པུ says:
    ལོ་ 15 སྔོན།

    མ་སུ་རི་སློབ་གྲྭ་ནས་ཕྱིར་འབུད་བཏང་ཡང་བྱི་པ་ཚོ་རྒྱ་ལག་ཏུ་བཞག་པ་ནོར་འཁྲུད་ཚབས་ཆེན་རེད། གལ་ཏེ་འདི་འདྲའི་དོན་དག་ཆེན་པོ་ཞིག་མ་སུ་རི་སློབ་གྲྭའི་དགེ་རྒན་ཚོས་ཐག་གཅོད་བྱེད་ཐུབ་ཚེ། མ་སུ་རིའི་སློབ་གྲྭའི་མིང་འདི་བཅོས་སྒྱུར་བྱས་དེ་མ་སུ་རི་སྲིད་གཞུང་ཟེར་ཚེ་འོས་པར་སྙམ།

    Reply
  16. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱལ་མཚམས་བོད་རིགས་ བྱིས་པའི་གསར་འགྱུར་འོག་གི་བོད་ནས་གྲོས་བྱོལ་ཆབ་སྲིད་ཉེས་ཕོགས་དང་། བཙན་བྱོལ་དུ་ཚུལ་འཆལ་ཉེས་ཕོགས་གཉིས་བརྩེགས་ཡོད་པ་དེ་དག་ཕྱི་རྒྱལ་ཡུལ་ཁག་ཏུ་ བྱིས་སྐྱོབ་ཚོགས་པ་དང་། ཆབ་སྲིད་ཉེས་སྐྱོབ་སོགས་ཀྱི་བརྒྱུད་ནས་ལེན་ཐབས་ཡོད་ཚེ། e-mail: kardorime@gmail.com,དང་། ༠༠ ༣༦ ༣༠ ༩༠ ༣༩ ༧༨༨ ཁ་པར་ཨང་གྲངས་ཐོག དོ་བདག་སོ་སོས་སམ། ནང་མི་སྤུན་མཆེད། བར་མི་སུ་རུང་ནས་འབྲེལ་བ་གནང་ནས་ཤིན་ཏུ་དགོས་ངེས་ཅན་ལ་གནམ་གྲུའི་འགྲོ་སོང་ ཡང་། ཡོ་རོབ་བོད་ཀྱི་ཐེབ་རྩ་དང་རིས་མེད་བསྟན་འཛིན་བཤད་སྒྲུབ་གླིང་གི་མིང་ཅན་ཆོས་ ཚོགས་གང་རུང་ནས་ཐབས་འཚོལ་ཞུ་རྒྱུ་བཅས། ཐེབ་རྩའི་ཚོགས་གཙོ་དང་ཆོས་ཚོགས་འགན་འཛིན་གཅིག་ལྕོགས་པ་ཀརྨ་རྡོ་རྗེས་ལོ་ཟླ་ ཚེས་ ༢༠༡༠་༠༦་༢༠ ལ།

    Reply
  17. གངས་སྐྱེས། says:
    ལོ་ 15 སྔོན།

    དངོས་གནས་སློབ་ཕྲུག་དེ་ཚོ་ངེས་པར་དུ་བསྐྱབ་དགོས་འདུག

    Reply
  18. གངས་སྐྱེས། says:
    ལོ་ 15 སྔོན།

    ཉེ་ཆར་མ་སུ་རིའི་སློབ་གྲྭ་ནས་སློབ་ཕྲུག་༡༠་ཕྱིར་ཕུད་བཏང་བ་དེ། སློབ་གྲཱའི་སྒྲིགས་འགལ་གྱི་ཉེས་ཆད་ཡིན་ཆོག་ཀྱང་། དེའི་མ་ཚད་བལ་ཡུལ་དུ་ལས་སླ་མདོག་ཁ་པོ་བྱས་ནས་བསྐྱལ་བ་དང་། ད་དུང་རྒྱ་གཞུང་གི་ལག་ཏུ་གཏོང་འཆར་དེ་ནི་མའུ་ཙི་ཏུང་གི་བྱས་རྗེས་ལས་ཐ་ཆད།
    ཕྱིར་འབུད་གཏོང་དགོས་དོན་ཡང་འཁྲིགས་སྤྱོད་ཀྱི་བྱ་བ་ཞིག་ཡིན་ན། ཕོ་གཞོན་མོ་གཞོན་ ཆགས་ལྡན་གྱི་མི་ཞིག་གིས་རང་དབང་ལྡན་པའི་ལུང་པ་ནས་མ་འོས་པ་དང་། མི སྲིད་པའི་ལས་ཅི་ཡང་མ་ཡིན་པས། དེ་ཙམ་གྱིས་རྒྱ་གཞུང་གི་ལག་ཏུ་གཏོང་དགོས་ན། ཡང་ན་ཕྲུག་གུ་ཚོའི་ཕ་མ་དང་རང་ཁྱིམ། ཡང་ན་ཕྲུག་གུ་ཚོའི་མ་འོངས་པའི་ལེགས་ཉེས་ལ་མཐའ་གཅིག་ཏུ་བལྟ་དགོས་རྒྱུ་སྨོས་མེད་ཡིན་པས། ཁྲིམས་ཐག་གཅོད་མཁན་རྣམས་པས་ཐུགས་བཞག་གནང་རོགས།། །།

    Reply
  19. སྡེ་དགེ་འཇིཌ་མེད་ཡེ་ཤེས་རྡོ་རྗེ། says:
    ལོ་ 15 སྔོན།

    བཀུར་འོས་བྱམས་རྒྱལ་དང་ཅོ་རི་ཉི་མ་སོགས་ཀྱིས་ལྷག་བསམ་གྱིས་རེ་བསྐུལ་ལྟར་རང་གཞུང་འབྲེལ་ཡོད་ལས་ཁང་ཁག་ལ་སྙན་གསོན་ཞུས་ཡོད། དེ་ཡང་༼གལ་ཏེ་བོད་ཕྲུག་སློབ་མ་འདི་དག་་སློབ་གྲྭ་ནས་ཕུད་དགོས་ཀྱང་སྐྱབས་བཅོལ་སྤྱི་ཚོགས་འདི་ལས་ཕྱིར་འབུད་གཏོང་དགོས་པའི་རྒྱུ་མཚན་གཏན་ནས་མི་འདུག་༽ཅེས་སོགས་གསལ་་པོར་ཞུས་ཡོད་པས། འདིའི་སྐོར་ཞིབ་འཇུག་བྱེད་ཡོང་ཞེས་གསུངས་བྱུང་། དེ་མ་གཏོགས་ད་ལྟ་་བར་ཐག་གཅོད་འདི་བྱས་ཀྱི་ལན་གོ་མ་བྱུང་ལགས།

    སྤྱིར་མ་སུ་རིའི་སློབ་གྲྭ་ལ་སྒྲིག་ཁྲིམས་བཞག་མི་ཐུབ་པའི་དཀའ་ངལ་་རིམ་པ་བྱུང་བས་ད་ལྟའི་སློབ་སྤྱི་འདི་མི་གཞི་བརྟན་ཅིང་དྲང་པོ་ཡིན་པས་ཆེད་དུ་བསྐོས་པ་རེད་ཅེས་གསུངས་བྱུང་།
    ངས་བལྟས་ན་ད་དུང་་འབྲེལ་ཡོད་བོད་གཞུང་ལས་ཁང་ཁག་ལ། ཁོང་ཁྲོ་མེད་པར་གུས་པས་རེ་བསྐུལ་ཞུས་ན་ཕན་པ་ལས་གནོད་པ་མི་འདུག་སྙམ།

    བོད་གཞུང་ལས་བྱེད་ཀྱི་སྐོར།
    མ་གཞི་བོད་གཞུང་གི་་ལས་བྱེད་ཚོས་ལས་ཁང་དུ་ཉིན་ལྟར་ཧུར་བརྩོན་གྱིས་ལས་ཀ་ཇི་ཙམ་བྱས་ཀྱང་། ཕལ་ཆེར་ངོ་སོ་བསྟོད་མཁན་མེད་པར་མ་ཟད་སྐྱོན་བརྗོད་བྱེད་མང་བས། མཚམས་རེ་ཁོ་བོའི་ལས་གྲོགས་ཁ་ཤས་ལ་སེམས་ཕམ་བྱུང་ནས་ངུ་མཁན་དང་ལས་ཀའི་སེམས་ཤུགས་ཆག་མཁན་ཡང་སོང་བས། མ་འོངས་པ་བོད་གཞུང་གི་ལས་བྱེད་ལ་རྟག་ཏུ་སྐྱོན་བརྗོད་ཁོ་ནར་མི་བྱེད་པར། རང་གཞུང་གི་ལས་བྱེད་ཚོའི་སེམས་ཤུགས་འཕེལ་ཕྱིར་དོན་གནས་ཀྱི་བསྟོད་བསྔགས་དང་བཀའ་དྲིན་རྗེས་དྲན་གྱིས་གུས་བཀུར་ཞུས་འོས་པ་འདུག
    ཡིན་དང་ཡིན། གཞུང་གི་ལས་བྱེད་ཀྱིས་ཉེས་མཛོལ་བྱས་ན་དུས་ཐོག་ཏུ་སོ་སོའི་བསམ་ཚུལ་་ཐད་ཀར་དྲང་པོ་བཤད་ཐུབ་དགོས་ལ་རྒྱུ་མཚན་ཡང་དག་ལྡན་པའི་་ཐབས་ལམ་ཡག་ཤོས་རྣམས་གསལ་སྟོན་གནང་འོས་པ་ཞིག་རེད།

    སྐབས་རེ་རང་གཞུང་ལ་འབོད་བསྐུལ་ཇི་ཙམ་བྱས་ཀྱང་ཕན་ཐོག་མེད་པར་འབོད་བསྐུལ་བྱེད་མཁན་ཚོ་འབུར་འཇོམས་བཏང་བ་ལྟ་བུའི་གནས་ཚུལ་ཉུང་ཙམ་བྱུང་ཡོད་ཀྱང་། རྩ་བའི་ཆ་ནས་བོད་གཞུང་གི་ལས་བྱེད་བརྒྱ་ཆ%90་ནི་ཤེས་འབྱོན་དང་ལྷག་བསམ་ཡོད་མཁན་གྱི་བོད་བཙན་པོའི་གདུང་བརྒྱུད་ངོ་མ་རེད་འདུག་པས་དགའ་གུས་ཞུ་འོས་པ་ཞིག་མཐོང་སོང་།

    སྒེར་གྱི་རེ་བསྐུལ།
    བདག་གིས་རིམ་བཞིན་བོད་ནས་སློབ་ཆུང་ནས་སློབ་ཆེན་མཐར་ཕྱིན་བར་ཁྱོན་མི་ལོ་བཅུ་བདུན་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས་པ་ཡིན། དེ་རྗེས་རྒྱ་གར་དང་བལ་ཡུལ་དུ་མི་ལོ་བཅུའི་རིང་ནང་ཆོས་ལ་་ཟབ་སྦྱོང་བྱས་རྗེས་ཨ་རི་ལ་ལོ་དགུའི་རིང་དུ་ནུབ་ཕྱོགས་པའི་མནའ་དེང་གི་ལྟ་གྲུབ་དང་རིག་གནས་བཅས་་ལ་སློབ་སྦྱོང་བྱས་པས། ད་གཟོད་ནང་ཆོས་ཀྱི་ལྟ་སྒོམ་སྤྱོད་པ་ནི། ཚན་རིག་དང་མཚན་ཉིད་རིག་པ་སུས་ཀྱང་འགྲན་མི་ནུས་པའི་རིན་ཐང་ཡོད་པ་ཤེས་རྟོགས་དང་ཉམས་མྱོང་བྱུང་ཞིང་། དེ་བཞིན་བོད་ཀྱི་རིག་གཞུང་ལ་སྔར་ལས་ལྷག་པའི་གུས་བཀུར་ཞུ་ནུས་པ་བྱུང་སོང་།

    དེ་རྗེས་མཐོ་སློབ་ཁག་གཅིག་ལ་་འཆད་ཉན་དང་ཞིབ་འཇུག་གི་ལས་རོགས་ལོ་འགའ་བྱས་ནས་བསྡད་སྐབས། རྒྱ་གཞུང་གིས་བོད་མི་རྣམས་ལ་མི་ཆོས་ལས་འདས་པའི་ངན་སྤྱོད་སྣ་དགུ་བྱས་དང་བྱེད་བཞིན་པའི་སྐོར་ལ་་བསམ་བློ་ཡང་ཡང་འཁོར་བ་དང་།
    གོང་ས་རྒྱལ་བ་རིན་པོ་ཆེས་འཛམ་གླིང་གང་སར་སྐུ་ངལ་་ལ་མི་འཛེམས་པར་ཕེབས་ནས་བོད་དོན་གྱི་ཕྱག་ལས་ཉིན་ལྟར་མཛད་བཞིན་པ་དང་།
    ཁྱད་པར་ཆོས་ལྡན་བོད་མི་རྣམས་ཀྱི་་གནས་སྟངས་ནི་ཤིན་ཏུ་ཉམས་དམའ་བ་མཐོང་ནས།
    ང་རང་དགའ་བའི་ལས་ཀ་དང་ལོ་ཟླའི་དཔལ་འབྱོར་གྱི་ཡོང་སྒོ་སོགས་གནས་སྐབས་བློས་བཏང་ནས། ལོ་ཤས་རིང་བཙན་བྱོལ་བོད་གཞུང་དང་མི་དམངས་ལ་ཕན་པའི་བྱ་བ་རང་ནུས་གང་ཡོད་ཀྱིས་བྱས་པས་ཕན་ཐོག་བྱུང་སོང་བསམ་པ་བྱུང་བས། བོད་མི་ལྷག་བསམ་ཡོད་མཁན་ཚོས། མ་འོངས་པ་དང་བླང་གིས་བཙན་བྱོལ་བོད་གཞུང་གི་བྱ་བ་ལ་རོགས་པ་རེ་བྱེད་ཐུབ་ན་གཞི་བྱེས་བོད་འབངས་ཀུན་ལ་ཕན་པ་ཤིན་ཏུ་ཆེ་སྙམ།

    Reply
  20. ཤེས་རབ། says:
    ལོ་ 15 སྔོན།

    མ་སུ་རེའི་སློབ་ཕྲུག་རྣམས་སློབ་གྲྭ་ནས་ཕྱིར་ཕུད་བཏང་རུང་ཡང་། རྒྱ་གར་དུ་བཞག་མི་ཆོག་པ་གང་ཡིན་ནམ། འདི་འདྲའི་གནས་ཚུལ་རིགས་ཡོང་སྲིད་ཀྱང་། རྒྱལ་ཁབ་བརྒལ་ནས་ཕྱིར་ཕུད་བཏང་བར་ཆེས་བློ་ཕམ་ཡོད།

    Reply
  21. ཤེས་རབ། says:
    ལོ་ 15 སྔོན།

    བོད་གཞུང་མང་གཉིས་ཀྱི་ངོས་ནས་བོད་ཀྱི་ཕྲུ་གུ་ལ་བདག་སྐྱོངས་གནང་རོགས།

    Reply
  22. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    རྒྱལ་མཚམས་ཀྱི་བོད་རིགས་ཀྱི་བྱིས་པ་ཚོ་ཞེས་པའི་ནང་གི་བྱིས་པ་དེ་ཚོར་དམིགས་བསལ་རོགས་བྱེད་ས་ཡོད་ན། e-mail: kardorime@gmail.com, Tel: 00 36 (1) 30 90 39 788,ཐོག་ལ་འབྲེལ་བ་གནོངས་རོགས་ཞུ། ཀརྨ་རྡོ་རྗེས་ལོ་ཟླ་ཚེས་༢༠༡༠་༠༦་༢༠ལ།

    Reply
  23. གསེར་རྟ་ཚུལ་ཁྲིམས་འོད་ཟེར། says:
    ལོ་ 15 སྔོན།

    ༄༅༅།།དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྦྲེལ་བོས་དབུས་རྒྱུན་ལས་རྣམ་པ་ལྷན་རྒྱས་གང་དེའི་ཞབས་དྲུང་དུ།
    ཆེད་འབུལ། ཉེ་སྔོན་མ་སུ་རིའི་སློབ་གྲྭའི་ནང་སློབ་ཕྲུག་ནང་ཁུལ་ལུས་འབྲེལ་བྱུང་བའི་རྐྱེན་བྱས་སློབ་ཕྲུག་བརྒྱད་དགུ་ཞིག་སློབ་གྲྭ་ནས་ཕྱིར་ཕུད་ཀྱིས་ད་ལྟ་བལ་ཡུལ་སྣེ་ལེན་ཁང་དུ་བསྐྱལ་ཡོད་འདུག་པ་དང་། གསལ་ལམ་དུ་ཐོན་གསལ་ལྟར་ན་སློབ་ཕྲུག་དེ་དག་བོད་དུ་ཕྱིར་སློག་བྱེད་རྒྱུ་ཡིན་འདུག་སྟབས་ཐག་གཅོད་ཀྱི་གནས་ཚུལ་འདི་ནི་ང་ཚོས་བསམ་བློ་མ་བཏང་ཐབས་མེད་ཀྱི་གནས་སྟངས་ཤིག་ཆགས་འདུག་པ་ལས་དཀའ་བ་ཁྱད་བསད་ཀྱིས་བོད་ནས་འདིར་སླེབས་པའི་ཕྲུ་གུ་ལོ་ཆུང་གང་བྱུང་ཕྱིར་ཕུད་དང་། བོད་ལ་ཕྱིར་སློག་བྱེད་ཆོག་ཆོག་ཅིག་ཡིན་མིན་ལྷན་རྒྱས་ཚོས་མཁྱེན་གསལ་ལྟར་ལགས། ༡ ཕྲུ་གུ་དེ་དག་བོད་ལ་འགྲོ་ཆོག་པའི་ཡིག་ཆ་སློབ་གྲྭའི་དབུ་འཛིན་གྱིས་གོ་སྒྲིག་བྱེད་རྒྱུ་རེད་དམ། སུས་གོ་སྒྲིག་བྱེད་རྒྱུ་རེད། ཕྲུ་གུ་དེ་དག་དམྱལ་སྲུང་ལྟ་བུའི་རྒྱ་མིའི་ཉེན་རྟོག་པའི་ལག་ཏུ་མི་ཐེབས་པར་སུས་འགན་ལེན་བྱེད་རྒྱུ་རེད་དམ། ༣ ཁོང་ཚིའི་ཕ་མ་བོད་ལ་ཡོད་པ་རེད། ཅེས་ཕྱིར་སློག་བྱས་པས། ཕྲུ་གུ་ཕ་མའི་སར་བདེ་འབྱོར་ཐུབ་པའི་གདངས་ཚོད་སུ་ལ་ཡོད་དམ། ༤ ཕྲུ་གུ་དེ་དག་གི་ཁྲོད་བོད་མིའི་རྩ་དོན་ལ་ཕན་ཐོགས་མཁན་རྐང་གཅིག་ཡོད་པ་མ་རེད། ཅེས་སུས་ཐག་གཅད་ཐུབ་བམ། ༥ ཁོང་ཚོ་བོད་ནས་ཡོང་སྐབས་ཕ་མ་གཉེན་ཉེ་ཡོངས་ཀྱིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང། དཔལ་ལྡན་རང་གཞུང་ལ་བློ་སྙིང་བྲང་གསུམ་གཏད་དེ་མངག་པ་འབའ་ཞིག་ཡིན་ཕྱིར་ང་ཚོས་ཁོང་ཚོ་ཕྱིར་སློག་བྱས་ཏེ། འདི་དག་གི་ལུས་སྲོག་ལ་གནོད་སྐྱོན་བྱུང་ན་འབྲེལ་ཡོད་ཕ་མ་སོགས་ཀྱིས་གང་ཞིག་དགོངས་ངེས་རེད་དམ། ཕྲུ་གུ་དེ་དག་གི་ཕ་མ་ང་ཚོ་ཡིན་ན་གང་ཞིག་དྲན་ས་རེད་དམ། ༦ སློབ་གྲྭ་དེའི་དྲུང་ཆེའི་ལས་ཚབ་རྒན་དགེ་འདུན་རིན་ཆེན་གྱིས་བོད་ཀྱི་དུས་བབ་ཀྱི་གསལ་འགོད་པར་གནས་ཚུལ་འདི་རྒྱུན་རིང་དུ་ཁྱིམ་ཚང་གི་ཕ་ཚབ་མ་ཚབ་ཀྱིས་འགན་མ་ཁྱེར་བ་དང། སློབ་ཕྲུག་ཚོར་ལྟ་རྟོག་གིས་མ་འདང་བས་ཡིན་སྐོར་གསལ་བོ་བཤད་འདུག་པར་བརྟེན། དེ་ལྟར་ཡིན་ན་ཉེས་པ་ཆེ་ཆུང་ལ་དཔག་ནས་ཕ་ཚབ་མ་ཚབ་ཕྱིར་ཕུད་བཏང་སྟེ། སློབ་ཕྲུག་ཚོར་ཉེས་ཆད་དེ་ལས་ཆུང་ཞིག་གཅོད་རྒྱུ་ལས་སློབ་ཕྲུག་ཚོར་ལྟ་རྟོག་གིས་མ་འདང་བས་ཡིན་པ་ཤེས་བཞིན་ཏུ་ཕྲུ་གུ་འདི་དག་སློབ་གྲྭ་ནས་ཕྱིར་ཕུད་གཏང་རྒྱུ་འདི་གནས་ཡུལ་རྒྱ་གར་གཞུང་གི་ཁྲིམས་དང་ཡང་མཐུན་གྱི་མེད། དེའི་ཕྱིར་གནས་སྟངས་འདི་དྲང་པོ་རྩ་བ་ནས་བྱུང་མི་འདུག ང་ཚོས་རྒྱ་དམར་དྲང་པོ་མི་འདུག ཅེས་སྐྱོན་བརྗོད་བྱེད་ཞོར་ཚུར་ཕྱོགས་དེར་ང་ཚོས་དྲང་པོ་མ་བྱས་ན་མ་འོངས་པར་བདེན་དོན་རྩོད་མཁན་ང་ཚོ་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་གང་ནས་ཡོང་རྒྱུ་རེད་དམ།
    དེའི་ཕྱིར་ཐེངས་འདིར་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་བཀའ་ཤག་ལ་ཡིག་ཆུང་ཕུལ་ཙམ་དང། བཀའ་ཤག་གིས་ཀྱང་དེ་དག་སློབ་གྲྭའི་ནང་ཁུལ་གྱི་གནས་ཚུལ་ཡིན་སྐོར་དང། ད་ལྟ་ཐག་བཅད་ཚར་རབས་སོགས་འཁོད་པའི་བཀའ་ལན་འབྱོར་ཙམ་མིན་པར། དཔལ་ལྡན་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱིས་འགན་ཁུར་རྐང་བཞེས་ཀྱིས་སློབ་ཕྲུག་དེ་དག་གི་མི་ཚེ་འཕྲོ་བརླག་ཏུ་འགྲོ་མི་དགོས་པ་ཞིག་དང། གནས་ཡུལ་རྒྱ་གར་གཞུང་གི་ཁྲིམས་དང་མཐུན་པ་ཞིག་དང། གཞིས་ལུས་རྒྱ་ཆེའི་མང་ཚོགས་བློ་ཕམ་གནང་མི་དགོས་སོགས་ཀྱི་ཆེད། འོས་འཚམས་ཀྱི་ལམ་སྟོན་ནུས་ལྡན་ཞིག་དཔལ་ལྡན་བཀའ་ཤག་དང། གོང་གསལ་སློབ་གྲྭའི་ཡིག་ཚང་བཅས་ལ་མ་གནང་ཐབས་མེད་བྱུང་འདུག་ན་དུས་ཚོད་ནར་འགྱངས་སུ་མ་སོང་བར་དེ་ལྟར་གནང་སྐྱོང་ཡོང་བར་ཞུ་ཞུ་ཞུ། །
    ཞེས་ཕྲན་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་གྱིས་ཕྱི་ལོ་༢༠༡༠ཟླ་༦ཚེས་༡༩ཉིན་གུས་ཕུལ།། །།

    Reply
  24. ཐོས་དགའ། says:
    ལོ་ 15 སྔོན།

    ཟ་རྒྱུ་ཁམ་གང་ལ་སྐྱུགས་པ་འདོམས་པ་གང་སྐྱུགས་བཅུག་དགོས་དོན་ཨེ་ཡོད། སློབ་གྲྭ་ནས་ཕྱིར་འབུད་བཏང་བ་འོས་སུ་ཆུགས་ཀྱང་བལ་ཡུལ་དང་དེ་ནས་རྒྱ་འདྲེར་རྩིས་སྤྲད་པའི་རྒྱུ་མཚན་གང་ཡིན་ནམ་ཞེས་གསར་འགོས་པས་རྒྱུ་མ་ཕུ་འདེད་ཀྱིས་སློབ་སྤྱི་དང་འབྲེལ་ཡོད་མི་སྣར་དྲིས་ཏེ་མང་ཚོགས་ལ་གསལ་པོ་བཟོ་རོགས། སློབ་སྤྱི་དེ་ཡང་ཁྱི་སྤྱང་ལག་འབྲེལ་མིན་ལེ་ཆེ། རང་གི་བསམ་ཚུལ་དང་དྭོགས་འདྲི་ཡིན།

    Reply
  25. རང་སྟོན། says:
    ལོ་ 15 སྔོན།

    སློབ་མ་དེ་དག་གི་གནས་སྟངས་ལ་བལྟས་ན་དེང་སང་སློབ་གྲྭ་དང་དགོན་པ་གཉིས་ཀྱི་ནང་ནས་ཀྱང་སློབ་གྲྭ་བ་དག་གིས་སྡོམ་པ་བསྲུང་དགོས་པའི་ཁྲིམས་ལུགས་དེ་ཧ་ཅང་འཛའ་དྲག་ཤིག་ཡིན་ས་རེད།་དངོས་ནས་ཞེད་སྣང་སྐྱེད་ནི་ཞིག་རེད།

    Reply
  26. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 15 སྔོན།

    ད་ཐེངས་མ་སུ་རིའི་སློབ་གྲྭ་ནས་གནས་དབྱུང་གཏང་བའི་སློབ་ཕྲུག་དེ་དག་དང་ཕ་ཚབ་མ་ཚབ་བཅས་ལ་ཐག་གཅོད་དྲང་པོ་བྱུང་མི་འདུག སྤྱིར་བཏང་སློབ་ཕྲུག་དེ་ཚོའི་ཚུལ་མིན་གྱི་བྱ་སྤྱོད་དང་ཕ་ཚབ་མ་ཚབ་ཚོའི་དོ་སྣང་མ་བྱས་པ་དེ་ལ་ཁྲིམས་ཆད་ནན་པོ་གཅོད་དགོས་ཀྱང་ ཕྱིར་ལོགས་གཏང་བ་དེ་ཀུན་སླང་མ་དག་པའི་ལས་ཞིག་ཡིན་པ་ལས་དྲང་བདེན་གྱི་ཐག་གཅོད་མ་རེད།། གཞི་རྩའི་ཆ་ནས་བཤད་ན་སློབ་ཕྲུག་འདི་ཚོའི་བྱ་སྤྱོད་ཐམས་ཅད་ཀྱི་འབྱུང་ཁུང་སློབ་སྤྱི་དང་གཙོ་འཛིན་པ་དགེ་རྒན་དེ་ཚོ་ལ་རག་ལས་པ་ཡིན་དུས ཁོང་ཚོ་ལ་ཉེས་ཆད་གཅོད་མི་དགོས་པའི་དོན་གང་ཡིན།། གཞིས་བཞུག་བོད་མི་རྣམས་ཀྱིས་དཀའ་ངལ་གང་ལའང་མི་འཛིན་པ་རང་གིས་ཕྲུ་གུ་སློབ་སྦྱོང་དང་སླབ་བྱ་ཡག་པོ་ཞིག་ཐོབ་པའི་རེ་བ་བྱེད་ནས་བུ་གསོ་ཁང་ལ་བཅོལ་བ་རེད་མ་གཏོགས་ཕ་ཚབ་དང་མ་ཚབ་གི་མདུན་དུ་ཉི་མ་འཁྱོལ་ཐབས་ཙམ་བསམ་པ་ག་ལ་ཡིན་ དེ་ལས་ཟློག་ནས་མཐའ་ན་ཐགས་གཅོད་དྲང་པོ་ཙམ་ཡང་མ་བྱེད་པ་སློབ་ཕྲུག་དེ་ཚོ་རང་གནས་སུ་སྐྱལ་ན་བློ་ཕམ་དགོས་པའི་གནས་ཞིག་རེད།།

    Reply
  27. ཇིང་སྲས་མིག་གསུམ་པ། says:
    ལོ་ 15 སྔོན།

    སློབ་ཕྲུག་དེ་ཚོ་སློབ་གྲྭ་ནས་ཕྱིར་ཕུད་པ་མ་ཟད་ད་དུང་བཙན་བྱོལ་ནས་ཀྱང་ཕྱིར་ཕུལ་སོང་བ་རེད་ཟེར་གྱི་འདུག ངོ་མ་ཡིད་ཕམ་པ་ཞིག་རེད་མོད། འོན་ཀྱང་དགེ་སྡུག་དེ་ཚོ་རྒྱ་དམར་ལས་ཀྱང་ངན་པ་འདུག་ཟེར་བ་ལས་གཞན་ཐབས་ཤེས་ཅི་ཡང་རྙེད་མ་སོང་། ཨ་ཤུ་རེ་གོ མ་འོངས་པ་ང་ཚོ་ཇི་ལྟར་འཚོལ།

    Reply
  28. འཇམ་གྲགས says:
    ལོ་ 15 སྔོན།

    སློབ་ཕྲུག་དེ་རྣམས་སྐྱབས་ཐབས་ཀྱི་ལས་འགུལ་སྤེལ་མཁན་ཡོད་ན་མཐའ་ཅིག་དུ་རྒྱབ་སྐྱོར་ཡོད། ང་ནི་གནས་ཚུལ་དེ་ཐོས་ཚར་ནས་སྡོད་ཐུབ་ཀྱི་མི་འདུག

    Reply
  29. ཟིལ་ཁྲོམ། says:
    ལོ་ 15 སྔོན།

    ད་རེས་རང་མི་རིགས་ཀྱི་སློབ་ཕྲུག་འགའ་ཕྱིར་དགྲ་ལག་བཞག་པ་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད། གལ་སྲིད་སློབ་ཕྲུག་འདི་དག་རྒྱ་མིའི་བཙོན་འོག་དུ་ཚུད་པ་སོགས་གོ་རྒྱུ་བྱུང་ན། ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ངེས་ཡིན།
    ང་ཚོས་བསམ་བློ་ལེགས་པོ་ཞིག་ཐོངས་དང་། ད་ལྟ་བལ་ཡུལ་དུ་ཕྱིར་བོད་ཡུལ་ལ་ལོག་འདོད་ཡོད་པའི་བོད་མི་ག་ཚད་ཡོད་རེད། ངའི་ངོ་ཤེས་པ་གསུམ་ཕྱིར་ཕ་ཡུལ་ལ་ལོག་འདོད་ནས་ལོ་འཁོར་གསུམ་ལྷག་འགྲོ་གི་ཡོད། འོན་ཀྱང་ད་རུང་འགྲོ་ཐུབ་མེད།
    ཨ་ཁ་ཁ། ད་རེས་སློབ་གྲྭའི་འགན་འཛིན་པས་སེམས་ཁང་ནས་མིག་ཆུ་བཏང་དགོས་པའི་ཐག་གཅོད་གཅིག་བྱས་འདུག འགན་འཛིན་པ་ཁོ་ཚོ་གཏན་གཏན་དཀའ་སྡུག་མྱོང་ནས་ཡོང་བའི་བོད་མི་ཞིག་མིན་ཐག་ཆོད། ཨ་ཁ་ཁ། ཨ་ཁ་ཁ

    Reply
  30. འཇམ་གྲགས says:
    ལོ་ 15 སྔོན།

    ང་ཚོས་དྲ་ཐོག་གི་བསམ་འཆར་ཅིག་པུའི་ཕན་ཐོག་ཡོང་ཁག་པོ་རེད། གང་ཡིན་ཟེར་ན་གནད་ཡོད་ཚོས་མ་མཐོང་མདོག་བྱེད་གི་རེད། དེ་ལས་ཕྱི་རོལ་དུ་ལས་འགུལ་སྤེལ་ན་ཕན་ཐོག་སྲིད།

    Reply
  31. འཇམ་གྲགས says:
    ལོ་ 15 སྔོན།

    ད་ལན་མ་སུ་རི་སློབ་གྲའི་དགེ་ལས་རྣམས་ལ་ངོ་རྒོལ་མཐའ་ཅིག་དུ་ཡོད།
    འདི་རིག་ལ་ང་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས། སློབ་གྲ་ནས་ཕུད་རུང་
    རྒྱ་མི་ལ་རྩིས་སྤྲོད་དགོས་དོན་གང་རེད།

    Reply
  32. ལྡན་མ་་་་་་ཐུབ་བསྟན་དངོས་གྲུབ། says:
    ལོ་ 15 སྔོན།

    བྱིས་པ་དེ་དག་སློང་གྲྭ་ནས་ཕྱིར་བཏང་བའི་དབང་དུ་བཏངན་་ཡང་ཕྱིར་བོད་ལ་སློག་དགོས་དོན་ཅི་ཡིན། གལ་སྟེ་གཞུང་གི་བདག་པོ་ཕོག་གི་མེད་ན་ཡང་དེ་ཚོ་སོ་སོའི་འདུན་ལམ་བཀག་དགོས་ཡ་ག་རེ་ཡིན་ན། ཁྲུ་གུ་དེ་ཚོ་ཕ་ཡུལ་ག་བ་ཡིན་ན་སྤོན་མཆེད་འདྲ་མེད་པ་ཡིན་ནམ། འདྲའི་ཐབས་སྐྱོ་བོ་ག་རེ་རེད།

    Reply
  33. སྟག་སྨྱོན། says:
    ལོ་ 15 སྔོན།

    སློབ་ཕྲུག་ཚོས་འཁྲིག་སྤྱོད་བྱས་པ་དེ་སློབ་གྲྭའི་སྒྲིག་གཞི་དང་འགལ་བ་བདེན་ནའང་། ཕྲུ་གུ་དེ་རང་དབང་གི་ལུང་བར་སྲོག་བཏང་ནས་ཐར་ཟིན་པའི་རྗེས་ལ་སླར་རྒྱ་ནག་ལ་རྩིས་སྤྲོད་བྱེད་པ་རྒྱལ་སྤྱིའི་སྐྱབས་བཅོལ་བའི་ཁྲིགས་ལུགས་དང་འགལ་ཡོད་པ་རེད། ད་བར་ཨ་རི་དང་ཡོ་རབ་རྒྱ་གར་སོགས་ནས་བོད་པ་སྐྱབས་བཅོལ་བ་ཕྱིར་རྒྱ་ནག་ལ་རྩིས་སྤྲད་པ་གཅིག་ཀྱང་བྱུང་ཡོད་པ་མ་རེད། དེ་འདྲ་བྱེད་ཀྱང་ཆོག་གི་ཡོད་པ་མ་རེད། འོན་ཀྱང་བོད་གཞུང་དང་ནེ་པ་ལེ་གཉིས་ནས་བོད་ཕྲུག་ཚོར་ནག་ཉེས་བཙུགས་ནས་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་བཞིན་པ་མཐའ་གཅིག་ཏུ་ངོ་རྒོལ་དང་འགོག་དགོས་པའི་གནས་ཚུལ་ཚབ་ཆེན་ཞིག་རེད། བོད་ཕྲུག་སྐྱབས་བཅོལ་བ་ཕྱིར་རྒྱ་ནག་ལ་རྩིས་སྤྲོད་མཁན་བཙལ་བྱོལ་བོད་གཞུང་དང་ནེ་པ་ལེ་གཞུང་གཉིས་དང་ད་བར་བྱུང་མི་འདུག

    Reply
  34. གཡག་རྒོད says:
    ལོ་ 15 སྔོན།

    དྲང་བདེན་མེད་པའི་ཉེས་ཆད་འདི་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད། འདི་ནི་བོད་མིའི་བདེ་སྡུག་ལ་བསམ་བློ་མ་རྩ་བ་ནས་བཏང་བ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་ལ་བརྩི་བཀུར་མ་ཞུས་པ་རང་རེད། རྒྱལ་སྤྱིའི་ཁྲིམས་ལྟར་ན། མི་བསད་པའི་ནག་ཉེས་བསགས་པའི་སྐྱབས་བཅོལ་བ་ཞིག་ཡིན་ན་ཡང་། སྐྱབས་བཅོལ་སའི་རྒྱལ་ཁབ་དེ་ནང་ནས་ཕྱིར་ཕུད་མི་ཆོག་པ་དེ་ཁྲིམས་རེད།
    སློབ་ཕྲུག་འདི་ཚོའི་ཚེ་སྲོག་མེ་མདའི་ཁར་བརྒྱུད། ཕ་མ་སོགས་ཡོད་ཚད་བོད་ནང་དུ་བཞག། རེ་བ་དང་ཡིད་ཆེས་བཙན་བྱོལ་བོད་གཞུང་ལ་བཅོལ་སྟེ། མདུན་ལམ་ཞིག་གི་ཆེད་དུ་ཡོང་བ་ཡིན་ན་འང་། ཡིད་ཆེས་བཅོལ་ས་དེས་བསླུས་པ་རེད། སྙིང་མི་རྗེའམ། ཁོ་ཚོས་འཚོལ་བཞིན་པའི་འདུན་ལམ་དེ་བློ་གཏོད་ས་དང་ཡིད་ཆེས་བྱེད་ས་དེ་དག་གིས་བརླགས་པ་རེད། ཅུང་གུད་དེ་བོད་མི་རིགས་ཀྱི་རེད།
    དོན་གནད་མ་རྟོགས་པའི་སློབ་མ་དག་འཁྲིག་སྤྱོད་ཀྱི་ལས་ལ་ཞུགས་པ་དེ། དེ་འདྲའི་ཉེས་ཆད་ནན་མོ་གཅོད་དགོས་པའི་གནད་དོན་ཞིག་མ་རེད། འཁྲིག་སྤྱོད་ནི་འགྲོ་བ་སེམས་ཅན་གྱི་སྤྱིར་བཏང་གི་རང་བཞིན་གཤིས་ལུགས་ཤིག་རེད། ལྷག་པར་དུ་ན་ཚོད་སྨིན་དང་མ་སྨིན་བར་གྱི་( Teenagers) ན་གཞོན་ཚོ་ལ་མཚོན་ན། ཆགས་སྤྱོད་ལ་དགའ་བ་ནི་ཁོ་ཚོའི་རང་གཤིས་རེད། དེ་ལས་ང་ཚོས་བརྩི་དཀུར་བྱེས་སྟེ། ཕྲུ་གུ་མི་ཆགས་པ་དང་ན་ཚ་སྔོན་འགོག་གི་ཤེས་བྱ་སློབ་ཁྲིད་སོགས་ལ་བརྩོན་ན་མི་ལེགས་སམ།
    ངའི་བལྟས་ན། དོན་དག་འདིའི་གནད་ཐུག་ས་དེ་ཤེས་རིག་ལས་ཁུངས་དང་སློབ་གྲྭ་དེའི་འཛིན་སྐྱོང་ལ་ཐུག་ཡོད་པ་ལས། བདག་པོ་མེད་པའི་སློབ་མ་དེ་ཚོའི་སྐྱོན་མ་རེད། གང་ལ་ཞེ་ན། ཁོ་བ་ཚོས་ལམ་བསྟོན་དང་སློབ་གསོའི་མ་འདངས་པས་གནད་དོན་འདི་བྱུང་བ་རེད།
    ཉེས་ཆད་གཅོད་སྟངས་འདིའི་ཐོག་ནས་དཔྱད་ན། ང་ཚོའི་ཁ་ནས་དུས་རྟག་ཏུ་གླེང་བཞིན་པའི་བྱམས་པ་དང་སྙིང་རྗེ། གཅིག་ལ་གཅིག་བརྟེན་གྱི་ལྟ་བ། བོད་མིའི་ཐུན་མོང་མ་ཡིན་པའི་ཡ་རབས་གོམས་གཤིས། བོད་མིའི་སྐྱིད་སྡུག་མཉམ་གཅིག་སོགས་ལ་མ་རྩ་བ་ཙམ་ཡང་ལྷག་འདུག་གམ། ཇི་འདྲེའི་ཐབས་སྐྱོ་བ་ལ། བོད་ན་རྒྱ་མིས་བསྡོད་དུ་མ་བཅུག། རྒྱ་གར་ནས་རང་མིས་རྒྱང་ཕུད་ལ་བཏང།
    ཉེས་ཆད་གཅོད་སྟངས་འདི་ནི་དགྲ་དགའ་གཉེན་སྡུག་གི་བྱ་བ་ཞིག་དང་། བོད་ནང་དུ་ཡོད་པའི་བོད་རིགས་སྤུན་ཟླ་ཚོའི་སེམས་ཤུགས་དང་རྒྱལ་ཞེན། བཙན་བྱོལ་བོད་གཞུང་ལ་བཅང་བའི་ཡིད་ཆེས་སོགས་བརླག་སྲིད་པའི་ཁྲིམས་ཆད་ཞིག་ལ་ངོས་འཛིན་གྱི་ཡོད།

    Reply
  35. གནས་ཚང་། says:
    ལོ་ 15 སྔོན།

    བྱམས་དང་སྙིང་རྗེ་བདག་པོ་ཡིན་ཟེར་མཁན་ཞིག་གིས་མ་གཏོགས་སྐྱབས་ཐུབ་ཀྱི་མ་རེད་ལ། དེ་ལྟར་སྐྱབས་མ་ཐུབ་པ་ཡིན་འཆི་ལྟོས་རང་རེད། སྐྱེ་བ་རྗེས་མར་རྒྱ་ནག་ནས་ཐུག་ཅེས་པའི་ཁ་ཆེམས་འཇོག་ཀྱང་སྲིད།

    Reply
  36. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    སློབ་ཕྲུག་དེ་ཚོར་སྐྱབས་པའི་ཐབས་ཤེས་ཤིག་ཡོད་ན། གཏོན་རན་པའི་མཚམས་སུ་སླེབས་འདུག སྤྱིར་བཏང་ནས་སློབ་གྲྭ་དེས་བོད་ནས་ཡོང་བ་ཚོའི་ལམ་ཁ་ཚུན་ཆད་ནས་དཀའ་ངལ་ཤེས་ཀྱི་ཡོད་ཚོད་རེད། གལ་ཏེ་ཕྱིར་འབུད་གཏོང་མི་དགོས་ཙམ་གྱི་ཆད་པ་ནན་མོ་ཞིག་བཅད་པ་ལས་ཕྱིར་ཉར་ཐབས་ཤིག་མེད་པ་ཨེ་ཡིན། ཕྱོགས་གཅིག་ནས་བོད་པ་གྲངས་ཉུང་ཡིན་པ་དང་དེ་ཡང་གཞོན་སྐྱེས་གྲངས་ཉུང་། ལྷག་པར་དུ་སློབ་ཕྲུག་གི་གྲངས་ཚད་ནས་དཀའ་ངལ་ཡང་མཁྱེན་གྱི་ལོས་ཡོད། རེ་བ་ཆེ་ང་ལ་རེ་བ་ཞིག་ཡོད་པ་ནི། སློབ་ཕྲུག་ཁོ་རང་ཚོ་ད་ལྟ་གཞི་ནས་ཉམས་མྱོང་ཞིག་རག་ཚར་བ་རེད། སླར་ཡང་སློབ་གསོ་གཏིང་ཟབ་ཅིག་དང་ཆད་པ་ཆེན་པོ་ཞིག་བཅད་ནས་སྐྱར་དུ་སློབ་གྲྭ་གང་ཞིག་ཏུ་ཚུད་ཐབས་གནང་རོགས། ཞེས་ཁོ་བོས་ལག་གཉིས་ཐལ་མོ་སྦྱར་ནས་སློབ་གྲྭ་གང་ཞིག་གི་སློབ་སྤྱི་སོགས་སུ་རེ་བསྐུལ་བྱེད་ཀྱི་ཡོད།

    Reply
  37. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    ༄༅།། སྤྱིར་སློབ་མ་དེ་དག་གི་ཚུལ་མིན་གྱི་བྱ་སྤྱོད་བྱས་པ་དང་ལྷག་དོན་བུ་མོ་དེ་ཅུང་ཚད་ལས་བརྒལ་འདུག་སེམས། དེའི་ཕྱིར་སློབ་གྲྭ་དེ་ནས་ཕྱིར་ཕུད་བཏང་བ་དེ་སློབ་གྲྭ་དེའི་འབྱུང་འགྱུར་སོགས་གང་ཐད་ནས་མ་འགྲིག་པ་མི་འདུག་བསམ།
    འོན་ཀྱང་སློབ་མ་དེ་དག་སྦད་དེ་སྐྱབས་བཅོལ་ནས་ཕྱིར་ཕུད་བཏང་འདུག་པར་རྒོལ་རྒྱུ་ཡིན
    གོ་སྐབས་གཞན་ཞིག་གི་ཐོག་ལག་པ་འཆང་མི་བདེ་བ་མེད་ན་ངེས་པར་དུa་གོ་སྐབས་ཞིག་སྤྲོད་དགོས་ངེས་རེད
    གཞན་ཁོ་བ་ཚོ་རྒྱ་མིའི་ལག་གཡོག་དུ་འགྱུར་མིན་མི་བུ་རང་གི་སྒེར་ཚུགས་ལ་རག་ལས་ཡོད་

    Reply
  38. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    སང་ཉིན་ནི་འཛམ་གླིང་སྐྱབས་བཅོལ་ཉིན་མོ་ཡིན་པས་གོང་གསལ་གྱི་གནས་ཚུལ་མ་སུ་རིའི་སློབ་གྲྭ་ནས་སློབ་ཕྲུག་༡༠་དང་ཕ་ཚབ་མ་ཚབ་བཅས་ཁྱོན་མི་༡༢ཕྱིར་འབུད་གཏང་བ་དེ་སྤྱིར་སློབ་གྲྭའི་ཁྲིམས་དང་འགལ་བ་ཞིག་ཡིན་ཀྱང་དུས་སྐབས་འདི་དང་ཡུལ་འདི་ནས་ལས་ཀ་འདི་གནང་ཐབས་རྩ་་བ་ནས་མེད་པ་ཞིག་རེད། ད་དུང་བོད་ནས་ཡོང་བའི་ཕྲུ་གུ་ཁ་ཤས་བལ་ཡུལ་དུ་འབྱོར་ཡོད་དེ་ཚོ་ཀྱང་སྐྱབས་ཐབས་གནང་རོགས། བོད་ནས་སར་དུ་འབྱོར་བ་དེ་ཚོ་བལ་ཡུལ་མཐའ་སྲུང་བའི་ལག་ནས་མ་རགས་ཀྱང་ད་ལྟ་ང་རང་ཚོའི་མདུན་དུ་ཡོད་པའི་སློབ་ཕྲུག་དེ་དག་རྒྱ་མའི་ལག་ཏུ་སྤྲོད་ན་ངོ་མཚར་དགོས་པ་ཞིག་མ་རེད་སམ། དེ་འདྲ་ཡིན་ཙམ་དེ་ཚོ་སྐྱབས་འདོད་ཡོད་ན་ང་ལ་འབྲེལ་བ་གནང་རོགས། ད་དུང་སློབ་ཕྲུག་ཚོའི་ཕ་ཡུལ་གང་དང་གང་ནས་ཡིན་པ་གསལ་པོ་ཤེས་ན་འབྲེལ་བ་གནང་རོགས། 0_9805634232

    Reply
  39. ཕུན་ཚོགས ། says:
    ལོ་ 15 སྔོན།

    ད་ལྟའི་ང་ཚོའི་གནས་བབ་ལ་གཞིགས་ན།སློབ་གྲྭའི་སྒྲིག་ལམ་ལས་ཀྱང་གཞིས་བྱིས་གཉིས་ཀྱི་མཛའ་བརྩེ་དམ་སྦྲེལ་གི་སྒྲིག་ལམ་གལ་ཆེ་བར་མཐོང་བས།གནས་ཚུལ་གང་ཡིན་ཡང་ཡིད་གཟབ་བྱེད་དགོས་པའི་དུས་སུ་སླེབས་ཡོད།

    Reply
  40. ཕུན་ཚོགས ། says:
    ལོ་ 15 སྔོན།

    ཚད་བརྒལ་གྱི་བྱ་སྤྱོད་དང་ངང་ཐུང་གི་ལས་ཀ་རེད།སློབ་གྲྭའི་སྒྲིག་ལམ་ལག་བསྟར་གྱི་ཆེད་ཁོ་ན་ཡིན་ན་སློབ་གྲྭ་ནས་ཕྱིར་ཕུད་གཏོང་བའི་དབང་ཆ་ལས་བཙན་བྱོལ་ནས་ཕྱིར་ཕུད་གཏོང་བའི་དབང་ཆ་ག་ཡོད།
    ཁོ་ཚོའི་བྱིས་པ་དེ་ཚོའི་མདུན་ལམ་འཕྲོ་བརླག་ཏུ་འགྲོ་བར་དོགས་ཀྱི་ཡོད་ན་བྱེད་ཐབས་གཞན་ཞིག་སྤྱད་དེ་ཉེས་པ་གཞན་ཞིག་གཏོང་ན་རེད།དེ་མ་གཏོགས་བྱིས་པ་དེ་ཚོའི་མདུན་ལམ་གཅིག་པུ་འཕྲོ་བརླག་ཏུ་གཏོང་བ་མ་ཡིན་པར།བྱིས་པ་དེ་ཚོ་དང་རྐྱེན་བྱས་གཞིས་ལུས་བོད་པ་གང་མང་ཞིག་ལ་གནས་བབ་དངོས་དང་སྒྲིག་ཁྲིམས་དངོས་ཧ་མ་གོ་བའི་ལོག་ཕྱོགས་ཀྱི་བློ་ཕམ་འབྱུང་མཁན་གང་མང་ཡོང་སྲིད།
    འདི་ནི་སྔོན་ཆད་གསོག་སྒར་སློབ་གྲྭའི་སློབ་མ་ཁ་ཤས་ཕྱིར་ཕུད་བཏང་བ་བོད་དུ་ལོག་སྟེ་གནས་ཚུལ་ལྡོག་ཕྱོགས་ནས་སྤེལ་གྱིན་པ་བདག་གིས་དངོས་སུ་གོ་མྱོངལ།དེ་ལ་བརྟེན་ནས་མི་གང་མང་ཞིག་ལ་བློ་ཕམ་བྱུང་གི་ཡོད་པའང་དངོས་སུ་མཐོང་མྱོང་བས་ཡིན།

    Reply
  41. འབའ་ཐང་གི་བུ། says:
    ལོ་ 15 སྔོན།

    ཕོ་མོ་སོ་སོས་རང་དབང་གི་ཐོག་ནས་འཁྲིག་སྤྱོད་བྱས་པར་ཁྲིམས་འགལ་གྱི་ཉེས་མིང་བཀལ་ཏེ་སློབ་ཕྲུག་དགུ་ཙམ་ཕྱིར་ཕུད་བྱས་པ་མ་ཟད། ཡ་ང་སྙིང་རྗེ་མེད་པར་རྒྱ་གཞུང་ལ་རྩིས་སྤྲོད་བྱས་པ་འདི་ནི་ངོ་ཚ་དགོས་པ་དང་ཡིད་སྐྱོ་དགོས་པའི་གནས་ཤིག་རེད། འདི་ནི་བལ་གཞུང་གིས་བོད་མི་སྐྱབས་བཅོལ་བ་རྒྱ་གཞུང་ལ་རྩིས་སྤྲོད་བྱས་པ་ལས་ཀྱང་ནག་ཉེས་ཆེ་བ་བསགས་འདུག་སྙམ།

    མ་སུ་རི་སློབ་གྲྭས་སློབ་ཕྲུག་དགུ་ཕྱིར་ཕུད་བྱས་པ་འདི་ཁྱིམ་ཚང་ཞིག་གིས་སོ་སོའི་ནང་མི་ཁག་ཅིག་ཁྱིམ་ཚང་ནས་ཕྱིར་ཕུད་ཀྱིས་རྒྱང་འབུད་བྱས་པ་དང་ཅི་མི་མཚུངས། ད་དུང་སློབ་ཕྲུག་དེ་དག་རྒྱ་གཞུང་ལ་རྩིས་སྤྲོད་བྱས་ལུགས་འདི་ཕ་མས་རང་གི་བུ་ཕྲུག་ཁག་ཅིག་བསམ་བཞིན་དགྲ་བོར་རྩིས་སྤྲོད་བྱས་པ་དང་མཚུངས་པ་རེད་འདུག་ཅེས་བཤད་འདོད་བྱུང༌།

    ངས་ད་དུང་ཡང་ཡང་མནོ་བསམ་བྱས་སྐབས་ཁྱིམ་ཚང་གི་ཕ་ཚབ་མ་ཚབ་ཕྱིར་ཕུད་བྱེད་དགོས་པ་མ་མཐོང་ཞིང༌། ཁྱིམ་ཚང་གི་ཕ་ཚབ་མ་ཚབ་དག་གིས་ལྟ་རྟོག་ཡག་པོ་བྱས་རྐྱེན་བུ་མོ་དེས་རང་དགར་འཁྲིད་སྤྱོད་བྱེད་མ་ཕོད་པར་འཛིན་གྲྭ་གྲོལ་རྗེས་འཛིན་ཁང་ཞིག་ནང་འདོད་པ་སྤྱོད་ཡོད་སྟབས་སྒྲིག་འཛུགས་དགེ་རྒན་ལ་ཉེས་པ་ཡོད་པ་ལས་ཕ་ཚབ་མ་ཚབ་ལ་ཉེས་པ་མེད་པ་གསལ་པོ་རེད་འདུག

    ངས་ཚོར་ཤུགས་ཆེན་པོའི་ཐོག་ནས་ཞུ་རྒྱུར། སློབ་གྲྭ་དེའི་སློབ་སྤྱི་དང༌། སྒྲིག་འཛུགས་དགེ་རྒན། ཁྱིམ་ཚང་གི་ཕ་ཚབ་མ་ཚབ་བཅས་འབྲེལ་ཡོད་ཡིན་ནོ་ཅོག་ལ་ནག་ཉེས་ཡོད་ན་ཡོད་མཉམ་དང་མེད་ན་མེད་སྙམ་ཡིན་པ་གསལ་རེད་འདུག་སྟབས་ཡང་བསྐྱར་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ་ཁྲིམས་གཅོད་འདྲ་མཉམ་གཅོད་རྒྱུའི་རེ་བསྐུལ་ཨུ་ནན་ཞུ་རྒྱུ་ཡིན།

    Reply
  42. ཆུ་ཤུར་མིག་དམར་ says:
    ལོ་ 15 སྔོན།

    མ་སུ་རིའི་སློབ་ཕྲུག་དེ་དག་རྒྱ་དམར་ལ་རྩིས་སྤྲོད་བྱས་པ་དེས་ཧ་ལས་པའི་བློ་ཕམ་བྱུང་རྗེས་སུ་ཁོ་ཚོ་བཙན་བྱོལ་གཞུང་གི་ཁ་གཏད་དུ་མི་ལང་པའི་ངེས་པ་མེད

    མ་མཐར་ཡང་ཁོ་ཚོར་སྒོ་སྐབས་ཐེངས་གཅིག་སྤྲད་ནས་སློབ་གྲྭ་གཞན་དུ་བཏང་ཡང་མི་ཆོག་པ་མེད

    ཐབས་སྡུག་གི་བྱེད་སྟང་དེ་ཚོ་དགྲ་དགའ་གཉེན་སྡུག་རང་རེད

    Reply
  43. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    འབྱུང་འགྱུར་བཀའ་བློན་ཁྲི་པའི་འོས་མི་ནི། བོད་ནས་གཞོན་སྐྱེས་རྒྱ་གར་སོགས་སློབ་སྦྱོང་ཆེད་དུ་ཡོང་མི་དགོས་པར་བོད་རང་ལ་མཐུན་རྐྱེན་ཆ་ཚང་སྒྲུབ་ཐུབ་མཁན་ཅིགདང་། གལ་སྲིད་སློབ་སྦྱོང་བྱེད་ས་རྡ་ས་སོགས་འདེམས་ན་རྒྱ་གཞུང་དང་བཙན་བྱོལ་སྲིད་བྱུས་ཀྱིས་བར་ཆད་མེད་པ་བྱེད་ཐུབ་པ་མི་དགོས་སམ།

    Reply
  44. མགྲིན་པ་ཟབ་མོ། says:
    ལོ་ 15 སྔོན།

    བྱིས་པ་དེ་དག་ལ་བཙན་བྱོལ་ནང་དུ་བདག་པོ་དང་འགན་ལེན་མཁན་མེད་སྟབས་ཕྱིར་བསྐྱལ་བ་ཡིན་རྒྱུ་རེད།

    འོན་ཀྱང་་་་་་་་་

    བྱིས་པ་དེ་དག་བལ་ཡུལ་བར་དུ་བསྐྱལ་བ་ཙམ་གྱིས་མ་སུ་རི་སློབ་གྲྭའི་འགན་འགྲུབ་སོང་བ་རེད་དམ། དེ་དག་རང་རང་གི་ཕ་མའི་འགྲམ་ལ་འབྱོར་ཐབས་ཤིག་གནང་དགོས་པ་རེད།

    གལ་སྲིད་དེ་ལྟར་མི་ནུས་ན། བྱིས་པ་དེ་དག་མ་སུ་རི་སློབ་གྲྭར་གཏོང་མཁན་བོད་གཞུང་བདེ་སྲུང་ལས་ཁུངས་འོག་གི་བོད་གཞུང་དབུས་སྣེ་ལེན་ཁང་ཡིན་སྟབས། ཤར་རྒྱག་དབུས་སྣེ་ལེན་ཁང་དང་གངས་ཅན་སྐྱིད་གཤོངས་ལ་སྐྱེལ་དགོས་པ་རེད། དེ་ག་རེ་བྱས་ནས་མ་བྱུང་བ་ཡིན་ནམ། བོད་གཞུང་གིས་ཁས་ལེན་མ་བྱས་པ་རེད་དམ། མ་སུ་རི་སློབ་གྲྭས་སྙན་སེང་མ་ཞུས་པ་རེད།

    རྒྱལ་བ་རིན་པོ་ཆེའི་དབུ་ཁྲིད་འོག་དང་། ཟམ་གདོང་རིན་པོ་ཆེ་འཛིན་སྐྱོང་འོག་ཏུ་བཙན་བྱོལ་བོད་གཞུང་གིས་བོད་མི་འབུམ་ ༡ ལྷག་གི་མགོ་བསྡུ་མི་ཐུབ་པ་དང་། བོད་ནས་ཡོང་བའི་བྱིས་པ་སྟོང་ཕྲག་འགའ་རེར་ཡང་འགན་འཁུར་མི་ཐུབ་ན་གཞན་པ་ག་རེ་བྱ་དགོས་པ་རེད།

    Reply
  45. འབྲོག་རུ་ཆོས་གྲགས། says:
    ལོ་ 15 སྔོན།

    འཁྲུག་སྤྱོད་བྱས་པ་དེ་དེ་འདྲའི་ཚབས་ཆེན་ཞིག་ཨེ་ཡིན་ན།
    སྤྱིར་བཏང་སློབ་མའི་ནང་ཁུལ་ནས་ལས་དོན་དེ་འདྲ་བྱུང་གི་ཡོད་པ་སྤྱིར་བཏང་ཞིག་མ་ཡིན་ནམ།
    གང་ལྟར་ཁོང་ཚོ་བལ་ཡུལ་སྣེ་ལེན་ཁང་དུ་བསྐྱལ་བ་དེས་རྒྱབ་ལྗོངས་མང་བོ་ཞིག་བསྟན་འདུག སྤྱི་ཚོགས་འདིས་ལས་ཀ་བྱེད་སྟངས་རེ་འགའ་དངོས་གནས་ཁེན་ཚ་རེད་འདུག གཅིག་བྱས་ན་ངས་ནོར་ཡོད་ཀྱི་རེད།

    Reply
  46. ནད་པ says:
    ལོ་ 15 སྔོན།

    མ་སུ་རིའ་སློབ་གྲྭའི་སྒྲིག་གཞི་དང་འགལ་ཡོད་སྟབས་ངེས་པར་དུ་སློབ་ཕྲུག་དེ་རིགས་སྒྲིག་གཞི་ལྟར་ལག་བསྟར་བྱས་ཏེ་སློབ་གྲྭ་དེ་ནས་ཕྱིར་འབུད་བྱེད་དགོས་ཏེ་ངན་པ་ཚར་མ་གཅོད་ན་བཟང་པོ་སྤྲོ་བ་མི་སྐྱེ་ཟེར་བ་ལྟར་ཡིན།

    འོན་ཀྱང་གོང་གསལ་གྱི་སློབ་ཕྲུག་དེ་དག་གི་མི་ཚེའི་མདུན་ལམ་ལ་རིམ་པ་ཁག་གི་མགོ་ཁྲིད་དང་། ལས་བྱེད། དགེ་རྒན། ཤེས་ལྡན་མི་སྣ། སྤྱི་ཚོགས་བཅས་ཚང་མས་ངེས་པར་དུ་བསམ་བློ་གཏོང་དགོས་ལ་འགན་འཁུར་ལེན་དགོས།

    དེ་འདྲ་སོང་གཙང་ང་ཚོས་ཁྲིམས་དང་སྒྲིག་གཞིར་སྲུང་བརྩི་དངྭས་ལེན་ཞུ་དགོས་ལ་ཐབས་ཇུས་ཀྱང་བཏོན་ཐུབ་པ་བྱེད་དགོས། དེར་བརྟེན་ཁོང་ཚོ་མ་སུ་རི་ནས་ཕྱིར་འབུད་བྱེད་ཆོག་ལ་ཡང་ཁོང་ཚོ་སློབ་གྲྭ་གཞན་ཞིག་ཏུ་སློབ་འཇུག་བྱས་ཏེ་བོད་རིགས་གཞོན་སྐྱེས་གཅིག་གི་མི་ཚེའི་མདུན་ལའང་ང་ཚོས་སེམས་འཁུར་ལེན་དགོས།

    དེ་ནི་ཆེ་ས་བོད་རྒྱལ་ཁབ་དང་མི་རིགས་གཅིག་གི་ལས་དབང་ལའང་འབྲེལ་བ་ཡོད་ལ། འབྲིང་ན་༸ གོང་ས་མཆོག་དང་། བཙན་བྱོལ་བོད་གཞུང་། བཙན་བྱོལ་སྤྱི་ཚོགས་བཅས་ལ་འབྲེལ་ཡོད།

    ཆུང་ན་ཁོང་ཚོའི་ཁྱིམ་ཚང་གཅིག་དང་ཐ་ན་བོད་ཕྲུག་གཅིག་གི་མི་ཚེའི་མདུན་ལམ་ལའང་ཐུག་ཡོད་སྟབས། ང་ཚོས་ཁོང་ཚོ་སློབ་གྲྭ་གཞན་ཞིག་ཏུ་བཏང་ནས་རྒྱལ་ཁབ་དང་། མི་རིགས། སྤྱི་ཚོགས་བཅས་ཕྱོགས་ལ་བློ་རྒྱ་ཡངས་པོ་དང་། ཐབས་ཤེས་ཡག་པོས་འགན་འཁུར་ལེན་དགོས།

    Reply
  47. མན་ཐང༌། says:
    ལོ་ 15 སྔོན།

    ཐེངས་འདིར་མ་སུ་རི་ནས་འཁྲིག་སྤྱོད་ཀྱི་དོན་རྐྱེན་ལས་སློབ་ཕྲུག་འགའ་བལ་ཡུལ་ཏུ་གནས་དབྱུང་བཏང་བ་གོ་ཐོས་བྱུང༌། དེ་ནི་ཧ་ཅང་ཐལ་ཆེ་བ་ཞིག་མ་ཡིན་ནམ།

    Reply
  48. དཔའ་ཆེན་དོན་གྲུབ། says:
    ལོ་ 15 སྔོན།

    འཁྲིགས་སྤྱོད་བྱས་པ་ལ་རྒྱ་ནག་ལ་རྩིས་སྤྲོད་བྱེད་དགོས་དོན་མི་འདུག ལྷག་པར་ཏུ་སློབ་གྲྭ་ནས་ཕྱིར་ཕུད་བྱས་ཀྱང་བལ་ཡུལ་དུ་བསྐྱལ་དགོས་དོན་ག་རེ་རེད།

    Reply
  49. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    གོང་གསལ་གྱི་པར་དེ་དག་ལ་གཟིགས་ནས་སློབ་ཕྲུག་རྣམས་ཕྱིར་ལོག་མ་གཏང་རོགས་ཐུགས་རྗེ་གཟིགས།

    Reply
  50. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    མ་སུ་རིའི་སློབ་གྲྭ་ནས་ཕྱིར་འབུད་གཏང་བའི་སློབ་ཕྲུག་དེ་དག་སྐྱབས་ཐབས་ཀྱི་ལས་འགུལ་ནང་ཞུགས་འདོད་ཡོད་ཚེ་ཁ་པར་ཨང་གྲངས་འདིའི་ལམ་ནས་འབྲེལ་བ་གནང་རོགས། 0-9805634232

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese