མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བློ་བཟང་སེང་གེའི་སྐོར་སྐྱོད།

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༣
Share on FacebookShare on TwitterShare on EmailShare on Whatsapp

གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་གོ་སྒྲིག་འོག བློ་བཟང་སེང་གེ་ལགས་ཀྱིས་ལྷོ་གཞིས་ཁག་ལྔར་ཆབ་སྲིད་ཀྱི་གོ་རྟོགས་ཀྱི་བགྲོ་གླེང་གནང་ཡོད་འདུག

ཕྱི་ཚེས་ ༢༢ ཉིན་འདི་ག་གསར་ཁང་དུ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་བཏང་གནས་ལྟར་ན། ཕྱི་ཟླ་ ༦ ཚེས་ ༨ ནས་ ༢༢ ཉིན་བར་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་གདན་ཞུས་བཞིན། མཁས་དབང་བློ་བཟང་སེང་གེ་མཆོག་གིས་ལྷོ་ཕྱོགས་ཧོང་སུར་རབ་རྒྱས་གླིང་ནས་མགོ་འཛུགས་ཀྱིས་ལྷོ་གཞིས་ཁག་ལྔའི་དགོན་སྡེ་ཁག་དང་།  མི་མང་ལ་རེས་མོས་བྱས་ཏེ་ད་ལྟའི་བོད་དོན་འཐབ་རྩོད་ཀྱི་གནས་བབ་དང་།  མ་འོངས་མདུན་སྐྱོད་བྱེད་ཕྱོགས་ཀྱི་སྐོར་ལ་བཀའ་སློབ་དང་དོགས་འདྲིར་ལན་འདེབས་གནང་ཡོད་པ་དང་།  ལྷག་པར་ས་གནས་སློབ་གྲྭ་ཁག་གི་སློབ་ཕྲུག་ལ་ཤེས་ཡོན་སློབ་སྦྱོང་བྱེད་ཕྱོགས་ལ་ལམ་སྟོན་གནང་ཡོད་འདུག

ཐེངས་འདིའི་ཆབ་སྲིད་གོ་རྟོགས་སྤེལ་བའི་ལས་འགུལ་འདིའི་ཐད་ལ་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་དབུས་ཚོགས་གཙོ་བློ་བཟང་དཔལ་ལྡན་མཆོག་གིས་གསུངས་དོན། ང་ཚོས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཆེ་མཐོང་ལྡན་པའི་ཁྲིམས་ལུགས་རིག་པའི་མཁས་དབང་བློ་བཟང་སེང་གེ་མཆོག ལྷོ་གཞིས་ཁག་ལྔར་གདན་ཞུས་ཀྱིས་བོད་དོན་ཆབ་སྲིད་ཀྱི་ཐད་ལ་སེར་སྐྱ་མང་ཚོགས་ལ་གོ་རྟོགས་སྤེལ་བའི་ལས་གཞི་འདི་བརྩམས་དོན་ནི། ཁོང་རྒྱལ་སྤྱིའི་ཁྲིམས་ལུགས་ལ་མཁས་དབང་དང་།  བོད་དོན་ཆབ་སྲིད་ཀྱི་ཐད་ལ་མཁྱེན་རྒྱ་ཡངས་པ་དང་།  རྒྱུན་དུ་བོད་དོན་ལས་འགུལ་དོན་ཕན་ལྡན་པ་སྤེལ་མཁན་ཞིག་ཡིན་པས།  ཁོང་གིས་མང་ཚོགས་ལ་ལམ་སྟོན་གནང་དགོས་པ་དེ་དུས་སུ་བབ་པ་ཞིག་དང་།  མང་ཚོགས་ཀྱི་ངོས་ནས་ཡིན་ནའང་ཤེས་དགོས་པ་དེ་གནད་འགག་ཞིག་ཏུ་མཐོང་བས་ཡིན་ལ།  ཐེངས་འདིར་ཁོང་གིས་ལྷོ་གཞིས་ཁག་ཏུ་བསྐྱངས་པའི་ཆབ་སྲིད་གོ་རྟོགས་ཀྱི་བཀའ་སློབ་གནང་བ་དེ་ལ་མང་ཚོགས་ཀྱིས་དགའ་བསུ་བྱེད་ཕྱོགས་ཀྱི་རྣམ་འགྱུར་ལ་བལྟས་ན་ང་ཚོའི་རེ་བ་ལས་ལྷག་པ་ཞིག་བྱུང་སོང་།  ཞེས་འགྲེལ་བརྗོད་གནང་གི་འདུག

གསར་འགོད་པ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༥ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༦ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༦ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༧ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༧ སྔོན་ལ།

མཆན། 25

  1. འཇམ་དཔལ་སྒྲ་དབྱངས། says:
    ལོ་ 15 སྔོན།

    བཀའ་བློན་རང་འཇག་ན་བོད་མི་དམངས་ལ་ཁེ་ཕན་དམིགས་གསར་མཐོང་མ་བྱུང་བློ་བཟང་སེང་གེ་ལས་ཡོན་ཏན་བཞི་འགྱུར་ད་ལྟ་ཁྲི་བ་འདིར་ལེགས་སོ

    Reply
  2. ཐོས་པ་དགའ། says:
    ལོ་ 15 སྔོན།

    དྲ་གྲོགས་མང་པོ་ཞིག་གི་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེའི་སྐོར་ལ་གླེང་སློང་མང་པོ་བྱུང་བཞིན་འདུག་པ་འདིར་དགའ་བསུ་དང་ང་ཡང་འདིར་མཉམ་ཞུགས་ཆོག་པར་འཚལ། འདིར་དྲ་གྲོགས་ཉུང་ཤས་ཞིག་གིས་མཁས་དབང་བློ་བཟང་སེང་གེ་ལ་ཉམས་མྱོང་མེད་ཚུལ་བཤད་འདུག འདིར་གུས་པའི་བསམ་ཚུལ་ཐུང་ངུ་ཞིག་ཞུས་ན་དེ་ནི་ཞེན་ཁོག་དང་རྨོངས་པ་ཁོ་ན་ལ་རྟེན་ནས་བྱུང་ཞིག་ཡིན་པར་བདག་གི་ངོས་འཛིན་བྱེད་བཞིན་ཡོད།བོད་ཀྱི་གནས་སྟང་ཉག་ཕྲ་བའི་སྐབས་འདིར་འཛམ་གླིང་རྒྱལ་སྤྱའི་ཁྲིམས་ལུགས་མཁས་དབང་ཁོང་ཉིད་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་བྱུང་མ་མྱོང་བའི་ཆོས་སྲིད་གཉིས་ལྡན་དང་ལྷག་པར་དུ་བོད་ཀྱི་ཆབ་སྲིད་ཀྱི་ཐད་ལ་མཁྱེན་རྒྱ་ཡངས་པའི་གཞོན་སྐྱེས་མཁས་དབང་ཞིག་ཡིན་པས་བོད་མི་རིགས་ལ་ཤ་ཞེན་དང་ལྷག་བསམ་ལྡན་མཁན་ཞིག་ཡིན་ན་༢༠༡༡ བཀའ་ཁྲིར་ཁོང་ཉིད་ལས་མ་འཆིས་སོ། གཞན་ཁོང་ལྟ་བུའི་མཁས་དབང་མ་འོང་བར་ཨ་རིའི་སྲིད་འཛིན་གྱི་ཆ་རྐྱེན་ལྡན་མཁན་ཞིག་ལ་ང་ཚོའི་བཙན་བྱོལ་ནང་གཞུང་འཛིན་གྱིས་ཉམས་མྱོང་མི་འདུག་ཟེར་ན་ཀླེན་གཏམ་ལས་གཞན་མ་མཐོང། གང་ཡིན་ཟེར་ན་ཁོང་ནི་ལོ་ལྟར་རྡ་སར་བཀའ་སྤྱི་གཉིས་ལ་ཟབ་སྦྱོང་སྤྲོད་ས་ཕེབས་བཞིན་ཡོད་པ་མ་ཟད་ཚོགས་པ་ཁག་དང་སློབ་གྲྭ་སོགས་ལ་བཀའ་སློབ་ལམ་སྟོན་དང་དྲི་བ་དྲས་ལན་གྲངས་ལས་འདས་པ་བྱེད་མྱོང་ཡོད་འདུག ལྷག་པར་དུ་འདི་ལོ་ལྷོ་གཞིས་ཁག་ལྔ་ལ་གཟིགས་སྐོར་ཕེབས་སྐབས་ཆོས་སྲིད་གཉིས་གང་གི་ཐད་དྲི་བ་བཏང་ནའང་གནད་དུ་ཁལ་བའི་ལན་སྤྲོད་ཀྱི་འདུག དོན་ངོ་མར་བཤད་ན་མཁས་དབང་ཁོང་ཆོས་སྲིད་གཉིས་ཀྱི་ཐད་བོད་མི་རིགས་ཀྱི་ལོ་རྒྱུས་ནང་བྱུང་མ་མྱོང་བའི་མཁས་དབང་ཁོང་ནི་སྐྱེ་བོ་ཀུན་གྱི་མཐོང་ཆོས་སུ་གྱུར་ཡོད། དེ་མིན་མི་ཁ་ཤས་ཀྱི་ཉམས་མྱོང་བསོག་ཆེད་སྤྱི་མཐུས་ནང་འགྲོ་དགོས་རེད་ཟེར་བ་དེ་ནི་དེ་བས་ཀྱང་དགོས་པ་མ་མཐོང་གང་ཡིན་ཟེར་ན་སྤྱི་མཐུས་ནང་ཆོལ་ཁའི་ཞེན་ཁོག་བྱེད་རྒྱུ་ལས་ཕེན་ཐོག་རྒྱ་ཆེན་མེད། ཁོང་ད་ལྟའི་སྐབས་སུ་ཆོལ་ཁ་ཆོས་ལུགས་ཀྱི་ཞེན་ཁོག་མེད་པ་བོད་སྤྱིའི་མི་ལྟ་བུ་ཞིག་ཆག་སྡོད་ཡོད་པའི་མཁས་དབང་ཁོང་ལྟ་བུ་ལ་ཕྲུ་གུར་ཀ་ཁ་སློབ་པ་ནང་བཞིན་སློབ་མི་དགོས་པར་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་བབ་དང་ལས་ཀ་བྱེད་ཕྱོགས་དེ་ནི་ཁོང་གི་ལྟ་བ་དང་ཐོས་པ་ཙམ་ལས་མི་དགོས་སྙམ། གཞན་ཉམས་མྱོང་བསག་ཆེད་སྤྱི་མཐུས་དང་བཀའ་བློན་སོགས་མུ་མཐུད་ནས་རིམ་བཞིན་འགྲིམས་དགོས་ན་ལོ་དྲུག་བཅུ་བདུན་བཅུ་ལས་འགལ་འགྲོ་བས་༸གོང་ས་མཆོག་གི་དགོང་གཞི་དང་མཐུན་པའི་གཞོན་སྐྱེ་ཤེས་ཡོན་ལྡན་མཁན་ཞིག་རྙེད་ཐབས་བྲལ། བོད་མི་རིགས་ལ་ཤ་ཞེན་དང་ལྷག་བསམ་ཡོད་མཁན་ཞིག་ཡིན་ན་༸གོང་ས་མཆོག་གི་ཅི་གསུང་བཀའ་སྒྲུབ་བྱེད་མཁན་གཞོན་སྐྱེ་ཤེས་ཡོན་ལྡན་པ་ཞིག་ངེས་པར་དུ་འཚོལ་དགོས་པར་མཐོང་ངོ།

    Reply
  3. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་བཀའ་བློན་དུ་བསྐོས་ན་ཉམས་མྱོང་མི་འདུག་ཅེས་བཤད་མཁན་ཤིན་ཏུ་མང་། འོ་ན་ཉམས་མྱོང་ཇི་ལྟར་གསོག་དགོས་སམ། ཤེས་ཡོན་དང་ཉམས་མྱོང་གཉིས་ལྡན་ཞིག་དགོས་ཞེས་ཚང་མས་གླེང་གིན་འདུག ཤེས་ཡོན་དེ་ཡང་སྲིད་དོན་གྱི་ཤེས་ཡོན་ཡོད་དགོས་པ་ཤིན་ཏུ་གལ་ཆེན་རེད། ཕྱོགས་འདི་ནས་བལྟས་ན་བློ་བཟང་སེང་གེ་ལས་ལྷག་ཅིག་མི་འདུག ཁོང་ལ་ཉམས་མྱོང་མེད་པ་བདེན་པ་རེད། འོན་ཀྱང་ཁོང་བཀའ་བློན་ཁྲི་བར་བསྡད་ན་ཉམས་མྱོང་ཅན་ཚོས་ཞལ་བཙུམ་ནས་མི་འདུག་པར་གཞོག་འདེགས་བྱེད་དགོས་ལ་བྱེད་ངེས་ཀྱང་རེད། དེར་བརྟེན་བློ་བཟང་སེང་གེ་གཞོན་སྐྱེས་ཤིག་དང་སྲིད་དོན་གྱི་ཤེས་ཡོན་ཅན་ཞིག་ཡིན་པའི་ངོས་ནས་ངེས་པར་དུ་འདེོ་མས་དགོས་པ་ཞིག་རེད། ཉམས་མྱོང་ཅན་ཚོ་ཉམས་ལ་ཁད་དུ་གྱུར་འདུག་པའི་སྐབས་འདིར་ང་ཚོས་དུས་ཚོད་དམ་འཛིན་བྱས་ཏེ། ནམ་ཞིག་བགྲེས་སོང་ཚོ་ཕྱིར་མི་ལྡོག་པའི་ས་རུ་བཞུད་དུས་ང་ཚོའང་ས་ལ་འགྱེལ་མི་འགྲོ་བའི་གྲ་སྒྲིག་བྱེད་དགོས།

    Reply
  4. lhamodondub says:
    ལོ་ 15 སྔོན།

    དོན་གྲུབ་ཀྱིས་བཤད་པ་བདེན། དོན་ངོ་མས་གཞོན་སྐྱེས་ཚོས་ཀྱང་བློ་བཟང་སེང་གེ་ཡང་སྙིང་མི་ཇི་འདྲ་ཞིག་ཡིན་པ་རྒྱུས་ལོན་མེད་ཚོད། རྟ་གསར་རྒྱུག་ལ་དགའ་བ་དཔེ་རེད།

    Reply
  5. དོན་འགྲུབ་ says:
    ལོ་ 15 སྔོན།

    ༄༅། གོང་དུ་་་”བོད་མིའི་ལས་དབང་’ གིས་བཤད་པར་མོས་མཐུན་རྒྱབ་བསྐྱོར་ཡོད། བློ་བཟང་སེང་གེ་ལགས་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་ཆབས་སྲིད་གཏམ་བཤད་གནང་དུ་ཕེབས་པར་དངོས་གནས་ཐུགས་རྗེ་ཆེ་ཞུ་གི་ཡིན། གང་ལ་སྦྱང་པ་དེ་ལ་མཁས་ཞེས་པ་ལྟར་བོད་དོན་དང་འབྲེལ་བའི་རྒྱལ་སྤྱིའི་གནས་བབ་ཀྱི་སྐོར་གསུང་བཤད་ཡག་པོ་གནང་བར་དགའ་བསུ་ཡོད། བཙན་བྱོལ་ནང་ཚར་ལོང་བྱུང་བའི་གཞོན་སྐྱེས་རྣམས་ཀྱི་ནང་ནས་དྲག་གྲས་ཞིག་ཡིན་པར་ངོས་འཛིན་ཞུ་གི་ཡོད། བློ་བཟང་སེང་གེ་ལགས་ལ་ཚོགས་པ་བྱེབྲག་པ་དང་མི་མང་མང་པོས་བཀའ་བློན་ཁྲི་པའི་འོས་གཞིར་དམིགས་འདོན་བྱ་འཆར་ཡོད་རེད་ལ་ཁོ་པ་རང་ཉིད་ཀྱང་བཀའ་ཁྲིའི་འོས་གཞིར་ཕེབས་འདུན་ཡོད་པ་གསལ་པོ་རེད། ཡིན་ནའང་བློ་བཟང་སེང་གེ་ལགས་ད་བར་སློབ་ཕྲུག་གི་མི་ཚེ་སློབ་སྦྱོངས་བྱེད་རྒྱུ་དང་དེ་བཞིན་རང་བབས་བོད་དོན་དང་འབྲེལ་བའི་ལས་འགུལ་སྣ་མང་སྤེལ་བ་ཙམ་མ་གཏོགས་གཞུང་འཛིན་དང་གཞི་རིམ་མི་མང་ནང་གི་འགན་འཁུར་ཉམས་མྱོང་གང་ཡང་མེད་པ་ཡིན་ཙང་བཀའ་ཁྲིར་ཐད་ཀར་འོས་མིན་དགོངས་དཔྱད་ངེས་པར་དགོས་འདུག དཔེ་ཆ་བཞག་ན། འཛམ་གླིང་ནང་སྡེ་ཚན་གང་སར་གལ་གནད་ཆེ་བའི་ལས་བྱེད་གསར་བསྐོ་གནང་སྐབས་དམིགས་གསལ་དགོས་ངེས་ཆ་རྐྱེན་གལ་ཆེ་བ་་་་ལས་དོན་དེ་འབྲེལ་གྱི་ཉམས་མྱོང་ལོ་གསུམ་མམ་ལྔ་བདུན་བཅས་ངེས་པར་དགོས་པ་ཡིན་ན་བཀའ་ཁྲིའི་འོས་དམིགས་ཅན་ཞིག་ལ་ངེས་པར་དུ་གཞུང་འཛིན་གྱི་ཉམས་མྱོང་ཡོད་དགོས་པ་གལ་ཆེ་མཐོང་གི་མི་འདུག་གམ། བཀའ་ཁྲིའི་ལས་འགན་དེ་སྐད་ཆ་བཤད་བསྡད་རྒྱུ་གཅིག་པོ་མ་རེད། གཞུང་གི་འཛིན་སྐྱོང་དང་གཞུང་ཞབས་ལ་སྟངས་འཛིན་ཐུབ་པ་དགོས་གི་ཡོད་རེད། དེ་འདྲ་ཡིན་ཙང་བདག་གི་བསམ་པར་བློ་སེང་གེ་ཁོ་པ་དང་པོ་སྐབས་ ༡༥ པའི་སྤྱི་འཐུས་ཁོངས་ནས་འདེམས་ཐོན་ཐུབ་ཐབས་གནང་ན་སྤྱི་སྒེར་ཚང་མར་དགེ་མཚན་ཆེ་བ་དང། མ་འོངས་པ་བཀའ་ཁྲི་སྐབས་ ༤ དེར་ཁོ་པ་དངོས་གནས་གཟི་བརྗིད་དང་ལྡན་པའི་ཐོག་ནས་མི་མང་གིས་འོས་འདེམས་ཐུབ་པ་ངེས་པར་གནང་གི་རེད།།

    Reply
  6. ཆོས་འཕེལ། says:
    ལོ་ 15 སྔོན།

    གུས་པས་བསམ་ན། བཀའ་ཁྲིར་འོས་བསྡུར་ནང་ཞུགས་འདོད་ཡོད་རིགས་ལ། དྲྭ་ཐོག་དུ་ཀུན་གྱིས་དྲི་བ་དྲི་ལན་བྱེད་པའི་གོ་སྐབས་ཤིག་རེད་ན། ཁོང་ལ་ཉམས་མྱོང་ཡོད་དང་མེད། ཤེས་འཇོན་ལྡན་དང་མི་ལྡན་ཕྱོགས་ཕྱོགས་ཁ་གསལ་གཏིང་གསལ་ཆགས་ཀྱི་རེད།
    བསམ་ཆར་འདོན་མཁན་ཀུན་གྱིས་སོ་སོས་བསམ་ཆར་བཏོན་པ་ལ་ཡིད་རངས་ཞུ། བློ་བཟང་སེང་གེ་ཁྲིམས་ལ་མཁས་ཀྱང་། དེ་སྔོན་ལག་ལེན་བསྟར་བའི་ཉམས་མེད་ན། གསོ་བ་རིག་པའི་དགེ་རྒན་ཞིག་དེ་སྔོན་བཤའ་བཅོས་བྱེད་པའི་སྦྱོང་བརྡར་གཏན་ནས་མེད་བཞིན་བཤའ་བཅོས་བྱེད་པའི་ལམ་དུ་ཞུགས་པ་དང་མཚུངས།
    སྒྲིགས་འཛུགས་ལ་ཉམས་མྱོངས་མེད་ན། སྒྲིགས་འཛུགས་ཀྱི་གནས་སྟངས་ཤེས་པས་ཕན་གྱི་མེད་པ་མངོན་གསལ་རེད། བོད་ཀྱི་རྩ་བའི་ལང་ཕྱོགས་གང་ཡིན་མིན་དང་། སོ་སོའི་ལག་ལེན་གང་སྟར་ཉིན་ཤས་བསམ་གནོ་འདོན་ནས་འདྲ་ཆགས་པོ་བཤད་ཐུབ་ཀྱང་། བཙན་བྱོལ་གཞུང་གི། དཔལ་འབྱོར། ཤེས་ཡོན། ཆབ་སྲིད་ལོངས་ཕྱོགས་ཤེས་པ་དང་ཉམས་མྱོང་གཉིས་ཆར་མེད་ན་ལག་ལེན་བསྟར་སྐབས་ཁག་ཙམ་ཡོད་འགྲོ།

    Reply
  7. རང་རྟོན། says:
    ལོ་ 15 སྔོན།

    བདག་ལྟ་བུར་མཚོན་ན་ཉིས་སྟོང་བཅུ་གཅིག་ལོའི་བཀའ་ཁྲིར་མཁས་དབང་བློ་བཟང་སེང་གེ་འདེམ་རྒྱུའི་གྲ་སྒྲིག་ཡོད།ངོ་མ་མང་གཙོ་དོན་ལྡན་ཞིག་ཡིན་ན་མི་མང་གི་མདུན་ནས་བཀའ་ཁྲིར་ལངས་འདོད་ཡོད་རིགས་རྣམས་ཀྱིས་ངེས་པར་དུ་རང་ཉིད་ཀྱི་ལངས་ཕྱོགས་དང་དམིགས་ཡུལ།འཆར་གཞི་སོགས་ཡིན་གཅིག་མིན་གཉིས་ཀྱིས་མི་མང་ལ་ངོས་འཕྲོད་དགོས་ཡ།འཇོན་ཐང་ངོམ་དགོས་པ་རེད།

    Reply
  8. བཤད་སྒྲུབ says:
    ལོ་ 15 སྔོན།

    མཁས་དབང་བློ་བཟང་སེང་གེ་མཆོག་གདན་འདྲེན་ཞུས་ཏེ་ལྷོ་གཞིས་ཁག་ཏུ་བོད་དོན་ཆབ་སྲིད་ཀྱི་གོ་རྟོགས་ལས་འགུལ་སྤེལ་བ་འདི་བཙན་བྱོར་བོད་པའི་སྤྱི་ཚོགས་ཀྱི་གནས་བབ་ལ་ལྟས་ནའང་འོས་འཚམ་དང་དགོས་མཁོ་ཞིག་ཁ་བཀང་ཐུབ་པ་རེད་སྙམ། དོན་དངོས་ཐོག་མཁས་དབང་ཁོང་ཆོས་སྲིད་གཉིས་ཀྱི་ཐད་བོད་མི་རིགས་ལོ་རྒྱུས་ནང་བྱུང་མ་མྱོང་བའི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་ལ་འགྲན་ཟླ་མེད་པར་མིག་ལྡན་ཀུན་གྱིས་མཐོང་ཆོས་སུ་ཡོད་པ་ཞིག་རེད་མོད་། དེང་རབས་ཀྱི་ལམ་གསོར་དང་མཐུན་པའི་རྒྱལ་སྤྱིའི་གནས་བབ་ཐོག་ནས་ལྟས་ན་ཁོང་བོད་རིགས་ཀྱི་ལོ་རྒྱུས་ནང་མཁས་དབང་ཐོག་མ་རེད་ཟེར་ཆོག། དེ་ཡང་ད་ཐེངས་ལས་འགུལ་དེར་སོ་སོའི་བསམ་འཆར་སྙིང་སྡུས་ཅིག་ཞུས་ན་སྤྱིར་ཚོགས་པ་སུ་འདྲ་ཞིག་ཡིན་ན་རྩ་དོན་གཏེར་བ་དང་དམིགས་ཡུལ་ལམ་ཕྱོགས་ཅིག་ཡོད་དགོས་ངེས་རེད་ལ་དེ་ཡང་དེ་སྔོན་ཀྱི་ཆབས་སྲིད་ཚོགས་པ་མང་པོའི་ལོ་རྒྱུས་ནང་ཡོད་པ་གཞི་བཟུང་དགྲ་མཁའ་ནང་ལ་མ་གཏད་བར་བོད་མི་ཡོངས་དང་ཅིག་གྱུར་དུ་དགྲ་བོ་རྒྱ་ནག་སྲིད་གཞུང་ལ་ཁ་བཏད་ལང་བའི་རེ་བ་ཡོད། ཅིག་སྒྲིགས་ཡོངས་བར་ཤོག

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་ལགས་ནི། མང་གཙོའི་ཁེ་འགན་གཉིས་ཀ་ལེན་མཁན་གྱི་གཞོན་སྐྱེས་ཞིག་རེད།

    Reply
  10. བོད་མིའི་ལས་དབང༌། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་༢༠༡༡་བཀའ་ཁྲིར་རྒྱབ་སྐྱོར་བྱེད་མཁན་དེ་ཚོ་བོད་པའི་ཆབ་སྲིད་ཀྱི་གནས་སྟངས་དང།་་སྐད་ཡིག་རིག་གཞུང།་བཙན་བྱོལ་བོད་གཞུང་གི་འཛིན་སྐྱོང།་གྲོས་ཚོགས་ལམ་ལུགས།་བོད་རྒྱ་ཞི་མོལ་སོགས་ལ་མཐོང་རྒྱ་ཆུང་བའི་སྐྱོན་ཞིག་ཡིན་པ་མངོན་རྟགས་ཤིག་དང།་གལ་སྲིད་དེ་ལྟར་མིན་ན་སྤྲས་ལེ་རང་ཡིན་པ་མངོན་གསལ་རེད།་གཞན་ད་ལྟའི་སྐབས་སུ་ཁོང་བཀའ་ཁྲིར་རྩ་བ་ནས་འོས་བབས་ཡོད་པ་མ་རེད།་མ་འོངས་ལོ་ལྔ་དང་བཅུའི་ནང་བཙན་བྱོལ་གཞུང་གི་གྲོས་ཚོགས་དང་འཛིན་སྐྱོང་སྐོར་ལ་ལས་ཀ་འདྲ་བྱས་ན་དེའི་རྗེས་བལྟ་ཆོག་གི་རེད།་་བཙན་བྱོལ་གཞུང་གི་འབྲེལ་ཡོད་ལས་དོན་སྐོར་ལ་ལས་ཁུངས་ནང་ཉིན་གཅིག་ལས་ཀ་བྱེད་མྱོང་མེད་མཁན་ཞིག་བཀའ་བློན་ཁྲི་པར་བསྐོ་ན་ཁོས་ལས་དོན་ཚགས་ཚུད་པོ་བྱེད་ཐུབ་ཀྱི་རེད་དམ།་་དཔེ་རང་ལ་ཞོགས་ཏེ་གཞན་གྱི་བྱེད་ཕྱོགས་ལ་བསམ་བློ་གཏོང་དགོས།་་དཔེར་ན་ཁྱེད་རང་ཆ་རྒྱུས་མེད་པའི་ས་ཆ་ཞིག་ལ་སླེབས་ན་ལམ་ནོར་ཤོར་བ་ཡོང་གི་འདུག་ཧ་དེ་དང་གཅིག་མཚུངས་རེད།་་ལྐུག་པའི་ཞན་ཁོག་མ་བྱེད་དང།་བཀའ་བློན་ཁྲི་པའི་ཞབས་ཀྱག་འདི་ཉམས་མྱོང་གསོག་ས་དང་བལྟ་ཚོད་བལྟ་ས་མ་རེད་དྭ།་དེ་བོད་གཞིས་བྱེས་གཉིས་ཀྱི་འབྱུང་འགྱུར་ལས་དབང་ལ་ཐག་གཅོད་བྱེད་མཁན་དབུ་འཁྲིད་མཁན་ཞིག་རེད།་བསམ་བློ་ཞིབ་མོར་ཐོང།

    Reply
  11. བློ་བཟང་དཔལ་ལྡན། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ་ཉོན་དང་། མཁས་དབང་བློ་བཟང་སེང་གེ་མཆོག་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་གདན་འདྲེན་ཞུས་ཏེ་ལྷོ་གཞིས་ཁག་ཏུ་བོད་དོན་ཆབ་སྲིད་ཀྱི་གོ་རྟོགས་ལས་འགུལ་སྤེལ་བ་རེད། དེ་ཡང་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༦ ཚེས་ ༣༠ ཉིན་བཞག་པའི་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་དབུས་སའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་གི་གྲོས་ཆོད་ཀྱི་དགོངས་དོན་བཞིན་ལས་གཞི་འདི་འགོ་ལོ་གཅིག་གི་སྔོན་ནས་བརྩམས་པ་ཞིག་ཡིན་པ་ལས། མཁས་དབང་ཁོང་རྒྱལ་ཡོངས་མང་གཙོ་ཚོགས་པའི་བཀའ་ཁྲིའི་འོས་མིག་ཡིན་པའི་རྒྱུ་མཚན་གྱིས་གདན་འདྲེན་བྱེད་རྒྱུ་ཀློ་བུར་དུ་དྲན་པ་དེ་འདྲ་མ་རེད། ཁ་ཤས་ཀྱིས་གངས་ལྗོངས་རང་དོན་རྩོད་ལེན་མཐུན་ཚོགས་ཀྱིས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་བཀའ་ཁྲིའི་འོས་མིག་ལ་དགེ་མཚན་མཐོང་བ་དང་། མི་རྒྱུ་དུས་གསུམ་གྱིས་ཞལ་འདེབས་གནང་བར་སྙིང་ནས་བཀའ་དྲིན་རྗེས་དྲན་ཡོད། ཟེར་བ་ནི་ཚོགས་པའི་ལ་རྒྱ་འཛིན་ཁུལ་ཡིན་ཀྱང་དེ་ནི་ཕྱོགས་ཞེན་དུ་འགྲོ་ཉེན་འདུག གང་ཡིན་ཟེར་ན་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༦ ཚེས་ ༣༠ ཉིན་ཁོང་བཀའ་ཁྲིའི་འོས་དམིགས་སུ་གསལ་བསྒྲགས་ཟིན་པ་ཡིན་པས་རྒྱལ་ཡོངས་དམངས་གཙོ་ཚོགས་པ་གཅིག་བུ་མིན། ཁ་ཤས་ཀྱིས་གཞན་མ་འོངས་པར་མཁས་དབང་ཟེར་བའི་ཐ་སྙད་འདི་ལ་རིན་ཐང་མེད་པ་ཆགས་རྒྱུའི་ཉེན་ཁ་འདུག ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ཕྱི་ནང་གི་རིག་པའི་གནས་ཐམས་ཅད་ལ་མཁས་པ་ཕུར་དུ་བྱུང་བ་ཞིག་ཡོད་པ་ནི་ཟམ་གདོང་རིན་པོ་ཆེ་མཆོག་རེད་ཁོང་ལ་ད་ལྟའི་སྐབས་སུ་རིགས་གཅིག་གིས་མཁས་དབང་ཟེར་འབོད་འདོད་ཡོད་པ་རེད། བློ་བཟང་སེང་གེ་ལྟ་བུ་ལ་མཁས་དབང་འབོད་ན་རིན་པོ་ཆེ་ལ་དེ་བས་མཁས་དབང་འབོད་དགོས་ངེས་དང་འོས་བབས་རང་བཞིན་ཡོད་པ་མིག་ལྡན་ཀུན་གྱིས་མཐོང་ཆོས་སུ་ཡོད་པ་དེ་རེད། ཅེས་བཤད་པ་ནི་ལྟ་རྒྱ་ཧ་ཅང་ཆུང་བའི་གཏམ་ཞིག་ཏུ་མཐོང་། མཁས་དབང་ཞེས་པ་ནི་འཛམ་གླིང་གི་རིགས་གཞུང་ཆ་ཚང་ལ་ནང་བྱིན་ཆུད་པ་ཞིག་དགོས་ན་འཛམ་གླིང་འདིར་རྙེད་དུ་མེད། རིགས་གཅིག་གི་རིགས་གཞུང་ལ་ནང་བྱིན་ཆུད་ན་མཁས་དབང་ཞེས་བཤད་སྲོལ་ཡོད་པ་ཡོངས་གྲགས་ཡིན། འདི་ལྟ་བུའི་དོན་མེད་ཀྱི་སེམས་ཁྲལ་ནི་སུ་ཞིག་གིས་ཀྱང་བྱེད་དགོས་མ་མཐོང། ཁ་ཤས་ཀྱིས་འོན་ཀྱང་འདི་དམིགས་ཡུལ་གཅིག་རང་གཅིག་བཟུང་ནས་བྱས་པ་ཁ་གསལ་གཏིང་གསལ་ཞིག་མ་རེད་དམ། དམིགས་ཡུལ་དེ་ཉིས་སྟོང་༡༡ལོའི་བཀའ་ཁྲིར་དམིགས་པ་ཁོ་ན་ལས། བཙན་བྱོལ་བོད་མིའི་ཆབ་སྲིད་གོ་རྟོགས་སྤེལ་ཆེད་བ་ཟེར་དེ་ཁ་གཡར་ས་ཙམ་ཡིན་པ་བྱིས་པས་ཤེས་པ་ཡིན་ཨང་། འདི་ལྟ་རྐྱང་བྱས་པས་བོད་མིའི་ལས་དོན་དེར་ནམ་ཡང་ཕན་མི་སྲིད་དོ།། ཅེས་ཟེར་བ་ནི་གསལ་བཤད་གོང་དུ་སོང་ཟིན་པ་ཡིན། བྱ་འགུལ་འདི་ཐལ་གར་2011་གི་བཀའ་ཁྲིར་འབྲེལ་བ་མེད་མོད་འོན་ཀྱང་ཡོད་དབང་དུ་བཏང་ན་ཡང་ཁ་ཤས་ཀྱིས་བཤད་པ་བཞིན་ཁོང་གིས་མུ་མཐུད་ནས་བསླེབ་ལ་ཉེ་བའི་བཀའ་ཁྲིའི་འོས་ཁོངས་སུ་ཞུགས་ཏེ་ཨ་རི་སྲིད་འཛིན་གྱི་འགྲན་རྩོད་ནང་བཞིན་ལག་བསྟར་ཐུབ་པ་ཞིག་བྱུང་ན་དེ་ནི་བོད་པ་ཚང་གི་ལོ་རྒྱུས་ནང་འབྱུང་མྱོང་མེད་པའི་གསར་བརྗེའི་བྱ་འགུལ་ཐེངས་དང་པོ་དེ་ཆགས་པ་རེད་ལ། ཁོང་ཡང་བཙན་བྱོལ་ནང་གི་བོད་མི་གསར་བརྗེ་བ་ཐོག་མ་དེ་ཆགས་འགྲོ་བ་རེད་སྙམ། ཞེས་བཤད་པ་ལ་བདེན་ཁ་བྱིན་ན་ཅི་ལ་གནོད། དོན་མེད་ལ་དོགས་པ་ཟ་བ་ནི་རང་ཉིད་ཀྱི་འཕྲོད་བསྟེན་ལ་གནོད་རྒྱུ་ལས་གཞན་གང་ལ་ཡང་ཕན་མི་ཐོག་གོ།

    Reply
  12. སྟག་ལྗོངས་འཆི་མེད་རྡོ་རྗེ། says:
    ལོ་ 15 སྔོན།

    འབྲོག་ཕྲུག་རང་སྐྱ་བ་ལགས་ཁྱེད་ཀྱི་བློ་བཟང་སེང་གེ་ལ་བོད་དམགས་གཙོ་ལམ་ཏུ་བསྒྱུར་རོགས་ལབ་ཀྱི་འདུག དེགང་ཡིན་ཟེར་དགོས་རེད།བོད་དམགས་གཙོའི་ལན་ལ་འགྲོ་བཞིན་པ་རེད། སྐད་ཆ་བཤད་དུས་གཟབ་དགོས།

    Reply
  13. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བློ་བཟང་སེང་གེས་ཁོང་རང་གི་ལྟ་བ་དང་ལམ་ཕྱོགས་རྣམས་བོད་མི་ལྷོ་ཕྱོགས་གཞི་ཆགས་ཁག་ལ་གསལ་བཤད་གནང་གི་ཡོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    ཁྱེད་ཀྱིས་ལས་ཀ་བྱེད་སྟངས་དེར་དངོས་གནས་ཡོད་པོ་འདུག་པས་ཁྱེད་ཀྱིས་མ་འོང་ཆབ་སྲིད་ལམ་ཕྱོགས་དེ་ཡང་གསལ་བཤད་ཤིག་དང་བཙན་བྱོལ་བོད་གཞུང་འཛིན་སྐྱོང་བྱ་ཕྱོགས་སྐོར་རུ་ཁ་གསལ་ཙམ་གསུང་ཐུབ་ན་དགའ་པོ་ཡོང་བ།

    ཁྱེད་ཀྱིས་འགན་ཡག་པོ་ཁུར་ནས་འབད་བརྩོན་བྱེད་བཞིན་ཡོད་པར་ཧ་ཅང་དགའ་པོ་བྱུང་། ཁྱེད་ཀྱིས་གསལ་བཤད་ཅི་ཙམ་བྱེད་པ་དེ་ཙམ་གྱིས་བཙན་བྱོལ་བོད་མིས་ཁྱེད་རང་ཤེས་རྟོགས་ཡོང་གི་རེད། གཞན་མ་གཏོགས་མཁས་མདོག་དང་རྫིག་མདོག་སྟོན་ནས་བསྡད་པ་ཡིན་ན་ང་རང་ཚོའི་བོད་ཀྱི་ལས་དོན་འགྲུབ་ཀྱི་མ་རེད། ཁྱེད་ཀྱིས་བྱེད་སྟངས་ཡག་པོ་འདུག
    བཀའ་ཁྲིའི་འོས་མི་ཚང་མས་འདི་འདྲ་བྱེད་ན་ཡག་པོ་ག་འདྲ་ཡོང་བ། ང་ཚོང་ལ་ཡང་འོས་འཕེན་བདེ་པོ་ཡོང་གི་རེད།

    Reply
  14. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་བློ་བཟང་སེང་གེ་གདན་ཞུས་ཀྱིས་ཆབ་སྲིད་གོ་རྟོགས་སྤེལ་བར་སྙིང་ནས་དགའ། འོན་ཀྱང་འདི་དམིགས་ཡུལ་གཅིག་རང་གཅིག་བཟུང་ནས་བྱས་པ་ཁ་གསལ་གཏིང་གསལ་ཞིག་མ་རེད་དམ། དམིགས་ཡུལ་དེ་ཉིས་སྟོང་༡༡ལོའི་བཀའ་ཁྲིར་དམིགས་པ་ཁོ་ན་ལས། བཙན་བྱོལ་བོད་མིའི་ཆབ་སྲིད་གོ་རྟོགས་སྤེལ་ཆེད་བ་ཟེར་དེ་ཁ་གཡར་ས་ཙམ་ཡིན་པ་བྱིས་པས་ཤེས་པ་ཡིན་ཨང་། འདི་ལྟ་རྐྱང་བྱས་པས་བོད་མིའི་ལས་དོན་དེར་ནམ་ཡང་ཕན་མི་སྲིད་དོ།།

    Reply
  15. འབྲོང་ཕྲུག་རང་སྐྱ་བ། says:
    ལོ་ 15 སྔོན།

    མཁས་དབང་བློ་ནཟང་སེང་གེ་ལགས་ཀྱིས་ལྷོ་གཞིས་ཁག་ལ་ཆབ་སྲིད་ཀྱི་གོ་རྟོག་དང་མི་དམངས་ལ་ཆབ་སྲིད་ཟབ་སྤྱོང་དང་ཁྲིམ་ལུགས་སློབ་གསོ་ཆབས་སྤེལ་གནང་བ་སོགས་ལ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་ཅིག་ཏུ་དུས་རབས་ཀྱི་འཕོ་འགྱུར་དང་འཛམ་གླིང་སྤྱིའི་གནས་སྟེང་ལ་གཞིགས་ན་ད་ལྟའི་བོད་མི་རིགས་ཀྱི་བདེ་སྡུག་དང་མོ་འོང་བོད་ཀྱི་གནས་བབ་སོགས་གང་ཐད་ནས་དཀའ་ངལ་མི་ཉུང་བ་ཞིག་འཕྲད་དང་འཕྲད་བཞིན་པའི་སྐབས་འདིར་བཀའ་ཁྲིར་ཕེབ་ཀྱང་ཁོ་ལ་ཡང་དཀའ་ངལ་མི་ཉུང་ཞིག་ཡོད་ཀྱང་མི་དམང་གི་རེ་འདུན་དང་འཚམས་པའི་གྲ་སྒྲིག་ཉམ་མྱོང་སོགས་ཀྱི་འབད་རྩོན་སློད་མེད་དང་བཅས་མི་རིགས་ཀྱི་དཀའ་ངལ་སེལ་ཏེ་བོད་རྒྱལ་ཁབ་ཆེན་པོ་ནི་རང་དབང་དང་དམངས་གཙོའི་ལམ་ལ་བསྒྱུར་བར་སྨོན་འདུན་ཞུ།

    Reply
  16. བཟོད་པ་ལྷ་རྩེ། says:
    ལོ་ 15 སྔོན།

    ཡག་པོ་འདུག་མི་མང་གི་མདུན་སར་ཐོན་ནས་མ་འོངས་པའི་ལེགས་འཆར་དང་ཆབ་སྲིད་ཀྱི་ལངས་ཕྱོགས་གསལ་སྟོན་གནང་བ་ཡིན་ན་མི་མང་ནས་ཀྱང་འོས་ཤོག་འཕེན་དུས་བློ་བདེ་བ་ཡོང་ངེས། འོན་ཀྱང་ཆུ་མེད་སར་ཟམ་པ་དང་སྒོ་ཕྱུགས་མེད་ས་རྩྭ་ར་འཛུག་བསྐྲུན་ལྟ་བུའི་གཏམ་བཤད་ལྟ་བུ་ནི་བཤད་པ་ལས་མ་བཤད་ན་ལེགས་པ་ཡོད།

    Reply
  17. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    འཁོར་བསྐྱོད་སྐབས་སུ་དམིགས་གསལ་བ་ཞིག་གསུང་རྒྱུ་མི་འདུག།།ཡིན་ཡང་ཕྱིའི་རྒྱལ་ཁབ་དག་གི་གནས་སྟངས་ཡག་པོ་བཤད་རྒྱུ་འདུག་ཀྱང་བོད་གཞུང་གི་གནས་སྟངས་དང་ལང་ཕྱོགས་ཐད་ལ་དམིགས་གསལ་གྱི་མཉམ་མྱོང་དེ་འདྲ་ཞིག་ཨེ་ཡོད་སྙམ་པའི་ཚོར་བ་བྱུང་སོང་།

    Reply
  18. oscargyatso says:
    ལོ་ 15 སྔོན།

    གངས་ལྗོངས་རང་བདེན་རྩོད་ལེན་ཚོགས་ཆུང་གི་མི་དམངས་ནང་ཆབ་སྲིད་ཀྱི་གོ་རྟོགས་སྤེལ་པ་ཐུགས་ཆེ་གནང་། ལས་འགུལ་ཡག་པོ་རེད།
    ཡིན་ནའང་དེ་རིང་སེང་ཉིན་མི་འདི་འདྲ་མང་བོ་བྱུང་དང་བྱུང་བཞིན་པའི་དུས་སྐབས་ཡིན་དུས་ཚང་མའི་གཟབ་གཟབ་གནང་དགོས་པ་གལ།
    ཁ་བདེ་པོ་དང་ཚིག་སྙན་པོ་རེ་ཟུང་བཤད་ནས་དེའི་མགོ་སྐོར་འོག་ཚུལ་སྙམ་ཆེ།
    མཁས་དབང་ཡིན་མིན་ཐོག་རྩོད་གཞི་དང་སྐབས་བབ་གལ་ཆེན་རེ་མི་འདུག

    Reply
  19. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    སེར་སྨད་བློ་དགའ་ལགས། མཁས་དབང་བློ་བཟང་སེང་གེ་མཆོག་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱིས་གདན་འདྲེན་ཞུས་ཏེ་ལྷོ་གཞིས་ཁག་ཏུ་བོད་དོན་ཆབ་སྲིད་ཀྱི་གོ་རྟོགས་ལས་འགུལ་སྤེལ་བ་རེད། དེ་ཡང་ཕྱི་ལོ་ ༢༠༠༩ ཕྱི་ཟླ་ ༦ ཚེས་ ༣༠ ཉིན་བཞག་པའི་གངས་ལྗོངས་རང་བདེན་རྩོད་ལེན་མཐུན་ཚོགས་ཀྱི་དབུས་སའི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་གི་གྲོས་ཆོད་ཀྱི་དགོངས་དོན་བཞིན་ལས་གཞི་འདི་འགོ་ལོ་གཅིག་གི་སྔོན་ནས་བརྩམས་པ་ཞིག་ཡིན་པ་ལས། མཁས་དབང་ཁོང་རྒྱལ་ཡོངས་མང་གཙོ་ཚོགས་པའི་བཀའ་ཁྲིའི་འོས་མིག་ཡིན་པའི་རྒྱུ་མཚན་གྱིས་གདན་འདྲེན་བྱེད་རྒྱུ་ཀློ་བུར་དུ་དྲན་པ་དེ་འདྲ་མ་རེད།

    Reply
  20. འབའ་ཐང་གི་བུ། says:
    ལོ་ 15 སྔོན།

    རྒྱལ་སྤྱིའི་ཁྲིམས་ལུགས་མཁས་དབང་སྐུ་ཞབས་བློ་བཟང་སེང་གེ་ལགས་ཀྱིས་གསར་བརྗེའི་ལས་འགུལ་སྤེལ་བ་སྙིང་ཐག་པ་ནས་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན།

    ཁོང་གིས་བོད་གཞིས་ཁག་ལ་སྐོར་བསྐྱོད་ཀྱིས་མང་ཚོགས་ལ་ཆབ་སྲིད་ཀྱི་གོ་རྟོགས་གནང་བ་འདི་སྐབས་གསུམ་པའི་བཀའ་ཁྲིའི་འོས་མིའི་འགྲན་རྩོད་དངོས་ནང་ཞུགས་པ་ལྟ་བུའི་མྱོང་ཚོར་བྱུང༌། འདི་ནི་གསར་བརྗེ་ཞིག་ཡིན་ངེས།

    བོད་པ་ཚང་གི་ངོ་ཚ་འབེལ་པོ་དང༌། ཁེངས་སྐྱུངས་བྱེད་པའི་ངན་གོམས་རྣམས་ད་ལན་ཁོང་གིས་གཙབ་བཤགས་བཏང་སྟེ་མདུན་ནས་མདུན་དུ་ཐོན་དགོས་པའི་བསླབ་བྱ་ཐེངས་གཅིག་སྤྲད་པ་རེད་འདོད། ཁོང་གིས་མུ་མཐུད་ནས་བསླེབ་ལ་ཉེ་བའི་བཀའ་ཁྲིའི་འོས་ཁོངས་སུ་ཞུགས་ཏེ་ཨ་རི་སྲིད་འཛིན་གྱི་འགྲན་རྩོད་ནང་བཞིན་ལག་བསྟར་ཐུབ་པ་ཞིག་བྱུང་ན་དེ་ནི་བོད་པ་ཚང་གི་ལོ་རྒྱུས་ནང་འབྱུང་མྱོང་མེད་པའི་གསར་བརྗེའི་བྱ་འགུལ་ཐེངས་དང་པོ་དེ་ཆགས་པ་རེད་ལ། ཁོང་ཡང་བཙན་བྱོལ་ནང་གི་བོད་མི་གསར་བརྗེ་བ་ཐོག་མ་དེ་ཆགས་འགྲོ་བ་རེད་སྙམ།

    Reply
  21. ཕུན་ཚོགས ། says:
    ལོ་ 15 སྔོན།

    མི་བུ་ཞིག་གི་འགན་འཁྲི་དང་ལེན་ཀྱི་རྣམ་འགྱུར་ཙམ་ལའང་ང་ཚོས་ཅིས་ཀྱང་བསྟོད་པའི་མཐེ་བོང་སྒྲེང་དགོས་པའི་ཚད་ལ་སླེབས་འདུག་པས།མཁས་དབང་ཞེས་པའི་མིང་འདི་སུ་ལ་ཐོགས་མིན་ཀྱི་རྩོད་པ་རིན་ཐང་མེད་པ་དག་རྒྱང་ནས་རྒྱང་དུ་གྱེས་ཤིག་

    Reply
  22. བླ་མ་སྨྱོན་པ། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་ལ་གཉིས་སྟོང་བཅུ་གཅིག་གི་གྲ་སྒྲིགས་ག་རེ་ཡོད་རེད། བཀའ་ཁྲིའི་འོས་དམིགས་ལ་ཡོད་རེད་ཟེར་ན་ནི་དེ་སོ་སོས་བླུག་མ་བླུག་འདོད་པ་ཡིན་ཙམ་མ་བླུག་ན་ཡང་ངོ་རྒོལ་སུས་ཀྱང་བྱེད་མི་ཐུག ཁོང་གི་ཆུ་སྒང་ནང་ཁུལ་དུ་ཕོང་བཀྲུག་རྒྱབ་པ་དེ་ཚང་མའི་ཤེས་གསལ་རེད་དེས་ན་ཚང་མའི་གཟབ་གཟབ་གནང་དགོས།

    Reply
  23. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    གངས་ལྗོངས་རང་དོན་རྩོད་ལེན་མཐུན་ཚོགས་ཀྱིས་བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་བཀའ་ཁྲིའི་འོས་མིག་ལ་དགེ་མཚན་མཐོང་བ་དང་། མི་རྒྱུ་དུས་གསུམ་གྱིས་ཞལ་འདེབས་གནང་བར་སྙིང་ནས་བཀའ་དྲིན་རྗེས་དྲན་ཡོད།

    Reply
  24. ངག་དབང་རབ་རྒྱས། says:
    ལོ་ 15 སྔོན།

    བློ་བཟང་སེང་གེ་ལགས་ལ་མཁས་དབང་རང་ཐད་ཁར་འབོད་ན་ཅུང་མི་འགྲིག་པ་འདྲ་པོ་མཐོང་གི་འདུག གང་ཡིན་ཟེར་ན་ཁོང་རིག་པའི་གནས་ཐམས་ཅད་མཁས་པ་གང་ཡང་མ་རེད་ང་ཚོ་ཚང་མས་ཧ་གོ་གོ་པ་རེད། ཨ་ཤི་ཡའི་ཁྲིམས་སྐོར་ལ་འབུམ་རམས་པའི་སློབ་མཐར་ཕྱིན་ཏེ་ད་ལྟའི་ཆར་ཞིབ་འཇུག་གི་ལས་དོན་བྱེད་མུས་རེད། གལ་སྲིད་མཁས་དབང་འབོད་དགོས་ཡོད་ན་ཨ་ཤི་ཡའི་ཁྲིམས་ལུགས་མཁས་དབང་འབོད་ན་ཅུང་སྟབས་བདེ་བ་ཡོད་པ་རེད་མ་གཏོགས། གཞན་མ་འོངས་པར་མཁས་དབང་ཟེར་བའི་ཐ་སྙད་འདི་ལ་རིན་ཐང་མེད་པ་ཆགས་རྒྱུའི་ཉེན་ཁ་འདུག ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་ཕྱི་ནང་གི་རིག་པའི་གནས་ཐམས་ཅད་ལ་མཁས་པ་ཕུར་དུ་བྱུང་བ་ཞིག་ཡོད་པ་ནི་ཟམ་གདོང་རིན་པོ་ཆེ་མཆོག་རེད་ཁོང་ལ་ད་ལྟའི་སྐབས་སུ་རིགས་གཅིག་གིས་མཁས་དབང་ཟེར་འབོད་འདོད་ཡོད་པ་རེད། བློ་བཟང་སེང་གེ་ལྟ་བུ་ལ་མཁས་དབང་འབོད་ན་རིན་པོ་ཆེ་ལ་དེ་བས་མཁས་དབང་འབོད་དགོས་ངེས་དང་འོས་བབས་རང་བཞིན་ཡོད་པ་མིག་ལྡན་ཀུན་གྱིས་མཐོང་ཆོས་སུ་ཡོད་པ་དེ་རེད།

    Reply
  25. སྤང་མདའ་སྟོབས་རྒྱས། says:
    ལོ་ 15 སྔོན།

    བློ་བཟང་སེང་གེས་གཉིས་སྟོང་བཅུ་གཅིག་གི་ལས་གཞི་ལ་གྲ་སྒྲིགས་གནང་བཞིན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese