མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨྱོ་རྫས་ཀྱི་ཁོར་ཡུག་སྐྲུན་མཁན་ང་རང་ཚོ་རེད་ཟེར།

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༥
Share on FacebookShare on TwitterShare on EmailShare on Whatsapp

ང་ཚོའི་སྤྱི་ཚོགས་ནང་སྨྱོ་རྫས་སྤྱོད་མཁན་མང་པོ་འདུག་ལ། དམིགས་བསལ་སློབ་གྲྭའི་ནང་དེའི་རིགས་དར་སྲོལ་དང་ཤུགས་ཆེར་འགྲོ་བཞིན་པ་དེ་ཕ་ཚབ་མ་ཚབ་དང་དགེ་རྒན། ཁྱིམ་གྱི་ཕ་མ་དང་གྲོགས་པོ་སོགས་ཁོར་ཡུག་རང་གིས་བཟོས་པའི་སྐྱོན་རེད་ཅེས་ངྷ་སྟེང་བོད་ཁྱིམ་འཕྲོད་བསྟེན་ཚོགས་ཆུང་གི་ཚོགས་གཙོ་བསྟན་འཛིན་འཇམ་དབྱངས་ལགས་ཀྱིས་བརྗོད་བྱུང་།

ཁ་སང་སྟེ་ཕྱི་ཚེས་ ༢༤ ཉིན་གྱི་ཕྱི་དྲོ་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་འཕྲོད་བསྟེན་ཚོགས་ཆུང་དང་ཁོར་ཡུག་སྡེ་ཚན། རྒྱ་གར་གྱི་ TANDA Medical College (Kangra) སྨན་པའི་མཐོ་སློབ་བཅས་མཉམ་རུབ་ཐོག་རྒྱལ་སྤྱིའི་སྨྱོ་རྫས་སྔོན་འགོག་གི་ཉིན་མོ་སླེབས་ལ་ཉེ་བའི་སྐབས་དང་བསྟུན་ཏེ། མེག་གྷན་རླངས་འཁོར་ས་ཚིགས་ནས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་བར་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད། སྐབས་དེར་ངྷ་སྟེང་བོད་ཁྱིམ་འཕྲོད་བསྟེན་ཚོགས་ཆུང་གི་ཚོགས་གཙོ་བསྟན་འཛིན་འཇམ་དབྱངས་ལགས་ཀྱིས་ཐེངས་འདིའི་ལས་འགུལ་གྱི་དམིགས་ཡུལ་དང་འབྲེལ་བརྗོད་དོན། དེང་སང་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ནང་སྨྱོ་རྫས་བེད་སྤྱོད་བྱེད་མཁན་མང་དུ་འགྲོ་བཞིན་འདུག་ལ།  ལྷག་པར་དུ་གཞོན་སྐྱེས་ཁྲོད་སྨྱོ་རྫས་སྤྱོད་པ་དེ་དར་སྲོལ་ཆེ་ཤོས་ཤིག་ཆགས་ཡོད་སྟབས། ང་ཚོས་དེ་དག་མེད་པར་བཟོ་ཆེད་ལས་འགུལ་འདི་སྤེལ་བ་ཡིན། གལ་སྲིད། སྨྱོ་རྫས་རིགས་ཀྱི་ཐ་མ་འཐེན་པ་ཡིན་ན་མིའི་ལུས་པོར་གནོད་པ་འབྱུང་གི་ཡོད་པར་མ་ཟད། དེ་ལ་བརྟེན་ནས་རེག་དུག་གི་ན་ཚ་འབྱུང་བར་ཐག་ཉེ་བོ་ཆགས་ཀྱི་ཡོད་ལ། རེག་དུག་གི་ན་ཚ་མང་པོ་ཞིག་སྨྱོ་རྫས་ལ་བརྟེན་ནས་ཡོང་གི་ཡོད་པ་རེད། མེག་ལོར་ལ་མཚོན་ན་བོད་ནས་ཡོང་བསྡད་པའི་གཞོན་སྐྱེས་གང་མང་ཞིག་ལ་སྨྱོ་རྫས་སྤྱད་ཡུན་རིང་བའི་དབང་གིས་དཀའ་ངལ་འཕྲད་བསྡད་པ་གང་མང་ཞིག་ཡོད་པ་རེད། དེ་དང་དེ་ལྟ་བུའི་གནས་ཚུལ་གང་མང་ལ་བརྟེན་ནས་ང་ཚོས་མ་འོངས་སྔོན་འགོག་དང་གོ་རྟོགས་སྤེལ་ཆེད་ལས་འགུལ་སྤེལ་བ་ཡིན་ཞེས་བརྗོད་བྱུང་ལ། ཡང་ཁོང་གིས། མི་རིགས་ཤིག་གི་འཐབ་རྩོད་ལ་མི་བུ་རེ་རེ་མེད་ཐབས་མེད་སྟབས། ང་ཚོས་རང་དབང་ཁོ་ནའི་ཆེད་དུ་སྐད་འབོད་དང་ངོ་རྒོལ་མི་བྱེད་པར་འདིའི་རིགས་ཀྱི་སྔོན་འགོག་དང་དར་ཁྱབ་མི་འགྲོ་བའི་ཐད་ལས་འགུལ་སྤེལ་དགོས་པ་གལ་ཆེན་པོ་རེད། ད་ལྟའི་ཆར་ངྷ་སའི་ཀུན་ཕན་ཚོགས་པས་སྨྱོ་རྫས་སྤྱད་པའི་རིགས་ལ་ཚན་རིག་གི་ལམ་ནས་སྔོན་འགོག་དང་ཚར་གཅོད་བྱེད་ཐབས་བྱས་དང་བྱེད་ཀྱིན་ཡོད་ཀྱང་། ང་ཚོས་སྤྱི་ཚོགས་ཀྱི་གཞོན་སྐྱེས་གང་མང་ཞིག་གིས་ག་རེ་ཡིན་ཡང་ཚོད་ལྟ་བྱེད་དགོས་པའི་ཀུན་སློང་འཁྱེར་ཏེ་སྨྱོ་རྫས་རིགས་སྤྱད་ཅིང་། རྗེས་སུ་འགོག་མི་ཐུབ་པའི་གནས་སུ་བསྐྱལ་གྱིན་འདུག  དེའི་རིགས་སློབ་མའི་ནང་ཤུགས་ཆེན་པོ་རེད། སྨྱོ་རྫས་རིགས་འགོག་པ་ལ་སྤྱི་ཚོགས་དང་ཁོར་ཡུག་ཚང་མར་འབྲེལ་ཡོད་པ་རེད། སློབ་གྲྭའི་ཕ་ཚབ་མ་ཚབ་དང་དགེ་རྒན། ཁྱིམ་ཚང་གི་ཕ་མ་སོགས་ཀྱིས་ཀྱང་ཤུགས་རྐྱེན་ངན་པ་ཐེབས་ཀྱིན་འདུག་ལ། དེ་བཞིན་གྲོགས་པོ་སོགས་ཀྱིས་ང་ཚོ་རང་ཉིད་ཀྱི་ཁོར་ཡུག་ནང་སྨྱོ་རྫས་སྤྱོད་མཁན་སྐྱེད་སྲིང་བྱེད་ཀྱིན་པའི་ཚོར་སྣང་སྤྲད་འོག་གི་འདུག་ཅེས་བརྗོད་བྱུང་།

ཁ་སང་ཕྱི་དྲོ་ངྷ་སྟེང་བོད་ཁྱིམ་འཕྲོད་བསྟེན་ཚོགས་ཆུང་གི་དགེ་སློབ་དང་། རྒྱ་གར་གྱི་སྨན་ཕའི་མཐོ་སློབ་ཀྱི་དགེ་སློབ་བཅས་མི་ ༡༠༠ ལྷག་མཉམ་འབྲེལ་གྱིས་སྨྱོ་རྫས་སྔོན་འགོག་གི་ལས་འགུལ་སྤེལ་ཡོད་ལ། ཟླ་འདིའི་ཚེས་ ༢༦ ཉིན་བོད་གཞུང་འཕྲོད་བསྟེན་ལས་ཁུངས་དང་ཀུན་ཕན་ཚོགས་པ། ངྷ་སྟེང་བོད་ཁྱིམ་འཕྲོད་བསྟེན་ཚོགས་ཆུང་བཅས་མཉམ་རུབ་ཐོག་སྨྱོ་རྫས་སྔོན་འགོག་གི་མི་མང་ལ་དེའི་ཐད་ཀྱི་ཡིག་ཆ་བཀྲམས་པ་དང་གོ་རྟོགས་སྤེལ་བའི་ལས་འགུལ་སྤེལ་འཆར་ཡོད་འདུག 

གསར་འགོད་པ་དོན་གོ།

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 3

  1. གྱི་ན་བ says:
    ལོ་ 16 སྔོན།

    དེ་ལ་རྒྱབ་སྐྱོར་གཙང་མ་ཡོད། དེའི་རིགས་སློབ་གྲྭ་ཁག་གི་ནང་དར་ཁྱབ་ཆེན་པོ་
    འགྲོ་བཞིན་ཡོད་པ་སྤྱི་ཚོགས་སུ་གླེང་སློང་སྣ་ཚོགས་ཡོང་བཞིན་པ་མ་ཚད་ང་ལ་དཔུང་རྟགས་གསལ་པོ་ཞུ་རྒྱུ་ཡོད། སློབ་གྲྭ་ཁག་གི་དབུ་འཛིན་རྣམས་པའི་མ་གོ་འདོག་འདོག་དང་མ་རིག་འདོག་འདོག་མ་བཞུགས་པ་ངེས་པ་དུ་མ་འོངས་སེལ་རྩ་རྣམས་འཕྲོག་རླགས་དུ་མི་འགྲོ་བའི་ཆེད་གཉིད་ལས་ལངས་སྟེ་འབད་བརྩོན་གང་ཐུབ་གནང་རོགས་ཞུ།

    Reply
  2. ལྷག་པ་ཚེ་རིང༌། says:
    ལོ་ 16 སྔོན།

    བོད་ནང་ལ་མཚོན་ན་ཆང་རག་དང་རྒྱན་རྩེད་ལ་རོལ་རྒྱུ་མང་བའི་སྐྱོན་ཡོད་པ་ལས་མྱོས་རྫས་གཞན་པ་(Drugs)དུག་རྫས་ཀྱི་རིགས་ལ་ལོངས་སྤྱོད་ཀྱི་ཡོད་མེད་ཆ་མ་འཚལ་ཡང་འདི་ག་བཙན་བྱོལ་ནང་དུ་བོད་རིགས་ན་གཞོན་རྣམས་མང་པོས་དུག་རྫས་སྣ་ཚོགས་ཤིག་ལ་ལོངས་སུ་སྤྱོད་བཞིན་འདུག་ལ། དེའི་མཇུག་འབྲས་ཀྱང་ཆུང་ས་རང་ཁྱིམ་དང་ཆེ་ས་མི་རིགས་ཀྱི་ཁུར་པོ་འམ་རྐང་འདྲེན་པ་རྣལ་མར་གྱུར་དང་འགྱུར་བཞིན་ཡོད་པས་ན། གནས་སྟངས་ངན་པ་འདིའི་འབྱུང་བའི་རྒྱུ་རྐྱེན་དང༌། གནོད་ཚབས་ཆེ་ལུགས། སྤྱི་སྒེར་ཀུན་གྱི་ངོས་ནས་འགོག་ཐབས་བཅས་གཞིར་བྱས་ནས་དྲ་གྲོགས་རྣམ་པས་བགྲོ་གླེང་ལྷུག་ཙམ་ཞིག་གནང་ན་དགེ་མཚན་མི་དམན་པ་ཞིག་ཡོང་ངེས་ལགས་པས་དགོངས་འཇགས་མཛོད།

    Reply
  3. གནམ་ལྕགས། says:
    ལོ་ 16 སྔོན།

    དགེ་རྒན་བསྟན་འཛིན་འཇམ་དབྱངས་ལགས་ཀྱིས་གསུང་བ་དེ་ཤིན་ཏུ་བདེན། དེང་སང་རྡ་སའི་གསར་འབྱོར་གྱི་ཁྲོད་ན་སྨྱོ་རྫས་བེད་སྤྱོད་གཏོང་མཁན་མང་བོ་ཡོད། དེ་བས་ཀྱང་རྡ་སྟེང་བོད་ཁྱིམ་དུ་མང་བོ་ཡོད་པ་དང་མང་དུ་འགྲོ་བཞིན་པའི་སྐོར་ཁོང་གིས་གསུང་བ་དེ་རེད། སྔོན་ཆད་ཅིག་ལ་བདག་གིས་ཀྱང་འདིའི་སྐོར་ཞིག་རང་གི་ཟིན་བྲིས་སུ་སྤེལ་ནས་གླེང་སློང་ཤུགས་ཆེན་པོར་སོང་བ་རེད།

    ང་ཚོའི་བདག་གཞན་ཚང་མས་འདིའི་ཐད་ལ་གཟབ་གཟབ་གནང་དགོས་ལ། འདིའི་ཐད་ནས་མ་འོངས་པའི་སོན་རྩ་མང་བོ་ཕར་ཟད་གཅིག་འཕྲོ་ལྷག་ཏུ་སོང་ནའང་མི་རིགས་ཀྱི་གྱོང་གུད་རེད། འདིའི་གནས་སྟངས་འདི་སྔར་དགྱ་ནག་ལའང་བྱུང་བ་རེད། མ་མཐའ་ཡང་དེ་དུས་ཀྱི་དགྱ་ནག་གི་ཉམས་མྱོང་དེའི་སྟེང་ནས་ང་ཚོས་ཐབས་བརྒྱ་ཇུས་སྟོང་གིས་འགོག་རྒོལ་ཤུགས་ཆེན་བྱེད་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese