མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྒྲིག་འགལ་སློབ་མ་དང་འུར་སློང་ཉེས་འཛུགས། སྤོབས་པ་མཐའ་ཡས།

བོད་ཀྱི་དུས་བབ།
༢༠༡༠/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp
 

བོད་གནའ་མིའི་གཏམ་དཔེར། མིའུ་རྟེའུ་ཁྱིའུ་གསུམ༎ ལས་བྱས་པ་མེད་ཀྱང་ཀུན་གྱིས་གཅེས༎ ཟེར་བ་ལོས་བདེན། ད་ཐེངས་མ་སུའུ་རིའི་སྒྲིག་འགལ་སློབ་ཕྲུག་ཕྱིར་འབུད་བཏང་བ་དེར་རྒྱབ་རྩ་བྱེད་མཁན་འདི་འདྲ་མང་པོ་ཞིག་ཡིད་པ་དེ་ཡ་མཚན་དགོས་པ་ཞིག་རེད། ཚོགས་པ་སྒྲིག་འཛུགས་གང་ཡིན་ན་ཡང་ཕྱིར་འབུད་བྱེད་འོས་པའི་སྒྲིགས་གཞི་ཞིག་དང་འགལ་ན་ཕྱིར་འབུད་བྱེད་པ་དེ་རྒྱུན་ལྡན་རེད། དེ་ཧ་ལས་དགོས་པ་ཞིག་མ་རེད། བཙན་བྱོལ་ནང་ནས་ཚོགས་པ་སྒྲིག་འཛུགས་གང་རུང་ནས་ཕྱིར་ཐོན་ཚེ་བོད་དུ་འགྲོ་མཁན་ཚོར་ལམ་གྲོན་ཁ་གསབ་ཞིག་ཀྱང་སྣེ་ལེན་ཁང་བརྒྱུད་ནས་ཐོབ་ཀྱིན་ཡོད་པ་རེད། དེ་ཡང་ང་ཚོའི་ཚོགས་པ་སྒྲིག་འཛུགས་ཚོའི་བཀའ་དྲིན་ཡིན་པ་ལས་སློབ་གྲྭ་གཞན་ནས་སྒྲིག་འགལ་མཁན་ཕྱིར་ཕུད་སྐབས་ལམ་གྲོན་སྟེར་མཁན་ཞིག་དཀོན་པོ་རེད། བོད་དུ་འགྲོ་མཁན་ཡིན་རུང་མིན་རུང་ཁེ་བཟང་ལ་བསམ་ནས་ལམ་གྲོན་དེ་ལེན་མཁན་མང་པོ་རེད། འདི་ནས་མི་ཁ་ཤས་ཤིག་གིས་ཐོག་མར་སློབ་ཕྲུག་རྒྱ་ལག་ལ་རྩིས་སྤྲད་སོང་ཟེར་བའི་འུར་སློང་བ་དེ་ཚོད་མེད་ཀྱི་ཉེས་འགེལ་ཧམ་བཤད་རི་འདྲ་བ་ཞིག་རེད། ཁྱོད་ཚོས་ལན་གསལ་བོ་ཞིག་ཐོབ་དང་། རྒྱ་ལག་ལ་ག་འདྲ་བྱས་ནས་རྩིས་སྤྲད་པ་རེད། རྒྱ་གར་པུ་ལི་སི་བརྒྱུད་ནས་རྩིས་སྤྲད་པ་རེད་དམ་བལ་བོའི་པུ་ལི་སི་བརྒྱུད་ནས་རྩིས་སྤྲོད་བྱས་འདུག ཡང་ན་མ་སུའུ་རི་བོད་ཁྱིམ་ལས་བྱེད་རང་གིས་རྒྱ་ལག་ལ་བཞག་འདུག འདི་ལྟར་འུར་སློང་མཁན་དང་། འདི་ལྟར་འུར་བསླངས་བའི་རྗེས་སུ་འབྲངས་མཁན་ཚོས་གནད་དོན་འདི་ཚོ་གླེང་རྒྱུ་མེད་བཞིན་དུ་འུར་དེ་ལྟར་རྒྱག་ཕོད་པ་ཡ་མཚན། ཕལ་ཆེར་ཐོག་མར་རྒྱ་མིའི་ལག་ལ་རྩིས་སྤྲོད་བྱས་སོང་ཟེར་མཁན་དེས་ཧ་མ་གོ་བར་དེ་ལྟར་ལབ་པ་ཞིག་མ་རེད། མི་དེ་ལ་དམིགས་ཡུལ་གཞན་ཞིག་འདུག དམིགས་ཡུལ་དེ་ཡག་པོ་ཞིག་མ་རེད། མི་དེས་མ་སུའུ་རི་སློབ་གྲྭའམ་ཡང་ན་བཙན་བྱོལ་བོད་གཞུང་ལ་ནག་ཐིག་ཅིག་བགོ་བསམ་ནས་དེ་ལྟར་ལབ་པ་རེད། དེའི་རྗེས་སུ་རི་བོང་ཅལ་འགྲོགས་ལྟ་བུའི་མི་མང་པོ་ཞིག་ཧ་ལས་མདོག་གིས་གཏམ་དེ་གཅིག་རྗེས་གཉིས་ཟློས་བྱས་སོང་། ངས་བསམ་ན་གླེང་གཞི་འདི་རྒྱ་ཆེན་པོ་བཟོ་མཁན་དེ་སློབ་ཕྲུག་དེ་ཚོའི་སྤུན་ཉེ་གྲོགས་པོ་ལྟ་བུའམ་ས་ཕྱོགས་གཅིག་པ་སོགས་གང་ལྟར་འབྲེལ་ཡོད་ཅིག་གིས་མ་སུའུ་རི་བོད་ཁྱིམ་ལ་འཁོན་ལན་སློག་གིན་མེད་དམ་སྙམ་པ་ཞིག་འདུག དུས་བབ་དྲ་རྒྱའི་བསམ་ཚུལ་འདེམས་ས་དེར་གཅིག་ལྟོས་དང་། ཐལ་དྲགས་འདུག་ཟེར་ས་དེ་འདེམས་མཁན་སྟོང་ཕྲག་ལས་བརྒལ་བ་རེད། ནམ་རྒྱུན་བོད་རྒྱལ་ཁབ་ཀྱི་གནད་དོན་ཞིག་ཡིན་ན་ཡང་བསམ་ཚུལ་འདེམས་མཁན་དེ་འདྲ་མང་པོ་མི་འདུག ད་ཐེངས་མི་ཁ་ཤས་ཤིག་གིས་ཅིག་འཁྲབས་བཞིན་ཡོད་པ་སེམས་ཐག་ཆོད་བྱུང་། སྔོན་མ་གྲག་འགུལ་མེད་པའི་མི་ཚོ་གཅིག་ཐེངས་འདིར་གསར་དུ་འབྱོར་སོང་། དེ་ཚོས་ང་ཚོའི་དྲ་རྒྱ་ཁག་ཚང་མར་སོ་ལྟ་བྱས་ནས་བསྡད་འདུག བསམ་ཚུལ་མི་མཐུན་པ་འདོན་མཁན་རེ་བྱུང་མ་ཐག་ཏུ་འབུར་འཇོམས་བྱེད་ཀྱིན་འདུག ནམ་རྒྱུན་བོད་མི་རིགས་སྤྱིའི་དོན་གླེང་དུས་གྲག་འགུལ་མེད་ལ་ད་ཐེངས་སྒྲིག་འགལ་སློབ་མ་ཁ་ཤས་གནས་དབྱུངས་བཏང་བ་དེར་དེ་ཙམ་སེམས་འགུལ་ཞིག་སླེབས་ཟེར་ན་ཡིད་ཆེས་ཐུབ་པ་ཞིག་མ་རེད། ངས་བསམ་ན་ད་ཐེངས་སྐད་ཆེན་པོ་རྒྱག་མཁན་དེའི་གྲས་ཁག་གཅིག་སློབ་ཕྲུག་དེ་ཚོའི་འབྲེལ་ཡོད་རེ་རེད་སྙམ །ཕོ་གཡོ་ཅན་ཉི་མ་ནུབ་ནས་ཤར༎དེ་སྨིན་དྲུག་མེད་ན་ཤར་ནུབ་ནོར༎ ཟེར་བ་བཞིན་མང་པོ་ཞིག་ལ་རང་སྟོབས་ཀྱིས་བསམ་བློ་གཏོང་བའི་ནུས་པ་མེད་སྟབས་མི་གཞན་གྱིས་གང་བཤད་ལ་རྗེས་ཟློས་བྱས་ནས་འུར་ཆེན་པོ་རྒྱག་ཁུལ་བྱེད་པ་མཐོང་དུས་སེམས་སྐྱོ་དུང་ངེ་བ་ཞིག་ཀྱང་བྱུང་་། ངས་འདི་ནས་རེ་སྐུལ་ཞུ་བཞིན་པ་ནི་རང་རང་གིས་བསམ་གཞིག་བྱེད་རོགས། མི་གཡོ་སྒྱུ་ཅན་གྱིས་གང་བཤད་ལ་རྗེས་ཟློས་ཀྱིས་གང་བྱུང་འུར་སྒྲོགས་མ་བྱེད་རོགས་ཞུ།

འབྲེལ་ཡོད་གསར་འགྱུར།

Chinese Embassy at Delhi
Mobile App

དྷ་རམ་ས་ལར་རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་ཡོང་ནས་སོ་ཉུལ་བྱས་འདུག

ཆུ་ཚོད་ ༡ སྔོན་ལ།
༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ཚོགས་བཅར་བའི་ཚན་རིག་རྟགས་གསལ་གཏོང་བའི་ཚོགས་མགོན་དུ་ཕེབས། ༢༠༢༥།༡༢།༡༨ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་ཚན་རིག་སྦྱང་དགོས་པའི་བཀའ་སློབ་བསྩལ།

ཆུ་ཚོད་ ༡༩ སྔོན་ལ།
བོད་ཁྲི་ཀ་རྫོང་ཁོངས་ནས་ཡིན་པའི་བུད་མེད་ཡུལ་སྐོར་སྣེ་ཤན་པ་ཚེ་རིང་མཚོ་ལགས་ལ་ལོ་གཅིག་བཙོན་འཇུག་ཁྲིམས་ཐག་བཅད། འདི་གར་མཁོ་སྤྲོད་བྱས་པའི་པར།
Mobile App

ཚེ་རིང་མཚོ་ལགས་ལ་ལོ་གཅིག་གི་ཁྲིམས་ཐག་བཅད།

ཆུ་ཚོད་ ༢༠ སྔོན་ལ།
རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་གནང་། ༢༠༢༥།༡༢།༡༨ བོད་ཀྱི་དཔེ་མཛོད་ཁང་ག་ིཔར།
གསར་འགྱུར།

རཀཿར་རིན་པོ་ཆེའི་གསུང་རྩོམ་པོད་བཅུ་བདུན་འགྲེམས་སྤེལ་གནང་།

ཆུ་ཚོད་ ༢༠ སྔོན་ལ།
Glimpses of the Program’s proceedings; Dignitaries observing Indian & Tibetan National Anthem, Lighting of Lamp, and a group photo of Dignitaries on the Dias with students of the Arya Mahila P.G. College, Varanasi
Mobile App

བོད་དང་གངས་རིན་པོ་ཆེའི་ནང་རང་དབང་ཐོག་འགྲོ་སྐྱོད་ཆོག་པའི་མཚན་རྟགས་བསྡུ་རུབ་བྱེད་བཞིན་འདུག

ཆུ་ཚོད་ ༢༠ སྔོན་ལ།
Activists call for a boycott of the 2022 Beijing Winter Olympics due to concerns over China's human rights record, in front of the Chinese Consulate in Los Angeles, California, Nov. 3, 2021. Representative Image
གསར་འགྱུར།

ཨ་རིའི་སློབ་ཆེན་ཁག་ཏུ་བོད་ཡིག་སློབ་ཚན་འཇུག་དགོས་པའི་འབོད་སྐུལ་ཞུས་འདུག

ཆུ་ཚོད་ ༢༡ སྔོན་ལ།

མཆན། 38

  1. གཡག་རྒོད says:
    ལོ་ 15 སྔོན།

    སྤྱིའི་གནད་དོན་དང་འབྲེལ་བའི་ལས་དོན་ཞིག་གི་ཐོག་ལ་སྐད་ཆ་བཤད་དུས། ལས་དོན་དེའི་ཕྱོགས་ཡོངས་ནས་བརྟ་ཞུབ་དང་ཉན་ཞུབ། བརྟག་ཞུབ་བྱ་རྒྱུ་གལ་ཆེ། ལྷག་པར་དུ། རང་སེམས་ལ་བརྟག་དཔྱོད་གཏོང་རྒྱུ་དེ་སྔོནའགྲོ་ཡིན་པ་ཤེས་དགོས།
    ཉིད་ཀྱིས༿ད་ཐེངས་མ་སུའུ་རིའི་སྒྲིག་འགལ་སློབ་ཕྲུག་ཕྱིར་འབུད་བཏང་བ་དེར་རྒྱབ་རྩ་བྱེད་མཁན་འདི་འདྲ་མང་པོ་ཞིག་ཡིད་པ་དེ་ཡ་མཚན་དགོས་པ་ཞིག་རེད། ཚོགས་པ་སྒྲིག་འཛུགས་གང་ཡིན་ན་ཡང་ཕྱིར་འབུད་བྱེད་འོས་པའི་སྒྲིགས་གཞི་ཞིག་དང་འགལ་ན་ཕྱིར་འབུད་བྱེད་པ་དེ་རྒྱུན་ལྡན་རེད། ༾ མ་སུའུ་རིའི་སློབ་གྲྭ་ལ་སློབ་མའི་ཆགས་སྤྱོད་བྱས་ན། སློབ་གྲྭ་དང་གནས་ཡུལ་རྒྱལ་ཁབ་ནས་ཕྱིད་འབུད་གཏོང་ཀི་ཡིན་ཤེས། སྒྲིག་གཞི་དང་སྒྲིག་ཁྲིམས་ཀྱི་ཡིག་ཆ་ཞིག་མེད་པ་གསལ་བོ་རེད། གལ་དེ་ཡོད་པ་ཡིན་ན། ཁྲིམས་དེ་དོན་རྐྱེན་འདིའི་བསྔོན་ལ་ལག་ལྟར་བྱས་མྱོང་ཡོད་པ་རེད་དམ། དྲངས་བདེན་གྱི་སྐད་ཆ་བཤད་མཁན་མང་བ་དེ་ཡ་མཚན་དགོས་པ་ཞིག་མ་རེད་ལ་རྒྱབ་རྩ་བྱས་པའང་མ་རེད།

    Reply
  2. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    འདུལ་ཁྲིམས་་་་ཅིས་ནོར་བཅོས་དགོས།

    Reply
  3. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    ༄༅། སློབ་གྲྭའི་ལས་བྱེད་དང་དྲྭ་གྲོགས་ཁ་ཤས་ལ་གདམས་པ་བཞུགས་སོ།
    མཛེས་སྡུག་འབུམ་གྱི་ཕྱུག་པའི་སློབ་གླིང་ནས།
    མི་རིགས་ལང་ཚོ་གསོ་བའི་སློབ་བུ་འགའ།
    ཐ་ཤལ་ཁྱི་སྨྱོན་ཁ་རུ་ཤོར་བའི་ཚེ།
    བདེ་དགའི་དབྱིངས་སུ་བཞུགས་མཁན་ཁྱེད་ལས་སུ།

    ཡོད་ཚད་ཆ་མི་མཉམ་པའི་འཇིག་རྟེན་འདིར།
    རྐང་གཉིས་མི་ཞིག་ཡིན་ཕྱིན་འཚོ་སྟང་དང།
    བསམ་པའི་འཁྱེར་སོ་ཐ་དད་ཡོད་ན་ཡང་།
    རང་བུ་སེམས་ཁོངས་མེད་པ་ཁྱེད་ལས་སུ།

    དགེ་རྒན་དམ་པའི་བྱམས་བརྩེ་བདུད་རྩི་ལས།
    ཞིམ་ཞིང་ཟེར་བའི་སྐད་ཆ་ཡོད་ན་ཡང།
    ལོག་རྟོག་འཐོར་རླུང་བཙན་པོའི་ཐལ་དོང་དུ།
    འཕང་ཀྱང་འགྱོད་པ་མེད་མཁན་ཁྱེད་ལས་སུ།

    གངས་ཕྲུག་བློ་ཤེད་ཅན་ཚོའི་སེམས་ཁོངས་སུ།
    ཧ་ལའི་དུག་གི་ཆབ་རྒྱུན་འདི་དྲངས་ན།
    ནུབ་གླིང་རིག་སྨྲ་མང་པོའི་མདུན་ས་རུ།
    མཐའ་མེད་ངོ་ཚ་ཉོས་མཁན་ཁྱེད་ལས་སུ།

    མི་ཚེའི་ཕྱེད་ཀ་སློབ་སྦྱོང་ལ་གཟད་ཀྱང།
    སེམས་པའི་མཐོང་སྣེ་མུན་པ་ཡིས་བསྒྲིབས་ཤིང།
    ཀླད་ཆེན་ཚ་བའི་ནད་ཀྱི་ཟིན་པའི་ཁྱེད།
    རིགས་རྒྱུད་ཚེ་སྲོག་དགུམ་པའི་འཕུང་འདྲི་ཡིན།

    གནས་ལུགས་ངོ་མའི་རང་ཞལ་མ་མཐོང་ཀྱང།
    ཨ་གསར་ཅལ་འགྲོག་ཞིག་གི་རི་རྩེ་ནས།
    ཀུ་སྒྲ་རླུང་ལས་བསྐུར་བའི་ཤེས་མེད་ཁྱེད།
    རང་ཁྱིམ་གྲུ་བཞི་བཀྲུག་པའི་དཔའ་རྒོད་ཞིག།

    འདུལ་ཁྱིམས་བཟང་པོར་བཤད་པའི་གྲྭ་ལོག་འགས།
    ཉོག་གཏམ་ལུང་བ་གང་གི་རྒྱང་འབོད་བྱེད།
    བླང་དོར་གནས་ལ་སྤྱོད་པའི་བློ་མེད་པས།
    གདོང་ཕྱེད་སྤུ་ཡིས་ཁེབས་པའི་རང་མདངས་ངོམ།

    ཞེས་པ་འདི་མ་སུ་རིའི་སློབ་གྲྭ་ནས་ཕྱིར་འབུད་བྱེད་པའི་སློབ་ཕྲུག་དེ་དག་གི་དོན་རྐྱིན་གྱི་བསམ་ཚུལ་མང་པོ་ཞིག་གླེང་བཞིན་པ་ལས་ཁོ་བོས་ཀྱང་སློབ་གྲྭའི་དགེ་རྒན་དང་དྲྭ་གྲོགས་འགའ་ཞིག་འདི་གདམས་པའོ།

    Reply
  4. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ད་འབའ་ཐང་གི་བུ་འདིས་ཅི་ཤོད་གྱིན་ཡོད་རེད། སྒྲིག་ཁྲིམས་ཟེར་དུས་མ་སུའུ་རིའི་སློབ་གྲྭའི་སྒྲིག་ཁྲིམས་ལོས་ཡིན། མ་སུའུ་རི་སློབ་གྲྭའི་སྒྲིག་ཁྲིམས་ཡིན་ན་བཙན་བྱོལ་བོད་མིའི་སྒྲིག་ཁྲིམས་མ་རེད་ཟེར་མི་རུང་དེ་མ་སུསུ་རི་སློབ་གྲྭ་ཡང་བཙན་བྱོལ་བོད་མིའི་སློབ་གྲྭ་ཡིན་པས་སོ༎ སྒྲིག་ཁྲིམས་དེའི་ལུང་ངས་འདྲེན་མི་ཤེས། ལུང་ཞུ་འདོད་ན་མ་སུསུ་རིའི་སློབ་གྲྭ་ལ་འབྲེལ་བ་བྱས་ན་ལུང་དེ་ཁྱོད་ལ་ཐོབ་ཐག་ཆོད་རེད། སློབ་ཕྲུག་གཉིས་ཀྱིས་འཛིན་ཁང་ནང་དུ་སྤྱོད་པ་ངན་པ་བྱས་ན་དགེ་རྒན་དང་སློབ་སྤྱི་ཚང་མ་ལ་ཆད་པ་གཅོད་དགོས་ཟེར་ན་ཁྱེད་རང་ཐལ་དྲགས་སོང་བ་རེད། སློབ་ཕྲུག་འཛིན་གྲྭ་འཚོགས་སར་ཡོང་དུས་དགེ་རྒན་གྱིས་འགན་འཁུར་དགོས་པ་རེད། དུས་རྒྱུན་དུ་ཕ་ཚབ་མ་ཚབ་ཀྱིས་འགན་འཁུར་དགོས་པ་རེད། རང་རང་གི་དུས་ཚོད་དེར་སུས་འཐུས་ཤོར་སོང་ཡོད་ན་དེ་ལ་ཉེས་ཆད་བབ་ལོས་ཡོད། ཁྱེད་ཀྱིས་འཛམ་གླིང་སློབ་གྲྭ་མང་པོའི་གནས་སྟངས་ཤེས་ཚོད་འདུག ཡིན་ན་ཡང་སྒྲིག་ཁྲིམས་འདི་འདྲ་ཡོད་པ་མ་ཤེས་པ་ཐབས་སྡུག་རེད། ནུབ་ཕྱོགས་རྒྱལ་ཁབ་ཚོའི་ནང་ན་ཡང་གཏན་འཇགས་སློབ་གྲྭ་ཚོ་སྒྲིག་ལམ་ཧ་ཅང་དམ་པོ་རེད། རྒྱལ་ཁབ་གཞན་ན་ཡང་བུ་རྐྱང་པའི་སློབ་གྲྭ་དང་བུ་མོ་རྐྱང་བའི་སློབ་གྲྭ་ལོགས་སུ་བྱས་ཡོད་པ་མང་པོ་རེད། དེ་ཡང་ཆགས་སྤྱོད་འགོག་ཆེད་ལོས་ཡིན། ལྷག་པར་ཡང་ཡེ་ཤུའི་གཏན་འཇགས་སློབ་གྲྭ་དེ་ཚོ་ཧ་ཅང་སྒྲིག་ཁྲིམས་དམ་པོ་རེད།

    Reply
  5. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ཟིན་བྲིས་ནང་ལ་དེ་རིང་རྟ་ནག་སྐལ་བཟང་ལུང་རིག་གི་རྩོམ་ཡིག་སྤེལ་བ་དེ་གཅིག་ཀློག་དང་དེ་ནས་ཁྱོད་ཚོའི་བཤད་སྟངས་དེའི་རིན་ཐང་གསལ་པོར་མཐོང་ངེས་རེད།

    Reply
  6. འབའ་ཐང་གི་བུ། says:
    ལོ་ 15 སྔོན།

    གནས་ཚུལ་ཁ་གསལ་བྱུང་མི་འདུག གང་ཡིན་ཟེར་ན་སློབ་གྲྭའི་ནང་འཁྲིད་སྤྱོད་ཀྱི་གནས་ཚུལ་བྱུང་བ་སྒྲིག་གཞི་དང་འགལ་བ་རེད་ཅེས་དང༌། དེ་ལྟར་ཐག་གཅོད་བྱས་པ་ནོར་མེད་པ་འདྲ་པོ་གསལ་བཤད་བྱས་འདུག ད་དུང་ང་ལ་དོགས་པ་བསླེབས་འོང་བ་ནི། སྒྲིག་གཞི་དང་འགལ་བ་ཟེར་བ་དེ་མ་སུ་རི་སློབ་གྲྭའི་སྒྲིག་གཞི་ལ་གོ་དགོས་པ་ཡིན་ནམ། ཡང་མིན་ན་བཙན་བྱོལ་བོད་མིའི་སྒྲིག་གཞི་ལ་གོ་དགོས་པ་ཡིན། དེ་གསལ་པོ་ཞིག་བཟོ་རོགས་ཞུ་རྒྱུ་ཡིན།

    གཉིས་ནི་སྒྲིག་གཞི་དང་འགལ་བ་ཡིན་ན་སྒྲིག་གཞི་གང་དང་གང་ལ་འགལ་བ་ཡིན་མིན་སྒྲིག་གཞི་ལུང་འདྲེན་བྱེད་དགོས་པ་གནད་འགག་ཐུག་འདུག ལར་ནི་སློབ་ཕྲུག་ཕན་ཚུན་འདོད་མོས་བྱས་ནས་འཁྲིད་སྤྱོད་བྱེད་པ་ཞིག་ཡིན་སྟབས་སློབ་གྲྭ་ནས་ཕྱིར་ཕུད་བཏང་བ་དང༌། སྐྱབས་བཅོལ་བོད་མིའི་ཐོབ་སྐལ་བཅད་པའི་ཉེས་ཆད་འདི་འདྲ་བཏང་བ་འཛམ་གླིང་རྒྱལ་ཁབ་ཁག་དང་ལྷག་པར་དགྲ་བོ་རྒྱ་དམར་ཚང་ལའང་ཡོད་རྒྱུ་མ་རེད་སྙམ། ད་དུང་ལུས་འབྲེལ་བྱེད་མཁན་ཁྲོད་ནས་སློབ་ཕྲུག་བུ་ལོ་བཅུ་གསུམ་ཅན་ཞིག་ཀྱང་ཡོད་སྐད་འདུག་པས་ཁོང་ལ་ཉེས་ཆད་དེ་འདྲ་བཅད་པ་འོས་འཚམ་ཡིན་མིན་ཁ་གསལ་ཆགས་མི་འདུག་ཞུ་རྒྱུ་ཡིན།

    ངས་ད་བར་ཡངས་ཤིང་རྒྱ་ཆེ་བའི་འཛམ་གླིང་འདིའི་ནང་སློབ་གྲྭའི་གནས་སྟངས་ཁག་ལ་རྒྱུས་ལོན་མི་དམན་ཙམ་བྱས་ཡོད་ཀྱང་སློབ་ཕྲུག་རང་ངོས་ནས་འདོད་མོས་ཐོག་སློབ་གྲྭའི་ནང་འཁྲིད་སྤྱོད་ཀྱི་བྱ་བར་བསྟེན་པར་གོང་མིང་ནས་ཉེས་ཆད་བཅད་པ་ཞིག་གོ་མྱོང་དང་མཐོང་མྱོང་གཏན་ནས་མེད། བོད་པའི་སློབ་གྲྭ་ཞིག་ནང་གནས་ཚུལ་འདི་འདྲ་ཐོན་པ་ཧ་ཅང་མ་རུང་བ་ཞིག་ཡིན་པ་ངས་ཀྱང་འདོད་ཀྱི་ཡོད། དེ་མཚུངས་ཀྱི་ཉེས་ཆད་གཅོད་དགོས་པ་ཡང་འདོད་ཀྱི་ཡོད། འོན་ཀྱང་དགག་རྩ་ཐུག་ས་དེ་ཉེས་པ་དང་མཚུངས་པའི་ཐག་གཅོད་མ་བྱེད་སྟབས་སྤྱི་ཚོགས་ནང་ལབ་གླེང་སྣ་ཚོགས་བསླེབས་པ་རེད། ཕྱིན་ཆད་ཀྱང་མུ་མཐུད་རྙོག་གླེང་སྣ་ཚོགས་འོང་སྲིད། ད་དུང་སློབ་ཕྲུག་ཕོ་མོ་དེ་གཉིས་ཁྱིམ་ཚང་ནང་སྤྱོད་པ་གང་བྱུང་བྱེད་མ་ཕོད་པར་འཛིན་ཁང་ནང་བྱས་པ་ཞིག་ཡིན་སྟབས་སྒྲིག་འཛུགས་དགེ་རྒན་དང༌། དབུ་འཛིན། སློབ་སྤྱི་སོགས་འབྲེལ་ཡོད་རྣམས་ལ་ཆད་པ་གང་ཡང་མ་གཅོད་པར་ཁྱིམ་ཚང་གི་ཕ་ཚབ་མ་ཚབ་ལ་དེ་ཙམ་མནར་གཅོད་བཏང་དགོས་ཨེ་ཡོད་སྙམ་པའི་བསམ་ཚུལ་དང་དོགས་སློང་ཡོང་བཞིན་པ་རེད། དོན་གནད་འདིའི་ཐོག་ནས་ཀྱང་གསལ་པོ་བཟོ་དགོས་ཀྱི་འདུག

    ངས་རེ་བ་ལ་གོང་དུ་གསལ་པོ་བཟོ་དགོས་པའི་དོན་གནད་ཁག་ལ་དྲ་གྲོགས་སྤོབས་མཐའ་ཡས་ལགས་ཀྱིས་ངེས་པར་ལན་འདེབས་ཤིག་གནོངས་རོགས་ཞུ་རྒྱུ་ཡིན།

    Reply
  7. འཇམ་གྲགས says:
    ལོ་ 15 སྔོན།

    ཤི་བའི་རོ་དང་ཕྲད་པ་ན། །ཁ་ཡང་མཁའ་ལྡིང་ལྟ་བུ་བསྐྱོད། བུ་ཕྲུག་ཉམས་ཆུང་དེ་ཚོ་རྒྱ་མིར་སྤྲོད་པའི་ནུས་པ་དེ་སྣེ་ལེན་ཁང་ལ་ཡོད་ཐག་ཆོད་རེད།

    Reply
  8. གནས་ཚང་། says:
    ལོ་ 15 སྔོན།

    ༡ སྤོབས་པ་མཐའ་ཡས་ནས་དྲི་བ་ཁག་རེ་རེ་བྱས་ལན་འདེབས་ཀྱི་ལམ་ནས་དོགས་གཞི་ཁག་སེལ་བར་སྒུག་ནས་ཡོད།
    ༢ ༼ཤུགས་ལྡན་ཚོགས་པ་ཡང་གྲ་བཞི་བཙོན་ཁང་ལ་བསྐྱལ་ཟིན་ཡོད་རྒྱུ་རེད༽ཅེས་པ་འདི་མ་ཤེས་པའི་གནད་དོན་ཞིག་སྟེ། རྒྱ་གར་གྱི་མི་སེར་རྒྱ་ནག་ལ་རྩིས་སྤྲོད་ཀྱི་ཇུས་འགོད་བྱས་པའི་ཕྱི་ཉིན། རང་ཉིད་རང་གིས་མེད་པར་གཏོང་འགོ་ཚུགས་པ་མ་ཡིན་ནམ།

    Reply
  9. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    དེ་རིང་གནས་ཚང་ཁྱོད་ཆང་གིས་བཟི་ཡོད་པ་མ་རེད་དམ། བཙན་བྱོལ་བོད་གཞུང་གིས་བོད་མི་རྣམས་ཡར་འགྲོ་ལ་མཐུན་འགྱུར་རོགས་རམ་རེ་བྱེད་པ་མ་གཏོགས་འདུག་ཆོག་དང་མི་ཆོག་ཟེར་བའི་དབང་ཆ་ཡོད་མཁན་ཞིག་མ་རེད། ས་ཆ་འདི་རྒྱ་གར་ཁ་སྤུ་ཅན་དང་བལ་བོ་སྒྱིད་པ་ཕྲ་བོ་དེ་ཚོའི་རེད། ས་ཆ་འདི་ན་ང་ཚོའི་བཅན་བྱོལ་བོད་གཞུང་ལ་དབང་ཤུགས་དེ་ཙམ་ཞིག་ཡོད་ན་དགའ་བ་སྒོམ་དགོས་པ་ཞིག་ཡིན་ཡང་དེ་འདྲ་ཡོད་པ་མ་རེད། བཙན་བྱོལ་བོད་གཞུང་གིས་མི་ཞིག་རྒྱ་ནགལ་རྩིས་སྤྲད་ཐུབ་ཀྱིན་ཡོད་ན་ད་ཙམ་ཤུགས་ལྡན་ཚོགས་པ་ཡང་གྲ་བཞི་བཙོན་ཁང་ལ་བསྐྱལ་ཟིན་ཡོད་རྒྱུ་རེད། སྣེ་ལེན་ཁང་ཁོ་རང་ཚོ་བལ་བོའི་པུ་ལི་སིས་འཛིན་གྲབས་བྱས་ནས་བསྡད་ཡོད་མཁན་ཞིག་གིས་མི་ཞིག་ས་མཚམས་བར་དུ་བསྐྱལ་ནས་རྒྱ་དམག་ལ་རྩིས་སྤྲད་ཐུབ་མདོག་མ་རེད། དེ་ལྟར་བྱས་ན་མི་རྩིས་མ་སྤྲད་གོང་ནས་ཁོ་རང་ཚོ་ཡང་བཟུང་འགྲོ་གི་རེད།

    Reply
  10. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    སེར་གཙང་འཇམ་དབྱངས་ལགས། ངས་ཀྱང་པུ་ལི་སི་ཞེས་པའི་ཚིག་འདི་འབྲི་དུས་བསམ་བློ་ཞིག་བཏང་བ་ཡིན། དེང་སྐབས་རང་རེ་ལ་མིང་ཚིག་འདི་ཙམ་ལ་ཡང་འབྲི་སྟངས་གཅིག་གྱུར་ཞིག་མི་འདུག བོད་ནང་ན་སྤྱི་བདེ་མི་སྣ་དང་ཉེན་རྟོག་པ་ལྟ་བུ་འབྲི་ཡིན་འདུག དེ་མིན་གྲོང་སྲུང་དམག་དང་། བདེ་འཇགས་མི་སྣ། སྐོར་བྱ་བ། སྐོར་སྲུང་བ་སོགས་མིང་འདོགས་སྟངས་ལ་གཅིག་གྱུར་ཞིག་མི་འདུག དེར་བརྟེན་གང་ཞིག་འབྲི་དགོས་པ་ཡང་མ་ཤེས་ནས་པུ་ལི་སི་ཞེས་བྲིས་པ་ཡིན། སྔོན་མ་ལྷ་སར་པུ་ལི་སི་འཛུགས་སྐབས་མིང་དེ་ག་རང་དུ་བཞག་ཡོད་པ་འདྲ། དེའི་སྐོར་གྱི་ཡིག་ཆ་འགར་ལྷ་ས་པུ་ལི་སི་ཟེར་ནས་བྲིས་འདུག སྤྱིར་ན་མིང་དེ་རྒི་རིག་གི་མིང་ཚིག་ཅིག་ཡིན་ཞིང་མིང་དེ་ལ་ཡང་གྲོང་སྲུང་བ་དང་། ཁྲིམས་སྲུང་བ། བརྟན་སྲུང་བ་སོགས་དོན་མང་པོ་ཞིག་ཡོད་ཚུལ་ཚིག་མཛོད་ན་བྲིས་འདུག

    Reply
  11. གནས་ཚང་། says:
    ལོ་ 15 སྔོན།

    ༠ གལ་སྲིད་སྤོབས་པ་མཐའ་ཡས་ཀྱི་དགོངས་ཚུལ་ལམ་སློབ་ཕྲུག་ཚོར་འདོད་པ་ཡོད་མེད་ལ་མ་ལྟོས་པར་ཕྱིར་གཏོང་རྐྱང་བྱེད་ཀྱིན་པའི་བྱེད་བབས་འདི་ཁྲིམས་མཐུན་ཆོས་མཐུན་ཚུལ་མཐུན་ཞིག་ཡིན་ན། སྤོབས་པ་མཐའ་ཡས་ཁོ་རང་ཡང་བཀའ་ཁྲིའམ་སློབ་སྤྱི་གང་རུང་ཞིག་གི་འབ་ཕྲུག་མ་ཡིན་པར་སུས་ངོས་ལེན་བྱེད་ཐུབ་བམ།

    ༡ བལ་བོད་ས་མཚམས་བརྒལ་རྗེས་རྒྱ་མིའི་དམག་མི་ཡོད་པ་རེད་ལ། དམག་མི་མ་བརྒྱུད་པར་འགྲོ་སའི་ལམ་ཁ་གཞན་མེད་ན། རྒྱ་དམག་ལ་རྩིས་སྤྲད་པ་མ་རེད་དམ།

    ༢ མང་གཙོའི་ཁྱད་ཆོས་གཙོ་བོ་ནི་ཚོགས་སྐྱིད་གང་རུང་གི་སྒྲིག་འགལ་ཐག་གཅོད་ཐེར་འདོན་དང་འགོག་སྡོམ་བྱེད་རྒྱུ་དེ་མ་ཡིན་ནམ།

    ༣ གལ་སྲིད་བཙན་བྱོལ་བོད་གཞུང་གིས་རྐྱེན་གང་རུང་ལ་གཞི་བྱས་ཁྱོད་རང་བལ་ཡུལ་སྣེ་ལེན་ཁང་བརྒྱུད་ནས་ཕྱིར་བོད་ལ་འགྲོ་དགོས་ཞེས་བཀའ་ཕབ་པ་ཡིན་ན། ཁྱོད་ཀྱིས་དེ་ལུགས་ཁྲིམས་མཐུན་ཚུལ་མཐུན་ཆོས་མཐུན་ཞིག་ལ་ངོས་ལེན་བྱེད་ཐུབ་བམ།

    Reply
  12. སེར་གཙང་འཇམ་དབྱངས། says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས་ལགས་སྤྱིར་མ་སུ་རིའི་སློབ་ཕྲུག་དགུ་ཡི་ཚུན་མིན་གྱི་བྱ་སྤྱོད་འདི་དག་ལ་འུ་ཅག་
    བཙན་བྱོལ་སྤྱི་ཚོགས་ནང་སྙོག་གླེང་ཆེ་བས་ཕྲན་གྱིས་འདི་འགྲིག་དང་འདི་ནོར་བ་རེད་ཞེས་བརྗོད་དཀའ་ཡང་གོང་དུ་སྐུ་ཉིད་ཀྱི་རྩོམ་ཡིག་ནང་
    རྒྱ་གར་གྱི་པུ་ལི་སི་ཞེས་བྲིས་འདུག་པས་སྐུ་ཉིད་ནས་གོང་གི་ཐ་སྙད་འདི་བོད་སྐད་ནང་ལ་མེད་པའི་དབང་གིས་བྲིས་པ་ཡིན་ནམ་ཡང་ན་ཁྱེད་ཀྱིས་ཤེས་བཞིན་དུ་བྲིས་པ་ཡིན་ནམ་
    གུས་པའི་བསམ་པར་པུ་ལི་སི་ཞེས་པའི་ཐ་སྙད་དེ་ལ་བོད་སྐད་ནང་ཉེན་རྟོག་པ་ཞེས་བྲིས་ན་ལེགས་བསམ།།

    Reply
  13. འོད་ཡུག་པ་བློ་དར། says:
    ལོ་ 15 སྔོན།

    གང་ལྟར་བརྒྱ་བཤད་སྟོང་བབས་ཀྱང་། ཡོས་ལ་བབས་རྒྱུ་ཙམ་པ་ཟེར་བ་ལྟར་མ་སོ་རི་བོད་ཁྱིམ་ནས་སློབ་ཕྲུག་གིས་ཁྲིམས་མས་འགལ་བྱས་པར་ཉེས་ཆད་ཆེ་ཆུང་གང་ཡང་མཆོག་པ་དེ་ལྟར་ཡང་སློབ་ཕྲུག་རྣམས་ཤར་རྒྱག་བོད་དུ་བརྫངས་པ་ནི་ཤིན་ཏུ་མི་མཚམས་པ་མ་ཟད་མ་སོ་རི་བོད་ཁྱིམས་དང་འབྲེལ་ཡོད་རྣམས་ནས་ཁོང་རྣམས་སློབ་གྲྭ་ནས་ཕྱིར་འབུད་བྱས་པ་འགྲིགས་འདུག་ཀྱང་རྒྱ་གར་ནང་གནས་བསྡོད་མི་ཆོག་པར་ཤར་རྒྱག་ཕྱིར་མཐར་སྐྲོད་ཀྱི་དབང་ཆ་ཡོད་ནམ་བསམ།

    Reply
  14. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    གངས་བུ་ལྷག་བསམ་ཅན། སློབ་མ་དེ་ཚོའི་ནང་ན་ལོ་ན་བཅོ་བརྒྱད་ལོན་ཡོད་མཁན་འདུག་ཟེར་གྱིན་ཡོད་པ་མ་རེད་དམ། ཁྱེད་ཀྱིས་ཁར་སང་ང་དོལ་རྒྱལ་ཚོགས་མི་ཡིན་པའི་དོག་གཞི་ཡོད་ཚུལ་ཞིག་ཀྱང་གསུངས་ནས་དམ་དྲག་ཆེན་པོ་གནང་འདུག དེ་རིང་ཡང་འདིར་རྙོགས་དྲ་བཟོ་མི་ཆོག་ཅེས་ནན་གྱིས་གསུངས་ལུགས་ལ་བལྟས་ན་ཕལ་ཆེར་དུས་བབ་དྲ་བའི་བསམ་ཚུལ་འདོན་སའི་ཐལ་དྲགས་འདུག་ཟེར་བའི་གྲངས་ཀ་སྟོང་ཕྲག་གཉིས་བརྡབ་མཁན་དེ་ཡང་ཁྱོད་མིན་ནམ་བསམ་པ་ཞིག་འདུག ཀུ་རེ་དང་འདྲེས་པའི་གཏམ་ཙམ་ཡིན།་དགོངས་འགལ་མེད་པ་ཞུ།

    Reply
  15. རླུང་པུ says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས་ལགས། ཁྱོད་ཀྱི་དགོངས་ཚུལ་ལ་ངོས་ལེན་བྱེད་ཐུབ་མི་འདུག
    འུ་ཅག་ཟིན་བྲིས་པ་མང་པོས་སློབ་མ་དེ་དག་དངོས་སུ་མཐོང་ཡོད་པ་མ་རེད། འོན་ཀྱང་ཟིན་བྲིས་པ་ཁ་ཤས་ཀྱིས་སྤེལ་པའི་གཏམ་ལ་ཆ་འཇག་དང་ཡིད་ཆས་བྱས་དེ་ཟིན་བྲིས་སྤེལ་བཞིན་ཡོད་པ་རེད། ཁྱེད་ཀྱི་གསུངས་པ་ལ་དཔག་ཚེ་ཁྱེད་ཀྱིས་ཀྱང་སློབ་ཕྲུག་དེ་དག་དངོས་སུ་འཇལ་མི་འདུག་སྙམ། ང་ཡང་དེ་བཞིན་ནོ། ང་ཚོའི་གླེང་གཞི་འདིའི་གནད་འགག་དེ་གང་ལ་ཐུག་འདུག་ཟེར་ན། ༼སློབ་ཕྲུག་དེ་དག་ཕྱིར་ཕ་ཡུལ་དུ་བརྫང་བ་ཁོང་ཚོའི་འདོད་མོས་ཡིན་ནམ།༽ གལ་ཏེ་སློབ་ཕྲུག་ཁོང་ཚོའི་འདོད་མོས་ལྟར་ཡིན་ན་ནི་ཁྱེད་ཀྱིས་གསུངས་པ་མི་འགྲིག་པ་ཆེར་མི་འདུག འོན་ཀྱང་ཟིན་བྲིས་པ་ཁ་ཤས་ཀྱིས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། བྱིས་པ་ཚོས་འདམ་ག་བྱས་པ་མ་ཡིན་པར་གཞུང་གིས་བལ་ཡུལ་སྣེ་ལེན་ཁུངས་བརྒྱུད་དེ་ཕྱིར་ཕ་ཡུལ་བོད་དུ་བརྫང་གྲབས་འདུག་ཟེར། གལ་ཏེ་དངོས་ནས་འདི་འདྲ་ཡིན་ན་ནི་འུ་ཚོས་ངེས་པར་ཏུ་གླེང་དགོས་པ་མ་ཟད་འདི་དང་འདི་འདྲའི་རིགས་ཚ་ཚ་འུར་འུར་གྱི་གླེང་ཚེ་ཕན་ཐོག་ཆེ་པར་མཐོང་། དེ་ལས་ཟློག་ཏེ་སྐྱག་པའི་སྟེང་ལ་དཀྱིལ་དཀྲུང་བྱས་ཚེ་ངན་ཁ་རྔོ་ཡིན་པ་ཤེས་དགོས།

    གོང་གི་༼སྒྲིག་འགལ་སློབ་མ་དང་འུར་སློང་ཉེས་འཛུགས།༽གསལ་བརྗོད་འདིའི་སྤོབས་པ་མཐའ་ཡས་ཁྱེད་རང་མི་མང་གི་ཁ་གཏད་དུ་ལངས་པར་སྤྲོ་བ་ཙམ་ལས་གནས་ལུགས་གཞན་མཐོང་མ་སོང་།

    དེ་མིན་སློབ་ཕྲུག་ཚོའི་འདོད་མོས་ལྟར་ཡིན་པ་བཤད་རྒྱུ་ཡོད་ཚེ་ཧ་ཅང་དགོས་གལ་ཆེ་བས་གསལ་བརྗོད་གནང་རོགས།

    Reply
  16. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    འབའ་ཐང་གི་བུ་ལགས། ཁྱེད་ཀྱིས་ངས་ལྡོག་ཕྱོགས་ནས་བཤད་ཀྱིན་འདུག་ཟེར་ཕོད་པ་དེ་དངོས་གནས་བསམ་ཡུལ་ལས་འདས་པའི་ཧམ་བཤད་རེད། ལྡོག་ཕྱོགས་ནས་བཤད་འདུག་མཁན་ངོ་མ་དེ་ཁྱེད་ཚོ་རེད། ཆེ་ས་ནས་གཞུང་དང་སྒྲིག་འཛུགས་ཀྱིས་ཐག་བཅད་པ་དེས་འགྲིགས་མ་སོང་ཟེར་ནས་ལྡོག་ཕྱོགས་ནས་ལངས་མཁན་ཁྱོད་ཚོ་རེད། སྤྱིར་ན་སྐད་ཆ་ཞིག་གི་རིན་ཐང་ཟེར་བ་དེ་སྐད་ཆ་དེ་ལ་རྒྱུ་མཚན་འདངས་བ་ཞིག་འདུག་དང་མི་འདུག་གི་སྟེང་ནས་འཇོག་དགོས་པ་རེད་མ་གཏོགས་དྲང་ཕྱོགས་ལྡོག་ཕྱོགས་དང་མང་ཕྱོགས་ཉུང་ཕྱོགས་ཟེར་ནས་སྐད་ཆའི་རིན་ཐང་གླེང་དགོས་དུས་མི་དེའི་ལག་གི་དྲང་བདེན་གྱི་རྒྱ་མ་འཁྱོག་ཚར་བའི་རྟགས་རེད། ཁྱོད་འབའ་ཐང་བུ་མི་དགོས་ལི་ཐང་གི་བུ་ཡིན་རུང་ཁྱོད་ཀྱི་སྐད་ཆ་ཤོད་སྟངས་དེ་ངོས་ལེན་བྱེད་ཐུབ་ཀྱིན་མི་འདུག་ཞེས་ཞུ་རྒྱུ་ཡིན།

    Reply
  17. ནགས་མེ། says:
    ལོ་ 15 སྔོན།

    ས྄ློབ་ར་ནས་ར྄ྦད་དེ་གནས་དབ྄ྱུངས་བཏང་བ་ཅུང་ཟད་ཐལ་ད྄ྲགས་སོང་།

    Reply
  18. གངས་བུ་ལྷག་བསམ་ཅན། says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས་ལགས་ཀྱི་ཡུལ་ཁྲིམས་ལ་མ་ལྟོས་པའི་ཁྲིམས་འདི་ཁྲིམས་དང་འགལ་མཁན་ཚོ་ལ་བསམ་ན་ཡག་པོ་ཞིག་རེད་གསུང་འདུག འོ་ན་ལོ་བཅུ་བརྒྱད་མ་ལོན་མཁན་དེ་ཚོ་ལ་ཁྲིམས་ཐག་བཅད་པ་དེ་ཡུལ་ཁྲིམས་ལ་ཡོད་དམ། ཡག་པོ་ཞིག་ཨེ་རེད་ཁྱེད་ལ་མིག་གཅིག་མ་གཏོག་མེད་པ་འདྲ། ཕྱོགས་གཅིག་མ་གཏོག་མཐོང་གི་མི་འདུག རྗེས་སུ་སྐད་ཆ་གསལ་པོ་འདྲ་མེད་ན་དོན་མེད་ཀྱི་རྙོག་དགྲ་མ་བཟོ་ལོ། ཚེ་རིང་ལོ་བརྒྱ།

    Reply
  19. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    འགྱུར་མེད་ལགས། ངས་ཁྱེད་ལ་དམིགས་བསལ་གྱིས་གཟས་པ་ལྟ་བུ་གང་ཡང་མིན། འོན་ཀྱང་ངས་ཁྱེད་ཀྱི་རྩོམ་ཡིག་དེ་བཀླགས་ཡོད།

    Reply
  20. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    སྐྱོན་དང་ཡོན་ཏན་གཉིས་ལས་སུ་གལ་ཆེ་མིན་ལ་གཟིགས་དགོས་པ་ལས་དགེ་མཚན་ཆུང་ཙམ་ཡོད་པ་དེ་སྤྲེལ་ལད་ཀྱི་ཚུལ་དུ་རྒྱུ་མཚན་རབ་རུབ་རེས་སྐྱོར་གང་ཐུབ་བྱེད་པ་འདི་ཡང་སྐྱོན་ཆེན་པོ་ཞིག་ཏུ་འདོད།
    ངའི་དེ་ལྟར་བཤད་ན་མི་འདོད་པར་རང་བློའི་ལྕོག་ཚོད་ཀྱི་ཕྱོགས་གང་ལ་ཡང་མི་གཏོགས་པའི་སྐད་ཆ་མཐོ་རྒྱག་དམའ་རྒྱག་བཤད་རྒྱུ་འདི་ངའི་གཤིས་ཀ་རང་ཡིན
    གང་ལྟ་ད་ཐང་གསར་འགོད་པ་ཨ་རིག་ལགས་ཀྱི་གསུངས་༡༠༠་རེད། ངའི་བཤད་པའི་སྐད་ཆ་ཐོགས་མ་ཡང་འདི་ཡིན་ལ་མཐའ་མ་ཡང་འདི་ལས་གཞན་མེད། སློབ་མ་དེ་དག་གི་ཚུལ་མིན་བྱས་པ་འདི་སློབ་གྲྭའི་ཁྲིམས་དང་འགལ་བ་ཡིན་དུས་སློབ་གྲྭ་ནས་ཕྱིར་འབུད་བཏང་པར་སྒོལ་གིན་མེད་།་དེ་འགྲིག་པ་རེད་འབྱུང་འགྱུར་སློབ་གྲྭའི་འགྲིག་ཁྲིམས་ལ་ཁེ་ཕན་ཡོད་པ་རེད།དེའི་ཐོགས་ལ་སུ་གང་གིས་ཞེ་གྲགས་བཤད་མེད། སློབ་གྲཝ་ནས་ཕུད་པ་མ་ཟད་པ་དང་ད་དུང་ཁྱིམ་ཚང་གིའི་ཕ་དང་མ་གཉིས་ཀྱི་བུ་མོ་དེ་ལ་བདག་སྐྱོངས་མ་བྱས་ཚུལ་ཞིག་བཤད་ནས་ཕུད་པ་རེད་།་་ཁྱིམ་ཚང་གིའི་ཕ་མ་གཉིས་ཀྱི་བུ་མོ་དེའི་བྱ་སྤྱོད་དེ་འདྲ་བྱེད་གིན་ཡོད་པ་མཐོང་བཞིན་དུ་ངན་པ་རྒྱ་ཡན་དུ་བཏང་བ་ཡིན་ན་དགོས་ངེས་རེད།་འོན་ཀྱང་ཕ་མ་གཉིས་ནས་མཐོང་བཞིན་ངན་པ་རྒྱ་ཡན་དུ་བཏང་འདུག་བཤད་མི་འདུག། བུ་མོ་ལ་ལྟ་སྐྱོངས་གི་མ་མཐུས་ཚུལ་བཤད་དེ།་ཕྱིར་ཕུད་བཏང་བ་ཡིན་ཚུལ་སློབ་གྲྭ་དེའི་ལས་ཀྱི་སྣེ་མོ་བ་གང་དེས་གསུངས་འདུག དེའི་ན་སློབ་སྤྱི་ལ་ལྷག་དོན་དུ་འགན་ཡོད་པ་མ་ཡིན་ནམ།་ད་དུང་མིག་མཐོང་ལག་ཟིན་གྱི་སྤྱོད་ངན་བྱས་དེ་ལ་སློབ་གྲྭའི་ཁྲིམས་ལྟར་བྱེད་རྒྱུ་ལས་བཅས་བཅས་མྱོང་མྱོང་ཚང་མ་ལ་ལག་ལེན་གཅིག་ཐོག་དུ་སྟར་བ་ཡང་རྒྱག་པ་ལེབ་སྡུང་རང་རེད།མདོ་དོན་མི་དགུ་པོ་སློབ་གྲཝའི་རྭ་བ་ནས་ཕྱིར་ཕུད་པ་ནས་ཁོ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་རང་དབང་དགོས་པ་མ་ཟད་ཕྱིར་ཕ་ཡུལ་དུ་ལོག་མིན་ཐད་གསལ་གསལ་ཐང་ཐང་ཞིག་བྱེད་རྒྱུ་གལ་ནང་གི་དོན་པོ་ཆེ་རེད། དེ་མིན་པར་གང་ཡིན་འདི་ཡིན་མེད་པར་ལོག་བཏང་ན་ཉེས་པ་གཅིག་ལ་ཁྲིམས་གཉིས་བཏང་བར་ངོས་འཛིན་རྒྱུ་ལས་གཞན་མེད་པར་འདོད་དོ།།།

    Reply
  21. འབའ་ཐང་གི་བུ། says:
    ལོ་ 15 སྔོན།

    ངས་ཚོད་དཔག་བྱས་པ་ནོར་མེད་ན། སྤོབས་པ་མཐའ་ཡས་ཀྱིས་ག་དུས་ཡིན་ནའང་བསམ་ཚུལ་ལྡོག་ཕྱོགས་ནས་གླེང་སློང་བྱེད་ཀྱིན་པའི་མྱོང་ཚོར་བྱུང༌།

    མི་ཚང་མས་མཆན་བུ་དང་བསམ་ཚུལ་སྤེལ་ཟིན་པའི་རྗེས་སུ་ཁོང་གིས་གཞི་ནས་ནམ་ལང་བ་འདྲ་བོ་ཉུང་བའི་ཕྱོགས་སུ་ལངས་ནས་དགག་བརྒྱབ་ཀྱི་རྩོམ་ཡིག་འདྲ་བྲིས་ཁུུལ་བྱས་པ་དང༌། དེ་ལ་རང་ངོས་ནས་ཧ་ལས་མདོག་དང༌། ཧང་སང་མདོག་གིས་གཏམ་དཔེ་རེ་དང་ལུང་འགལ་རེ་གཉིས་ལ་རྒྱབ་བརྟེན་ནས་གཞན་གྱིས་བྲིས་པ་ཐམས་ཅད་ལ་རྒོལ་རྡུང་བྱས་ཀྱི་ཡོད། དེ་ནི་ཁོང་གི་ཞེ་ཕུགས་ཀྱི་བསམ་བློ་ཞིག་མ་ཡིན་པར་རྐང་བཙུགས་ནས་རྒྱབ་ལྗོགས་ཀུན་སློང་ཞིག་གིས་རྗེས་འདེད་བྱས་ཡོད་པ་གསལ་པོ་ཆགས་ཡོད།

    གཅིག་བྱས་ན་ཁོང་གིས་མི་མངོན་པའི་ཚུལ་དུ་རེ་བ་ཆེན་པོ་ཞིག་བཟུང་ཡོད་སྟབས། ང་ཚོས་ཁོང་ལ་སྐབས་འཚོལ་རིང་ལུགས་པ་རེད་ཟེར་ཡང་ཆོག་ལ། ཁ་ཞེ་མི་མཚུངས་པའི་གཡོ་ཅན་རེད་ཟེར་ཡང་ཆོག་པ་འདུག། ཡང་མིན་ན་བོད་ཀྱི་གཏམ་དཔེར། ཀུན་དང་མཐུན་ན་མཁས་པ་ཡིན་ཞེས་ལབ་སྲོལ་ཡོད་པ་ལྟར། ཁོང་ནི་ཀུན་དང་མི་མཐུན་པར་བརྟེན། བླུན་པོ་རེད་ཟེར་ཡང་ཆོག་པ་ཞིག་རེད།

    རྗེས་སོར་ཡང་ཁོང་གིས་རྩོམ་ཡིག་གང་སྤེལ་བ་ཐམས་ཅད་དགག་ཕྱོགས་ནས་དང་ཉུང་བའི་ཕྱོགས་སུ་ལངས་ནས་རྩོམ་ཡིག་འཐོར་བུ་རེ་སྤེལ་འོང་བ་ཐེ་ཚོམ་བྱེད་མི་དགོས། ཡིད་མ་ཆེས་ན་ཁྱེད་ཚོས་ཀྱང་དཔྱད་ཞིབ་གནང་ན་འཐུས་སོ།།

    Reply
  22. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    དྲ་གྲོགས་སྤོབས་པ་མཐའ་ཡས་ལགས། སྐུ་ཉིད་ནས་འདི་ལྟར་བསམ་ཚུལ་གླེང་བ་བདེན་ལ་དངོས་ཡོད་ཀྱང་རེད། ང་ཚོ་ཚང་མར་སྐྱོན་ཞིག་ཡོད་པ་ནི་གཞུང་དང་ཚོགས་པ་སོགས་ཀྱིས་སྒྲིག་འགལ་ཁྲིམས་བཅད་གཞི་བཟུང་ཐག་གཅོད་བྱས་པ་དེ་ལ། དགའ་ཁ་འཁྱེར་ཕྱོགས་ཀྱིས་ཚང་མའི་སྡིག་དམོད་ལས་ལྡོག་ཕྱོགས་ཀྱི་བསམ་བློ་འཁྱེར་མཁན་གང་ཡང་མི་འདུག འདི་ལ་ལྡོག་ཕྱོགས་ནས་ཀྱང་ལྟ་དགོས་པ་འདུག ལྷག་དོན་དུས་བབ་གསར་འགོད་པ་ཨ་རིག་ལགས་ནས་མི་འདོད་ཚུལ་དང་འགྲིག་མེད་ཚུལ་གང་མང་ཞིག་ལས་ལྡོག་ཕྱོགས་ཀྱི་བསམ་ཚུལ་ཞིག་ཅི་ལ་འདོན་མ་ཐུབ་པ་རེད། དྲང་མོར་ཞུས་ན་གང་ཞིག་ན་ཁྲིམས་མེད་ན་ལངས་ཤོར་ཅན་ཇེ་མང་ལས་ཇེ་ཉུང་དུ་འགྲོ་མི་སྲིད་པ་འདིའང་ཁྲིམས་ཀྱི་ཐག་གཅོད་དང་། བཀག་རྒྱ་ཞིག་དགོས་ངེས་ཡིན། ཚང་མས་མ་འོངས་པའི་སོན་རྩ་ཟེར་ཞོར་དོན་མེད་ཀྱིས་ཉེས་འཛུགས་ཤིག་འགེལ་བཞིན་པ་ནི། ལག་ཏུ་རྩིས་སྤྲོད་བྱེད་བཞིན་འདུག་ཞེས་འུར་སྒྲོགས་བྱས་པ་དེ་རེད། དོན་དངོས་ཐོག་དེ་འདྲ་ཞིག་གཏན་ནས་མ་རེད། བོད་ཁྱིམ་ཁག་གི་སྒྲིག་སྲོལ་ཞིག་ཡོད་པ་ནི་གང་ཞིག་རང་སྒར་སློབ་གྲྭ་ནས་རྩ་དགོངས་ཞུ་མཁན་ཞིག་བོད་དུ་ལོག་སྙིང་ཡོད་ན་དེའང་འགྲོ་གྲོན་ཆ་ཚང་གཞུང་ནས་ཕུལ་བཞིན་ཡོད་པ་རེད། འོན་ཀྱང་མགོ་བདེ་ཐག་ཆོད་པ་ཁ་ཤས་ནས་དེ་ཐབས་ཀྱིས་བླངས་ནས་ཕྱིར་རྡ་སར་སླེབས་ནས་བསྡད་ཡོད་འདི་རྣམས་ལ་ལྟ་ཚུལ་གང་འདྲ་ཞིག་འཛིན་ནམ། འདི་དོན་ཁྱེད་རྣམས་ནས་གཞུང་ལ་བཀའ་དྲིན་ཆེ་མི་ཞུ་དོན་གང་ཡིན། ཡང་སློབ་གྲྭ་ལ་ལ་ཞིག་གི་ནང་འཁྲིག་འཛིང་ལ་སོགས་པའི་དོན་རྐྱེན་བྱུང་ན་འགྲོ་ས་ཡོད་མེད་ལ་མི་ལྟ་བར་འཕྲལ་མར་ཕྱིར་འབུད་གཏོང་བཞིན་ཡོད་པ་རེད། འདི་ལ་འགྲོ་གྲོན་ལྟེར་བཞིན་མེད་ལ་བདག་རྒྱག་གང་ཡང་བྱེད་བཞིན་མེད། དཔེར་ན་སུ་ཇ་བོད་ཁྱིམ་དང་ཤེས་རབ་དགའ་ཚལ་གླིང་ལྟ་བུ་རེད། འོ་ན་ཁྱེད་རྣམས་ནས་འདི་ལ་དགོངས་པ་གང་བཞེས་མྱོང་ཡོད། མ་སུ་རིའི་བོད་ཁྱིམ་ནས་ཕྱིར་འབུལ་བཏང་བ་དག་སྒྲིག་སྲོལ་འགལ་མོད་ད་དུང་བདག་རྒྱག་གིས་བོད་དུ་འགྲོ་སྙིང་ཡོད་ན་ལམ་གྲོན་གཏོང་བཞིན་པ་འདི་དག་དོན་མེད་ཉེས་འཛུགས་བྱེད་དགོས་དོན་ཞིག་མེད། ཟིན་བྲིས་པ་དག་ནས་འདོད་སྲེད་ནི་རང་ཉིད་ལ་དབང་བས་བྱེད་རུང་བ་ཞིག་རེད་ལབ་བཞིན་ཡོད། དེ་དངོས་ཡོད་རེད་ཀྱང་དོན་ལ་གསན་ནས་ཐག་གཅོད་ཞིག་བྱས་ཡོད་སྟབས་འདི་ལ་མ་འགྲིག་པ་གང་ཡང་མེད། ཡང་སློབ་སྤྱི་དང་འབྲེལ་ཡོད་དགེ་རྒན་ཕྱིར་འབུད་གཏོང་དགོས་པ་འདུག་ཞེས་འུར་སྒྲོགས་བྱེད་བཞིན་ཡོད། གློ་བུར་དུ་བལྟས་ན་དེ་འདྲ་ཞིག་སྣང་ངོར་ཤར་སྲིད་མོད། དོན་དྲང་ཐོག་ལ་བླངས་ནས་གཟིགས་ན་དེ་འདྲ་ཞིག་རྩ་བ་ནས་ཁག་པོ་རེད། ཁྱེད་རང་ཚོས་བཤད་པ་བཞིན་འདོད་ལོག་ནི་རང་ཉིད་ལ་དབང་བ་ཞིག་ཡིན་སྟབས་དེ་སྐྱོན་མེད་ཟེར་བ་ལྟར། གསང་ལས་དེ་སུས་ཀྱང་གསང་བ་བྱེད་སྟབས་དོ་སྣང་སླེབས་རྒྱུ་ཧ་ཅང་ཁག དཔེར་ན་སློབ་ཕྲུག་ཚོས་ཀྱང་དེ་འགེབས་སྲུང་བྱེད་པས་ཤེས་ཐབས་ཁག་ཏུ་ཕྱིན་པ་རེད། ད་དུང་རྒྱུ་མཚན་ཁོག་ལ་བཅུག་ནས་ཁ་རུ་འཁྱེར་མི་དགོས་པ་བྱེད། མདོ་དོན་ང་ཚོ་ཚང་མའི་དོན་རྐྱེན་ཞིག་བྱུང་རྗེས་བདེན་ཕྱོགས་ཁོ་ན་མི་འཛིན་པར་ལྡོག་ཕྱོགས་ནས་ཀྱང་ལྟ་དགོས་པ་འདུག སླར་ཡང་སློབས་པ་མཐའ་ཡས་ལགས་ལ་ཐུགས་རྗེ་གྲངས་མེད་དང་དུས་རྒྱུན་འདི་ལྟ་བུའི་ལམ་སྟོན་ཡོད་པ་ཞུ།

    Reply
  23. ཨ་རིག་འགྱུར་མེད། says:
    ལོ་ 15 སྔོན།

    དྲ་གྲོགས་སྤོབས་པ་མཐའ་ཡས། ང་ནོར་མེད་ན་འུ་གཉིས་ཀྱིས་ཕལ་ཆེར་ལོ་གསར་བ་འདིའི་ནང་སྐད་ཆ་བཤད་པ་ཐོག་མ་ཆགས་ཡོད། རེད་དམ། གང་ལྟར་འདི་གཙོ་བོ་མ་རེད། ངས་འདི་ལྟར་བཤད་དོན་ང་ནི་ནམ་རྒྱུན་ནས་ཁྱོད་ཀྱི་རྩོམ་ཡིག་དང་མཆན་ཁག་ལ་དོ་སྣང་ཡོད་མཁན་ཞིག་ལས། འུ་གཉིས་ཀྱི་བར་དུ་དངོས་སུ་འབྲེལ་བ་བྱས་མེད་ཅེས་པའི་དོན་ཡིན།

    ཡིན་ནའང་། ཐེངས་འདིར་འུ་གཉིས་ཀྱི་ལྟ་ཚུལ་མཐུན་གྱི་མི་འདུག དེང་སྐབས་ཟིན་བྲིས་པ་ཁ་ཤས་ཀྱིས་སུ་ལ་ཕོག་ལ་དེའི་ཆེད་དུ་བྲིས་ཟེར་ནས་ཟིན་བྲིས་སྤེལ་གྱིན་འདུག་ལ། ཁྱེད་ཀྱི་ཟིན་བྲིས་འདི་ཡང་ཕལ་ཆེར་ང་ལ་རྐང་བཙུག་ནས་བྲིས་པ་འདྲ་བོ་འདུག དེ་ནི་ང་ལ་ཕོག་སོང་བས་ཡིན་ནམ། ཡང་ན་ངས་ཁྱོད་ལས་ཀྱང་གནས་ཚུལ་འདིའི་སྐོར་ལ་གསལ་ཞིང་རྒྱས་པ་ཞིག་ཤེས་སྟབས་ཡིན་ནམ།
    གནས་ཚུལ་འདིའི་སྐོར་གྱི་གནས་ཚུལ་ལ་ངས་རྒྱས་ལོན་གསལ་པོ་བྱས་ཡོད། ལྷག་པར་དུ་ངས་རེ་བ་ཆེ་ཤོས་ང་རང་དངོས་སུ་མ་སུ་རི་བོད་ཁྱིམ་དུ་སོང་ནས་སློབ་གྲྭ་ནས་ཕུད་ཟིན་པ་རྣམས་ཀྱིས་རྗེས་མ་ཟིན་ཡང་། སློབ་མ་སྤྱི་བྱིངས་ཀྱི་གནས་ཚུལ་ལ་གཅིག་ཉན་འདོད་པས་མི་ཚད། སློབ་གྲྭ་སྤྱིའི་སྒྲིག་གཞི་ལའང་ལྟ་འདུན་བྱུང་ཡང་། བྱ་བའི་དགོས་མཁོའི་དབང་གིས་དེ་ལྟར་བྱུང་མ་སོང་། དེ་དོན་རྩོམ་སྒྲིག་པར་ཡང་ཞུས་ཡོད།
    ངས་འདི་ལྟར་བཤད་དོན། ཁྱེད་ཀྱིས་ཐེངས་འདིར་མི་གཞན་གྱིས་ཅང་ཤེས་ཀྱི་མི་འདུག འུར་འགྲོགས་ཀྱི་རྗེས་སུ་རྒྱག་གི་འདུག་ཟེར་བཞིན་དུ། ཁྱོད་རང་གིས་ཐ་ན་དངོས་ཡོད་གནས་ཚུལ་གྱི་སྟེང་ནས་སློབ་གྲྭ་ཞིག་ནས་འདི་ལྟ་བུའི་གནད་དོན་ཞིག་བྱུང་བའི་རྩ་བའི་རྩ་དོན་གང་དུ་ཐུག་པ་དང་། དེ་ཐག་གཅོད་བྱས་པའི་བརྒྱུད་རིམ་ནང་དུ་འགལ་འཛོལ་གང་དག་བྱུང་བ། མང་ཚོགས་ཀྱིས་ཅིའི་ཕྱིར་བཀའ་ཤག་གིས་སློབ་ཕྲུག་དེ་ཚོ་ཕྱིར་ཕ་ཡུལ་དུ་སྐྱེལ་རྩིས་བྱས་པར་རྒྱ་ལག་ལ་བཞག་པ་རེད་ཟེར་བ། དེ་བཞིན་བཀའ་ཤག་གིས་ཐག་གཅོད་དང་པོ་འགལ་འཛོལ་ཡིན་པ་ཤེས་སྟབས། ལམ་སེང་ཕྱིར་ནུར་གོམ་གང་བྱས་ཏེ་བསྐྱར་དུ་གོམ་པ་གསར་པ་སྤོ་རྒྱུ་ཡིན་ཟེར་བ་སོགས་ཀྱི་བྱུང་རིམ་མཐའ་དག་ཤེས་ཀྱི་མི་འདུག་ཟེར་བའི་དོན་ཡིན།
    མི་ཟེར་བ་འདིར་ལྟ་ཚུལ་མི་མཐུན་པ་ཏན་ཏན་ཡོང་གི་རེད། དཔེར་ན། ཁྱོད་དང་རཱ་ལོ་ལྟ་བུ་རེད། ཉིན་འདི་འགའི་གནས་ཚུལ་ལ་བལྟས་ན་ཁྱེད་གཉིས་གཅིག་པུར་མང་ཚོགས་ཀྱི་ལྟ་ཚུལ་ལས། ལྟ་ཚུལ་མ་འདྲ་བ་དེ་འདྲ་འདུག་ལ། ལྷག་པར་དུ་ཁྱེད་གཉིས་ཀྱིས་མང་ཚོགས་ཀྱི་སྐད་ཆ་ཙམ་མིན་པར། དེའི་ཕ་རོལ་གྱི་གནས་ཚུལ་ཅི་ཡིན་ལ་བརྟག་པ་ནི་དགོས་ངེས་ཤིག་དང་བབ་བསྟུན་ཞིག བྱེད་སྟངས་བཟང་བོ་ཞིག་ཀྱང་ཡིན་སྟབས། ངས་ཁྱོད་ལ་མང་བོ་མི་བཤད། གལ་སྲིད་ངའི་ལྟ་ཚུལ་ངོ་མ་ཤེས་འདོད་ན་ངའི་ཟིན་བྲིས་ནང་དུ་མང་བོ་བཤད་ཡོད་ལ། མཆན་མོང་བོའི་ནང་དུ་བཤད་ཡོད། དེ་ཚོར་གཟིགས་པས་ཤེས་ཐུབ།
    དེ་མིན། ཁྱེད་ཀྱིས་བཤད་པ་ལྟར་བོད་ཀྱི་དུས་བབ་དྲ་རྒྱའི་མདུན་ངོས་ཀྱི་བསམ་ཤོག་དེའི་སྐོར་ནས། ཐེངས་སྔོན་མའི་བཀའ་བློན་ཁྲི་པའི་འོས་མིའི་བསམ་ཤོག་སྐབས་ནས་བཟུང་ང་ལ་དོ་སྣང་བྱུང་། སྐབས་འདིར་དེ་བས་ཀྱང་འགྲིག་གི་མེད་པ་ཤེས་ཡོད། ངས་ཚོད་ལྟ་བྱས་མྱོང་། དཔེར་ན། དྲ་ངོས་གཅིག་ནས་ཐེངས་གཅིག་ལ་མ་གཏོགས་བསམ་ཤོག་འཕེན་མི་ཐུབ། ཡིན་ནའང་། CC cleaner ༼ གསལ་བོ་དྲན་གི་མི་འདུག ༽ དྲ་ངོས་གཙང་བཟོ་མཉེན་ཆས་བརྒྱུད་དྲ་ངོས་གཙང་བཟོ་ཐེངས་ཤིག་བྱས་རྗེས། བསྐྱར་དུ་བསམ་ཤོག་འཕེན་ཐུབ། དེ་ལྟར་ན། དྲ་ངོས་གཙང་བཟོའི་མཉེན་ཆས་ཡོད་མཁན་གྱི་མི་སུ་ཡིན་རུང་གཙང་བཟོ་རེ་རེ་བྱས་རྗེས་བསམ་ཤོག་བསྐྱར་དུ་འཕེན་ཐུབ། ཕལ་ཆེར་མི་ཞིག་གིས་དེ་ལྟར་བྱེད་ཀྱིན་པ་འདྲ།
    འདིའི་སྐོར་ལ་ངས་མི་རིང་བར་ངེད་ཅག་རྩོམ་སྒྲིག་པར་བློ་འདྲི་ཆོག དཔེར་ན། རྗེས་ཕྱོགས་ནས་གློག་འཕྲིན་ཁ་བྱང་རེ་རེའི་སྟེང་ནས་བསམ་ཤོག་རེ་རེ་མ་གཏོགས་འཕེན་མི་ཐུབ་པ་ལྟ་བུ་བཟོ་ཆོག་གི་རེད། ཁྱོད་རང་ཉིད་ཀྱིས་ལྟ་ཚུལ་གསུངས་དང་བཟང་ན་དང་ལེན་ལོས་བྱེད།
    བསམ་ཚུལ་དམར་དམར་བོ་འདི་ཡིན།

    Reply
  24. གནམ་ལྕགས། says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས་ལགས་ཀྱིས་བསམ་བློ་གཏོང་སྟངས་ཀྱི་ཐད་ནས་ནོར་མེད། རང་གི་རྒྱལ་ཁབ་དགའ་བ་དང་དུངས་པའི་བསམ་བློ་ལ་དགའ་བསུ་ཞུ། འོན་ཀྱང་སློབ་ཕྲུག་དེ་དག་ལས་ཉིན་དེར་ཚུལ་མིན་གྱི་ལས་བྱེད་མཁན་གཉིས་དེ་ཕྱིར་ཕུད་གཏོང་བ་ལས། བུ་མོ་དེར་ཚ་འདྲི་བཏང་ནས་སྔོན་མའི་ལོ་རྒྱུས་དག་སྔོག་པའི་ཐོབ་ཐང་དེ་སུས་སྤྲད་པ་རེད། དེ་བྱས་མེད་ན་བུ་དགུ་དང་མཉམ་དུ་ཉལ་བའི་ལོ་རྒྱུས་སུས་མཐོང་བ་རེད། ངས་བལྟས་ན་གནང་སྟངས་དེ་ཤིན་ཏུ་མི་ལེགས། གཞན་འཛིན་གྲྭ་གསུམ་པའི་སློབ་མ་ཞིག་གིས་འཁྲིག་སྤྱོད་བྱས་པར་ཧང་སངས་རྒྱུ་མེད། བོད་ནས་སླེབས་དུས་ལོ་བཅུ་གསུམ་ནས་བཅོ་ལྔ་བར་མ་སི་རིར་གཏོང་གི་ཡོད། ཁོ་ཐོག་མར་སླེབས་དུས་ལོ་བཅོ་ལྔ་ཡིན་ན་ད་ལྟ་ལོ་བཅོ་བརྒྱད་ཡིན། ལོ་བཅོ་བརྒྱད་ཅན་གྱི་ཕོ་གསར་ཞིག་གིས་འཁྲིག་སྤྱོད་ལོས་བྱེད། དེ་ལ་ཧ་ལས་རྒྱུ་དང་ཧང་རྒྱུ་མེད། འོན་ཀྱང་ཁྱོད་ཀྱིས་འཁྲིག་སྤྱོད་བྱས་འདུག་ཅེས་སློབ་གྲྭ་ནས་ཕྱིར་ཕུད་བཏང་ན་ཡག་པོ་མ་རེད་འདོད།

    ངས་བལྟས་ན་ཉིན་དེའི་གནས་ཚུལ་འབྱུང་སའི་ཕོ་མོ་དེ་གཉིས་མ་གཏོགས་གཞན་དག་ཕུད་པ་ནི་ནོར་འཁྲུལ་དུ་མཐོང་གི ད་དུང་གནས་ཚུལ་འདི་བཀའ་ཤག་ལ་སྙན་གསེང་ཞུས་འདུག བཀའ་ཤག་གིས་ཀྱང་ཡིན་མདོག་གིས་སློབ་གྲྭ་ནས་ཕུད་པ་མ་ཟད་རྒྱ་གར་ནས་ཕུད་པ་དངོས་ཡོད་རེད། དེ་ཡང་དྲ་གྲོགས་རྣམས་ཀྱིས་རྣམ་འགྱུར་སྟོན་ས་གཅིག་རེད། གང་ལྟར་ད་རེའི་གནས་ཚུལ་འདི་བྱི་མིའི་རྟུག་པ་བཞིན་སྦས་པ་མི་འགྲོ་གི འདི་ལ་གླེང་སློང་ཤུགས་ཆེན་ཞིག་བྱེད་དགོས་པར་འདོད། སྤོབས་པ་མཐའ་ཡས་ལགས་ཀྱིས་ཀྱང་བསྐྱར་ཞིབ་ཅིག་གནང་རྒྱུ་རེ་བ་ཡིན།

    Reply
  25. བཀྲ་ཤིས། says:
    ལོ་ 15 སྔོན།

    སྤོབས་མཐའ་ཡས ཁྱེད་རང་གིས་ཕྱོགས་ལ་མ་གཏོགས་མ་ལྟས་པ་ཡིན་རུང་ཡང་ན་ཕྱོགས་གཅིག་ལ་མ་གཏོགས་ལྟ་འདོད་མེད་པ་ཡིན་ངས་བཤད་ཚོད་མི་ཐིག གང་ལྟར་ཁྱེད་ཀྱིས་བཤད་པ་ལ་གནས་ལུགས་མེད་པ་མ་རེད། ཡིན་ན་ཡང་ཁྲིམས་ཆད་དེ་དྲང་པོ་བྱུང་མེད་པ་གསལ་པོ་རེད་ལྟོས་དང་། ཕ ཚབ་མ་ཚབ་གཉིས་ལ་དྲང་བདེན་མིན་པའི་ཐོག་ནས་ནག་ཉེས་བཀལ་འདུག སློབ་མ་ཚོ་དང་འབྲེལ་བ་ཡོད་པའི་ཆ་ནས་ཕ་ཚབ་མ་ཚབ་གཉིས་ཕྱིར་ཕུད་གཏང་བ་ཡིན་ན། འཛིན་གྲྭའི་དགེ་རྒན་དང་། སློབ་སྤྱི་ད་དུང་རྒན་བདག་སོགས་མང་པོ་ལ་འབྲེལ་བ་ཡོད་རེད།
    ངས་ྦསམ་པ་ལ་ཁ མེད་ལྕེ་སྡུག་ཞིག་ལ་ཐུབ་ཚོད་གཏང་བའི་རྣམ་པ་གསལ་བོ་མཐོང་གི་འདུག ཕ་ཚབ་མ་ཚབ་ཚོས་ེས་བཞིན་དུ་བྱས་པ་ཞིག་ཡིན་ན་གནས་ཚུལ་ཐ་དད་རེད། དེ་རེད་མ་རེད་སྤོབས་པ་མཐའ་ཡས། ཁྱེད་ཀྱིས་སྤོབས་པ་ཆེན་པོས་ངང་ནས་ལན་ག་རེ་ཡོད།

    Reply
  26. དོན་ལ་བསམ་གཞིགས་ says:
    ལོ་ 15 སྔོན།

    རང་གི་ལུས་ལ་དཔེ་བླངས་ནས་། གཞན་ལ་གནོད་པ་མ་བྱེད་ཅིག་།

    Reply
  27. རླུང་པུ says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས་ལགས། ཁྱོད་ཀྱི་དགོངས་ཚུལ་ལ་ངོས་ལེན་བྱེད་ཐུབ་མི་འདུག
    འུ་ཅག་ཟིན་བྲིས་པ་མང་པོས་སློབ་མ་དེ་དག་དངོས་སུ་མཐོང་ཡོད་པ་མ་རེད། འོན་ཀྱང་ཟིན་བྲིས་པ་ཁ་ཤས་ཀྱིས་སྤེལ་པའི་གཏམ་ལ་ཆ་འཇག་དང་ཡིད་ཆས་བྱས་དེ་ཟིན་བྲིས་སྤེལ་བཞིན་ཡོད་པ་རེད། ཁྱེད་ཀྱི་གསུངས་པ་ལ་དཔག་ཚེ་ཁྱེད་ཀྱིས་ཀྱང་སློབ་ཕྲུག་དེ་དག་དངོས་སུ་འཇལ་མི་འདུག་སྙམ། ང་ཡང་དེ་བཞིན་ནོ། ང་ཚོའི་གླེང་གཞིའི་འདིའི་གནད་འགག་དེ་གང་ལ་ཐུག་འདུག་ཟེར་ན། ༼སློབ་ཕྲུག་དེ་དག་ཕྱིར་ཕ་ཡུལ་དུ་བརྫང་བ་ཁོང་ཚོའི་འདོད་མོས་ཡིན་ནམ།༽ གལ་ཏེ་སློབ་ཕྲུག་ཁོང་ཚོའི་འདོད་མོས་ལྟར་ཡིན་ན་ནི་ཁྱེད་ཀྱིས་གསུངས་པ་མི་འགྲིག་པ་ཆེར་མི་འདུག འོན་ཀྱང་ཟིན་བྲིས་པ་ཁ་ཤས་ཀྱིས་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། བྱིས་པ་ཚོས་འདམ་ག་བྱས་པ་མ་ཡིན་པར་གཞུང་གིས་བལ་ཡུལ་སྣེ་ལེན་ཁུངས་བརྒྱུད་དེ་ཕྱིར་ཕ་ཡུལ་བོད་དུ་བརྫང་གྲབས་འདུག་ཟེར། གལ་ཏེ་དངོས་ནས་འདི་འདྲ་ཡིན་ན་ནི་འུ་ཚོས་ངེས་པར་ཏུ་གླེང་དགོས་པ་མ་ཟད་འདི་དང་འདི་འདྲའི་རིགས་ཚ་ཚ་འུར་འུར་གྱི་གླེང་ཚེ་ཕན་ཐོག་ཆེ་པར་མཐོང་། དེ་ལས་ཟློག་ཏེ་སྐྱག་པའི་སྟེང་ལ་དཀྱིལ་དཀྲུང་བྱས་ཚེ་ངན་ཁ་རྔོ་ཡིན་པ་ཤེས་དགོས།

    གོང་གི་༼སྒྲིག་འགལ་སློབ་མ་དང་འུར་སློང་ཉེས་འཛུགས།༽གསལ་བརྗོད་འདིའི་སྤོབས་པ་མཐའ་ཡས་ཁྱེད་རང་མི་མང་གི་ཁ་གཏད་དུ་ལངས་པར་སྤྲོ་བ་ཙམ་ལས་གནས་ལུགས་གཞན་མཐོང་མ་སོང་།

    དེ་མིན་སློབ་ཕྲུག་ཚོའི་འདོད་མོས་ལྟར་ཡིན་པ་བཤད་རྒྱུ་ཡོད་ཚེ་ཧ་ཅང་དགོས་གལ་ཆེ་བས་གསལ་བརྗོད་གནང་རོགས།

    Reply
  28. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ཅོ་རི་ཉི་མ་སོགས་ལ་ཞུ་བ། ངོ་མ་བཤད་ན་ལྟས་ངན་རེད། འཇིན་གྲྭ་གསུམ་པའི་སློབ་མ་དེ་ཚོས་ཀྱང་འདི་འདྲ་བྱེད་ཀྱིན་ཡོད་ཟེར་ན་ལྟས་ངན་རེད། ན་ནིང་ཡིན་ནམ་ཞིག་ལ་དབྱིན་ཡུལ་གྱི་སློབ་ཕྲུག་བུ་མོ་ལོ་བཅོ་ལྔ་ཙན་ཞིག་ལ་བུ་ལོ་བཅུ་གསུམ་ཅན་ཞིག་གིས་ཕྲུ་གུ་ཞིག་བཟོས་ནས་ཡུལ་དེའི་དཔོན་རིགས་མཐོ་གྲས་དེ་ཚོས་ཀྱང་ཡུལ་དེའི་མིའི་ཀུན་སྤྱོད་ལ་ཉམས་རྒུད་ཐེབས་བཞིན་པའི་སེམས་ཁྲལ་ཡོད་སྐོར་གཏམ་བཤད་བྱས་སོང་ང་། མ་གཞི་ཁར་སང་ཞིག་ལ་འདི་ན་མི་ཞིག་གིས་བུ་མོ་དེ་ལོ་བཅོ་བརྒྱད་རེད་ཟེར་གྱིན་འདུག སྤྱིར་བཏང་བཤད་ན་ལོ་བཅོ་བརྒྱད་ཅན་ཞིག་གིས་འཛིན་གྲྭ་གསུམ་པའི་སློབ་མ་ལ་འཁྲིག་སྤྱོད་བྱས་ན་ཁྲིམས་ཐོག་ནས་ཀྱང་ལས་སླ་པོར་འཇོག་གི་མ་རེད། ང་ཚོའི་སྒྲིག་འཛུགས་དེ་ཚོ་ལེགས་རུང་ཉེས་རུང་ཡུལ་གྱི་ཁྲིམས་ཐོག་ལ་མ་བསྐྱལ་བ་དེ་ཡང་སྒྲིག་ཁྲིམས་འགལ་མཁན་ཁོ་རང་ཚོ་ལ་མཚོན་ན་བཀའ་དྲིན་ཆེན་པོ་མ་རེད་དམ།

    Reply
  29. བོད་པ says:
    ལོ་ 15 སྔོན།

    བདེན་པ་འདྲ་བོ་ཞིག་ལབ་འདུག

    Reply
  30. གངས་ཕྲུག says:
    ལོ་ 15 སྔོན།

    དྲ་གྲོགས་སྤོབས་པ་མཐའ་ཡས་ལགས།
    ཁྱེད་ཀྱིས་གསུང་བ་ལ་རྗེས་སུ་ཡི་རང་ཡོད།
    ངས་བསམ་ན་ཡང་གླེང་གཞི་འདི་རྒྱ་ཆེན་པོ་བཟོ་མཁན་དེ་སློབ་ཕྲུག་དེ་ཚོའི་སྤུན་ཉེ་གྲོགས་པོ་
    ལྟ་བུའམ་ས་ཕྱོགས་གཅིག་པ་སོགས་གང་ལྟར་འབྲེལ་ཡོད་ཅིག་གིས་མ་སུའུ་རི་བོད་ཁྱིམ་ལ་
    འཁོན་ལན་སློག་གིན་མེད་དམ་སྙམ་པ་ཞིག་འདུག གང་ཡིན་ཟེར་ན་ལོ་ཁ་ཤས་ནས་བཟུང་
    མ་སུ་རི་བོད་ཁྱིམ་གྱི་འཛིན་སྐྱོང་དང་ཤེས་ཡོན་གྱི་གནས་སྟངས་ཉམ་ཆག་ཕྱིན་པ་སྤྱི་ཚོགས་ནང་
    ཁྱབ་བཞིན་འདུག ད་ལྟའི་དྲུང་ཆེ་དེ་ཕེབས་ནས་སྒྲིག་འཛུགས་སོགས་གང་ཅི་ཐད་ཡར་རྒྱས་དང་
    འགྱུར་བ་ཡག་པོ་འགྲོ་གི་ཡོད་པ་གོ་ཐོས་བྱུང་། དེས་ཕྱོགས་ནས་ཀྱང་བཙན་བྱོལ་བོད་གཞུང་དང་དེ་བཞིན་
    མ་འོང་བོད་ཀྱིས་སོན་རྩ་གསོ་སྐྱོང་བྱེད་སའི་སློབ་གྲྭ་དེ་ཚོ་ལ་མི་དགའ་བའི་མི་་དེ་ཚོའི་ཕྲུ་གུ་བཅུའི་
    ཆེད་དུ་སློབ་ཕྲུག་ཉིས་སྟོང་ལྷག་འཕྲོ་བརླག་གཏོང་འདོད་ཡོད་ས་རེད། ད་དང་ཕྲུ་གུ་བཅུ་དང་
    མི་དེ་ཚོ་ངན་པ་ལག་འབྲེལ་ཡིན་ཚོད་འདུག ད་དང་བུ་མོ་དེ་རྒྱ་དམར་གྱིས་སོ་བ་ཡིན་པ་འདྲ།

    Reply
  31. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    སྤོབས་པ་མཐའ་ཡས་ལ་ཁྱེད་ཀྱི་སྐད་ཆ་མགོ་ཚོས་མི་ཚོས་དེ་འདྲ་ལབ་ན་ཡག་པོ་ཡོད་པ་མ་རེད།དྲང་པོ་མ་རེད།པེ་ཞ་སྤྲད་ནས་རྒྱ་མི་ལ་རྩིས་སྤྲད་བྱས་ན་སུ་ཡིན་ན་འཇོན་ནི་རེད།དེ་ནི་ཞབས་འདྲེན་རེད།ཁྱེད་རང་ཕྱིར་རྒྱ་མི་ལ་རྩིས་སྤྲད་བྱས་ན་བློ་ཕམ་བྱུང་གི་རེད་དམ།ཁྱེད་ཀྱི་ཁོང་ཚོ་ལ་རྒྱབ་རྩ་བྱས་ན་ཅི་ལ་ཕན་གི་རེད།ཁྱོད་ལ་ཁེ་ཕན་ཅི་ཡོད།མི་སྟོང་ཕྲག་ཞིག་གི་ཁོང་ཚོའི་བྱ་བ་ཐད་དྲག་འདུག་ཅེས་ལབ་པ་ངོས་ལེན་བྱེད་གི་མིན་ནམ།ཁྱེད་ཀྱི་དེ་ལ་འགྲེལ་བྱེད་ལོག་པ་ག་རེ་རྒྱབ་ཡོད་།ཁྱེད་ཀྱི་བཤད་པ་ཡང་ཐད་དྲག་རེད།

    Reply
  32. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    དྲ་གྲོགས་སྤོབས་པ་མཐའ་ཡས་ལགས།
    ཁྱེད་ཀྱིས་འདོད་པ་ལྟར་ན་མ་སུ་རིའི་སློབ་ཕྲུག་དེ་ཚོ་ཕྱིར་འབུད་བྱས་པར་འགྲིག་འདུག་གམ།
    འཁྲིག་པ་སྤྱོད་པ་ཙམ་གྱིས་སློབ་སྦྱོང་གི་གོ་སྐབས་མི་སྤྲད་པར་ཕྱིར་འབུད་བྱེད་དགོས་པ་འདི་འདྲའི་སྒྲིག་འཛུགས་དེར་འགྲོ་བ་མིའི་བཟང་སྤྱོད་དང་འགལ་བ་མ་ཡིན་ནམ།
    འདོད་ཆགས་བྱས་པ་ཙམ་གྱིས་འདི་འདྲ་ཁྲིམས་བཅད་གཏོང་བ་འཛམ་གླིང་རྒྱལ་ཁབ་གཞན་དག་གི་སློབ་གྲྭའི་ནང་དུ་མཐོང་ཡ་ཡོད་དམ།

    དོན་མེད་པར་ལྡོག་ཕྱོགས་ནས་བཀའ་མོས་གསུངས་བ་འདི་འདྲ་ག་རེ་རེད་ཨ། ངའི་རེ་བ་ལ་ཁྱེད་ཀྱིས་ལྡོག་ཕྱོགས་ནས་རྩོད་པ་མ་རྒྱག་རོགས་ཞུ་རྒྱུ་དང་བོད་མི་ཉམ་ཆུང་ཚོའི་མདུན་ལམ་ལ་ཐུགས་བསམ་བཞེས་རོགས་ཞུ།

    Reply
  33. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    གདན་ས་ཁག་ལ་བོད་ནས་ཕེབས་མཁན་ཞེ་གྲགས་མེད་པས་མོན་པ་དང་ལ་དྭགས་སོགས་མདོར་ན་ཧུ་མ་ལ་ཡིས་རི་རྒྱུད་ཡོངས་ནས་གྲྭ་རྒྱུན་སོགས་བསླང་ཏེ་བོད་ཀྱི་རིགས་གཞུང་འདི་མི་ཉམ་རྒྱུད་འཛིན་ཆེད་སྐུ་ངལ་ཞེ་དྲག་གནང་གི་ཡོད་པ་རེད
    དེར་མ་ཟད་བོད་ཁྱིམས་སློབ་གྲྭ་ཁག་ལ་ཡང་ལོ་རེད་བཞིན་བོད་འབྱོར་བ་ཉུང་དུ་འགྲོ་བཞིན་ཡོད་པ་ཁ་གསལ་རེད
    དེའི་ཕྱིར་དབུགས་ཐང་གཅིག་ལ་མི་དགུ་ཕྱིར་བཏང་བྱས་པ་ཆུང་ཐལ་གྲགས་མི་འདུག་གམ

    Reply
  34. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    དོན་ལ་རྒྱ་ལག་དུ་སྤྲད་པ་རེད་ཞེས་བཤད་པ་ལས་སུ་དང་གང་ཞིག་གི་རྒྱ་ལག་དུ་སྤྲད་ཡོད་པ་མ་རེད
    དེ་མིན་ན་སློབ་མ་ཚོ་རང་ངོས་ནས་ཕྱིར་ཕ་ཡུལ་དུ་ལོག་རྒྱུ་ཡིན་བཤད་པ་རེད་དམ་
    གང་ལྟར་སློབ་གྲྭ་ནས་ཕུད་པ་ངོས་ལན་དང་ཕྱིར་ལོག་བྱས་བ་སྒོལ་རྒྱུ་ཡིན
    མཆན་དང་པོའི་འཇུག་ཏུ་བཅུག་རོགས

    Reply
  35. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བོད་སྤྱི་པའི་བྱེད་མི་བདེ་བ་དེ་སྒེར་པ་ཚོགས་སྒེར་ནས་ཕན་ཐོག་ན་མི་ལེགས་སམ། བཟློག་སྒྱུར་བྱེད་སའི་གནས་ནི་ཡིན་མདོག་མེད།

    Reply
  36. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    ཡ་འཇིགས་བྲལ་བརྟན་འཛིན། ཁྱོད་ལ་སྐད་ཆ་གསལ་པོ་ཡོད་ས་རེད། གསལ་གསལ་ཐིང་ཐིང་ཞིག་ཤོད་དང་། སློབ་མ་ཁོ་རང་ཚོས་བོད་དུ་འགྲོ་རྒྱུ་ཡིན་ལབ་པར་སྒྲིག་འཛུགས་ཀྱིས་ལམ་གྲོན་གནང་བ་རེད་དམ་ཁོ་རང་ཚོ་བོད་དུ་ལོག་པར་མི་འཐད་བཞིན་དུ་འབྲེལ་ཡོད་ལས་བྱེད་ཚོས་བཙན་ཚུགས་ཀྱིས་དྲུད་ནས་རྒྱ་ལག་ཏུ་བཞག་པ་རེད། འདི་ལ་ཁྱོད་ཀྱིས་ལན་རྒྱག་ཐུབ་བམ།

    Reply
  37. lhamodondub says:
    ལོ་ 15 སྔོན།

    རི་བོང་ཅལ་འདྲོགས་མ་བྱེད་ཟེར་བ་བདེན། བཀའ་ཤག་གིས་ཐ་མའི་ཐག་གཅོད་ཅི་བྱས་ཡོད་དམ། མ་གཞི་ནས་སློབ་མ་ཕྱིར་འབུད་ཀྱི་ཆད་པ་འདི་ཡག་པོ་ཞིག་མ་རེད། ལྷག་པར་བོད་ཀྱི་སློབ་གསོའི་ཆ་ནས་འཚམས་པོ་ཞིག་མ་རེད། འདི་ལ་མཐོ་ས་ཤེས་རིག་ལས་ཁུངས་ནས་ཐུགས་བསམ་བཞེས་གལ་ཆེ། ཕྲུ་གུར་རྡུང་མི་ཆོག་ཟེར། འདི་ལྟར་ཕྱིར་འབུད་བྱེད་པ་ལས་གྲྭ་སའི་ལྕག་ཚན་དེ་འོས་པར་མཐོང་ངོ།

    Reply
  38. འཇིགས་བྲལ་བསྟན་འཛིན། says:
    ལོ་ 15 སྔོན།

    ངྷ་ས་དབུས་སྣེ་ལེན་ཁང་གི་འགན་འཛིན་ངག་དབང་ནོར་བུ་ལགས་སུ་བཀའ་འདྲི་ཞིག་གི་སྐབས་སུ། ཁོང་གིས། སློབ་གྲྭའི་ནང་དོན་རྐྱེན་དེ་བྱུང་རྗེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་ཤེས་རིག་བཀའ་བློན། མ་སུ་རི་བོད་ཁྱིམ་གྱི་སློབ་སྤྱི་དང་དྲུང་ཆེ་བཅས་གྲོས་བསྡུར་བྱས་འདུག་ལ། ཕྱིས་སུ་སློབ་མ་དེ་དག་བོད་ནང་འགྲོ་བའི་ལམ་གྲོན་ཚང་མ་བོད་ཁྱིམ་གྱིས་གཏོང་རྒྱུ་གཏན་འཁེལ་བྱུང་རྗེས། འབྲེལ་ཡོད་ལས་བྱེད་མངགས་གཏོང་གིས་བལ་ཡུལ་སྣེ་ལེན་ཁང་ལ་རྩིས་སྤྲོད་དང་ཕྱིར་བོད་ནང་གཏོང་དགོས་པའི་སྐོར་གཏན་འཁེལ་བྱུང་འདུག་ཅེས་གསུངས་ཡོད་པ་གསར་འགྱུར་དུ་ཐོན་ཡོད་པ་རེད།
    སྤོབས་པ་མཐའ་ཡས་ལགས། ལན་འདི་ལ་འགྲེལ་བཤད་ག་རེ་རྒྱག་གི་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese