མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མིད་པའི་ནང་གི་ཟ་འཕྲུག རྭ་ལོ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༠༡
Share on FacebookShare on TwitterShare on EmailShare on Whatsapp

 

རྭ་ལོ། (རིན་ཆེན་ཚེ་རིང་།) ལྡི་ལི་གསར་པ།

སྤྱིར་ཡིན་ན་ཉིན་དེར་ངས་མ་སུ་རིའི་སློབ་མ་ཚོའི་གནད་དོན་དེར་རང་གི་བསམ་ཚུལ་ཙམ་དང་དེའི་འོག་ལ་གསལ་བཤད་ཀྱི་མཆན་གཅིག་བཀོད་པ་ཙམ་གྱིས་ཚང་མར་ཐུགས་ཕན་སོས་གི་རེད་འདོད་ཡོད་ཀྱང་། ང་ནོར་འདུག མང་པོ་ཞིག་གིས་སྐད་ཆ་དེ་ཚོ་ལ་འཁྱེར་ལུང་འཁྱེར་བྱས་སོང་། ད་ནི་རྗེས་ཟིན་ས་མ་རེད།

ང་ལྟ་བུ་ཞིག་ལ་མཚོན་ན་མ་སུ་རི་སློབ་གྲྭའི་སློབ་མའི་འཁྲིག་སྤྱོད་ཞབས་འདྲེན་ ( Students Sex Scandal ) གྱི་གནད་དོན་འདི་ནི་ཚན་རིག་པ་ཞིག་གིས་མ་གཏོགས་གསེད་གྲོལ་བྱེད་མི་ཐུབ་པའི་མགོ་རྙོག་དེ་འདྲ་མ་རེད།

ཁྲིམས་དང་སྒྲིག་གཞི། བོད་རང་གིས་ལོ་སྟོང་ཕྲག་གི་རིང་རྩིས་ཆེན་དང་རྩ་འཛིན་བྱེད་པའི་ལྷ་ཆོས་དང་མི་ཆོས་བཅས་ཕྱོགས་གང་ཐད་ནས་བལྟས་ཀྱང་། དུས་མིན་གནས་མིན་གྱི་དབང་གིས་འགལ་འཇོལ་དུ་སོང་བའི་དོན་དག་ཅིག་ཐག་གཅོད་ནན་མོ་བྱས་པ་ཙམ་རེད། ཐག་གཅོད་དེ་ཡང་ཁྱེད་ཚོའི་ཚིག་འགྲོས་ལྟར་མིན་པར། བདེན་ལུགས་དང་དྲང་ལུགས་གཞིར་བཞག་གི་ཐག་གཅོད་ཅིག་རེད།

ད་སྐབས་ང་མགོ་རྨོངས་ས་ནི་གནད་དོན་དེ་མིན་པར། དེའི་ཐོག་ལ་སྐད་རྒྱག་མཁན་ཚོ་རེད། ངས་ཉིན་འདི་འགར་ཁྱེད་ཚོས་འདི་ལྟ་བུའི་སྐད་ཅོར་ཅིག་བརྒྱབ་དོན་གང་ཡིན་ནམ་སྙམ་ནས་ཡུན་རིང་བསམ་བློ་བཏང་བ་ཡིན། མཐའ་མ་དེར་སེམས་ལ་འདི་སྙམ་དུ་འཁོར།

མ་གཞི་ནས་གཞོན་སྐྱེས་མང་པོ་ཞིག་ལ་དེང་སྐབས་མིད་པའི་ནང་དུ་སྐད་རྒྱག་འདོད་ཀྱི་ཟ་འཕྲུག་ཅིག་ལངས་བསྡད་འདུག དཔེར་ན། ད་ཐེངས་མ་སུ་རིའི་སློབ་གྲྭས་སློབ་མ་འདི་དག་ཕ་ཡུལ་ལ་ལམ་འཇུག་མ་བྱས་པར་སློབ་གྲྭའི་ར་སྐོར་གྱི་ཕྱི་ལོག་ལ་ཕུད་པ་ཡིན་ན་ཡང་ཁྱེད་ཚོས་སྐད་རྒྱག་གི་རེད། འདི་ཚོ་ཅིའི་ཕྱིར་སོ་སོའི་ཕ་མའི་འགྲམ་ལ་མ་བསྐྱལ་བ་ཡིན་ཅེས་སྐད་རྒྱག་གི་རེད། མ་མཐར་ཡང་བལ་ཡུལ་བར་དུ་སྐྱེལ་དགོས་པ་རེད་ཅེས་སྐད་རྒྱག་གི་རེད། མ་རེད་དམ།

ཡང་། སློབ་མ་དེ་ཚོའི་གཅིག་ཀྱང་སློབ་གྲྭ་ནས་ཕྱིར་མ་ཕུད་པར་རང་འཇགས་སློབ་གྲྭའི་ནང་ཉར་ཚེ་སླར་ཡང་ཁྱེད་ཚོས་འདི་ཚོ་ཅིའི་ཕྱིར་སློབ་གྲྭའི་སྒྲིག་ཁོངས་ནས་ཕྱིར་ཕུད་མ་བྱས་པ་ཡིན་ཟེར་ནས་སྐད་རྒྱག་གི་རེད། ད་དུང་མ་སུ་རིའི་སློབ་གྲྭ་ལ་ཁྲིམས་དང་སྒྲིག་གཞི་མེད་ལུགས་དང་། བྱིས་པ་ཚོ་འདིར་བསྐྱལ་མི་རུང་བའི་སྐད་རྒྱག་གི་རེད།

ཁྱེད་ཚོའི་རེ་བ་ལྟར། སློབ་མ་དེ་དག་གི་འགའ་རེ་ཕྱི་ལ་ཕུད། འགའ་རེ་མ་ཕུད་པར་སློབ་གྲྭའི་ནང་བཞག་ན་ཡང་ཁྱེད་ཚོས་སྐད་རྒྱག་གི་རེད། སློབ་མ་ལ་ཁྱད་པར་བཏོད་སོང་། གསར་རྙིང་གི་དབྱེ་འབྱེད་བྱས་སོང་། དྲང་པོ་མ་རེད་ཅེས་སྐད་སྣ་ཚོགས་རྒྱག་གི་རེད།

དེ་དང་འདྲ་བར། གནད་དོན་འདི་མ་སུ་རི་སློབ་གྲྭ་གཅིག་པུས་ཐག་བཅད་ཡོད་ཚེ་ཁྱེད་ཚོས་དེ་ལ་སྐྱོན་རྒྱག་གི་རེད། གནད་དོན་ཚབས་ཆེན་འདི་ལྟ་བུ་ཞིག་བོད་གཞུང་མཉམ་དུ་གྲོས་བསྡུར་མ་བྱས་པ་གང་ཡིན། བཀའ་སྤྱི་གཉིས་ཀྱིས་མ་ཐོས་མ་མཐོང་བར་ཐ་ན་བལ་ཡུལ་བར་དུ་བསྐྱལ་བ་ཡང་ཅི་འདྲའི་བློ་ཁོག་ལ་ཟེར་གི་རེད།

བོད་གཞུང་དང་མཉམ་དུ་གྲོས་བསྡུར་བྱས་ཏེ་ཕྱིར་འཕུད་བྱས་པ་ཡིན་ན་ཁྱེད་ཚོས་འདི་བོད་གཞུང་བར་དུ་ཁྱེར་ཡོང་དགོས་པ་ཞིག་མ་རེད། སློབ་གྲྭ་རང་ལ་དོན་དག་འདི་ཙམ་ཡང་ཐག་གཅོད་པའི་ལམ་དང་ལུགས་སྲོལ་མེད་པ་རེད་དམ་ཟེར་ནས་སྐད་རྒྱག་གི་རེད།

ད་སྐབས་ཁྱེད་ཚོ་གནས་སྟངས་འདི་འདྲ་ཞིག་ན་འདུག ཚད་གང་ལ་སླེབ་འདུག ཁྱེད་ཚོའི་ཁམས་དང་མཐུན་པའི་ཐག་གཅོད་ཅིག་བྱེད་ཤེས་ས་རེད་དམ།

མ་སུ་རི་སློབ་གྲྭའི་འཁྲིག་སྤྱོད་ཞབས་འདྲེན་གྱི་གནད་དོན་འདི་མ་བྱུང་བའི་ཡར་སྔོན་ཏག་ཏག་དེར་ཡང་ངྷ་སའི་གཞོན་བྱིས་སྐོར་ཞིག་གིས་རྒྱལ་སྤྱིའི་བཟོ་ཚོང་ཞིག་ལ་སྐད་འབོད་བྱས་སོང་། སྐད་ཅོར་དེ་ཡང་དཔེ་མཚོན་ཙམ་ཡིན།

ད་ནི་ངས་བསྐྱར་དུ་བཤད་རྒྱུར། མ་སུ་རི་སློབ་གྲྭའི་ཐག་གཅོད་དེ་ཧ་ཅང་འཚམ་པོ་ཞིག་རེད། ཐོག་མར་གནད་དོན་འདི་ཚབས་ཆེན་ལ་བརྩིས་པ་རེད། དེ་ནས་རང་ཚོད་ཀྱི་ཐག་གཅོད་མ་བྱས་པར། བོད་མི་དམངས་ཀྱིས་ཐད་ཀར་འོས་འདེམས་གནང་བའི་མི་དབང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་དང་ཤེས་རིག་བཀའ་བློན་རྣམ་པ་གཉིས་ལ་དགོངས་ཚུལ་ཞུས་པ་རེད། མཐའ་མ་དེར། མ་གོང་རིམ་གྱི་ལམ་སྟོན་ལྟར། མ་འོངས་པའི་སོན་རྩ་ཁྲི་ཕྲག་མང་པོ་དང་། ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་བརྒལ་ནས་ཡོང་མཁན་བྱིས་པ་ཚོར་ཉེན་བརྡ་དང་བཅས་བལ་ཡུལ་བར་དུ་ལམ་འཇུག་བྱས་པ་རེད།

ཐག་གཅོད་འདི་ལ་དོན་མེད་ཀུ་ཅོ་འདོན་པ་ལས། ལ་ཕར་རྒྱབ་དང་ཚུར་རྒྱབ་གཉིས་ཀར་ཡོད་པའི་ཤེས་ལྡན་པ་དང་། ལྷག་བསམ་ཅན། རིགས་ཞེན་ཅན། ལ་རྒྱ་ཅན། བློ་གྲོས་ཅན། མིག་རྒྱང་ཅན་ཚང་མས་ཐག་གཅོད་འདི་ལ་རྒྱབ་སྐྱོར་དང་གུས་བརྩི་བྱེད་པ་དང་། མ་འོངས་སོན་རྩ་རྣམས་ལ་སློབ་གསོ་བརྒྱབ་རྒྱུ་གལ་ཆེ་ཤོས་དེ་རེད་འདོད།

 

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་དེར་ངོས་ལེན་མེད་པའི་གྲོས་ཆོད་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༡ སྔོན་ལ།
TTTT
Mobile App

འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་གསར་འཛུགས་སླར་གསོ་བསྐྱངས་ནས་ལོ་ངོ་ ༦༥ འཁོར་བའི་དུས་ཆེན་སྲུང་གཙི་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
དགེ་འདུན་པ་མཛེས་དགའ་རྒྱ་མཚོ་ལགས། པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༣།༢༢ བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

༢༠༢༦/༠༣/༢༢
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡

མཆན། 10

  1. གངས་ཕྲུག says:
    ལོ་ 16 སྔོན།

    དྲ་གྲོགས་རྭ་ལོ་ལགས་ནས་དངོས་གནས་ཡག་པོ་བྲིས་འདུག རྒྱུ་མཚན་འདུག ར་ལོའི་གསུང་བ་དང་
    ཁང་གསར་རྡོ་རྗེ་གཉིས་ནས་དཔེ་དང་བཅས་གསུང་བ་དེ། དཔེ་ཡག་པོ་རེད། རྒྱལ་བ་རིན་པོ་ཆེ་དང་
    བཙན་བྱོལ་སྤྱི་ཚོགས་ལ་བློ་དཀར་སེམས་དཀར་རེད། རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད།

    Reply
  2. ཚེ་རིང་། says:
    ལོ་ 16 སྔོན།

    རང་སེམས་ཡ་ཡོ་མི་བརྟན་པའི་རང་བཞིན་ཅན་དེ་གཞན་རིགས་ལ་དཔེ་སུ་སྦྱར་ནས་དེ་ཡིན་པར་ཐལ་དགོས་པའི་ཉིད་ཀྱི་བརྗོད་སྟངས་འདི་ནི། རང་ཞེན་ཆགས་སྡང་གི་དབང་དུ་མ་སོང་བར་གནད་དོན་དངོས་ལ་དཔྱད་ཀྱང་བརྟག་ཏེ་དྲང་པོར་བརྗོད་པའི་གཟུར་གནས་བློ་ལྡན་དག་གི་འཇུག་ཡུལ་དུ་མཐོང་མ་སོང་།
    སློབ་མ་བཅུ་དང་ཁྱིམ་ཚང་ཕ་མ་གཉིས་རྒྱང་ཕུད་གཏོང་བ་ལས། སློབ་སྤྱི་གཅིག་དང་དགེ་ཆེ་གཅིག་ལས་དབྱུང་བཏང་བ་དེས་སློབ་གྲྭའི་སྒྲིག་གཞི་སྤྱི་ཡོངས་ནས་ཚགས་ཚུད་ཡོང་བར་གནོད་ཤུགས་སྤྲོད་ཐུབ་རྒྱུ་རེད། སྤྱི་ཚོགས་གང་ཞིག་ཏུ་དུས་རྒྱུན་གནད་དོན་ཅི་ཞིག་ལྷག་ཀྱང་མཐོ་རིམ་དཔོན་རིགས་ཚོའི་རྐུབས་སྟེགས་འགྱུར་མེད་རྡོ་རྗེ་བྲག་རི་ལྟར་བཀྲ་ཤིས་བདེ་ལེགས་ཡིན་པའི་ལུགས་སྲོལ་དག་ནི། སྤྱི་ཚོགས་གང་དེའི་སྒྲོམ་གཞིའི་ཀ་ཆེན་དག་ལ་གཡའ་དང་དྲེག་པས་ཟེགས་ཡོད་པ་མཚོན་ཡོད་དེ། དམར་ཕྱོགས་སྒེར་གཅོད་རང་ལུགས་པའི་ནག་ཉེས་ཆེ་ཤོས་དེ་ཡང་འདི་ལ་ཐུག་འདུག་པ་མ་ཡིན་ནམ། སྤྱི་ཚོགས་གང་ཞིག་ཡིན་ཡང་། ནག་ཉེས་ཡོད་ཚད་དམངས་མི་སེར་གྱི་སྟེང་ནས་འཚོལ་བ་དང་ཁྲིམས་ཆད་མཐའ་དག་དམངས་མི་སེར་གྱི་ཐོག་ཏུ་འབེབས་པ་དེ་ནི་སྤྱི་ཚོགས་ཡར་རྒྱས་ཚགས་ཚུད་ཡོང་བའི་རྒྱུ་མ་ཡིན་པར། སྤྱི་ཚོགས་གང་དེའི་སྒྲིག་གཞི་མཐའ་དག་རུལ་ཟེགས་སུ་འགྱུར་ཉེན་ཡོད་པའི་བརྡ་རྟགས་མངོན་གསལ་ཅན་དེ་རེད།

    Reply
  3. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    རཱ་ལོ། ཁྱོད་ཀྱི་རྩོམ་འདི་མཐའ་གཅིག་ཏུ་གནས་ལུགས་ཀྱིས་ཁེངས་འདུག་ཟེར་ཐུབ་ཀྱི་མི་འདུག་མོད། རྩོད་བརྒྱབ་ནས་མཐར་འབབ་ས་མེད་དུས་ངས་ཀྱང་མང་བོ་བཤད་པས་དགོས་དོན་མི་འགྲུབ་པ་གསལ་བོར་རྟོགས་ཡོད། ཡིན་ནའང་། ཐེངས་འདིར་ཁྱོད་ཀྱིས་རིག་པས་དགག་སྟེངས་འདི་ཅུང་ཙམ་ལེགས་པོར་མཐོང་། འདི་གཅིག་བྱས་ན་ད་ནས་བཟུང་བྱེད་སྟངས་གསར་བ་ཞིག་ཏུའང་འགྱུར་སྲིད། དེང་སྐབས་མི་ཚང་མས་གཅིག་གིས་ཅིག་བཤད་དུས་ལམ་སེང་གཞན་ཞིག་གིས་དེར་རྒྱག་རྒྱུ་ཡིན་ཟེར་གི དེ་ཚོར་འདིས་ཕན་ཐོགས་འབྱུང་སྲིད། དེ་ཙམ་ཡིན།

    Reply
  4. མགྲིན་པ་ཟབ་མོ། says:
    ལོ་ 16 སྔོན།

    རྭ་ལོ་ལགས། ཁྱོད་ཀྱི་ར་རྩེ་ཅུང་རྣོ་སེ་བྱུང་།

    བདེན་པ་སུ་ལ་ཡོད་མེད་མ་ཤེས། ཡིན་ན་ཡང་། གནས་ལུགས་ཤིག་གི་སྟེང་ལ་སོ་བརྒྱབ་ནས་འདུག་པ་དང་། སོ་སོའི་བདེན་པ་དེ་ཚོ་ཡང་གོ་རིམ་ཡོད་པ་དང་། བཤད་མཁས་པ་བཅས་ཀྱིས་མི་སུ་ཡིན་རུང་སེམས་འཁྲིག་གཞི་ཞིག་བཟོས་འདུག

    ངའི་མཆན་ངོ་མ་ནི་གཤམ་གྱི་འདི་ཡིན།

    སྐབས་རེར་ལྷག་བསམ་གྱིས་གནས་ལུགས་ཟ་གི་འདུག

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    ཁྲིམས་བརྒལ་ཁྲིམས་ས་ནས་འབུད་ཐུབ་པ་དང་མི་འདོད་བཞིན་དུ་བོད་ལ་ལོག་མི་དགོས་ཙམ་བྱུང་ན་དགོས་རྒྱུ་པགས་ལ་པགས་ཁུ་ད་ར་ཟེར་ན་དེ་རེད།

    Reply
  6. དོམ་དཀར། says:
    ལོ་ 16 སྔོན།

    ཁྱོད་རང་གིས་བཤད་པ་དངོས་་གནས་རེད། མི་ཚང་མས་མཉམ་དུ་འགྲིག་ཤག་ཟེར་བའི་ཚིག་ཏེ་དངོས་གནས་ཡོང་མི་ཐུབ།

    Reply
  7. ལྷ་མོ་དོན་གྲུབ། says:
    ལོ་ 16 སྔོན།

    དྲག་གི ཟ་འཕྲུག་གང་ནས་གང་ན་དེ་ནས་འཕྲུག་དགོས། ཟ་འཕྲུག་ཆེ་རུ་སོང་ན་ལྷག་པར་འཕྲུགས་ཁྲག་བཞུར་རྒྱུ་རེད། སྤྱི་ཚོགས་ཀྱི་གནད་དོན་འདི་རིགས་ལ་ཚང་མས་མཐོ་རྒྱག་དང་དམའ་རྒྱག་མེད་པར་བསམ་ཚུལ་དྲང་མོ་རེ་བཤད་རྒྱུ་ཧ་ཅང་གལ་ཆེ། སྐབས་འདི་རང་ལ་མ་ཕན་ཡང་ཐེངས་ཕྱིན་ཆད་ལ་བསམ་བློ་གཏོང་རྒྱུར་ཕན།

    Reply
  8. རྐང་རྗེན་པ། says:
    ལོ་ 16 སྔོན།

    སྐད་རྒྱག་མཁན་ཚང་མ་དེ་འདྲ་ཨེ་ཡིན་མི་ཤེས་ཏེ། མང་པོ་ཞིག་དེ་འདྲ་ཡིན་པའི་མཐོང་ཚུལ་ང་ལའང་བྱུང། ཕལ་ཆེ་བ་སྨྲ་བརྗོད་རང་དབང་བེད་སྤྱོད་གཏོང་རྒྱུ་ལ་དགའ་དྲགས་པ་དང་། འཁྲུག་ཆ་དོད་པོ་བཟོ་རྒྱུར་དགའ་བ་ཙམ་རེད། གནས་ལུགས་ལ་བསམ་བློ་གཏོང་མཁན་དཀོན་པོ་རེད།
    ད་རེས་ཀྱི་མ་སུ་རིའི་གནད་དོན་ཐག་གཅོད་གནང་སྟངས་འདི་ཁོང་ཚོའི་སྒྲིག་གཞི་ལྟར་གནང་བ་ཞིག་ཡིན་ཚུལ་གསུང་གི་ཡོད་པས། གལ་སྲིད་འགྲིག་མེད་ན་སྒྲིག་གཞིས་མ་འགྲིག་པ་ཡིན་པས་སྒྲིག་གཞི་བསྐྱར་བཅོས་བྱེད་དགོས་པ་ལས། ལས་ཀྱི་སྣེ་མོ་བར་དེ་ཙམ་བཤད་དུ་ཨེ་ཡོད།

    Reply
  9. ཁང་གསར་རྡོ་རྗེ། says:
    ལོ་ 16 སྔོན།

    འདི་རྭ་ལོས་ཡག་པོ་ཞིག་བྲིས་འདུག རྒྱུ་མཚན་འདྲེན་སྟངས་དེ་ཚོར་བསྔགས་བརྗོད་ཡོད།

    སྔོན་མ་ཕ་རྒས་པོ་ཞིག་དང་བུ་ཞིག་བོང་བུ་བཞོན་ནས་ཕྱིན་པ་རེད། ལམ་བར་དུ་མི་ཚོས། དཔེ་མི་སྲིད། དེ་འདྲའི་ཕ་བུ་གཉིས་ཀྱི་བྱེད་སྟངས་ངན་པ་ལ། བོང་བུ་ཤི་ཆོག་ཆོག་དེ་ལ་ཕ་བུ་གཉིས་ཀས་ཉིས་བཞོན་བྱས་འདུག་ཅེས་བཤད་པ་རེད། དེར་ཕ་བུ་གཉིས་ངོ་ཚ་སྟེ། བུ་དེ་བོང་བུ་ནས་བབས། ཕས་བཞོན་པ་རེད། ཡང་མི་ཚོས། ཕ་དེའི་སྡུག་ག་ལ། བུ་ཆུང་ཆུང་དེ་རྐང་ཐང་དུ་བཏང་། ཁོ་རང་སྐྱིད་པོ་བྱས་བོང་བུ་བཞོན་འདུག་ཅེས་བཤད་པ་རེད། དེར་ཕ་ངོ་ཚ་ནས། བུ་ལ་བཞོན་བཅུག་པ་རེད། ཡང་མི་ཚོས། བུ་དེའི་བྱེད་སྟངས་ལ་ལྟོས་དང་། ཕ་རྒན་རྐང་ཐང་དུ་བོང་བུ་འཁྲིད་བཅུག ཁོ་རང་ཤ་དར་ཁྲག་དར་ཡིན་རུང་བོང་བུར་བཞོན་འདུག དེ་འདྲའི་གུས་ཞབས་མེད་པའི་བྱེད་སྟངས་ཞེས་བཤད་པ་རེད། ཐ་མ་ཕ་བུ་གཉིས་ཀས་བོང་བུ་མ་བཞོན་པར་སོང་བར་འཁྲིད་ཕྱིན་པ་རེད། ཡང་མི་ཚོས། ཕ་བུ་དེ་གཉིས་ཀྱི་ཆོ་མེད་པ་ལ། བོང་བུ་མ་བཞོན་པར་རྐང་ཐང་དུ་འགྲོ་གི་འདུག་ཅེས་བཤད་པ་རེད། སྒྲུང་དེ་དང་འདྲ་ཙམ་བཤད་འདུག

    ངས་མ་སུ་རི་བོད་ཁྱིམ་གྱི་འཁྲིག་སྤྱོད་དོན་རྐྱེན་དེ་ལ་ཐག་གཅོད་བྱེད་དགོས་ཟེར་གྱི་ཡོད། འོན་ཀྱང་ཐག་གཅོད་གང་བྱས་ཀྱང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་དེའི་དགོངས་དོན་རྒྱལ་སྤྱིའི་ཁྲིམས་དང་མ་འགལ་བ་བྱེད་དགོས་ཟེར་གྱི་ཡོད།

    Reply
  10. གནམ་ལྕགས། says:
    ལོ་ 16 སྔོན།

    དེ་རིང་རྭ་ལོའི་མིད་པར་ཟ་འཕྲུག་ཅིག་ལངས་པ་མ་གཏོགས་ཅང་ཤོད་མི་འདུག ད་བཤད་ཀི་བཤད་ཀི་ཉོག་འགྲོ་ཡི་འདུག ཡིན་ནའང་རྭ་ལོའི་གཅེའི་ལྷག་བསམ་ལ་གོང་བཀུར་ཡོད། ཁོང་གི་རྩོམ་ཡིག་སྔ་གཞུག་གཉིས་ཀྱི་ཤུགས་ན་རྭ་ལོ་ཞེས་པའི་མི་འདི་བོད་གཞུང་ལ་ལྷག་བསམ་རྣམ་དག་ཡིན་པ་མཚོན། སྤྱིར་ད་ལྟའི་གནས་བབ་ཀྱི་ང་ཚོར་མཁོ་བ་དེ་ཡང་དེ་ལས་ཅི་ཞིག་ཡོད། རྭ་ལོ་ལགས་ལ་ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese