མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྷོ་གྷལ་ཕྱིར་པེ་ཅིན་ལ་ལོག་པ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཚེས་ ༩ ཉིན་གྷོ་གྷལ་གྱིས་གསལ་བསྒྲགས་སྤེལ་བ་ལྟར་ན། པེ་ཅིན་གྱིས་གྷོ་གྷལ་མུ་མཐུད་ནས་རྒྱ་ནག་ཏུ་སྡོད་ཆོག་པའི་ཆོག་མཆན་ཡིག་ཆ་སྤྲད་འདུག

ང་ཚོ་སྔོན་ཆད་གྷོ་གྷལ་ལ་དགའ་མྱོང་ལ། ཁྲོ་ཡང་མྱོང་། ད་ལོའི་ལོ་སྟོད་ནས་བཟུང་གྷོ་གྷལ་གྱིས་རྒྱ་ནག་གི་དྲ་འབུའི་བསུན་གཙེར་འོག་ནས་དྲ་རྒྱའི་འཚོལ་ཞིབ་མ་ལག་དེ་ཕྱིར་འཐེན་བྱེད་རྒྱུ་ཡིན་ལུགས་བཤད་པ་དང་། དྲ་ཚིགས་དེ་པེ་ཅིན་ནས་ཧོང་ཀོང་ལ་གནས་སྤར་བ་སོགས་ཀྱི་སྐབས་སུ་ང་ཚོ་གྷོ་གྷལ་ལ་དུང་བ་སྐྱེས་ཤིང་། གྷོ་གྷལ་ལས་ལྷག་ཅིག་མི་འདུག་ཅེས་བཤད།

གྷོ་གྷལ་དང་པེ་ཅིན་བར་གྱི་རྩ་བའི་འགལ་འདུ་དེ་མུ་མཐུད་དུ་ཡོད་རུང་། ད་སྐབས་གྷོ་གྷལ་ཕྱིར་པེ་ཅིན་དུ་ལོག་པ་དང་། པེ་ཅིན་གྱིས་གྷོ་གྷལ་དྲ་ཚིགས་མུ་མཐུད་ནས་རྒྱ་ནག་ནང་བསྡད་ཆོག་པའི་ཡིག་ཆ་སྤྲད་འདུག་ལ། ང་ཚོའི་མང་པོ་ཞིག་སླར་ཡང་གྷོ་གྷལ་ལ་ཁོང་ཁྲོ་ལངས་མགོ་བཙུགས།

གྷོ་གྷལ་གྱི་ཚོགས་གཙོས་བཤད་དོན། རྒྱ་ནག་གཞུང་གིས་ང་ཚོའི་དྲ་ཚིགས་མུ་མཐུད་ནས་རྒྱ་ནག་ཏུ་སྡོད་ཆོག་པའི་མོས་མཐུན་ཡིག་ཆ་བསྐྱར་བཟོ་བྱས་པ་དེར་ང་ཚོ་ཧ་ཅང་གི་དགའ་བོ་བྱུང་། ང་ཚོས་རྒྱ་ནག་ནང་གི་དྲ་བ་སྔོག་མཁན་ཚོར་དྲ་ཐོག་གི་འཚོལ་ཞིབ་དང་ས་གནས་ཀྱི་ཅ་དངོས་དྲ་ངོས་སུ་མཁོ་སྤྲོད་བྱེད་པའི་ལས་དོན་དེ་ཚོ་མཇུག་སྐྱོང་རྒྱུར་སྟ་གོན་བྱེད་ཀྱིན་ཡོད་ཅེས་བཤད་འདུག

ཡིན་ཡང་། པེ་ཅིན་དང་གྷོ་གྷལ་གཉིས་ཀྱི་བར་གྱི་རྩ་བའི་རྩོད་རྙོག་གི་ཐད་ནས་གྲོས་འགྲིག་ཅི་ཞིག་བྱུང་ཡོད་མེད་གསལ་བཤད་བྱས་མེད།

རྒྱ་ནག་གཞུང་གིས་གྷོ་གྷལ་དྲ་ཚིགས་སྟེང་གློག་འཕྲིན་ཁ་བྱང་བཟོས་ཡོད་མཁན་གྱི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་དང་། ཁྲིམས་རྩོད་པ། དྲུག་བཞིའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་བཅས་ལ་དྲ་འབུ་སྣ་ཚོགས་བཏང་སྟེ་སོ་མྱུལ་དང་འཇིགས་སྐུལ་སོགས་བྱས་པར་བརྟེན་གྷོ་གྷལ་གྱིས་རྒྱ་ནག་གཞུང་ལ་བྱེད་སྟངས་དེ་ཚོ་མཚམས་འཇོག་བྱ་དགོས་པ་དང་། དྲ་ཐོག་གི་རང་དབང་དང་བདེ་འཇགས་སྲུང་སྐྱོབ་ལ་འགན་ལེན་བྱེད་དགོས་པའི་རེ་སྐུལ་བཏོན་ཡང་། པེ་ཅིན་གྱིས་དེར་ངོས་ལེན་བྱས་མེད། རྩོད་གཞི་འདི་དག་ལ་བརྟེན་འདས་པའི་ཟླ་ཤས་གོང་གྷོ་གྷལ་གྱི་དྲ་ཚིགས་དེ་པེ་ཅིན་ནས་ཧོང་ཀོང་ལ་སྤར་བ་རེད།

འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་སོགས་ཀྱིས་དེར་དགའ་བསུ་དང་བཅས་རྒྱ་ནག་ནང་གི་གྷོ་གྷལ་ཡིག་ཚང་གི་ཕྱི་ལོག་ལ་མེ་ཏོག་བཞག་པ་སོགས་བྱས་ཡོད།

གསར་འགྱུར་སྤེལ་མཁན། ལུང་རིགས།

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

ཆུ་ཚོད་ ༡༡ སྔོན་ལ།
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

ཆུ་ཚོད་ ༡༣ སྔོན་ལ།
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

མཆན། 3

  1. རྡོ་རྗེ་ཚེ་རིང་། says:
    ལོ་ 16 སྔོན།

    དྲྭ་ཚིགས་དེ་བརྒྱུད་ནས་སློབ་སྦྱོང་མང་དག་ཞིག་བྱ་རྒྱུ་འདུག

    Reply
  2. ཧེ་ར་བཀྲ་ཤིས། says:
    ལོ་ 16 སྔོན།

    གང་ལྟར་ང་ཚོས་དྲ་བ་འདི་བརྒྱུད་དེ་བོད་ཀྱི་གནས་ཚུལ་མཁོ་འདོན་གྱི་ལས་ལ་བྲེལ་དགོས་པ་ང་ཚོའི་ལས་འགན་ཡིན།

    Reply
  3. འཇམ་དཔལ་རྣོན་པོ། says:
    ལོ་ 16 སྔོན།

    I like Google.

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese