མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེམས་ཐག་བཅད་དེ་གླུ་རེ་ལེན། རྩོམ་སྒྲིག་པའི་གཏམ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༡༡
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་སྤྱིའི་འདོན་ཐེངས་ ༤༨༨ སྟེང་གི་རྩོམ་སྒྲིག་པའི་གཏམ།

བོད་དོན་འཐབ་རྩོད་ཀྱི་འགྱུར་ཁུག་ལ་ཉན་པའི་སྡུག་བསྔལ།

རྒྱ་ནག་གཞུང་གི་ཞེ་སྡང་དང་གདུག་རྩུབ་ལ་མ་ལྟོས་པར། ད་ལོའི་སྐུའི་འཁྲུངས་སྐར་གྱི་ཉིན་མོར་ཡང་རྨ་ཡུལ་ཕྱུག་མོ་ནས་གཞིས་ལུས་མི་དམངས་ཀྱིས་སེམས་ཐག་ཆོད་པོའི་སྒོ་ནས་༧གོང་ས་མཆོག་གི་འཁྲུངས་སྐར་ལ་བསྟོད་གླུ་ཕུལ་ཡོད། ཁ་སང་དེ་རིང་རྒྱ་གཞུང་གིས་བོད་རིགས་སྒྱུ་རྩལ་བ་དང་ཤེས་ཡོན་པ་ཚོ་རེ་རེ་བཞིན་རྩ་མེད་དུ་གཏོང་བཞིན་པའི་ཆབ་སྲིད་ཀྱི་ཁོར་ཡུག་ལ་བསམ་ན། ཁོང་ཚོ་ནི་ཅི་འདྲའི་སེམས་ཐག་ཆོད་པོ་ཞིག་རེད་ཨང་།

ཁོང་ཚོའི་གླུ་སྐད་ཀྱི་འགྱུར་ཁུག་དེ་ཚོ་ཐོག་མར་ཝ་ཤིན་ཊོན་ནས་བསྒྲགས་ཤིང་། དེ་ནས་ངྷ་རམ་ས་ལ་དང་པེ་ཅིན་སོགས་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་གང་ས་ནས་ཐོས་པར་གྱུར། གཞས་འདི་དག་ནི་སྤྱིར་ན་༧གོང་ས་མཆོག་ལ་ཕུལ་བ་ཡིན་རུང་། ཝ་ཤིན་ཊོན་དང་པེ་ཅིན་ནས་ཀྱང་གཞས་འདི་དག་ལ་ཉན་འདོད་ཧ་ཅང་ཆེ་ལ། གཞས་ཚིག་འདི་འདྲའི་ཐོག་ལ་ཚོར་བ་ཡང་ཧ་ཅང་རྣོ།

ཕྱོགས་གཞན་ནས་བཤད་ན། གཞས་འདི་དག་གོ་རྗེས་ཉན་མཁན་གྱི་ཁྲོམ་པ་སོ་སོར་སྡུག་བསྔལ་མི་འདྲ་བ་རེ་སྐྱེས་གིན་ཡོད། ངྷ་རམ་ས་ལ་ནས་ཐོས་སྐབས་སེམས་ཁྲལ་རང་བཞིན་གྱི་སྡུག་བསྔལ་ཅིག་ཚོར་ཡོང་གི་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ལ་ཡང་གདུང་སེམས་ཀྱི་ཚོར་བ་ཞིག་ཡོང་གི་ཡོད། ལྷག་པར་དུ། པེ་ཅིན་གྱི་དབུ་ཁྲིད་ཚོར་སྡུག་བསྔལ་ཧ་ཅང་ཆེ། གཞས་འདི་དག་གོ་དུས་ཁོ་ཚོར་ཁེར་རྐྱང་དང་སུན་སྣང་། ཞེད་སྣང་སོགས་ཚོར་བ་མི་འདྲ་བ་ཞིག་ཡོང་གི་ཡོད། མི་ལོ་ ༥༠ རྗེས་ནས་པེ་ཅིན་ལ་བསྟོད་གླུ་འབུལ་མཁན་ཆད་སོང་ལ། མདོ་དབུས་མཐོ་སྒང་གི་གཞས་པ་དང་གཞས་མ་གསར་པ་དག་གིས་སེམས་ཐག་ཆོད་པོའི་སྒོ་ནས་གཞས་གཏོང་གི་ཡོད། ཁོང་ཚོས་རང་གི་མི་རིགས་ཀྱི་གཞས་ངོ་མ་དང་། རང་དབང་གི་གཞས། ཞི་བདེ་དང་འདྲ་མཉམ་གྱི་གཞས་གཏོང་གིན་ཡོད།

དེ་ལྟར་ཀྱང་། གཞས་པ་རེ་རེར་གཞས་གཅིག་རེ་མ་གཏོགས་གཏོང་དབང་མེད། སྔོན་ནས་སེམས་ཐག་བཅད་ཡོད་པ་ལྟར། གཞས་དེ་བཏང་རྗེས་ཁོང་ཚོས་མནར་གཅོད་ཀྱི་གོ་རིམ་ཞིག་བརྒྱུད་དགོས་ལ། ཡང་ན་ཕྱིར་ཡོང་མེད་ས་ཞིག་ཏུ་ཆས་འགྲོ། ཁོང་ཚོའི་གླུ་སྐད་ཀྱང་དེ་ནས་བཟུང་ཆད་འགྲོ། ཡིན་ཡང་། གཞས་པ་དང་གཞས་མ་གསར་པ་དག་མུ་མཐུད་ནས་ཡོང་གི་རེད། ཁོང་ཚོས་མུ་མཐུད་ནས་རང་རང་གི་ལས་སྐལ་ལྟ་བུའི་གཞས་རེ་སེམས་ཐག་ཆོད་པོའི་སྒོ་ནས་གཏོང་གི་རེད། དེ་ནས་རང་རང་གིས་བདམས་པའི་ལམ་དེར་འཇུག་དགོས་པ་རེད།

ད་སྐབས་སེམས་ཁྲལ་ཅིག་ཡོང་གི་ཡོད། དེ་ནི་གཞས་པ་དང་གཞས་མ་ཚོའི་ཕྱོགས་ནས་མིན་པར། ཉན་མཁན་ཚོ་རེད། ཉན་མཁན་ཁྲོམ་པ་དག་གི་ཚོར་བ་བརླག་གིན་པའི་རྣམ་པ་ཞིག་མངོན་ཡོང་གི་ཡོད། དཔེར་ན། ངྷ་རམ་ས་ལ་དང་པེ་ཅིན། ཝ་ཤིན་ཊོན་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གཞས་འདི་དག་གོ་རུང་། དེ་ལ་ཚོར་བ་ཞེ་དྲག་མེད་པ་ལྟ་བུར་མངོན། སྡུག་བསྔལ་ཡང་སྐྱེས་གི་མེད། ཐ་ན་གཞས་དེ་དག་གི་ནང་དོན་ལ་མི་རིགས་ཀྱི་མངོན་འདོད་དང་ལངས་ཕྱོགས་ལ་མི་འཚམ་པའི་གནད་དོན་ཆེན་པོ་ཡོད་པའི་གཅིག་གྱུར་གྱི་ངོས་འཛིན་ཞིག་བྱེད་ཀྱིན་ཡོད། འདི་ནི་ད་ལྟ་དང་མ་འོངས་པའི་བོད་རིགས་གཞས་པ་དང་གཞས་མ་དག་གིས་གཟབ་དགོས་ས་གཙོ་བོ་དེ་ཡིན་པར་འདོད།།

འབྲེལ་ཡོད་གསར་འགྱུར།

Mobile App

འཛམ་གླིང་ཡུལ་གྲུ་གང་སར་༸སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་ལ་རྗེས་དྲན་ཞུ་བཞིན་འདུག

སྐར་མ ༥ སྔོན་ལ།
Press Statement From The Office of His Holiness The Dalai Lama
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་དང་ཨེབ་སི་ཊོན་བར་འབྲེལ་བ་རྩ་ནས་བྱུང་མེད་པའི་གསལ་བསྒྲགས་གནང་།

ཆུ་ཚོད་ ༤ སྔོན་ལ།
Delhi High Court, Image Representational (Photo/Shutterstock)
Mobile App

རྒྱ་གར་གྱི་མཐོ་རིམ་ཁྲིམས་ཁང་གིས་བོད་མི་ཞིག་ལ་རྒྱ་གར་གྱི་མི་སེར་ཐོབ་ཐང་སྤྲོད་དགོས་པའི་བཀའ་ཁྱབ་བཏང་།

ཆུ་ཚོད་ ༢༣ སྔོན་ལ།
Politic Re-education propaganda in Tibetan Primary School, Pema County, Golog_2022 Photo:Tibet Times
Mobile App

ཕྱི་ལོ་ ༢༠༢༥ ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་དང་འབྲེལ་བའི་སྙན་ཐོ་བཏོན།

༢༠༢༦/༠༢/༠༦
ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

༢༠༢༦/༠༢/༠༦
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

༢༠༢༦/༠༢/༠༥

མཆན། 13

  1. ཞྭ་ནག་བློ་གྲོས། says:
    ལོ་ 16 སྔོན།

    དེང་སང་གི་གཞས་པ་གཞས་མ་མང་ཆེ་བ་ནི། བརྒྱུད་ལམ་ལྟ་བུ་ཞིག་རེད། ཁོང་ཚོས་རང་ཉིད་བློས་གཏོང་ཆེན་པོས་བརྒྱུད་ལམ་གང་ཞིག་ཏུ་ཧུར་གྱིས་འབད་པ་འདི་བསྔགས་འོས་ཤིག་ཅིས་མ་ཡིན་ཏེ། གཞས་གདངས་སུ་གྱེར་ཐེངས་གཅིག་གིས་ཁོང་ཚོའི་ཡོད་ཚད་ག་ཤེད་ཅིག་ལ་ཟགས་འགྲོ་ཐེངས་རེ་རེར། ང་ཚོར་དེ་འབྲེལ་གྱི་ཚོར་སེམས་སྔར་མེད་དགོས་རྒྱུ་ལ། ད་ནི་རེ་བ་བྱ་ཡུལ་ཙམ་ཡང་མེད་པར་འགྱུར་བཞིན་པ་འདིས་བརྡ་སྟོན་ཁྱར་པར་བ་གཞན་ཞིག་བྱེད་ཀྱི་ཡོད་པར་འདོད།
    ད་ཆ་བོད་སྐད་ཀྱིས་གཞས་གཏོང་མཁན་ཚོར་མང་ཚོགས་ཀྱིས་དགའ་མོས་ཆེ་ཤོས་བྱེད་ཀྱི་ཡོད་ཅིང་། དགའ་མོས་འདིས། གཞོན་སྐྱེས་གཞས་པ་གཞས་མ་ཚོ་བོད་སྐད་གཙང་མའི་གཞས་ཚིག་གྱེར་བའི་ཕྱོགས་ལ་སྐུལ་འདེད་ཆེན་པོ་ཞིག་ཐུབ་ཡོད།
    དེ་དང་ཕྱོགས་མཚུངས་ཁོང་ཚོའི་རྒྱབ་རོལ་ན་འཇབ་རྒོལ་བ་ཚོས་རྗེས་འདེད་གཏོང་གི་ཡོད། དེ་ནི་བོད་མིའི་ལར་ཞེན་དང་རེ་འདུན་གཞས་སུ་དྲངས་ནས་སླེབས་སྐབས་སུ། མགྱོགས་མྱུར་སྒོས་གཞས་ཀྱིནང་དོན་དག་རྒྱ་ཡིག་ཏུ་བསྒྱུར་འགྲོ་ཞིང་། བསྒྱུར་ཚིག་ལ་དཔྱད་པ་གྲུབ་པ་དང་གཞས་པ་གཞས་མ་དེ་ཚོ་ག་ཤེད་ཅིག་ལ་འཁྲིད་འགྲོ་བར་འདུག་ཅེས་གཞིས་བཞུགས་གྲོགས་པོ་ཞིག་གིས་ཚོར་ཚུགས་དང་བཅས་ཏེ་བསྙད་བྱུང་། འདི་འདྲ་ན་ང་ཚོའི་ཚེ་སྲོག་འདིར་བར་ཆད་མང་བར་འདུག་སྟབས། ད་ནི་གཞས་ཚིག་ཅིག་ལ་ཚེ་སྲོག་འདོགས་པ་སོགས་ལ་ལམ་སྟོན་རེ་ཡོད་ན་གནང་རན་ནས་འདུག

    Reply
  2. ཀླུ་མཁར་བྱམས། says:
    ལོ་ 16 སྔོན།

    ཁྱོས་སེམས་ཐག་ཆོད་པའི་གླུ་ཞིག་ལོངས།
    ངས་སེམས་རྩ་ཁོལ་པའི་རྣམ་ཅིག་གཡར།
    ཞང་ཨ་རེ་ལ་མོའི་འགྱུར་ཁུག་ཁྲོད།
    དགྲ་ནང་པོའི་མགོ་ལ་ཧོ་མ་ཡ།

    Reply
  3. གངས་རི། says:
    ལོ་ 16 སྔོན།

    དངོས་གནས་བསྔགས་བརྗོད་ཡོད།

    Reply
  4. མྱི་ལྟིག says:
    ལོ་ 16 སྔོན།

    དམར་གསོད་མཚོན་ཆའི་འཇབ་རྒོལ་ཀློང་ནས་ཞི་བདེ་མཁའ་དབུགས་རྔུབ་ཏུ་འགྲོ།།
    ལར་ཞེན་དཔའ་བོའི་གད་རྒྱངས་ཀློང་ནས་འཕག་འཚག་འོ་དོད་འབོད་དུ་འགྲོ།།
    ལོ་ཟླ་སྐྱ་བོའི་ཆག་གྲུམ་ཀློང་ནས་ཕོ་བྲང་དམར་བོ་བསྲུང་དུ་འགྲོ།།
    གདུང་ཡུས་ལྕི་མོའི་ཕམ་ཉེས་ཀློང་ནས་སྐྱོ་གདུང་གླུ་གཞས་གཏོང་གི་འགྲོ།།

    Reply
  5. མི་ཆུང་། says:
    ལོ་ 16 སྔོན།

    ཕ་ཡུལ་ན། ཡིད་གདུང་དང་མིག་ཆུ་དབྱངས་སུ་གྱེར་གྱིན་ཡོད། འདི་ན། སྟོན་མོ་དང་དགའ་འབོད་ཀྱི་གནམ་ས་འགེངས་ཀྱིན་ཡོད། ཕ་ཡུལ་ན། ཆིག་སྒྲིལ་དང་ཕ་སྐད་ཤོད་པར་བརྩོན་གྱིན་ཡོད། འདི་ན། ནང་དམེ་དང་གཞན་སྐད་གཅེས་པར་འཛིན་གྱིིན་ཡོད།

    Reply
  6. ཨ ༚ བཙན་པོ། says:
    ལོ་ 16 སྔོན།

    བཀུར་འོས་མི་ནག་ཚང་ལུང་རིགས་རྒྱལ་ལགས་ཁྱོད་ཀྱི་བཤད་པ་དངོས་གནས་བདེན་པ་རེད། ང་ལ་ཡང་འདིའི་སྐོར་ལ་སེམས་ཁྲལ་ཧ་ཅང་ཆེ་གི གོང་ས་མཆོག་གི་འཁྲུངས་སྐར་ལ་བསྟོད་གླུ་དུས་བབ་དྲ་ཐོག་ཏུ་ཐོན་མ་ཐག་ངས་རིང་གི་ངོ་ཤེས་པ་མང་པོ་ཞིག་ལ་བལྟ་བར་སྐུལ་བ་ཡིན། དེ་དག་གི་ནང་དུ་མཐོ་རིམ་སློབ་མ་ཡང་ཡོད་ལ། གཞུང་ཞབས་ལས་བྱེད་ཡང་ཡོད། དངོས་གནས་ང་ཡིད་ཆད་གི་བཅུག་སོང་། རྒྱུ་མཚན་ནི་”ཨམ་སྐད་རེད་མི་གོ་གི་ཟེར།” སྐབས་དེར་ངས་ཨམ་སྐད་མི་གོ་ན་བོད་ཡིག་ལོས་ཤེས་ཞེས་སྐུལ་ཀྱང་ད་དུང་ཕན་འབྲས་མི་འདུག ཨ་ཧ་ཧཧཧཧ

    Reply
  7. བྱམས་རྒྱལ། says:
    ལོ་ 16 སྔོན།

    བོད་ཀྱི་གླུ་བ་གླུ་མ་ཚོའི་སེམས་ཤུགས་ལ་ངོ་མཚར་ཆེ་ འཆི་བདག་གཤིན་རྗེ་ཚང་གིས་ཡང་ ཅི་ཞིག་ བྱ་ཡོང་སྙམ་པའི་སེམས་འཕྲལ་ཡང་ཤིན་ཏུ་ཆེ་།

    Reply
  8. ཞེ་འདང་མཚོ། says:
    ལོ་ 16 སྔོན།

    བཟོད་པ་ལྷ་རྩེ་་ཡིན་ན་འདི་ཡང་སྙན་ངག་པ་ཞིག་རེད། ཡིན་རྒྱུ་རེད། རྩོམ་སྒྲིག་པའི་གཏམ་གྱི་ཁ་བྱང་ཡང་སྙན་ངག་ཅིག་གི་ཁ་བྱང་རེད་མོ།

    Reply
  9. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    མེ་འདའི་སོ་ཁར་ཁུ་ཚུར་ཕྱར་བཞིན་རང་སྲོག་རྟ་རྔ་ལ་རྒྱའི་འབེན་དུ་བཤམས།
    སོར་མོ་ལྔ་ཡིས་བོད་ཀྱི་ལས་དབང་གླེང་ཞིང་རང་ལུས་གྲུ་བཞི་དམྱལ་ཁམས་བརྫངས།
    སྙན་པའི་དབྱངས་ཀྱི་༧རྒྱལ་བའི་འཁྲུངས་སྐར་བསུ་བཞིན་རང་སྲོག་ཤོར་ཀྱང་མི་མགྱོད་བཞེས།
    གཞི་ལུས་བོད་མིའི་ལྷག་བསམ་སྙིང་སྟོབས་གངས་དཀར་ཏི་སིའི་དཔང་ལས་མཐོ་བཞིན་ལྗིད།
    བདག་གི་མིག་ཟུང་མཆི་མས་བརླན་བཞིན་ལག་ཟུང་འདར་ཀྱང་དཔའ་བོ་དཔའ་མོར་བསྟོད།

    Reply
  10. བཟོད་པ་ལྷ་རྩེ། says:
    ལོ་ 16 སྔོན།

    མེ་འདའི་སོ་ཁར་ཁུ་ཚུར་ཕྱར་བཞིན་རང་སྲོག་རྟ་རྔ་ལ་རྒྱའི་འབེན་དུ་བཤམས།
    སོར་མོ་ལྔ་ཡིས་བོད་ཀྱི་ལས་དབང་གླེང་ཞིང་རང་ལུས་གྲུ་བཞི་དམྱལ་ཁམས་བརྫངས།
    སྙན་པའི་དབྱངས་ཀྱི་༧རྒྱལ་བའི་འཁྲུངས་སྐར་བསུ་བཞིན་རང་སྲོག་ཤོར་ཀྱང་མི་མགྱོད་བཞེས།
    གཞི་ལུས་བོད་མིའི་ལྷག་བསམ་སྙིང་སྟོབས་གངས་དཀར་ཏི་སིའི་དཔང་ལས་མཐོ་བཞིན་ལྗིད།
    བདག་གི་མིག་ཟུང་མཆི་མས་བརླན་བཞིན་ལག་ཟུང་འདར་ཀྱང་དཔའ་བོ་དཔའ་མོར་བསྟོད།

    Reply
  11. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 16 སྔོན།

    བཙན་པོའི་དུས་སྐབས་ནས་བཟུང་ད་བར་གྱི་བོད་ཀྱི་ལོ་རྒྱུས་ཁྲོད། བོད་ལ་གཞས་མ་གྲགས་ཅན་ཞིག་བྱུང་བ་ནི་གཞས་མ་ཚེ་བརྟན་སྒྲོལ་མ་རེད། མོ་རང་ནང་བཞིན་གྱི་སྐད་གྲགས་འཇོག་མཁན་ཞིག་བྱུང་མེད་ཚོད་རེད། ན་ནིང་ཡང་སྐད་གྲགས་ཆོད་པའི་གླུ་གཞས་ཤིག་བཏང་བྱུང་། དེའི་རྒྱུ་མཚན་རྣམ་པ་ཚོས་ཤེས་གསལ་ལྟར་རེད།

    མོའི་ཚབ་མཚོན་གྱི་གླུ་གཞས་གཅིག་ནི། པེ་ཅིན་གྱི་གསེར་རིའི་སྟེང་ནས་ཞེས་པ་དེ་རེད།

    Reply
  12. གཅན་བཟོད་རྒྱམ། says:
    ལོ་ 16 སྔོན།

    གཞིས་ལུས་རྒྱ་ཆེའི་མི་དམངས་ཀྱི་སེམས་ཤུགས་དང་སྙིང་སྟོབས་དེ་ཧ་ལས་པ་རེད། ད་ནངས་ཞོགས་པའི་ཨེ་ཤ་ཡའི་རང་དབང་གསར་འགྱུར་ལས། དཔལ་ལྡན་རྒྱལ་གྱིས་གཞས་ལེན་མཁན་བུ་མོ་དེར་དྲ་བ་དྲིས་སོང་། ཉན་གྱིན་ཉན་གྱིན་ཞེ་སྣང་འདྲ་ཞིག་ལངས་ཡོང་གི་འདུག དངོས་གནས་བློ་སྤོབས་ཅན་ཟེར་བ་རེད། དེ་ལྟར་དྲི་བ་འདྲ་དྲིས་ཚེ་རྒྱ་གཞུང་གིས་ལྷག་ཏུ་བསུན་གཙེར་ཆེ་བར་གཏོང་གི་རེད་སྙམ། ད་གང་དྲག སང་གནངས་ཤིག་ལ་ཁོ་མོ་བཟུང་ཚར་བའི་གཏམ་ངན་དེ་གོ་ཡོང་གི་རེད་སྙམ།

    Reply
  13. འཕགས་པ་རྒྱལ་ says:
    ལོ་ 16 སྔོན།

    རེད་ཁྱེད་ཀྱིས་བཤད་པ་ལྟར་འུ་ཚང་གི་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཤུགས་དེ་བཤད་ཚོད་ཐུག་ནི་མ་རེད་ཡིན་ན་བྱེས་བ་རྣམས་ཀྱི་ངོས་ནས་ཡང་གང་ལ་གང་འཚམས་ཤུགས་རྒྱབ་ཡོད་ནི་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese