མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཁྱེད་ཕྱོགས་ཀྱི་སྐད་ཆ་ཞིག་གོ་རྗེས་སུ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༧/༡༢
Share on FacebookShare on TwitterShare on EmailShare on Whatsapp

བལྟས་ནས་རྒྱང་རིང་ཞིག་གི་ཁྱེད་ལ་བལྟས།།
ཉན་ནས་རྒྱང་རིང་ཕྱོགས་ཀྱི་ཁྱེད་ལ་ཉན།།
སྒུག་ནས་ཡུན་རིང་གྱེས་པའི་ཁྱེད་ལ་སྒུག།
མི་ལོ་བཅུ་གསུམ་ལྷག་གི་འཚོ་བ་གཟད།།

དྲན་པའི་གོར་མོ་སེམས་ཀྱི་ཨ་ལོང་ཞིག།
བལྟས་པའི་མིག་གི་རྒྱ་མོ་གཉེར་མས་ལྟེབས།།
མི་ཚེ་གསར་བའི་སྟེགས་པའི་སྒོ་འགྲམ་ན།།
ཁྱེད་རང་ཉེ་སའི་མི་ལ་དབང་འདུག་སྐད།།

བྲིས་ནས་ཤོག་སྨྱུག་རི་རབ་བརྩེགས་ན་ཡང་།།
ཀློག་མཁན་ཨ་ཐང་ཆད་པའི་སྔ་གཞུག་ན།།
སྙིང་གི་གསང་བ་ཤོར་བའི་ཁྱེད་ཉིད་དེ།།
སེམས་ཀྱི་ངལ་བ་སངས་པར་རེ་བ་ཡོད།།

མི་བཤིག་དམ་བཅའི་རི་མོ་སེམས་ལ་བྲིས།།
རིག་པའི་གཏིང་མཐའ་ཟབ་མོ་རྒྱ་མཚོར་དྲངས།།
མུན་པའི་ལམ་ཕྲན་སྐྱ་བོའི་འཁོར་ངན་ཁྲོད།།
རང་གི་རོ་སྐོག་འདི་ལ་སྙིང་རེ་རྗེ།།

ཁ་གཏགས་དཀར་པོ་ཞིག་གི་ཚབ་མིན་ཡང་།།
སྙིང་གི་གཤིས་ཚིག་ཞིག་གི་ཚབ་མཚོན་དུ།།
རྒྱང་རིང་རྒྱང་རིང་ཡུལ་གྱི་ཁྱིམ་གསར་དེར།།
ཁྱེད་ཉིད་བདེ་སྐྱིད་ཡོང་བར་སྨོན་ལམ་ཡོད།།

མཆན། 19

  1. Baichung says:
    ལོ་ 13 སྔོན།

    དྲ་གྲོགས་བཀྲ་ཤིས་བདེ་ལེགས།

    Reply
  2. sha tak ri sim says:
    ལོ་ 13 སྔོན།

    མི་ཞུན་ལགས། ཉིད་ཀྱིས་བདག་ཤེས་ཀྱི་ཡོད་པ་ལོས་ཡིན། འོན་ཀྱང་། བདག་གིས་ཉིད་ཀྱི་སྨྱུག་མིང་སྤྱད་ཡོད་སྟབས། རེ་ཞིག་རིང་མ་ཤེས་ཀྱང་མི་སྐྱོན་གི
    ང་ཚོ་ཚང་མ་སྤུན་ཟླ་རེད།

    ཕུན་སུམ་ཚོགས་པའི་ལས་ཤིག་མེད་གྱུར་ཡང་།།
    ལས་ཀྱི་སྔ་གཞུག་ཕར་འགྲོ་ཚུར་འོང་འདིས།།
    ས་ཐག་རིང་བའི་ཡུལ་གྱི་སེམས་སོང་དེར།།
    རིང་ནས་བརྗེད་དུ་མེད་པ་སྔོན་གྱི་བསྐལ།།

    རྨེ་རུ་ལགས། ཉིད་རང་ཕེབས་པ་དགའ་ནས་ཡོད།

    Reply
  3. mheru says:
    ལོ་ 13 སྔོན།

    དྲ་གྲོགས་ཤ་ཁྲག་ལགས་བཀླགས་ཟིན་པ་ཡིན།

    Reply
  4. phuntsok says:
    ལོ་ 13 སྔོན།

    མི་ཞིག་རྡོ་ལ་བྲིས་པའི་རི་མོ་ཞིག།
    སྙིང་གི་གསོས་ཀར་བཏབ་པའི་སྡུག་ཡུས་ཀྱིས།།
    སེམས་འཕྲིན་རྫོགས་མེད་བྲིས་པའི་མྱ་ངན་གཟུགས།།
    ཕྱི་གླིང་བུ་མོའི་རུམ་ཁར་ཡལ་ནས་ཐལ།།

    མི་གཞིག་རྣོ་ལྕགས་སྲ་མོས་རབ་བརྡུངས་པའི།།
    མཆིན་པའི་ཤ་དང་སྙིང་གི་གྲུ་ཟུར་དག།
    བར་གཅོད་ཐོ་བས་བརྡུང་ལ་མི་འཇིགས་པའི།།
    སེམས་འདིའི་གསེང་དག་གླེང་ན་ཡིད་རེ་དགའ།།

    Reply
  5. tseekhar says:
    ལོ་ 13 སྔོན།

    བརྩེ་བའི་དམྱལ་བ་འགྲིམས་པའི་བར་ལམ་ནས།།
    སྡུག་གི་ཨག་སྐད་ཅི་ཙམ་འཆོར་ན་ཡང་།།
    སེམས་མེད་ཞི་མོས་སེམས་པ་མ་བསྟན་པས།།
    སེམས་འཕྲིན་ཕྱི་ལ་བསྒྲགས་པའི་ནད་རོ་བ།།
    མི་ཤེས་ནི་ཞིག་ད་ལྟ་གང་ན་ཡོད།།་་་་་ཧཧཧཧཧཧཧཧཧཧ་་་ཀུ་རེ་ཡིན།

    Reply
  6. sha tak ri sim says:
    ལོ་ 13 སྔོན།

    མི་ཞུན་ལགས། བདག་གིས་སྐུ་ཉིད་ངོ་མི་ཤེས་ཀྱང་། ཉིད་ནས་ང་རང་ཤེས་ཀྱི་ཡོད་པ་འདྲ། གང་ལྟར།

    ཚིག་གི་རི་མོ་ཤོག་ངོས་སུ་བྲིས་ཀྱང་།།
    གསང་བའི་རི་མོ་སེམས་ཀྱི་སྣང་ཚུལ་དག།
    སྐྱེ་བ་འདི་ལ་ཅི་ཙམ་བྲིས་ན་ཡང་།།
    སེམས་ཀྱི་ནུས་པ་མཚོན་པའི་ཡི་གེ་ཞིག།
    དངོས་སུ་འབྲི་ལ་ཐབས་ཤིག་མི་རེག་གི།
    ཉིད་ནས་སེམས་གསོ་གནང་བ་བཀའ་དྲིན་ཆེ།།
    འདི་རུ་ཕེབས་ནས་བསམ་ཚུལ་ཐོར་བུ་ཞིག།
    དྲ་ཐོག་འདི་ནས་སྤེལ་བ་དགའ་ནས་ཡོད།།
    རྗེས་ཀྱང་ཡང་ཡང་ཕེབས་རྒྱུར་རེ་སྐུལ་ཞུ།།

    Reply
  7. tseekhar says:
    ལོ་ 13 སྔོན།

    འཇིག་རྟེན་སྣང་བ་དགོང་གི་བྱ་རྒོད་བཞིན།།
    བརྩེ་བའི་དམ་པ་རྡོ་རྗེ་དགུ་མདུད་བཞིན།།
    འཁོར་བའི་ཚང་ན་སྐྱིད་པའི་རྒད་པོ་ཁྱོད།།
    ད་དུང་མཛེས་མ་ཞིག་གི་སྡུག་ཡོད་དམ།།

    གྲོགས་ཤ་ཁྲག་རུས་གསུམ་ལགས། ཁྱོད་རང་ད་དུང་སེམས་ནད་ཀྱིས་མནར་རྒྱུན་མི་གཏོང་བའི་མཛེས་མ་ཞིག་གི་བརྩེ་བ་ཟིན་མེད་དེ་ལ་འབྱར་ནས་བསྡད་ཡོད་དམ།

    Reply
  8. sha tak ri sim says:
    ལོ་ 13 སྔོན།

    བྱིས་ཕྲུག་གཉིས་ལ་ཕྱུར་བག་བཟོས་ནས་བྱིན།།
    སྟབས་བདེ་ཡིན་ལ་བྲོ་བ་ཆེན་པོ་ཡོད།།
    ཁྱེད་ལ་ཡོད་པའི་ལག་རྩལ་དེ་ཉིད་ཡིན།།
    ང་དང་གྲོགས་པོའི་འདི་ནས་སྣ་སྣོམས་བྱེད།།

    Reply
  9. sha tak ri sim says:
    ལོ་ 13 སྔོན།

    རིགས་དང་ཞེན་པའི་འཕར་རྩ་འཕགས་བཞིན་ཡོད།།
    ལས་དང་བསམ་པའི་འཆར་ཚུལ་གླེང་ཞོར་དུ།།
    རི་ངོགས་ཁང་ཆུང་འདི་ཡི་ཁང་སྤུགས་ན།།
    ང་དང་གྲོགས་པོས་བོད་ཀྱི་འཆི་གསོན་བརྩད།།

    Reply
  10. chokri nyima says:
    ལོ་ 13 སྔོན།

    སུད་སིའི་ཡུལ་དུ་ཆུ་ཚོད་བརྒྱད་པ་རེད།
    ཨ་ཕྲུག་གཉིས་ལ་ཁ་ལག་བཟོ་རན་འདུག
    སྤུན་གྲོགས་གཉིས་ལ་དགོངས་ཞུ་རྒྱུ་ཡིན།
    ག་སོང་ས་དེར་ལམ་འགྲོ་ཡོང་བ་ཤོག

    Reply
  11. chokri nyima says:
    ལོ་ 13 སྔོན།

    བློ་སེམས་མཐུན་པའི་གྲོགས་པོ་ཞིག་དང་ལྷན།
    ལྷོད་དལ་ཡོད་པའི་རི་ངོགས་ཁང་ཆུང་ནང་།
    རྒུམ་ཆང་འཐུང་བཞིན་ཨེ་ཡོད་སྤུན་གྲོགས་གཉིས།
    སྐྱིད་སྡུག་གླེང་བཞིན་ཨེ་ཡོད་སྤུན་གྲོགས་གཉིས།

    ཁ་བ་རི་པའི་ལས་དབང་ཆུ་ལ་འགྱུར།
    རང་བཙན་གཙང་མ་རྒྱ་ཁྲིམས་འོག་ཏུ་བཅུག
    རྒྱལ་ཞེན་སྤུན་གྲོགས་འཛམ་གླིང་ཕྱོགས་བཞིར་འཐོར།
    གནས་སྟངས་འདི་ལ་བསམ་ཚུལ་གསུང་རོགས་ཞུ།

    Reply
  12. sha tak ri sim says:
    ལོ་ 13 སྔོན།

    ཤ་དང་ཆང་གི་སྟོན་མོ་མེད་ན་ཡང་།།
    ལས་དང་སྨོན་ལམ་གཅིག་པའི་གཤིས་ཀ་འདིས།།
    སུལ་ཁུ་མངར་མོ་འཐུང་ཞོར་ཟིན་བྲིས་ནང་།།
    ཉུལ་ཤོར་རང་རང་མོས་པ་གླེང་ནས་ཡོད།།

    Reply
  13. chokri nyima says:
    ལོ་ 13 སྔོན།

    ཁྱེད་གཉིས་སྐྱིད་པ་ལ་ཨང།

    Reply
  14. sha tak ri sim says:
    ལོ་ 13 སྔོན།

    རྒྱང་ནས་འཕྲིན་ཞིག་ཚབ་དུ་དགོད་གཏམ་འབྲེལ།།
    འཚམ་འདྲི་བྱས་པ་དེ་ལ་དགའ་ནས་ཡོད།།
    འདྲིས་ཤིང་གཤིབ་པའི་ལོ་ཟླ་མེད་ཀྱང་རུང་།།
    རིགས་ཞེན་གཙང་མའི་འདྲིས་པ་ཁྱེད་ལ་དུངས།།

    ང་དང་རིགས་ཞེན་ཟབ་པའི་གྲོགས་ཤིག་དང་།།
    དྲ་རྒྱའི་མདུན་དུ་བསྡད་ནས་སྐུ་ཉིད་ལ།།
    འཕྲིན་ལན་འཕྲིན་དུ་འབྲི་བཞིན་མཚན་མོ་བསྐྱལ།།
    རི་ངོགས་ཁང་ཆུང་ཞིག་དུ་ལྷོད་ལྷོད་རེད།།

    Reply
  15. chokri nyima says:
    ལོ་ 13 སྔོན།

    བོད་ཀྱི་ཕོ་གཞོན་རིག་པའི་བུ་ཆུང་ལ།
    ཤ་འཇམ་པག་པ་དཀར་བའི་གྲོགས་མོ་དང་།
    ཁྲག་གི་འབྲེལ་བ་བྱུང་བའི་མཛའ་མོ་གཉིས།
    རུས་ཀྱི་རྒྱུད་པ་ཡིན་པའི་བུ་ཕྲུག་གསུམ།

    བདེ་མོ་ཡིན་ནམ།

    Reply
  16. sha tak ri sim says:
    ལོ་ 13 སྔོན།

    ཅོ་ཐོག་བུད་མེད་ཞིག་ལ་སྒུག་ན་ཡང་།།
    རི་རྩེ་ཆུང་ཆུང་འདི་ནས་ཐག་རིང་གི།
    ཉི་འོད་འཇམ་པོའི་འོག་གི་རྒན་བྱིས་གཉིས།།
    མ་བསམ་ཐབས་མེད་ཡིན་པས་ཁ་རོག་བསྡད།།

    Reply
  17. chokri nyima says:
    ལོ་ 13 སྔོན།

    སྒོར་མོས་མདོ་ནས་ཉོས་པའི་མཛེས་མ་ཡིས།
    རྒད་པོའི་འདོད་དོན་འགྲུབ་མི་སྲིད་པས།
    ལག་ཏུ་མ་རེག་པ་དེར་ཧ་ཅང་བཟང་།
    དེ་ལས་ཡང་བསྐྱར་མ་བྱན་བྱེད་མཁན་ཕེབས།

    རྔུལ་ཆུའི་ཐིག་པས་གསོགས་པའི་སྒོར་མོ་དེར།
    རང་གིས་སྤྱད་ན་ལུས་སེམས་བདེ་བ་བརྙད།
    གཞན་ལ་སྤྲད་ན་ཕྱི་མའི་ལམ་ཡིག་ཡོང་།
    སྒོར་མོ་ནང་གི་མཆོག་ནི་འདི་རེད་སྙམ།

    Reply
  18. sha tak ri sim says:
    ལོ་ 13 སྔོན།

    ཅོ་རི་ཉི་མ་ལགས། ད་རྒད་མོ་ལས་ཀ་སོང་ཚར་ཤུལ་དུ། ཁོམ་ནས་བསྡད་ཡོད་ས་རེད། ཧཧཧ སྒོར་མོ་ཚར་ཐལ། སྒོར་མོ་ཁ་ཤས་ཤིག་སྐུར་ན་ཨེ་འགྲིག བུད་མེད་མཛེས་མ་མང་བོ་ཡོད་ཀྱང་། སེམས་པ་བསྡོད་མི་ཚུགས་པ་མ་གཏོགས། ལག་པར་གཅིག་ཀྱང་མི་རེག་གི དེ་ཚོས་ང་རང་གི་སྒོར་མོ་ཚར་སོང་བ་ཤེས་ཀྱི་ཡོད་པ་འདྲ།

    Reply
  19. chokri nyima says:
    ལོ་ 13 སྔོན།

    རྒྱང་རིང་རྒྱང་རིང་ཞིག་གི་སྤྲོ་འཆམ་པ།
    རྒྱང་རིང་ཡུལ་གྱི་ཁྱིམ་ལ་བསླེབས་ཚར་རམ།
    རྒྱང་རིང་རྔུལ་ཆུས་བསོགས་པའི་སྒོར་མོ་དེ།
    རྒྱང་རིང་ཡུལ་གྱི་མགྲོན་གླ་སྤྲད་ཚར་རམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist