མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཇ་བག་ཆུང་ནས་གཉན་པོ་གསང་བའི་བར་ལ་འཁྱུག་བལྟས། སྲོང་བཙན་བུ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

དུས་རབས་སྔ་མའི་ལོ་རབས་དགུ་བཅུ་པའི་ནང་། བཙན་བྱོལ་ནང་འདིར༼སྲེག་ཀྱང་མི་ཚིག་པའི་བོད༽ཟེར་བའི་དེབ་ཅིག་བྱུང་། རྗེས་ལ་དེར་༼སྤྲད་ཀྱང་མི་མཁོ་བའི་དེབ་༽ཅེས་པའི་མིང་ཐོགས། དུས་དེ་ནས་དེ་རིང་གི་བར་དུ། ཟླ་བ་གཅིག་ནས་ཚེ་ཚད་རྫོགས་འགྲོ་མཁན་གྱི་དེབ། ལོ་ཕྱེད་དང་ལོ་གཅིག་ནས་གྲག་མེད་ཆགས་སོང་བའི་དེབ། ལོ་དུས་གང་འཚམ་ནས་གླེང་མེད་ཆགས་སོང་བའི་དེབ་སོགས་མང་པོ་ཞིག་བྱུང་ཡོད། ཐ་ན་ཁྱི་རྔ་ལ་བཏགས་པའི་དེབ་ཀྱང་བྱུང་ཡོད།

དེབ་ཀྱི་འཕེལ་གྲངས་དང་ཕྱོགས་མཚུངས་པར། ཚགས་པར་དང་དུས་དེབ་ཀྱི་རིགས་ཀྱང་དུས་རབས་སྔ་མའི་ལོ་རབས་དགུ་བཅུ་པ་ནས་འཕེལ་ རྒྱས་བྱུང་ཡོད། ད་ཆར་ཚེ་དང་ལྡན་པ་ཉུང་ངུ་ལས་མེད། ལ་ཤས་ནི་དཔལ་འབྱོར་གྱི་མཐུན་རྐྱེན་མེད་ནས་ཚེ་རྫོགས། རེ་ཤས་ནི་རྩོམ་ཡིག་མ་རག་ནས་ཚེ་ཡི་ཀ་བ་འགྱེལ། འཆི་སྟངས་གསོན་སྟངས་སྣ་ཚོགས་ཤིག་བྱུང་ཡོད།

དགུ་བཅུ་གོ་གྲངས་ནང་། མཁས་དབང་ཟམ་གདོང་རིན་པོ་ཆེས། སྒོ་དང་སྒེའུ་ཁུང་ཡོད་ཚད་ནས་དེབ་དང་ཚགས་པར་བཏོན་ཡོང་གི་འདུག་ཅེས་གསུངས་མྱོང་བ་རེད། དེ་ནི་སྐབས་དེར་གནས་ཚུལ་གསར་པ་ཞིག་དང་། གཅིག་ཐང་ན། བོད་ཡིག་ཀློག་མཁན་ཤིན་ཏུ་ནས་ཉུང་བའི་ཁོར་ཡུག་འདིར། འདི་འདྲ་མང་པོ་ཞིག་བཏོན་པར། ཀློག་མཁན་དེ་ཙམ་ཞིག་ཡོང་གི་ཡོད་མེད་ལ་ཚད་འདེབས་བྱས་པ་ཞིག་ཀྱང་ཡིན་ཆོག ཕྱི་ལོ་ 2007 ལོར་༼སློབ་དཔོན་ཟམ་གདོང་རིན་པོ་ཆེས་བཀའ་ལན་དང་གསུང་བཤད་གལ་ཆེ་ཁག་ཕྱོགས་ བསྡུས༽ ༼སློབ་དཔོན་ཟམ་གདོང་རིན་པོ་ཆེའི་གསུང་བཤད་དང་ལམ་སྟོན་སོགས་གལ་ཆེ་ཁག་ཕྱོགས་ བསྡུས༽ཟེར་བའི་དེབ་ཕྲེང་དམར་པོ་དེ་ཚོ་བཏོན་པ་རེད། ད་ཆར་བོད་ཡིག་ཀློག་མཁན་མང་ཆེ་བས་དེབ་ཕྲེང་དེ་ཚོར་༼ཇ་བག་ཆུང༽ཞེས་འབོད་ཀྱི་ ཡོད། ད་བྱས་ན། བོད་ཡིག་གི་དེབ་ཀློག་མཁན་ཚོས་དེབ་ལ་ལྟ་སྟངས་འདི་འདྲ་ཞིག་ཀྱང་ཡོད་པ་གསལ་པོ་ རེད།

ངས་འདིར་ཅི་བཤད་བསམ་པ་ཡིན་ལབ་ན། མིང་འབོད་མ་འདྲ་བ་ག་རེ་བཏགས་ནའང་འདྲ། མིང་འབོད་གཞན་ཞིག་གིས་འབོད་སྟངས་འདིས། དེབ་ཀྱི་སྤུས་ཚད་ཅིག་ཤོད་ཀྱི་ཡོད་པ་དེ་ཡིན། དཔེར་ན། ཆེ་གེ་མོའི་དེབ་ལ་༼རང་གི་སྐྱེས་དམན་ལ་བསྟོད་པའི་སྙན་ངག་ཕྱོགས་བསྒྲིགས༽ ཆེ་གེ་མོའི་དེབ་ལ་༼ཁ་གསག་སྙན་ངག་ཕྱོགས་བསྒྲིགས༽ ཆེ་གེ་མོའི་དེབ་ལ་༼གྲགས་པ་ས་བརྡབ་ཀྱི་དེབ༽ གཞན་ཡང་། ༼རང་མགོ་རྡོ་གནོན་གྱི་དེབ༽ ༼གཞན་མགོ་དཔང་བསྟོད་ཀྱི་དེབ༽་སོགས་འབོད་མིང་སྣ་ཚོགས་པ་ཡོད་པ་འདི་དག་ནི། དེབ་དེ་ཡག་ན་འདྲ། སྡུག་ན་འདྲ། ཀློག་མཁན་ཅིག་ནི་ཡོད་པའི་རྟགས་སུ་མཐོང་ཞིང་། བོད་ཡིག་གི་དེབ་ལ་ཀློག་མཁན་ཏན་ཏན་འདུག་ཅེས་ཞུ་འདོད་པ་དེ་ཡིན།

ད་ལྟ་ངས། བོད་ཡིག་ཀློག་མཁན་སུས་ཀྱང་ཀློག་འདོད་པ། ལྷག་ཏུ་ལོ་རྒྱུས་ཉམས་ཞིབ་པ་ཚོས་སྐོམ་པས་ཆུ་ལ་བཞིན་ཀློག་སྙིང་དོད་དེ་ཡོད་པ། ད་ལྟ་ཕན་ལ་རྡོ་ལག་བརྒྱུད་ཀྱི་ཟོལ་གྱིས་གསང་བ་ཡང་གསང་ལྟ་བུའི་མུ་ན་མི་ངོ་རེ་ ཟུང་གིས་མ་གཏོགས་ཀློག་ཐུབ་ཀྱི་མེད་པའི་གླེགས་བམ་ཞིག་ཀློག་གིན་ཡོད། ཡིག་ཆ་འདིའི་ནང་། ད་ལྟ་ཕན་ལ་གླེགས་བམ་འདི་བཀླགས་ནས་ལོ་རྒྱུས་གླེང་མཁན་དང་། དངོས་སུ་ཀློག་སྐལ་མ་ལྡན་ནའང་། གོ་ལོ་ཐོས་ལོའི་རྗེས་སུ་ཞུགས་ནས་བཤད་མཁན་ཚོས་མང་པོ་ཞིག་བཤད་མྱོང་བ་དེ་ཚོ་ འདིའི་ནང་ན་ཡོད་མེད་འཚོལ་གྱི་ཡོད། གང་ལྟར། ལོ་རྒྱུས་ནི་བདེན་པ་གཙོ་བོར་གླེང་བའི་རྩོམ་རིག་ཅིག་ཡིན་དགོས་པའི་བཤད་སྟངས་ ཀྱིས་བལྟས་ན། དེབ་འདི་ནི་དུས་སྐབས་དེའི་ལོ་རྒྱུས་ཕྱི་གསལ་ནང་གསལ་གྱིས་བྲིས་ཡོད་པ་ཞིག་ རེད། ཡིན་ནའང་། ད་ལྟ་ཕན་ལ་གླེགས་བམ་འདི་བཀླགས་ནས་རྩོམ་ཡིག་སྤེལ་མཁན་དང་། གཏམ་བཤད་གནང་མཁན་མང་ཆེ་བས་གནད་དོན་ངོ་མ་དེ་མགོ་འབུས་ཙམ་རེ་ལས་གླེང་མི་འདུག ཁ་གསལ་པོ་ཞིག་བཤད་མི་འདུག གླེགས་བམ་འདི་ནི་བོད་ཡིག་ཀློག་མཁན་ཁག་ཅིག་གིས་༼གཉན་པོ་གསང་བ༽་ཞེས་འབོད་མིང་གཞན་ཞིག་གིས་འབོད་ཀྱིན་ཡོད་པ་དེ་ལགས།

རྡ་རམ་ས་ལར་མཚོན་ན། དེབ་ཁང་ཁ་ཤས་ཤིག་ཡོད། དེབ་ཁང་དེ་ཚོའི་ནང་ཡོད་པའི་དེབ་མང་ཆེ་བ་ནི། དབྱིན་ཡིག་གི་དེབ་ཡིན། བོད་ཡིག་གི་དེབ་ནི་མང་ཆེ་བས་རིན་མེད་ཀྱི་སྤྲོད་རྐྱང་བྱེད་ཀྱི་ཡོད། ད་དུང་མི་ངོ་ཁག་ཅིག་ལ་དཔར་ཕུད་དུ་ཕུལ་ཞེས་གུས་གུས་ཞུམ་ཞུམ་གྱིས་འབུལ་གྱིན་ ཡོད། ཡིན་ནའང་། དེ་ཚོའང་ད་ནི་བོད་ཡིག་གི་དེབ་མཐོང་ན་ཉོབ་འགྲོ་བའི་ཚོད་དུ་ཡོད། དོན་ངོ་མར་བོད་ཡིག་གི་དེབ་ཉོ་མཁན་མེད་པ་ཡིན་ནམ། ཚོང་ཁང་དང་ཟ་ཁང་། མགྲོན་ཁང་སོགས་ན་བོད་ཡིག་གི་དེབ་འཚོང་བཅོལ་ལ་བཞག་ཡོད་པ་མང་བར་བལྟས་ན། ཉོ་མཁན་གྱི་རེ་བ་རྒྱག་ཡུལ་ཞིག་ཏན་ཏན་ཡོད་པ་འདྲ། ངས་ད་ལྟ་ཀློག་མུས་༼གཉན་པོ་གསང་བ༽དཔར་འགྲེམས་བྱས་པ་ཡིན་ན། ཉོ་མཁན་ཡོད་མེད་ཀྱི་ཕྱོགས་ལ་སེམས་ཁྲལ་ཡེ་ནས་བྱེད་མི་དགོས་པ་ངས་ཤེས། ཡིན་ནའང་། གསང་བ་འདི་ཕྱི་ལ་བཀྲམས་པ་ཡིན་ན། ང་ལ་ཉེན་ཁ་གཞན་ཞིག་གིས་བལྟས་ནས་བསྡད་ཡོད་སྟབས།  དེ་ཁོ་ནར་ང་འཇིགས་ཏེ། ངས་ཀྱང་གླེགས་བམ་འདི་རྡོ་ལག་བརྒྱུད་ཀྱིས་གསང་བ་དེ་མུར་འཇོག་རྒྱུ་འདམས་ཡོད།

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༢༢ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

མཆན། 5

  1. ཞྭ་ནག་བློ་གྲོས། says:
    ལོ་ 16 སྔོན།

    ཡོན་བྷེས་ད་ལྟ་ཀློག་བཞིན་ཡོད་ཟེར་བ་དེ་སྔོན་མ་ཞིག་ལ་ངས་ཀྱང་བཀླགས་མྱོང་།

    དེ་ནི། ༼རྗེ་བཙུན་དམ་པ་མཚན་བརྗོད་པར་དཀའ་བ་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་པར་ཐར་པ་ཡོངས་སུ་བརྗོད་པའི་གཏམ་དུ་བྱ་བ་དད་པའི་སྒོ་འབྱེད་ཀཻ་ཏ་ཀའི་ཕྲེང་བ་ཞེས་བྱ་བ་བཞུགས་སོ།།༽ཞེས་བཀོད་ཡོད་པ་དེ་རེད་པཱ།

    Reply
  2. འབའ་ཐང་གི་བུ། says:
    ལོ་ 16 སྔོན།

    ཁྱེད་ཀྱིས་ཆེས་མཆོག་ཏུ་བཀུར་བར་འོས་པའི་བཀའ་ཁྲི་ཟམ་གདོང་རིན་པོ་ཆེའི་གསུང་བཤད་གཅེས་བཏུས་ཀྱི་དེབ་འཕྲེང་རྣམས་ལ་ཇ་བག་ཆུང་ཟེར་གྱི་འདུག་ཅེས་པར་དེབ་གཟུགས་བྱུས་བཀོད་བྱེད་སྟངས་སམ་དེབ་གཟུགས་མཐུག་དྲག་པས་སྐྱོན་བརྗོད་པ་ཡིན་ཤས་ཆེ། དེ་མིན་ཁོང་གིས་བཤད་པ་དང་ང་ཚོས་ཉིན་མཚན་མང་པོ་བསྒྲིལ་ཏེ་བྲིས་པ་གཉིས་ལ་གནམ་སའི་ཁྱད་པར་བསླེབས་འོང་བ་ནི་ལོང་བས་བལྟས་ཀྱང་རྒྱལ་ཁམས་རང་རེད། མ་གཞི་ཁྱེད་དང་ང་གཉིས་ཁོང་གིས་སྐྱག་གཅིང་ག་གཏོང་ས་ཡང་སླེབས་ཐབས་མེད་ན་བླུན་པོ་ཆུ་སྣེ་གར་ཁྲིད་ཀྱི་བརྟུལ་ཞུགས་མ་འཆང་བར་དྲང་པོའི་གཞུང་སྲངས་ནས་བདེན་པའི་ལམ་དུ་འཇུག་གལ་ཆེ།

    Reply
  3. བློ་གྲོས་རྒྱལ་པོ། says:
    ལོ་ 16 སྔོན།

    རབ་གསལ་འདིས་ཁ་འཁྲུགས་བཤད་ཀི་ཡོད་ཀ

    Reply
  4. རྨོག་རུ་བསྟན་པ། says:
    ལོ་ 16 སྔོན།

    ངས་བལྟས་ན་ཁྱོད་སྲོང་བཙན་བུ་མ་རེད། རྒྱལ་བཟའ་ཀོང་ཇོའི་བུ་ཡིན་པ་འདྲ།
    ཇ་བག་ཆུང་ཞིམ་པོ་འདུག

    Reply
  5. ཡོན་བྷེ། says:
    ལོ་ 16 སྔོན།

    རེད། ཕྲན་གྱིས་ཀྱང་དེང་གསང་ཡིག་ཅིག་ཀློག་བཞིན་པའི་སྒང་ཡིན། ཅིག་བྱས་ན་ངེད་གཉིས་ཀྱི་གསང་ཡིག་དེ་གཅིག་མིན་འགྲོ། ཕྲན་གྱི་ཀློག་བཞིན་པའི་གསང་ཡིག་དེ་ནི་བླ་མ་གཅིག་གི་སྐུ་ཕྲེང་དང་པོའི་གསང་བའི་མཛད་རྣམ་ཡིན་རེད། དེའི་མིང་གཞན་ལ་རྣམ་ཐར་བཙན་པོ་ཅིག་ཅིག་ལབ་ཀྱི་འདུག འདི་ཕལ་ཆེར་ཡིན་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese