ཉིན་ཤས་རིང་ཚང་མས་སྲས་མོ་རིག་འཛིན་དབང་མོ་གླེང་བ་རེད། ད་ནི་ང་ཚོས་རེ་ཞིག་ཨ་ལན་ཟླ་བ་སྒྲོལ་མའི་སྐོར་གླེང་།
དེ་རིང་ཉི་ཧོང་གི་གསར་ལམ་ཁག་ཏུ་བོད་རིགས་བུ་མོ་ཞིག་གི་གླུ་སྐད་ཀྱིས་ཉི་ཧོང་ནང་གི་ལྷིང་འཇགས་དཀྲོགས་ཀྱིན་པའི་སྐོར་བསྒྲགས་ཀྱིན་འདུག གསར་འགྱུར་དེའི་ནང་དེ་རིང་སྟེ་ཕྱི་ཚེས་ ༢༣ ཉིན་བོད་རིགས་གཞས་མ་གྲགས་ཅན་ཨ་ལན་ཟླ་བ་སྒྲོལ་མ་ལགས་ཀྱིས་ཤི་བྷི་ཡ་ཀ་མ་རུ་ཨོར་ཆ་ཊི་ཞེས་པའི་ཉི་ཧོང་གི་ཚོགས་ཁང་གྲགས་ཅན་ཞིག་ནང་། ཨ་ལན་ཟླ་བ་སྒྲོལ་མས་མང་ཚོགས་ལ་གཞི་རྒྱ་ཆེ་བའི་གླུ་གཞས་ཀྱི་འཁྲབ་སྟོན་ཞིག་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག
འཁྲབ་སྟོན་འདི་ནི་ཨ་ལན་ཟླ་བ་སྒྲོལ་མས་ད་བར་འཁྲབ་སྟོན་བྱས་པའི་ཁྲོད་ནས་ཁྱབ་ཆེ་ཤོས་དང་མི་མང་འདུ་འཛོམས་མང་ཤོས་དེ་ཆགས་རྒྱུ་རེད་ཟེར།
ད་ལྟ་རང་ལོ་ ༢༢ ལ་སོན་པའི་ཨ་ལན་ཟླ་བ་སྒྲོལ་མ་ནི་སྐྱེས་ཡུལ་ཁམས་དཀར་མཛེས་ནས་ཡིན་པ་དང་། ཆུང་དུས་ནས་རྒྱ་ནག་པེ་ཅིན་སྒྱུ་རྩལ་སློབ་གྲྭ་ཞིག་ཏུ་རྒྱུད་གཉིས་རོལ་ཆའི་སྐོར་ལ་སློབ་སྦྱོང་བྱས་འདུག
༢༠༠༦ ལོར་ཉི་ཧོང་གི་ཨེ་ལྦེག་སི་ཞེས་པའི་འཁྲབ་སྟོན་སྡེ་ཁག་ནས་རྒྱ་ནག་རྒྱལ་ཡོངས་སུ་འཁྲབ་སྟོན་དང་གླུ་གཞས་ཀྱི་འགྲན་བསྡུར་ཞིག་གོ་སྒྲིག་བྱས་སྐབས། ཨ་ལན་ཟླ་བ་སྒྲོལ་མ་ལགས་སུ་གཞས་མ་རྩེ་ཕུད་ཀྱི་བྱ་དགའ་ཐོབ་སྟེ། ལོ་དེར་ཁོ་མོ་ཉི་ཧོང་དུ་གནས་སྤོར་བྱས་ཡོད་འདུག་ལ། ལོ་དེ་ནས་བཟུང་ཉི་ཧོང་གི་ཨེ་ཝེག་སི་སྡེ་ཁག་གི་གོ་སྒྲིག་འོག གཞས་མ་ཟླ་བ་སྒྲོལ་མ་ལགས་ཀྱིས་ཉི་ཧོང་ནང་ཉི་ཧོང་དང་རྒྱ་སྐད་ཐོག་དེང་དུས་དང་སྲོལ་རྒྱུན་གྱི་གཞས་སྣ་འཁྲབ་སྟོན་ཐེངས་མང་བྱས་ཏེ། ཉི་ཧོང་གི་གཞོན་སྐྱེས་ཚོའི་ཁྲོད་ནས་ཁོ་མོར་དགའ་མོས་དང་མཚན་མཐོང་ཆེན་པོ་ཐོབ་ཀྱིན་ཡོད་འདུག
༢༠༠༩ ལོར་སྙན་གྲགས་ཅན་གྱི་གློག་བརྙན་འཁྲབ་འཁྲིད་པ་ཇོན་ལྦུའུ་འབོད་པས་བཟོ་བཀོད་གནང་པའི་གློག་བརྙན་ནང་ཟླ་བ་སྒྲོལ་མ་ལགས་ཀྱིས་གློག་བརྙན་དེའི་དོན་བརྗོད་གླུ་གཞས་བཏང་བར་བརྟེན། ཁོ་མོའི་མཚན་སྙན་སྔར་བས་ཀྱང་ཇེ་མཐོར་སོང་ཡོད།
འདི་ལོའི་ཕྱི་ཟླ་ ༡ ནང་ཁོ་མོས་ཉི་ཧོང་ནང་རོལ་གཞས་དང་རོལ་དབྱངས་ཚོགས་པ་གཞན་དང་མཉམ་འབྲེལ་མ་ཡིན་པར་ཁྱེར་རྐྱང་གི་ཐོག་ནས་འཁྲབ་སྟོན་བྱ་རྒྱུར་མགོ་འཛུགས་བྱས་འདུག་ལ། ཐེངས་འདིའི་གླུ་གཞས་ཀྱི་འཁྲབ་སྟོན་འདི་ནི་ཁོ་མོས་ད་བར་འཁྲབ་སྟོན་བྱས་པའི་ཁྲོད་ཀྱི་གཞི་རྒྱ་ཆེ་ཤོས་དང་། མང་ཚོགས་ཀྱི་འདུ་འཛོམས་ཆེ་ཤོས་དེ་ཆགས་རྒྱུ་ཡིན་འདུག་ལ། འདི་ནས་བཟུང་ཨ་ལན་ཟླ་བ་སྒྲོལ་མའི་མཚན་སྙན་ཡང་གླིང་ལ་ཁྱབ་རྒྱུ་ཡིན་སྐོར་ཡང་བརྒྱུད་ལམ་ཁག་ཏུ་གླེང་བཞིན་འདུག
གསར་འགོད་པ། དཔལ་ལྡན།
བུ་མོ་ཨ་ལན་གྱི་ཕ་ཡུལ་སྐོར་རྩོད་གླེང་བྱེད་དགོས་དོན་མི་འདུག མོའི་སྐྱེས་ས་ནི་ཁམས་དར་མདོ་ཡིན་པ་དང་ མངའ་སྡེ་ནི་དཀར་མཛེས་ཁུངས་སུ་གཏོགས་སོ
ཚ་སྒང་ཕོ་ཉ་ལགས་ཁྱེད་རང་ཐོས་རྒྱ་ཧ་ཅང་ཆུང་བ་འདྲ་ཨ་ལན་གྱིས་བོད་གཞས་གཏང་ཡོད་རེད་ ཁམ་བུ་ཁ་ལ་ཞིམ་བྱུང་། །མེ་ཏོག་མིག་ལ་ཛེས་བྱུང་། །ཞེས་པ་འདི་སྐྱར་གཏང་བྱེད་ཡོད་རེད་ལོ
ཨ་ཕོའི་དྲི་བར་ཨ་ལ་ཞེས། །
ལན་འདེབས་གླུ་དབྱངས་ལེན་མཁས་མ། །
ཟླ་བ་ལྟ་བུའི་ཞལ་རས་མཛེས། །
སྒྲོལ་མའི་རྗེས་སུ་འབྲོངས་ཤིག་ཀྱེ། །
གང་ལྟར་ཨ་ལན་ཟླ་བ་སྒྲོལ་མ་ཁམས་ཡིན་ཡང་རུང་ལ་རྒྱ་རོང་ཡིན་ཡང་རུང་གང་ལྟར་བོད་རིགས་བུ་མོ་ལྷད་མེད་ཅིག་ཡིན་པ་ལོ་རྒྱུས་ཀྱི་ཟིན་ཐོ་ལས་གསལ་རྟོགས་ཐུབ་པ་མཁྱེན་གལ་ཆེ།
བོད་རིགས་བུ་མོ་འདི་འདྲའི་འབྱོན་ཐང་ཅན་ཞིག་རྒྱ་མོ་ཡིན་པར་བཤད་མཁན་འདི་དག་དོན་ངོ་མ་གང་ཞིག་བསམ་གྱིན་ཡོད་དམ།
ཨ་ལན་ཟླ་བ་སྒྲོལ་མ་ཞེས་པའི་གཞས་མ་དེ་མཛེས་མ་ཞིག་རེད་འདུག་པ་ཟདབོད་མི་རིགས་ཀྱི་སྲོལ་རྒྱུན་གྱིས་རྒྱན་གོས་དང་ཆ་ལུགས་གྱོན་སྟངས་ལ་གཞིག་ན་བོད་མི་རིགས་ལ་ཤ་ཞེན་དང་ལ་རྒྱ་ཡོད་མཁན་ཞིག་ཡིན་པ་འདྲ།
དངོས་གནས་ཡག་པོ་རེད་ཞུ་རྒྱུ་ཡིན།
༼ཁ་བ་ཅན་གྱི་བུ་མོ་༽ཞེས་པ་དེ་གཏོང་མཁན་ཉི་ཧོང་དུ་ཡོད་པའི་ཨ་ལན་ཟླ་བ་སྒྲོལ་དེ་མ་རེད་ལོ།
ཟླ་བ་སྒྲོལ་མས་བོད་བཞས་གཏང་བ་ཞིག་འདུག་ན་ང་ལ་སྟོན་དང་གྲོགས་པོ་ཚོ། ༼ཁ་བ་ཅན་གྱི་བུ་མོ་༽ཞེས་པ་དེ་གཏང་མཁན་ཟླ་བ་སྒྲོལ་མ་མ་རེད།
ཟླ་བ་སྒྲོལ་མའི་མིང་སྣེར་ཨ་ལེན་ཞེས་འབོད་ཀྱིན་འདུག་པའི་དེ་ཁྱིམ་ཚང་གི་མིང་ཡིན་ནམ་ཡང་ན་རུས་མིང་རེད།
དྲ་གྲོགས་རྣམ་པའི་༼ཁ་བ་ཅན་གྱི་བུ་མོ་༽ཞེས་པའི་གླུ་བཞས་དེ་ཨ་ལེན་ཟླ་བ་སྒྲོལ་མས་གཏང་པ་ཡིན་རབ་བཤད་ཀྱང་དེ་ནི་སྐད་ངག་ཐོས་པ་ཙམ་དང་བྱེད་གཟུགས་མཐོང་བ་ཙམ་གྱིས་མ་ཡིན་པར་ཤེས་ཀྱི་འདུག་པས་དེ་ལས་གཞན་ཁོང་གི་གཏང་བའི་བོད་བཞས་འདྲ་ཡོད་དམ།
ཡིད་མ་ཆེས་ན་གཟིགས་དང་།http://www.youtube.com/lithanglotse#p/u/29/5QBaSB-Yjes
ཧ་གོ་ཡི་རེད་གྲོགས་པོ་ཚོ།།
ཨ་ལན་ཟླ་བ་སྒྲོལ་མའི་གཞས་གངས་ཅན་པའི་བུ་མོ་ཞེས་པའི་གཞས་སྙན་པོ་ཞིག་འདུག། http://www.youtube.com/watch?v=5QBaSB-Yjes
ཨ་ལན་གྱི་མཚན་སྙན་དང་གླུ་སྐད་ཉི་ཧོང་ལུང་བའི་ནང་དུ་དགའ་བསུ་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་གིན་འདུག
འདི་ནི་དགའ་འོས་བ་ཞིག་རེད། ཁོ་མོས་བོད་སྐད་ཀྱི་ལམ་ནས་གླུ་གཞས་མང་པོ་བླངས་མེད་པ་དེར་ལེ་འདའ་བྱེད་རྒྱུ་ཡོད་ནི་མ་རེད།
ཨ་ལན་ནི་བོད་ཀྱི་རོལ་དབྱངས་དང་ཉི་ཧོང་གི་རོལ་དབྱངས་ཟུང་འབྲེལ་ངང་གཞས་གཏོང་མཁན་ཞིག་རེད། ཉི་ཧོང་དུ་ཁོ་མོ་ངོ་ཤེས་པ་ནས་བོད་ལ་རྒྱུས་ལོན་བྱེད་མཁན་དང་དགའ་བོ་བྱེད་མཁན་ཡང་ཇེ་མང་དུ་འགྲོ་གིན་འདུག་པ་དངོས་ཡོད་གནས་ཚུལ་རེད། འདི་ནི་ཁོ་མོས་རང་མི་རིགས་ལ་བཞག་པའི་མངོན་མེད་ཀྱིས་བྱས་རྗེས་རེད།
སྤྱིར་རང་སྐད་ཀྱི་ཐོག་ནས་གླུ་གཞས་གཏང་ན་ག་ཡོད་མེད་ཤེས་མ་སོང་སྟེ་་་
གཞན་སྐད་ཀྱི་ཐོག་ནས་གླུ་གཞས་ཡག་པོ་གཏང་འདུག།
ཨ་ལན་ཟླ་བ་སྒྲོན་མའི་སྙན་འཇེབས་གླུ་དབྱུངས་ཀྱིས་ཉི་ཧོང་ནང་གི་ལྷིང་འཇགས་དཀྲོགས་ཤིང། མི་བུ་རྣམས་ཀྱི་རྣ་དབང་དབང་མེད་དུ་འཕྲོག་པ་དང་སྟབས་གཅིག་གླུ་མའམ་གཞས་མ་གང་ཉིད་ཀྱི་སྙན་པའི་གྲགས་པ་ཡང་ས་ཕྱོགས་ཀུན་དུ་ཁྱབ་ཏེ། གཉིས་སྨན་བྱུང་འདུག
ཨ་ལན་ཟླ་བ་སྒྲོན་མའི་སྙན་འཇེབས་ཀྱི་གླུ་སྐད་སྙན་མོས་ཉི་ཧོང་ནང་གི་ཆེས་ལྷིང་འཇགས་ཀྱི་ཁོར་ཡུག་དཀྲོགས་གིན་གཞས་མའམ་གླུ་མ་གང་གི་སྙན་པའི་གྲགས་ཆེར་ཁྱབ་ཅིང། མི་རྣམས་ཀྱི་རྣ་དབང་དབང་མེད་འཕྲོག་གིན་ཡོད་པ་འདྲ།
ཟླ་བ་སྒྲོལ་མ་ལགས་ཁྱེད་ཀྱི་བོད་སྤྱི་ལ་ཕན་པའི་བྱ་བ་སྒྲུབ་པར་སྨོན་་་་་་་་་་་་་་་་་་་་་་
བཀྲིས་བདེ་ལེགས་ཞུ་་་་་་་་་་་་
བོད་གངས་ཅན་ནས་འདི་འདྲའིམཛེས་མ་ཡོད་པ་ཤེས་མ་སོང་ཧཧཧཧཧཧཧཧ་ཧཧཧཧཧ་དངོས་ནས་ཡགས་པོ་འདུག
ང་ཚོ་བོད་ལ་འདི་འདྲ་བུ་མོ་མང་ཙམ་ཡོད་པར་སྨོན།
ཟླ་བ་སྒྲོལ་མ་ལྟ་བུ་ཞིག་གིས་གུང་ཁྲན་ཏང་ལ་བསྟོད་གླུ་ཞིག་བླངས་མྱོང་བ་ཙམ་གྱིས་མི་དེ་ནག་པོ་ནག་རྐྱང་ཞིག་ཏུ་བསྒྲུབས་པ་དེ་སྤྱང་དྲུང་ལྡན་པའི་བྱེད་སྟངས་ཤིག་མ་རེད། ངས་བལྟས་ན་ཟླ་བ་སྒྲོལ་མ་ཟེར་བ་འདི་བུ་མོ་རུས་པ་ཅན་ཞིག་རེད། རྒྱུ་མཚན་གཤམ་གསལ་གྱི་དོན་ཚན་གསུམ་ཡོད། ང་ཚོས་ལབ་མ་ནུས་པ་མང་པོ་ཞིག་ཟླ་བ་སྒྲོལ་མས་ལབ་ཡོང་གིན་འདུག
༡
ཟླ་བ་སྒྲོལ་མ་འདི་རྒྱ་ནག་མི་མང་སྤྱི་མཐུན་གྱི་མི་རིགས་གང་དུ་བགྲངས་ཡོད་མིན་མི་ཤེས། ཕལ་ཆེར་ཆང་རིགས་སུ་བརྩིས་ཡོད་ངེས་རེད་སྙམ། གང་ཡིན་ཟེར་ན་ཁོང་ཚོའི་ཆ་ལུགས་རྒྱལ་རོང་བ་རེད། སྐད་རྒྱལ་རོང་བ་རེད། ཡིན་ན་ཡང་ཟླ་བ་སྒྲོལ་མས་ནམ་ཡིན་ཡང་ང་བོད་རིགས་ཡིན་ཟེར་གྱིན་འདུག དེ་ཙམ་ཟེར་ཐུབ་པ་འདི་ཡང་མི་ཚེའི་རྒྱང་ལྗོངས་འདི་ལྟ་བུ་ཅན་ཞིག་ལ་མཚོན་ན་ལས་སླ་བོ་ཞིག་མ་རེད།
༢
དེ་བཞིན་དུ་ཟླ་བ་སྒྲོལ་མའི་ཕ་མ་ཚོ་གཞུང་གི་ལས་བྱེད་རེད། སློབ་སྦྱོང་གི་བརྒྱུད་རིམ་ཡང་གུང་ཁྲན་ཏང་གི་དར་དམར་འོག་ནས་མཐར་ཕྱིན་པ་རེད། ཡིན་ན་ཡང་ཟླ་བ་སྒྲོལ་མས་ང་སངས་རྒྱས་ཆོས་ལུགས་ཀྱི་རྗེས་འབྲངས་པ་ཞིག་ཡིན། ངས་ཞི་བདེ་དང་བྱམས་བརྩེ་ཡི་ནང་དོན་ལྡན་པའི་གླུ་དབྱངས་ལེན་པར་འབད་བརྩོན་བྱ་དགོས་ཟེར་གྱིན་འདུག
༣ དེ་བཞིན་དུ་རྒྱལ་རོང་སྐད་དེ་ང་ཚོས་བོད་ཆོལ་ཁ་གསུམ་གྱི་སྐད་རིགས་གི་ཡ་གྱལ་ལན་ལག་ཅིག་ཡིན་པ་ཤོད་ཤེས་མཁན་མེད་ཀྱང་ཟླ་བ་སྒྲོལ་མ་རང་གིས་ཟེར་ན་ཁོང་ཚོའི་སྐད་དེ་ཁམས་སྐད་རེད་ཟེར་གྱིན་འདུག མོ་རང་གི་སྐད་དེའི་སྟེང་ནས་གླུ་གཞས་ཡང་གཏོང་གིན་འདུག
དེ་རིང་དུས་བབ་དྲ་ཐོག་ན་དྲ་གྲོགས་ཚོས་ཨ་ལན་ཟླ་བ་སྒྲོལ་མའི་ཕ་ཡུལ་གང་ཡིན་རྩོད་པ་བྱེད་ཀྱིན་འདུག་པས་ངས་དྲ་གྲོགས་རྣམ་ཚོར་གསལ་་བཤད་ཅིག་བྱེད་དགོས་བྱུང་། མོའི་ཕ་ཡུལ་སྐོར་ལ་ང་ཆ་རྒྱུས་ཆེ་ཙམ་ཡོད། ཨ་ལན་ཟླ་བ་སྒྲོལ་མ་ནི་ཁམས་ནི་ཉག་རེད།
མཛེས་མ་རེད་ལ་གླུ་དབྱངས་བླངས་པ་ཡང་ཧ་ཅང་གི་སྙན་གི ད་བོད་པ་ཚང་གི་གཞོན་སྐྱེས་ཚོས་འཇོན་པར་སྨོན།།
གུང་བྲན་ཏང་ལ་བསྟོད་གླུ་དང་རྒྱབ་རོགས་བྱེད་མཁན་ཞིག་ཡིན་ཡང་ངོ་གདོང་གི་སྐྱི་བག་ཁོ་ན་ལ་བལྟས་ནས་བསྟོད་སྔགས་དང་བཀྲ་ཤིས་ལེགས་ཞུ་རྐྱང་བྱེད་པ་ནི་སྒ་རྩ་མེད་པའི་རྟགས་རེད། མ་གཞི་འདི་དག་གྲ་ལོག་ཆགས་སྲེད་མཁན་དང་ཅི་ཡང་མི་ཤེས་མཁན་རྐྱང་རྐྱང་རེད། བདེན་རྫུན་གྱི་དབྱེ་བ་མི་ཤེས་པའི་བླུན་པོ་འདིའི་རིགས་གསར་ལམ་ཁག་ལ་ཁེངས་བ་ཡིན་ན་མི་མང་ལོག་ལམ་ལ་འགྲོ་ངེས་རེད།
བུ་མོ་ཟླ་བ་སྒྲོལ་མས་ཉི་ཧོང་སྐད་ཀྱི་ཐོག་ནས་བཏང་བའི་གཞས་དང་། ད་དུང་རྒྱ་སྐད་ཀྱི་ཐོག་ནས་བཏང་བའི་གཞས་མང་པོ་མཐོང་རྒྱུ་འདུག དེའི་སྒང་ལ་བོད་སྐད་ཀྱི་སྒང་ནས་གླུ་གཞས་དེ་འདྲ་མང་ཙམ་བཏང་ན་ཧ་ཅང་ཡག་པོ་ཡོང་ས་རེད།
དྲ་གྲོགས་ཚོ་ཨ་ལན་ཟླ་བ་སྒྲོན་མའི་བོད་གཞས་༼ཁ་བ་ཅན་གྱི་བུ་མོ༽་གླུ་གཞས་སྙན་མོ་ཞིག་འདི་ན་འདུག་པའི་རྣམ་པ་ཚོའི་ཐུགས་སྤྲོ་བའི་བའི་གསོ་སྨན་དུ་དུ་གྱུར་བར་སྨོན།http://www.youtube.com/lithanglotse#p/u/29/5QBaSB-Yjes
ཨ་ལན་ཟླ་བའི་ཞལ་གཟུགས་འདིས་ངའི་ཡིད་སེམས་ཡོངས་སུ་འཕྲོགས་སོང་། ངོ་མ་བུ་མོ་འདི་ས་གནས་གང་ཞིག་ནས་ཡིན་ཡང་དེ་རྩོད་འདོད་མི་འདུག བོད་ཀྱི་བུ་མོ་ཞིག་རེད། ཅིག་གི་ཡང་སྤྲུལ་རེད་མི་ཟེར་བར་སྨོན།
བཀྲ་ཤིས་དོན་གྲུབ། ལགས་
ཀྱེད་ངོ་མ་ཡ་མཚན་རེད་ ར་རོ་བ་མིན་ནམ
དྲི་བ་༡ རྒྱལ་རོང་བ་རེད་ཟེར་ན་བོད་པ་མ་རེད་ཟེར་གིན་ཡོད་བ་རེད་དམ?
དཀར་མཛེས་བ་ཡིན་ནའང་འདྲ་རྒྱལ་རོང་བ་ཡིན་ནའང་འདྲ་དར་རྩེ་མདོར་ཡིན་ནའང་འདྲ་གང་ལྟ་ཨ་ལན་ཟླ་བ་སྒྲོལ་མ་ལ་བཀྲ་ཤེས་བདེ་ལེགས་གྲངས་མེད་ཞུ།
ཨེ་ལེན་ཟླ་བ་སྒྲོལ་མ་གླུ་སྙན་མོ་འདི་ན་འདུག
http://www.youtube.com/watch?v=xwst9gQ9Xgw&feature=related
ལྷ་ཡུལ་ལ་འཐེན་པའི་ལམ་།
http://www.youtube.com/watch?v=xwst9gQ9Xgw&feature=related
ཟླ་བ་སྒྲོལ་མས་ཏང་དང་བོད་ལྗོངས་ལ་བསྟོད་གླུ་ཕུལ་བ་འདི་རེད། ཅིག་འཇིགས་ག
http://www.youtube.com/watch?v=g_nFpCtyZ1Q&feature=PlayList&p=26674D5BBB9CBCBE&index=17&playnext=1
ཟླ་སྒྲོནལགས་བཀྲིས་བདེ་ལེགས
༑ ཨ་ཁུ་ཁྲོ་ཐུང་། ཁྱོད་ཀྱིས་སྨན་ལོག་བཟོས་པ་རེད་དམ། སྤྲོ་ཚིགས་དགེ་འདུག་གྱིས་ཨ་ལན་ཟླ་བ་སྒྲོན་མ་དཀར་མཛེས་ཀྱི་མ་རེད་ལབ་པ་ལས། དཀར་མཛེས་ལ་བུ་མོ་མཛེས་མ་ཡོད་མ་རེད་ག་བར་ལབ་འདུག མ་གཞིར་དཀར་མཛེས་ལ་མཛེས་མ་སུ་ཡོད་རེད། སྐྲ་རིང་པོ་བཞག་པ་དང་བུ་མེད་ཀྱི་གྱོན་ཆས་གྱོན་པ་ཙམ་མ་གཏོགས་ཚང་མ་སྦོམ་པོ་སྦོམ་པོ་རྐང་ཆེ་ལག་ཆེ་གདོང་དང་གཟུགས་པོར་བལྟས་ན་བུ་ཡིན་བུ་ཡིན་མི་ཤེས་པ་རྐྱང་རྐྱང་ཡིན་པཱ། ཧ་ཧ་ཧ་ ཨ་ལ་ཀུ་རེ་ཡིན་་་་དཀར་མཛེས་བུ་མོ་ཚོས་མཐོང་ན་ངའི་གོ་སྐབས་ལ་གནོད་ཡོང་།
བཀྲ་ཤིས་བདེ་ལེགས།
སང་ལོར་འཇུ་ཕེན་དུ་འགྲོ་ཐུབ་ན་དེ་དུས་གཞས་མ་འདིར་མཇལ་ཁ་ཞུ་ཐག་ཆོད་ཡིན།
རྒྱལ་རོང་བ་ཡིན་པས་ཁུང་ཡ་པོ་སྤྱོད་འདུག་ཡིན་ན་ཡང་བོད་རིག་ཞིག་ཡི་པས་དགའ་པོ་བྱུང་
བོད་རིགས་གཞས་མ་ཨ་ལན་ཟླ་བ་སྒྲོལ་མ་ལགས་ལ་བཀྲ་ཤིས་བདེ་ལེགསགྲངས་མེད་ཞུ།
ཨ་ལན་ཟླ་བ་སྒྲོལ་མ་ནི་[མཐོ་་སྒང་གི་ཉི་ཟེར་]ལས་ཁམས་དར་རྩེ་མདོར་སྐྱེས་བ་བཤད་འདུག།
གང་ལྟར་བོད་རིགས་རེད་བ།
ཨ་རོགས་སྤྲོ་ཚིགས་དགེ་འདུན། རྒྱལ་རོང་བ་བོད་པ་མིན་བའི་སྒྲུབ་བྱེད་འགོད་རྒྱུ་ཡོད་དམ།ལོ་རྒྱུས་མ་ཤེས་པ་ཡིན་ནམ། རྒྱ་གཞུང་གི་རྗེས་སུ་འབྲེང་ནས་མི་རིགས་ཏུམ་གཅོད་བྱེད་ཀྱིན་ཡོད། ཁྱོད་ཀྱིས་དངོས་འཛིན་བྱ་རྒྱུའི་བོད་དེ་ཕར་ཆེར་ཁྱེད་ཀྱི་ནང་མི་ཙམ་ཡིན་ཚོད་རེད་སྙིང་རྗེ།
ཁམས་མོ་ཧོད་ལ་ཁ་དྲོ། ཚེ་རིང། ནད་མེད།
གླུ་སྐད་དང་གླུ་སྐད་ཀྱི་ཁྲོད་ནས་དེང་དུས་ཀྱི་བོད་ཀྱི་བུ་མོ་ཞིག་བག་ཁུམས་ཀྱི་རི་བོ་ཡོངས་སུ་བརྒལ་ནས་འོད་སྟོང་གི་འཇིག་རྟེན་སྟེང་དུ་སླེབས་འདུག འདི་ནི་སྐྱེ་ཡུལ་དཀར་མཛེས་ཡིན་ཡང་དཀར་མཛེས་གཅིག་པུས་བདག་དབང་མེད། འདི་ནི་ང་དང་ང་ནང་བཞིན་གྱི་བོད་ལ་དུང་པའི་བོད་རིགས་ཚོས་བདག་དབང་སྤྲད་ཆོག
ཨ་ཁུ་ཁྲོ་ཐུང་་གོ་བ་ལོག་འདུག
མ་གཞི་མོ་གང་ནས་ཡིན་མིན་ལ་ཁྱད་པར་མེད་ཀྱང་སྐྱེ་ས་སྐྱེ་ཁུངས་རྒྱལ་རོང་ནས་ཡིན་པ་བཤད་པ་ཙམ་ཡིན།
དཀར་མཛེས་ལ་མཛེས་མ་དང་འཛངས་མ་མི་འདུག་ཞེས་བཤད་ཀྱིན་མེད་ལ་རྒྱལ་རོང་བ་ལ་ངོ་དགའ་བཤད་དགོས་དོན་ཡང་མེད།
གསན་བྱུང་ངམ་ཨ་ཁུ་ལགས།
ཡཡ་རྒྱལ་རོང་བ་ཡིན་ནའང་རེད། དཀར་མཛེས་བ་ཡིནནའང་རེད། གང་ལྟར་འཁྲུལ་མེད་ཀྱི་བོད་པ་ཞིག་ནི་རེད་འདུག མ་གཞི་དཀར་མཛེས་བ་ལ་མཛེས་མ་དང་འཛམས་མ་མེད་མི་སྲིད་པ་ག་ནས་ཡིན་
སྤྲོ་ཚིགས་དགེ་འདུན་ལགས
རྒྱལ་རོང་བ་དང་རྒྱ་ནག་ཉིན་ཧོང་སོགས་ཀྱི་གླུ་གཞས་བཏང་བའི་མཚན་སྙན་ཕྱོགས་ཀུན་ཏུ་ཁྱབ་པ་ལས་བོད་གཞས་བཏང་བ་གོ་ཐོས་མ་བྱང་།
འོན་ཀྱང་པར་རིས་དང་པོ་མཐོང་བ་དང་བོད་དྲི་མ་ཡལ་བའི་ཚོལ་བ་ཞིག་བྱུང་་།་དེ་དགའ་ནི་ཡིན།
མོའི་་སྐྱེས་ཡུལ་ཁམས་དཀར་མཛེས་ནས་ཡིན་གསུངས་བ་དེ་རྒྱ་ནག་གི་བཤད་སྟངས་ཞིག་ཡིན་ན་མ་གཏོགས་ཁོ་མོ་རྒྱལ་རོང་བ་ཞིག་ཡིན་པ་ཐག་ཆོད་རེད་འདུག
ཡག་པོ་འདུག
མཛེས་སྡུག་ལྡན་པའི་སྒྲོལ་མར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
སྐྱེས་གཟུགས་རྣམ་པ་ཡག་མིན་གྱིས་མིའི་རིན་ཐང་ཞིག་འཇོག་ཐུབ་ན་ཟླ་བ་སྒྲོལ་མ་ལགས་ནི་མིའི་ཕུད་དང་། བུ་མོའི་དང་རྩེ། བོད་མི་རིགས་ཀྱི་རྒྱན་ཆར་བརྩི་ཆོག་པ་ཞིག་རེད། རྒྱ་ནག་སྐམ་ས་ནས་ཡོང་བའི་མི་ཞིག་ལ་མཚོན་ན་ཉི་ཧོང་དུ་སྐད་གྲགས་དེ་ལྟ་བུ་འཇོག་མྱོང་མཁན་གྱི་གླུ་གཞས་མཁན་མེད་ཟེར་ཆོག་འདུག། རྩོམ་སྒྲིག་པ་ལགས་ཀྱིས་བུ་མོ་མཛེས་མ་འདི་སྐྱེས་ས་དཀར་མཛེས་རེད་ཅེས་གསུངས་འདུག་མོད་ཡིན་ངོ་མ་དེ་རྒྱལ་རོང་བ་རེད། མོ་རང་གི་ཕ་ཡུལ་ངོ་མ་རོང་བྲག་རྫོང་ངམ་བསྟན་པ་རྫོང་ཟེར་བ་འདིའི་ཁོངས་རེད། མོ་རང་གི་འཚར་ལོངས་གི་དུས་ཚོད་ཀྱང་མང་ཆེ་བ་འདི་ནས་བསྐྱལ་མཁན་ཞིག་རེད། རོང་བྲག་རྫོང་འདི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་སུ་བགོས་ཡོད་སྟབས་རྒྱ་ནག་གི་ཡིག་ཆ་རྣམ་ལས་དཀར་མཛེས་ཞེས་བརྗོད་ཡོད་པ་རེད།
ཨ་ལན་ཟླ་བ་སྒྲོལ་མ་ལགས་ཁམས་བཟང་ང་ཚའི་མི་རིགས་ལ་ཁྱེད་ལྟ་བུ་ཧ་
ཅང་གི་མཁོ་མུ་མཐུད་ཁྱེད་ཀྱི་མཚན་སྙན་ཕྱོགས་བཞིར་ཁྱབ་པ་སྨོན།
བོད་རིགས་བུ་མོ་གཞོན་ནུ་ཞིག་གིས་རང་གི་ལྷན་སྐྱེས་ཀྱི་སྐད་ངག་དང་མཛེས་སྡུག་འཛམ་གླིང་ངོམ་པའི་སྙིང་སྟོབས་འདི་མཐོང་དུས་གཞི་ནས་བོད་མི་རིགས་ལོ་ངོ་སྟོང་ཕྲག་ལྷག་གི་རིང་བག་ཁུམས་ཀྱི་རིག་གནས་ཤིག་གི་དབང་དུ་སོང་ནས་ཡུན་རིང་རྨི་ལམ་སྟུག་པོ་དེ་ལས་གཉིད་སད་པ་རྟོགས་ལ། ལྷག་པར་བོད་མིའི་མེས་པོ་དམ་པ་བཙན་པོ་སྐབས་ཀྱི་སྙིང་སྟོབས་ཀྱི་ས་བོན་ཡང་བསྐྱར་འབུས་བཞིན་པའི་གནས་སྟངས་དངོས་ཡིན་པ་མཐོང་དུས་ང་དངོས་གནས་དགའ་སྐྱོ་ཟུང་ལས་འཕྱུར་བའི་མིག་ཆུ་དབང་མེད་དུ་མིག་ཟུང་འདབ་ནས་ཤོར་སོང་། བོད་རིགས་ཚོས་བག་ཁུམས་ལས་ཡོངས་སུ་བརྒལ་ཏེ་བཟང་སྤྱོད་དང་མཐུན་པའི་སྒོ་ནས་རང་ཉིད་ཀྱི་ལྷན་སྐྱེས་ཀྱི་རིན་ཐང་གང་མཐོར་བཏང་ནས་འཛམ་གླིང་མི་མང་ངོམ་དགོས་པ་དུས་རབས་ཀྱིས་ང་ཚོར་བསྐུལ་བའི་འགན་འཁྲི་གཡོལ་མི་རུང་ཞིག་རེད། གང་ལྟར་ངའི་སྐྱེས་མཁོ་ཨ་ལན་ཟླ་བ་སྒྲོལ་མ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། བོད་མི་རིགས་ཀྱི་དྲི་མ་མ་མཉམ་པར་གནས་དགོས་པ་ངས་ཁྱེད་ལ་སྐྱོང་བའི་རེ་བ་ཉག་གཅིག་དེ་ཡིན།