མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡིད་སྐྱོའི་གནས་ཚུལ།

བོད་ཀྱི་དུས་བབ།
༢༠༡༠/༠༧/༣༡
Share on FacebookShare on TwitterShare on EmailShare on Whatsapp

      

ཚོཊ་དྲུང་ལས་ཁུངས་ཀྱི་དྲུང་ཡིག་ཆེན་མོ་ཕུར་བུ་ཚེ་རིང་ལགས་ནད་མནར་གྱི་རྐྱེན་པས་ཟླ་འདིའི་ཚེས་ ༢༩ ཉིན་འདས་གྲོངས་སུ་ཕྱིན་ཡོད་འདུག    

ཚོགས་དྲུང་ལས་ཁུངས་ཀྱི་དྲུང་ཡིག་ཆེན་པོ་ཕུར་བུ་ཚེ་རིང་ལགས་ནད་མནར་གྱི་རྐྱེན་པས་ཟླ་འདིའི་ཚེས་ ༢༩ ཉིན་བོད་གཞུང་བདེ་ལེགས་སྨན་ཁང་དུ་འདས་གྲོངས་སུ་སོང་ཡོད་ལ། ཁོང་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོས་འཕྲལ་ཚེས་ ༣༠  ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༢ ཐོག་བཀའ་བློན་རྣམ་པ་དང་། སྤྱི་འཐུས་རྣམ་པ།  ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པས་དབུས་གཞུང་ཞབས་ལས་བྱེད་བཅས་གངས་སྐྱིད་གསོལ་ཐབ་ཚོགས་ཁང་དུ་མཉམ་འཛོམས་ཀྱིས་ཐོག་མར་ཆོས་རིག་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་དམ་པ་ཁོང་གི་ལོ་རྒྱུས་སྙིང་བསྡུས་སྒྲོག་སྦྱོང་གནང་རྗེས། སྲི་ཞུ་བ་རྣམས་ཀྱིས་དམ་པ་ཁོང་ལ་མྱ་ངན་གུས་འདུད་མཚོན་ཆེད་ཆུ་ཚོད་ ༡ རིང་སྨོན་ལམ་གསུང་འདོན་གནང་ཡོད། འདས་པོ་ཁོང་ནི་ ༡༩༥༢ ལོར་བོད་གཙང་སྟོད་གཅེན་ལུང་དུ་ཕ་དབུ་རྒྱན་རང་གྲོལ་དང་། མ་འཛོམས་པ་གཉིས་ཀྱི་བུར་འཁྲུངས་ཡོད་ལ། ༡༩༥༩ ལོར་རྒྱ་གཞུང་གིས་བོད་ས་ཡོངས་རྗོགས་བཙན་བཟུང་བྱས་རྐྱེན་ཁོང་ཡང་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་ནས་ཐོག་མར་རྡོར་གླིང་བོད་གཞུང་གཏན་སློབ་དང་། དེའི་རྗེས་ལྡི་ལིར་ལོ་གཅིག་རིང་སློབ་སྦྱོང་བྱས། ༡༩༧༣  ལོར་གཞུང་ཞབས་ཁོངས་སུ་ཞུགས་ཏེ་དང་ཐོག་གཞོན་དྲུང་ཚོད་ལྟའི་ཐོག་བལ་ཡུལ་ཁུམ་ཤིའི་རྩིས་དྲུང་དང་།  ༡༩༧༨ ལོར་ལུགས་བསམ་མཉམ་སྦྲེལ་གྱི་གཞོན་དྲུང་དང་། ༡༩༨༡ ལོར་ལྡི་ལི་བོད་གནས་བསྐྱར་ཞིབ། ༡༩༨༥ ལོར་རྟེན་བཞེངས་བཟོ་འགོའི་ལས་ཚབ་དང་བདེ་སྲུང་རྩིས་པ།  ༡༩༨༧ ལོར་གནས་རིམ་བརྒྱད་པར་གནས་སྤོར་གྱིས་མོན་གྷོ་རུམ་བཟོའི་འགན་འཛིན་དང་།  ༡༩༩༡ ལོར་བདེ་སླར་བཟོ་འགོ ༡༩༩༢ ལོར་དྲུང་གཞོན་ལས་རོགས་ཐོག་བདེ་སྲུང་ལས་ཁུངས་སུ་གནས་སྤར། ༡༩༩༣ ལོར་དྲུང་གཞོན་དུ་གནས་སྤར། ༡༩༩༩ ལོར་ཟུང་འབྲེལ་དྲུང་ཆེ་ནས་འཕྲོད་བསྟེན་ལས་ཁུངས་ཀྱི་ཟུང་དྲུང་ལ་ལས་གནས་སྤར། ༢༠༠༡ ལོར་དབུས་འོས་བསྡུ་ལས་ཁང་གི་ཟུང་དྲུང་དང་།  ༢༠༠༧ ལོར་དྲུང་འཕར་དུ་གནས་སྤར། ༢༠༠༨ ལོར་ཚོགས་དྲུང་ལས་ཁུངས་སུ་གནས་སྤོས་ཀྱིས་ཚོགས་དྲུང་ལས་ཚབ་ཏུ་བསྐོ་གཞག་བྱས། ༢༠༡༠ ལོར་དྲུང་ཡིག་ཆེན་མོར་གནས་སྤོས་ཀྱིས་ཚོགས་དྲུང་གི་ལས་འགན་བཞེས་མུས་ཐོག་ལོ་ངོ་ ༣༧ རིང་རང་གཞུང་ལ་ལྷག་བསམ་རྣམ་དག་གིས་སྲི་ཞུའི་ཞབས་འདེགས་ཞུས་ཡོད། ཡིད་སྐྱོ་དགོས་པ་ཞིག་ལ་ནད་མནར་གྱི་རྐྱེན་པས་ཟླ་འདིའི་ཚེས་ ༢༩ ཉིན་གྱི་ཕྱི་དྲོར་བོད་གཞུང་བདེ་ལེགས་སྨན་ཁང་དུ་འདས་གྲོངས་སུ་སོང་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

༧སྐྱབས་རྗེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་མོན་ཡུལ་མི་མང་གིས་གོ་སྒྲིག་ཞུས་པའི་༧གོང་ས་མཆོག་གི་གོ་སྟོན་སྲུང་གཙིའི་སྐབས་གསུང་བཤད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༠༧།༠༩།༢༠༢༤
Mobile App

༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་མཆོག་གི་དགོངས་རྫོགས་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༩ སྔོན་ལ།
བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་ངོ་རྒོལ་བྱས། ༢༠༢༥།༡༢།༡༩ དུས་བབ་ཀྱི་པར།
Mobile App

བོད་ཀྱི་གཞུང་ཁོངས་མིན་པའི་ཚོགས་པ་ལྔས་རྒྱ་གཞུང་ལ་དགོས་འདུན་དོན་ཚན་ལྔ་བཏོན་ཏེ་མཚན་རྟགས་བསྡུ་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Chinese Ambassador Chen Pays Farewell Call on Prime Minister Karki. diplomatnepal.com
Mobile App

བལ་ནང་བོད་མི་སྐྱབས་བཅོལ་བའི་ལས་འགུལ་སོགས་ལ་དམ་དྲག་བྱེད་དགོས་པའི་སྐུལ་མ་བྱས།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

 དགུང་གྲངས་ ༡༣༠ སྐོར་བཞུགས་རྒྱུའི་གསུངས་ལ་མཇལ་ཐབས།

ཆུ་ཚོད་ ༡༣ སྔོན་ལ།
Chinese Embassy at Delhi
Mobile App

རྒྱ་ནག་གཞུང་ཚབ་ཁང་གི་ལས་བྱེད་དྷ་རམ་ས་ལར་ཡོང་ནས་སོ་ཉུལ་བྱས་འདུག

ཆུ་ཚོད་ ༡༥ སྔོན་ལ།
༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དཔལ་ལྡན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་ཆོས་རྭ་གསར་པའི་ནང་ཨེ་མོ་རི་དང་བོད་ཀྱི་ཚན་རིག་ཟབ་སྦྱོང་གི་ཚོགས་བཅར་བའི་ཚན་རིག་རྟགས་གསལ་གཏོང་བའི་ཚོགས་མགོན་དུ་ཕེབས། ༢༠༢༥།༡༢།༡༨ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

འཆད་རྩོད་རྩོམ་གསུམ་གྱི་ཐོག་ནས་ཚན་རིག་སྦྱང་དགོས་པའི་བཀའ་སློབ་བསྩལ།

༢༠༢༥/༡༢/༡༨

མཆན། 2

  1. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    ལོ་ངོ་དེ་འདྲའི་མང་པོ་ཞབས་ཞུ་གནང་བར་ཐུགས་ཆེ་ཞུ་རྒྱུ་དང་ཁྱེད་དང་ཁྱེད་འདྲ་བའི་མི་དབང་མང་པོའི་བོད་ཡུལ་མིག་གིས་མ་མཐོང་ནས་ཕྱི་མའི་ལམ་དུ་ཕེབས་དགོས་པ་དེ་ངོ་མ་ཡིད་སྐྱོ་དགོས་པ་ཞིག་རེད།ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ། ཨོྃ་མ་ཎི་པདྨེ་ཧཱུཾ་་་་་་་་་་་་་་་་་་་་་

    Reply
  2. བསེ་རུ། says:
    ལོ་ 15 སྔོན།

    ཨོྃམཎིཔདྨེཧཱུཾ། ཨོྃམཎིཔདྨེཧཱུཾ། ཨོྃམཎིཔདྨེཧཱུཾ། ཨོྃམཎིཔདྨེཧཱུཾ། ཨོྃམཎིཔདྨེཧཱུཾ། ཨོྃམཎིཔདྨེཧཱུཾ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese