ངས་བཀའ་བློན་ཁྲི་པའི་འགན་འཁུར་བ་ཡིན་ན། དང་པོ་བོད་ཀྱི་རྩ་དོན་ཐོག་ད་བར་ལས་ཀ་བྱེད་བསྡད་པ་དེ་མཇུག་སྐྱོང་གི་ནུས་པ་ཞིག་འདོན་ཐུབ་གི་རེད་བསམ་པ་དང་། གཉིས་པ་རྒྱ་གར་དབུས་དང་ས་གནས་ཀྱི་མགོ་ཁྲིད་རྣམ་པ་ཚོར་བཙན་བྱོལ་གཞུང་གིས་ད་བར་འབྲེལ་བ་ཞིག་འཛིན་ཐུབ་ཡོད། བོད་པ་བཙན་བྱོལ་བའི་གནས་བབ་ཐོག་ག་རེ་གནང་དགོས་པ་ཡིན་ཡང་། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་གནང་མ་ཐུབ་ན། རྗེས་མ་ཕྱི་དྲགས་པ་རེད་བསམས་ཏེ་སོ་སོ་མདུན་ལ་ཐོན་པ་ཡིན་ཟེར།
དེ་རིང་སྔ་དྲོ་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་ཚོགས་གཞོན་རྒྱ་རི་སྒྲོལ་མ་མཆོག་གིས་མོ་རང་སྐབས་བཅུ་བཞི་བའི་བཀའ་བློན་ཁྲི་པའི་འོས་གཞིར་བཞེངས་རྒྱུ་ཡིན་པའི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་སོང་། སྐབས་དེར་ཁོང་མོས་གསུངས་དོན། ཚང་མས་མཁྱེན་གསལ་ལྟར། ད་ཆར་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་སྤྱི་འཐུས་སྐབས་བཅོ་ལྔ་བ་དང་། བཀའ་བློན་ཁྲི་པ་སྐབས་བཅུ་བཞི་བའི་སྐོར་ལ་ལས་རིམ་ཞིག་འགྲོ་བསྡད་ཡོད་པ་རེད། དུས་ཚོད་འདི་དང་བསྟུན་ཏེ། ངས་ང་རང་སྒེར་གྱི་མ་འོངས་པའི་ལས་དོན་བྱེད་ཕྱོགས་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་འདོད་བྱུང་སོང་། ཕྱི་ལོ་ ༡༩༩༡ ལོར་ང་རང་ཐོག་མར་བོད་མི་མང་སྤྱི་འཐུས་ནང་འོས་འདེམས་བྱས་ཏེ། སྐབས་བཅུ་གཅིག་པ་ནས་ད་བར་བསྟུད་མུར་ཐེངས་བཞིོའི་རིང་སྤྱི་འཐུས་ལྷན་ཚོགས་ནང་འགན་འཁུར་མུས་རེད། འོན་ཀྱང་སྐབས་བཅོ་ལྔ་བའི་མདོ་སྟོད་སྤྱི་འཐུས་འོས་མིའི་ནང་མི་འདུག་རྒྱུའི་ཐག་གཅོད་བྱས་ཚར་བ་ཡིན། ང་སྤྱི་འཐུས་ནང་ཡོང་ཁུངས་དེ་མདོ་སྟོད་ཆགས་ཡོད་སྟབས། ལོ་ངོ་ ༢༠ ཉེ་བའི་རིང་ང་མི་མང་གི་འཐུས་མི་བྱས་ཏེ་ཞབས་ཞུ་བསྒྲུབ་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས། ཡོང་ཁུངས་ག་འདྲ་ཞིག་ཡིན་རུང་། སྤྱི་འཐུས་ལྷན་ཚོགས་སུ་དམ་བཅའ་ཕུལ་བའི་རྗེས་ལ་སྤྱི་མི་ཞིག་གི་ངོས་ནས་ཕྱག་ལས་གནང་བསྡད་ཡོད། ལྷག་པར་དུ་ང་རང་ལ་མཚོན་ན་ཚོགས་གཙོ་གཞོན་པའི་ལས་ཀ་ལོ་བརྒྱད་བྱས་པའི་རིང་ལ། སྤྱི་མི་ཞིག་གི་ཐད་ནས་ལྷག་བསམ་བརྟན་པོའི་ཐོག་ནས་ཞབས་ཞུ་བསྒྲུབས་པ་ཡིན།
ད་ཆར་ང་རང་གིས་བསམ་བློ་མང་པོ་ཞིག་བཏང་སྟེ། སོ་སོར་མཚོན་ན། ༧གོང་ས་མཆོག་གི་དབུ་ཁྲིད་བཟང་པོའི་འོག བཙན་བྱོལ་དམངས་གཙོའི་སྒྲོམ་གཞི་ཞིག་གི་ནང་སྐྱེས་པ་རེད། རྒྱ་ནག་གིས་ཐད་ཀར་མནར་གཅོད་གཏོང་སར་སླེབས་ཡོད་པ་མ་རེད། འོན་ཀྱང་སློབ་གྲྭ་རིམ་པའི་སྐབས་དང་། ཚོགས་པ་སྒྲིག་འཛུགས་ཁག་ནང་ལས་ཀ་བྱས་སྐབས་གང་འདྲ་ཞིག་ཡིན་རུང་། རང་ཉིད་བུད་མེད་ཅིག་ཡིན་པའི་ངོས་ནས་ཐོབ་ཐང་ཐད་ཀར་དགོས་ཀྱི་འདུག་ཟེར་མ་མྱོང་ལ། བུད་མེད་ཅིག་ཡིན་པར་ཐུབ་ཚོད་གཏོང་མཁན་ཡང་བྱུང་མ་མྱོང་། འོན་ཀྱང་། རང་བཞིན་གྱིས་རང་ཉིད་བུད་མེད་ཅིག་ཡིན་སྟབས་མདུན་དུ་འཐོན་རྒྱུར་དཀའ་ངལ་ཕྲན་བུ་ཡོད་པ་འདྲ། ད་བར་མདུན་དུ་བུད་དེ་གསལ་བསྒྲགས་བྱ་མ་ཐུབ་པ་ཡང་གནས་སྟངས་དེའི་དབང་གིས་བྱུང་བ་རེད་བསམ་ཡོད། བཅའ་ཁྲིམས་རིན་པོ་ཆེ་དང་། ལྷག་པར་དུ་༧གོང་ས་མཆོག་གི་ལམ་སྟོན་བཟང་པོའི་འོག་ཕོ་མོ་འདྲ་མཉམ་ཡོད། གོ་སྐབས་དེ་ལེན་པའི་ཆེད་དུ་བུད་མེད་མདུན་དུ་འཐོན་དགོས་པ་གལ་ཆེན་པོ་རེད། ང་རང་ལོ་ ༡༤ ཙམ་ནས་འཐབ་རྩོད་པ་ཞིག་གི་ངོ་བོའི་ཐོག་ནས་འཚར་ལོངས་བྱུང་བ་རེད། གལ་སྲིད་ང་བུད་མེད་ཅིག་མིན་ན། ཐག་གཅོད་དེ་དུས་ཚོད་འདིའི་སྔོན་ལ་བྱས་ཐུབ་ཡོད་རྒྱུ་རེད་དྲན་ཡོད། བཀའ་བློན་ཁྲི་པའི་འགན་འཁུར་དེ་བོད་མིའི་ལྷ་དང་ཆོས་སྐྱོང་སྲུང་མ་གཙོས་པའི་བོད་མི་དམངས་ཀྱིས་ང་ལ་གོ་སྐབས་གནང་བ་ཡིན་ན། ལས་འགན་དེ་ང་རང་ལ་འཁུར་རྒྱུའི་འདོད་པ་ཡོད། སེམས་ཤུགས་ཡོད་ཅེས་ངས་དེ་རིང་གསལ་བསྒྲགས་ཞུ་རྒྱུའི་སྙིང་དོན་ཡིན། ཞེས་གསུངས་སོང་།
དེའི་རྗེས་དྲི་བ་དྲིས་ལན་མགོ་འཛུགས་བྱས་ཡོད་ཅིང་། གསར་འགོད་པས་ཁོང་མོར། ཁྱེད་རང་བཀའ་བློན་ཁྲི་པར་བཞེངས་འདོད་ཚེ་དམིགས་བསལ་གྱི་ཕྱག་ལས་གང་འདྲ་གནང་འཆར་ཡོད་མེད་དྲིས་པར་ཁོང་མོས། ད་ལྟའི་གཞུང་གི་སྲིད་བྱུས་ལ་བཀའ་ཁྲི་གསར་པ་ཕེབས་ཀྱང་འགྱུར་བ་འགྲོ་རྒྱུ་མིན་པ་གསལ་བོ་རེད། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་བཀའ་ཁྲིར་བཞུགས་ཏེ་ལོ་བཅུ་འགྲོ་བཞིན་ཡོད། ཁོང་བཀའ་ཁྲིར་མ་ཕེབས་གོང་ནས་དབུ་མའི་ལམ་གྱི་སྲིད་བྱུས་ཏེ་གཏན་འབེབས་བྱས་ཡོད། ༢༠༠༢ ལོར་བོད་རྒྱའི་འབྲེལ་ལམ་སླར་གསོ་བྱུང་བ་རེད། དེ་བཞིན་བཙན་བྱོལ་གཞུང་གི་དགོས་འདུན་ཡིག་ཐོག་ལ་ཕབ་པ་དང་། དེ་ལ་འགྲེལ་བརྗོད་བཅས་ཡིག་ཐོག་ནས་རྒྱ་ནག་ལ་སྤྲོད་ཐུབ་པ་དེ་བཟང་ཕྱོགས་ཤིག་རེད། སྲིད་བྱུས་གཞན་གང་ལའང་འགྱུར་བ་ཕྱིན་ཡོད་པ་མ་རེད། ང་ལ་མཚོན་ན། དབུ་མའི་ལམ་གྱི་སྲིད་བྱུས་དེ་སྤྱི་འཐུས་ལྷན་ཚོགས་ནང་གཏན་འབེབས་མ་བྱས་གོང་ནས་དམ་བཅའ་ཕུལ་ཏེ་གྲོས་ཚོགས་ནང་ཡོད་མཁན་ཞིག་ཡིན། དེ་བཞིན་སྲིད་བྱུས་དེ་གྲོས་ཚོགས་ནང་དངོས་སུ་གཏན་འབེབས་བྱེད་སྐབས་ཀྱང་མགོ་རྔ་ཚང་མར་འབྲེལ་བ་ཡོད་མཁན་ཞིག་ཡིན། ང་རང་གི་བསམ་པར་ཆབ་སྲིད་ཀྱི་སྲིད་བྱུས་གང་འདྲ་ཞིག་ཡིན་རུང་། དུས་དང་དགོས་མཁོར་བསྟུན་ཏེ། འགྱུར་བ་འགྲོ་དགོས་པ་ཞིག་རེད་ལ། དབུ་མའི་ལམ་གྱི་སྲིད་བྱུས་ཀྱང་འགྱུར་བ་འགྲོ་མི་སྲིད་པ་མ་རེད། འོན་ཀྱང་ད་ལྟའི་ཆར་ང་ལ་དབུ་མའི་ལམ་དང་གཞུང་གི་སྲིད་བྱུས་འདིའི་ཐོག་ལ་འགྱུར་བ་གཏོང་དགོས་ཀྱི་འདུག་ཟེར་ནས་ཞུ་རྒྱུ་མེད་ཀྱང་། བཀའ་བློན་ཁྲི་པའི་འགན་འཁུར་མཁན་གྱི་གང་ཟག་ལ་འགྱུར་བ་ཕྱིན་ན། སྲིད་བྱུས་ལ་འགྱུར་བ་མེད་ཀྱང་ཕྱག་ལས་གནང་སྟངས་མང་པོ་ཞིག་ལ་རང་བཞིན་གྱིས་འགྱུར་བ་འགྲོ་གི་རེད། ཅེས་གསུངས་སོང་།
གལ་སྲིད་སྐུ་ཉིད་ལ་བཀའ་བློན་ཁྲི་པའི་འོས་ཤོག་ཐོབ་ཚེ་ལས་དོན་གང་དག་ལ་ནུས་པ་ཐོན་རྒྱུ་རེད་དྲན་ཡོད་དམ་ཞེས་དྲིས་པའི་ལན་དུ་ཁོང་མོས། སྤྱི་འཐུས་ལྷན་ཚོགས་ཀྱི་ཁྲིམས་བཟོའི་ལས་འགན་དེ་ཕྱོགས་གཅིག་རེད། དེ་བས་གལ་ཆེ་བ་དེ་རྟོག་ཞིབ་རེད། ང་ལ་མཚོན་ན་ལོ་བཅུ་དགུ་ལྷག་རིང་གཞུང་གི་ཕྱག་ལས་གནང་ཕྱོགས་དང་ས་གནས་ཁག་གི་གནས་སྟངས་ལ་རྟོག་ཞིབ་བྱས་པ་རེད། རང་ཉིད་ཀྱིས་ནུས་པ་འདོན་ཐུབ་ས་རེད་བསམ་ས་མང་པོ་ཞིག་འདུག བཀའ་ཁྲི་གསར་པ་སླེབས་པ་ཙམ་གྱིས་གཞུང་གི་སྔར་ཡོད་སྲིད་བྱུས་ལ་འགྱུར་བ་གཏོང་ཐུབ་གི་མ་རེད་དེ། སྲིད་བྱུས་གསར་པ་ཡོང་ཆོག་གི་རེད། དཔེ་མཚོན་ཙམ་ཞུས་ན། ཐོག་མ་བོད་ནས་རྒྱ་གར་ནང་འབྱོར་བ་ཚོར་རྒྱ་གར་གཞུང་གིས་གཞིས་ཆགས་གནང་ཡོད་པ་རེད། འོན་ཀྱང་རྗེས་སུ་བོད་ནས་འབྱོར་རིགས་ལ་བོད་གཞུང་གིས་གཟིགས་རྟོགས་གནང་གི་ཡོད་ཀྱང་། གཟིགས་རྟོགས་གནང་སྟངས་ཀྱི་སྲིད་བྱུས་ཀྱི་ནང་ལ་འགྱུར་བ་ཁ་ཤས་དགོས་པ་རེད་དྲན་ཡོད། དེ་བཞིན། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པ་ཚོ་ཡང་། ཐོག་མ་གཞུང་ངོས་ནས་གཞིས་ཆགས་སུ་བཏང་ཡོད་ཀྱང་། རྗེས་སུ་གནས་སྟངས་འདྲ་མིན་ཐོག་འགྲོ་མཁན་ཚོས་བོད་བསྟན་སྲིད་ལ་ནུས་པ་ཆེན་པོ་འཐོན་བཞིན་ཡོད། འོན་ཀྱང་ཁོང་ཚོ་ལའང་དཀའ་ངལ་གསར་པ་ཞིག་ཡོད་པ་རེད། དེ་བཞིན། གཞིས་ཆགས་སྲ་བརྟན། སིལ་ཚོང་རིགས། བལ་གོས་བཙོང་མཁན་བཅས་ལའང་སྲིད་བྱུས་ཤིག་ངེས་པར་དུ་བཟོ་དགོས་པ་རེད་དྲན་ཡོད། ཤེས་ཡོན་སྲིད་བྱུས་ལ་མཚོན་ན། སློབ་སྦྱོང་ཐོན་མཁན་ཡོངས་ལ་ང་ཚོས་ལས་ཀ་སྤྲོད་ཐུབ་ཀྱི་ཡོད་དམ། ལྷག་པར་དུ་བོད་ནས་ཡོང་མཁན་ཤེས་ཡོན་ཅན་མང་པོ་ཞིག་ལུས་སྲོག་ལོངས་སྤྱོད་དང་བཅས་པ་༧རྒྱལ་བ་རིན་པོ་ཆེ་ལ་ཕུལ་ཏེ་ཡོང་བ་རེད། ཁོང་ཚོ་སློབ་གྲྭ་ཁག་ནས་ཐོན་ཏེ་ངྷ་རམ་ས་ལར་ཡོང་སྐབས་གང་ལ་འགྲོ་དགོས་པ་རེད། འདི་དག་ལ་ཞིབ་ཚགས་ཀྱིས་གཟིགས་དགོས་པ་རེད་དྲན་ཡོད་ཟེར།
ཁོང་མོས་མུ་མཐུད་དོན། བཀའ་ཤག་དེ་བཀའ་བློན་ཁྲི་པའི་བཀའ་ཤག་ཡིན་ཡང་། མཉམ་འདུས་ཀྱི་འགན་ཡོད་པའི་བཀའ་ཤག་ཅིག་ངེས་པར་དུ་ཆགས་དགོས་པ་རེད། གལ་སྲིད་ང་བཀའ་བློན་ཁྲི་པར་འོས་བདམས་བྱུང་བ་ཡིན་ན། ངའི་བཀའ་ཤག་ནང་ “ ལགས་སོ” ཞུ་མཁན་ཙམ་མ་ཡིན་པར། མཉམ་རུབ་ཀྱིས་འགན་འཁུར་ཏེ་བགྲོ་གླེང་གི་ཐོག་ནས་ཐག་གཅོད་བྱ་མཁན་ཞིག་ལ་རེ་བ་རྒྱག་གི་ཡོད། ང་ཚོར་ཡོད་པ་དེ་མིའི་ནུས་པ་རེད། མ་འོངས་བོད་ཀྱི་སོན་རྩ་ཟེར་བ་དེ་ཡང་གཙོ་བོ་བོད་ནང་གཞི་རྩར་བཟུང་བའི་ཐོག་ནས་རྒྱ་གར་ནང་གི་སློབ་གྲྭ་ཙམ་མ་ཡིན་པར་དགོན་སྡེ་ཁག་ཀྱང་གལ་ཆེན་པོ་ཆགས་ཡོད། གལ་སྲིད་ང་བཀའ་བློན་ཁྲི་པ་ཆགས་ཚེ་གནད་དོན་འདི་དག་གལ་ཆེན་དུ་རྩི་བཞིན་ཡོད། ཅེས་གསུངས་སོང་།
མཐར་ཁོང་མོས་བོད་རང་བཙན་ཐད་སྲིད་བྱུས་གང་འདྲ་འཛིན་འདོད་ཡོད་སྐོར་གསུངས་དོན། ང་ཚོའི་རྩ་དོན་མྱུར་དུ་འགྲུབ་ཐུབ་པའི་ཐད། དབུ་མའི་ལམ་གྱི་སྲིད་བྱུས་ཡོད་པའི་ཐོག་ལ། ང་ཚོ་རང་གིས་ནུས་པ་ཇི་ལྟར་འདོན་དགོས་ཀྱི་འདུག་ཟེར་ན། དབུ་མའི་ལམ་ལ་ཡིད་ཆེས་བྱེད་པ་གཅིག་པུའི་དོན་མ་རེད་བོད་མི་ས་ཡ་དྲུག་གི་ཆེད་རེད། རང་བཙན་བཤད་མཁན་ཡང་མི་གཅིག་དང་ཚོགས་པ་གཅིག་གི་དོན་མ་རེད། ང་ལ་མཚོན་ན་ས་མཚམས་དང་དབྱེ་བ་ཞེ་དྲག་བཀར་རྒྱུའི་འདོད་པ་མེད། ང་ཚོར་ཡོད་བཞིན་པའི་ནུས་པ་མཉམ་སྤུངས་བྱ་རྒྱུ་དེ་ཡིན། གལ་སྲིད་ང་ཚོ་བཙན་བྱོལ་ནང་ཡུན་རིང་ལྷག་དགོས་བྱུང་ན། མ་འོངས་པའི་མི་རབས་ཚོར་མ་རྩ་ཞིག་ལྷག་དགོས་པ་གལ་ཆེན་པོ་རེད། ལོ་རྒྱུས་ཐོག་བོད་རང་བཙན་ཡིན་པ་དང་། བཙན་བྱོལ་གཞུང་འདི་བོད་ཀྱི་ཁྲིམས་མཐུན་གྱི་གཞུང་ཡིན་པ། དེ་བཞིན། མཉམ་འབྲེལ་རྒྱལ་ཚོགས་ནང་དུའང་སླར་ཡང་འགྲོ་དགོས་དང་མི་དགོས་སོགས་ལ་བསམ་བློ་གཏོང་དགོས་པ་རེད་དྲན་ཡོད། རྒྱ་བལ་འབྲུག་གསུམ་བོད་མི་མང་ཤོས་ཆགས་ཡོད། ང་ཚོ་བཙན་བྱོལ་ནང་ཡུན་རུང་ལྷག་དགོས་བྱུང་ན། གཞིས་ཆགས་སྲ་བརྟན་དང་རྒྱུན་གནས་ཐུབ་ཐབས་ཀྱི་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་རེད། ངས་བཀའ་བློན་ཁྲི་པའི་འགན་འཁུར་བ་ཡིན་ན། དང་པོ་བོད་ཀྱི་རྩ་དོན་ཐོག་ད་བར་ལས་ཀ་བྱེད་བསྡད་པ་དེ་མཇུག་སྐྱོང་གི་ནུས་པ་ཞིག་འདོན་ཐུབ་གི་རེད་བསམ་པ་དང་། གཉིས་པ་རྒྱ་གར་དབུས་དང་ས་གནས་ཀྱི་མགོ་ཁྲིད་རྣམ་པ་ཚོར་བཙན་བྱོལ་གཞུང་གིས་ད་བར་འབྲེལ་བ་ཞིག་འཛིན་ཐུབ་ཡོད། བོད་པ་བཙན་བྱོལ་བའི་གནས་བབ་ཐོག་ག་རེ་གནང་དགོས་པ་ཡིན་ཡང་། ༧གོང་ས་མཆོག་སྐུ་འཚོ་བཞུགས་རིང་གནང་མ་ཐུབ་ན། རྗེས་མ་ཕྱི་དྲགས་པ་རེད་བསམས་ཏེ་སོ་སོ་མདུན་ལ་ཐོན་པ་ཡིན། ཞེས་གསུངས་སོང་།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
སྡིག་བཤགས་བྱེད་ནས་བསྡད་ན་དགའ།
རྨོ་ཏོ་ཞིག་གི་བཀའ་ཁྲི་འོས་ལངས་ཀྱི་ཡིན་ཟེར་ཡག་པོ་རེད་དེ།
ང་ཚོ་བོད་པའི་གཞོན་སྐྱེས་ཚོ་འཇོན་ཐང་དང་སློབ་སྦྱོང།་སེམས་ཤུགས་ཡོད་མཁན་མང་པོ་ཡོག་རེག།
རྨོ་ཏོ་།་གལ་ཏེ་ཁྱེད་རང་བཀའ་ཁྲི་སླེབས་ན།ང་ཚོ་ངོ་ཚ་བོ་འདུག
རྒྱ་མི་ལ་སྟོན་ཡ་ཁྱེད་ཀྱི་གདོང་མ་གཏོགས་མེད་ན།ང་ཚོ་དངོས་གནས་བློ་ཕམ་ཡོང་ས་རེད།
རྒྱ་རི་སྒྲོལ་མ་ལ་ཐུགས་རྗེ་ཆེ་ ལྷག་བསམ་འདུག་ཡིན་ཡང་སྐད་ཆ་བཤད་བཏང་མི་འདུག་ བོད་མི་ཡོངས་རྫོགས་ལ་འདོད་པ་ཁེ་ཐུབ་ཞིག་ཡོང་གིས་མི་འདུག་། རང་ངོས་ནས་ཕྱི་འཐེན་བྱེད་རོགས་།།།།
རྒྱ་རི་སྒྲོལ་ལག་ཐུགས་རྗེ་ཆེ་གནང་།ཡིན་ནཡངམཁས་དབང་བློ་བཟངསེངྒེ་ལ་ཅག་ཅག་མ་བཟོ་རོག་།བཀའབློན་ཁྲི་པ་ནི་ཁྱེད་རང་གོ་སྐབས་ཡོད་མ་རེད་ཧ་གོ་སོང་བ་།བཞུགས་གོ་།ཧ་་་་ཧ་་་ཧ་་་ཧ་་་ཧ་་ཧ་་་་ཧ་་ཧ་་ཧ་་ཧ་་་ཧ་་་
རྒྱ་རིསྒྲོལ་མ་ལག་།ཐུགས་རྗེ་ཆེ་།
སྔར་ངས་རྒྱ་རི་སྒྲོལ་མ་ཟེར་བ་དེ་ལྷག་བསམ་དང་ཤེས་འཇོན་ཡོད་མཁན་ཞིག་བསམ་གྱིན་པ་དེ་ལྟར་ཡང་བརྟག་དཔྱད་རབ་རིམ་བྱས་མཐར་མོའི་རྩ་བ་དེ་འཇུ་ཆེན་ཐུབ་བསྟན་ལ་ཐུག་ཡོད་པ་འདྲ། དེ་ལྟར་དངོས་རེད་ཅེས་མཐའ་ཅིག་ཏུ་བརྗོད་དཀའ་ཡང་གང་མཚམས་བདེན་པ་ཡོད། གལ་ཏེ་མོ་འཇུ་ཆེན་གྱི་མངའ་འོག་ཏུ་ཡོད་མཁན་ཞིག་ཡིན་པ་བདེན་ན་གཏན་གཏན་བོད་མི་མང་འུ་ཐུག་ཏུ་བཅུག་རྒྱུ་རེད།
འདིའི་སྐོར་ལ་སྔོན་མ་བསམ་ཚུལ་ཞིག་བྲིས་མོད། ཉིན་འགའི་རྗེས་སུ་མཐོང་རྒྱུ་མི་འདུག ད་ནི་ཡང་བསྐྱར་ཅིག་བཤད་ཀྱང་རྩོམ་སྒྲིག་པས་གཡུགས་རྒྱུ་ཡིན་པ་འདྲ། རབ་བྱུང་ན། རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་ངའི་མཆན་གཡུགས་པ་ཡིན་མིན་གསལ་བཤད་ཅིག་ཡོང་བ་མཁྱེན།
རྒྱ་རི་ལ་རྒྱབ་སྐྱོར་ཡོད། གང་ཡིན་ཞེ་ན་༸གོང་ས་མཆོག་གི་དགོངས་གཞི་དང་མང་གཙོ་མཚོན་པའི་རྟགས་རེད།
རྒྱ་རི་སྒྲོལ་མ་ལགས་བཀའ་བློན་འོས་གཞི་ལངས་པ་ལ་ཐུགས་རྗེ་ཆེ།
ཡིན་ན་ཡང་ཁོང་འོས་མ་ཐོབ་པ་ཤོག་ཞིག་སཽམན་ལམ་རྒྱབ་རྒྱུ་ཡིན།
གང་ཡིན་ཞེ་ན་དེ་ལ་རྒྱུ་མཚན་ཡོད། གཅིག་ནི་ཁོང་ཚང་རྒྱ་གཞུང་ལ་འབྲེལ་བ་དེ་ཁོང་ཚང་སྒེར་ངོས་ནས་ཡིན་པ་དང་། གཉིས་ནི་བོད་པའི་རྩ་དོན་ཆེད་རང་སྲོག་བཏང་མཁན་མང་ཤོས་ཁམས་པ་ཡིན་པ་འདོད་མཁན། ཨ་མདོ་དབུས་གཙང་། ཁམས་བཅས་དབྱེ་མིན་ཡིན་ཡང་ཁོང་ཚང་ནི་ཁམས་པ་ལ་ཞེན་ཆེ་ལ་གཙན་བྱོལ་ནང་ན་ཚ་ཆུ་སྒང་གཉིས་གཚོས་པའི་གཞི་རྩ་ཚང་མ་ལ་སྔོན་ནས་ཇུས་རྟོགས་བྱེད་ནས་དེང་ཡང་སེམས་ལ་གསལ་པོ་ཡོད་ཡོད་པ་ཡིན། གསུམ་ནི་དཔལ་འབྱོར་ལ་ཞེན་ཆགས་ཆེ་དྲག་ཏེ་ལྡི་ལི་དང་འབམ་རྦེར། རྡ་ས།མི་ན་ལི་སོགས་ལ་ས་ཆ་ཉོས་པ་སོགས་ནི་གཙན་བྱོལ་ནང་ཨང་དང་པོ་ཡིན། དེ་བཞིན་ཨ་རི་ནང་ལ་ཁང་པ་དང་ས་ཆ་ཡོད་པ་མ་ཚད་རྒྱ་ནག་ནང་ལ་ཡོད་པ་དངོས་ཡོད་རེད་དེ་འདྲ་ཡིན་དུས་ཁོང་དཔལ་འབྱོར་བཀའ་བློན་གནང་ན་འགྱོན་པོ་ཡོད་ཐག་ཆོད་ཡིན། མོ་རང་ལ་སེམས་ཤུགས་ཡོད་ལ་ལྷག་བསམ་ཡོད་དངོས་ཡོད་གནས་ཚུལ་ཡིན། ཡིན་ཡང་ཟབ་དགོས་པ་ནི་མི་དམངས་ཡིན།
རྒྱ་རི་ཚང་གི་མདོ་སྟོད་དུམ་བུ་གཉིས་བཟོ་སོང་ད་དུང་སྒྲོལ་མ་བཀའ་ཁྲི་་ཐོབ་ན་དུམ་བུ་བཞི་བཟོ་འདོད་ཡོད་པ་འདྲ། དཀོན་ཆོག་མཁྱེན། འོས་བླུགས་མཁན་ཚང་མས་ཐུགས་བསམ་བཞེས་དགོས།
ཡག་པོ་འདུག་ཐེངས་འདིར་བུད་མེད་ཚོ་འཇམ་ཐང་ངེར་བསྡད་ན་ཅི་ལ་འགྲིགས།འདིས་ང་ཚོར་ཕོ་མོ་འདྲ་མཉམ་དང་མང་གཙོ་ཚད་ལྡན་ཡོད་པ་སྟོན་གྱིན་ཡོད།
སྤྲིར་བཏང་བོད་ནང་དུ་སློབ་སྦྱོངས་ཤེས་ཚད་ཆེན་པོ་མེད་ཡིན་ན་ཡང་ད་སྐབས་ཤེས་ཡོན་ཙམ་དུ་མ་ཟད་ཆོས་ལུགས་ཆོལ་ཁ་སོ་ཞེན་ཡོད་པ་དེ་ཚོ་བཀའ་བློན་བཞག་ན་བོད་བཞུང་ཙམ་མེད་འགྲོ་བའི་ཉེ་ཁ་ཆེན་པོ་བུ་མེད་ལ་་དྲན་རྒྱུ་མང་པོ་ཡོད་པ་སངས་རྒྱས་ཀྱིས་གསུངས་ཡོད་པ་རེད་ང་ཚོ་གིས་བཤད་མི་དགོས་སོ་ཐུགས་ལ་བཞག་པར་ཞུ།།
སྤྲིར་བཏང་བོད་ནང་དུ་སློབ་སྦྱོངས་ཤེས་ཚད་ཆེན་པོ་མེད་ཡིན་ན་ཡང་ད་སྐབས་ཤེས་ཡོན་ཙམ་དུ་མ་ཟད་ཆོས་ལུགས་ཆོལ་ཁ་སོ་ཞེན་ཡོད་པ་དེ་ཚོ་བཀའ་བློན་བཞག་ན་བོད་བཞུང་ཙམ་མེད་འགྲོ་བའི་ཉེ་ཁ་ཆེན་པོ་བུ་མེད་ལ་་དྲན་རྒྱུ་མང་པོ་ཡོད་པ་སངས་རྒྱས་ཀྱིས་གསུངས་ཡོད་པ་རེད་ང་ཚོ་གིས་བཤད་མི་དགོས་སོ་ཐུགས་ལ་བཞག་པར་ཞུ།།
ངས་སྔ་ཕྱིར་རྒྱ་རི་སྒྲོལ་མ་བཀའ་ཁྲིར་མི་འོས་ཚུལ་བཤད་པ་དེ་བཀའ་བློན་ཁྲི་པར་མི་འོས་ཚུལ་བཤད་པ་ཙམ་ལས། བཙན་བྱོལ་བོད་མིའི་ནང་ནས་ཁོང་སྡུག་ཤོས་གྲས་ཡིན་ཚུལ་བརྗོད་པ་ཞིག་གཏན་ནས་མིན། ཁོང་སྤྱི་འཐུས་གནང་ན་འོས་འཚམས་ཡོད་ལ། ཁོང་ལ་རྒྱབ་སྐྱོར་ཡང་ཡོད། བཀའ་བློན་ཁྲི་པ་གནང་གི་ཡིན་གསུངས་པ་དེ་ལ་སེམས་གཏིང་ནས་མོས་མཐུན་དང་རྒྱབ་སྐྱོར་རྩ་བ་ཉིད་ནས་མེད། རྒྱུ་མཚན་མང་པོ་སྔོན་དུ་བཤད་ཟིན་པ་དང་། དེའི་ནང་ནས་གཙོ་ཆེ་ཤོས་རང་བཞིན་མི་བརྟན་པ། དགའ་ཆོག་ཆོག་དང་སྡུག་ཆོག་གི་གཤིས་ཀ་ལྡན་པ། བཙན་བྱོལ་ནང་ཁུལ་གྱི་རྩོད་རྙོག་ཐད་འཐེན་འཁྱེར་གྱི་བསམ་བློ་ཤུགས་ཆེན་པོ་ཡོད་པ། སྐབས་ཐོག་གི་གནས་ཚུལ་ཙམ་ལ་བསམ་བློ་གཏོང་བ་ལས། ཕུགས་ཀྱི་གནད་དོན་གཏིང་ཟབ་ལ་དགོངས་པ་བཞེས་མི་ཐུབ་པ། བོད་སྐད་དང་དབྱིན་སྐད་རྒྱ་གར་གྱི་སྐད། ད་དུང་བལ་པོའི་སྐད་སོགས་ཤེས་ཀྱི་ཡོད་ཀྱང་། སྐད་ཤེས་པ་ཙམ་ལས་བཀའ་བློན་ཁྲི་པ་བྱེད་པའི་སྐབས་འདེང་ངེས་ཀྱི་ཤེས་ཡོན་མེད་པ། དཔེར་ན་བོད་ཡིག་གི་ཤེས་ཚད་ཧ་ཅང་སྐྱོ་བ་མ་ཟད། ཐ་ན་བོད་ཡིག་ཀློག་ཀྱང་ཡག་པོ་མི་ཤེས་པ་སོགས་ཕྱོགས་གང་ནས་བལྟས་ཀྱང་བཀའ་བློན་ཁྲི་པ་བྱེད་པར་བཅའ་ཁྲིམས་ཀྱི་ནང་དུ་གསལ་བའི་ཆ་རྐྱེན་མི་ཚང་བ་མེད་སྲིད་ཀྱང་། དེ་ཙམ་ལས་དམིགས་བསལ་གྱི་ནུས་པ་གང་ཡང་མེད།
དུས་བབས་ཇིས་འགོད་པ་ལྷན་རྒྱས་ཀྱི་སྙན་ལམ་དུ་ཞུ་བ་ལ། ཉེ་སྔོན་ང་ཧོར་བུ་ཡེ་ཤེས་པ་དེ་ལ་ལན་ཐེངས་འགའ་བྲིས་ནས་བཏངས་ཡོད་ཀྱང་བཀགས་སྡོམས་བྱས་ནས་མངགས་མ་སོང་། རྒྱུ་མཚན་གང་ཡིན་ནམ།།
༄༅། །མ་འོངས་འབྱུང་འགྱུར་གྱི་བཀའ་བློན་འོས་པའི་བུད་མེད་རྒྱ་རི་སྒྲོལ་མ་ནི་རྒྱལ་ཞེན་ལྡན་པའི་བུད་མེད་ཅིག་ཡིན་པ་བརྗོད་མ་དགོས་མོད། འོན་ཀྱང་། བོད་པའི་གཏམ་དཔེ་བཞིན་དྲང་བདེན་ལ་བརྒྱབ་སྐྱོར། དེ་བཞིན་ཡིན་བས་ཁོང་ནི་ཆེས་བྱིས་ཆུང་སློབ་གྲྭའི་དུས་ནས་རང་རེའི་རྒྱལ་ཁབ་ལ་ཕན་པའི་བྱ་བཞག་བགྲངས་ཀྱིས་མི་ལང་བ་ཞིག་མཛད་ཡོད་པ་ནི་ཚངས་མས་མཁྱེན་གསར་ལྟར་མངོན། དེ་ལྟར་ཁོང་སྤྱི་འཐུས་ཚོགས་གཞོན་ཞིག་གྱུར་ལ་དེའི་རིང་ལ་མི་དམངས་ཀྱི་དཀའ་རྙོགས་དང་བདེ་སྡུག་ལ་གཟིགས་རྟོགས་རབ་དང་རིམ་པ་མཛད་ཡོད་པ་ནི་འུ་ཅག་གི་མིག་སེམས་གཉིས་སུ་སྣང་། སྔོན་མ་ཁོང་གི་མཛད་པ་འཕྲིན་ལ་ཞིབ་རྟོག་བྱས་ཚེ་ཁོང་ནི་གཡོ་ཟོལ་དབེན་པའི་བུད་མེད་རྒྱལ་ཁབ་ལ་དུངས་སེམས་ཆེ་བའི་བཀའ་བློན་ཁྲི་པ་འོས་པ་ཞིག་ཡིན་པས། ངས་རྒྱལ་ཁབ་ལ་བརྕེ་སེམས་ལྷོད་མེད་འཁྱེར་ནས་ཁོང་འུ་ཅག་གི་དབུ་ཁྲིད་བུད་མེད་དང་པོ་ཞིག་བཀའ་ཁྲི་འོས་གཞིར་འོས་པའི་ཁས་ལེན་དང་བརྒྱབ་སྐྱོར་སེམས་ཁོངས་ནས་བྱེད་ཀྱི་ཡིན།
བློ་བཟང་སེངྒེ་བཀའ་བློན་ཁྲི་པ་དང་།།
བཀྲས་མཐོང་བསྟན་འཛིན་ཕྱི་དྲིལ་བཀའ་བློན་འོས།།
སྤེན་པ་ཚེ་རིང་ནང་སྲིད་བཀའ་བློན་མཆོག།
རྒྱ་རུ་སྒྲོལ་མ་དཔལ་འབྱོར་བཀའ་བློན་མཛེས།།
ཐུབ་བསྟན་ལུང་རིག་ཤེས་རིགས་བཀའ་བློན་མཁོ།།
རྒྱ་རི་སྒྲོལ་མ་ལ་རྒྱབ་སྐྱོར་ཡོད་གང་ཡིན་ཟེར་ན་འོས་གཞི་གཞན་པ་ལ་ཡང་དེ་ལས་ལྷག་པའི་ཆ་རྐྱེན་གང་ཡང་མཐོང་གི་མི་འདུག
དྲ་གྲོགས་རྣམས་དྲ་ཐོག་ནས་བགྲོ་གླེང་གང་མང་བྱས་པ་ཡག་པོ་རེད།
དེ་བཞིན་རྒྱ་སྲོྒྲལ་མཆོག་བཙན་བྱོལལ་ནང་གི་ང་ཚོར་ཡོད་པའི་བུད་མེད་རྩེ་ཕུད་དེ་རེད། འོན་ཀྱང་ཁོང་བཀའ་བཀའ་བློན་ཁྲི་བར་ཕེབས་ཀྱང་དམིགས་བསལ་གྱིས་ཕན་ཐོགས་ཅིག་ཡོད་པ་སུས་ཤེས། གང་ཡིན་ཟེར་ན་ང་ཚོའི་བཙན་བྱོལ་སྤྱི་ཚོགས་འདི་ན་ཚ་སྡུགས་ཆགས་ཞིག་གིས་ཟིན་ཚར་བ་རེད། ན་ཚ་དེ་ནི་རྒྱ་གར་བའི་ལས་དོན་ག་རེ་ཡིན་ཡང་རྗེས་ལུས་ཐེབས་བསྡད་པའི་ན་ཚ་དེས་ང་ཚོ་ད་ལྟ་ཟིན་པ་རེད། འོན་ཀྱང་རྒྱ་གར་གཞུང་ལ་ལས་བྱེད་པས་མ་འགྲིག་ན་ཉེས་ཁྲིམས་བཅད་ཆོག་པ་རེད། ང་ཚོར་དེ་འདྲ་གང་ཡང་མེད་པ་རེད། དེ་ལ་བརྟེན་ནས་ད་ལྟ་ང་ཚོའི་གཞིས་ཆགས་ཆེ་ཁག་གང་མང་ཧ་ཅང་ཉམས་ཆགས་སུ་འགྲོ་བཞིན་ཡོད་པ་རེད། གཞིས་ཆགས་དེའི་རིགས་ཀྱི་ས་གནས་ལས་བྱེད་པས་གཞུང་ལ་ཡར་ལས་བསྡོམས་སྙིང་རྗེ་བོ་གང་མང་ཕུལ་བཞིན་ཡོད་ཀྱང་དོན་ལ་དེ་ཚོ་མང་ཆེ་བ་རྫུན་མ་ཆགས་བསྡད་ཡོད་པ་རེད། འོན་ཀྱང་དྲ་གྲོགས་ཚོས་ཡིད་ཆེས་མེད་ན་ཁྱེད་ཚོས་བོད་ཀྱི་དུས་བབ་ཟིན་བྲིས་ཤོག་གྲངས་དང་པོའི་ནང། ཨ་རིག་དགེ་མཐོང་ཟེར་བ་དེའི་ཟིན་བྲིས་ནང་རྩོད་རྙོག་ཅན་གྱི་གསང་སྤྱོད་དང། དཔར་བཅས་ངོ་སྤྲོད། ཟེར་བའི་ཟིན་བྲིས་དེ་དང། དེའི་ནང་གི་པར་བཅས་ལ་གཟིགས་ཤིག
རྒྱ་རི་སྒྲོལ་མ་བཀའ་ཁྲིར་འོས་ལངས་པ་དེ་འོས་མཚམས་རེད་འདུག མོ་རང་གི་ཤེས་ཡོན་དང༌། འཇོན་ཐང༌། ལྷག་བསམ། སེམས་ཤུགས། རྒྱབ་བརྟེན་སོགས་གང་ས་ཅི་ཐད་མི་འོས་པ་རྩ་བ་ནས་མི་འདུག ལྷག་པར་མོ་རང་བུད་མེད་གཅིག་ཡིན་པའི་ཆ་ནས་ཆ་རྐྱེན་མང་པོ་ཚང་འདུག རྒྱབ་སྐྱོར་ཡོད།
རྒྱ་རི་སྒྲོལ་མས་མི་ལོ་མང་པོར་བོད་གཞུང་ལ་ཞབས་ཞུ་ཞུས་ཚར་པ་སོགས་ནི་དངོས་ཡོད་གནས་ཚུལ་རེད།དེ་ལ་སུས་ཀྱང་གུས་བཀུར་དང་ཁས་ལེན་བྱེད་དགོས་ཀྱི་རེད།འོན་ཀྱང་ད་སྔའི་བོད་ཀྱི་གནས་བབ་དངོས་ཀྱི་སྟེང་ནས་བལྟས་ཏེ་ཁོ་མོར་ཞིབ་དཔྱོད་ཏོག་ཙམ་བྱས་ན།
གཅིག་་ཁོ་མོ་ནི་རྒྱ་གར་གྱི་མི་སེར་རེད།་སྐྱབས་བཅོལ་བ་མ་རེད།
གཉིས།མོ་རང་མགོ་བདེ་དྲག་པའམ་སྤྱང་དྲག་པའི་དབང་གིས་རང་ཚུགས་དང་བརྟན་ཚུགས་གང་ཡང་མེད་ཅིང་།མི་རེ་རེ་ལ་སྐད་ཆ་རེ་རེ་བཤད་གི་རེད་ལ།ཆབ་སྲིད་ཀྱི་ལྟ་བ་ཟེར་ནའང་ལབ་རྒྱུ་གང་ཡང་མེད་པའི་མི་ཞིག་རེད།
གསུམ།ཁོ་མོ་ད་སྔ་མི་ལོ་བཅུ་དགུ་ལྷག་གི་རིང་བོད་གཞུང་དུ་ཞབས་ཞུ་ཞུས་པའི་རིང་དམིགས་བསལ་ཀྱི་ཕྱག་ལས་དང་བྱས་རྗེས་ཁྱད་པར་བ་བཞག་པའི་གཏམ་རྒྱུད་གང་ཡང་གོ་རྒྱུ་མེད་ཅིང་།ད་ནི་སེམས་ཤུགས་དང་བློ་སྤོབས་སོགས་ཀྱིས་ཀྱང་འདང་མི་སྲིད་པའི་ཚོད་དཔག་བྱེད་ཐུབ་པ་བཅས་རེད།དེ་བས་རྒྱ་རི་སྒྲོལ་མ་ལགས་ཀྱིས་ང་ཚོར་མདུན་ལམ་གསར་བ་ཞིག་དང་གོ་རྒྱུ་གསར་བ་རེ་གནང་ཐུབ་པར་ཡིད་ཆེས་གང་ཡང་མི་འདུག་པས།ཁོ་མོ་ལ་ངས་བཀའ་བློན་ཁྲི་བའི་འོས་ཐོབ་མི་འདུག་ཅིང་རྒྱབ་སྐྱོར་ཀྱང་ཞུ་མི་ཐུབ་ཅེས་བརྗོད་རྒྱུ་ཡིན།
ཕྲན་གྱི་བརྗོད་འདོད་པའི་སྐད་ཆ་ནི་ཕུན་ཚོགས་ལགས་དང་གཅིག་མཚུངས་ཡིན་པས་ཚིག་འདི་གཡར་བ་ཡིན།
ཧ་ཧ་ཧ་ཧ་་་བཙན་བྱོལ་ནང་དུ་ཡང་ཨིན་ཌར་གྷན་ཌེ་ཞིག་ཐོན་འདུག།
དྲན་སྐུལ་ཞུ་རྒྱུར་དྲ་གྲོགས་ཚང་མས་ཉིན་རེར་ཐེང་རེ་མ་བརྗེད་པར་<< བོད་རང་དབང་ >> རྟགས་ཅན་གྱི་ཊོ་ཡོ་ཊ་འཇེབ་འཁོར་མཛེས་སྤྲོས་ཇུས་འགོད་དེ་ཕྱི་ལོ་ ༢༠༡༠ ལོའི་རྒྱལ་ཡོངས་འཇེབ་འཁོར་འགྲན་ཞུགས་མཛེས་སྤྲོས་ཇུས་འགོད་འགྲན་བསྡུར་ཁྲོད་ཞུགས་པར་འོས་ཤོག་འཕེན་རོགས། ཐ་མའི་དུས་ཚོད་བར་ཉིན་དྲུག་ལས་མི་འདུག
http://www.sponsafier.com/#/gallery/view/356094
དེ་རིང་རྒྱ་རི་སྒྲོལ་མ་ཁོང་གི་བཀའ་བློན་ཁྲི་པའི་ལས་འགན་བཞེས་རྒྱུར་འདོད་པའི་ཡོད་པའི་གསལ་སྒྲགས་འདིར་ལ་ལྟས་ན་ཆབ་སྲིད་ཀྱི་ཟློས་གར་ཆེན་པོ་ཞིག་རེད་འདུག་ཁོང་བཀའ་བློན་ཁྲི་པའི་འོས་མིག་ལ་བཞུགས་ན་རྒྱབ་སྐྱོར་གང་འཚམས་ཡོད་པར་ཁོང་ལ་ཡིད་ཆས་བརྙས་ཡོད་པ་གསལ་པོ་རེད། ཡིན་ནའང་ལ་བཀའ་བློན་ཁྲི་པའི་ལས་འགན་དེ་ཁོང་ལ་ཕུལ་ན་བོད་མི་རིགས་ཀྱི་དོན་དག་ག་རེ་སྒྲུབ་ཐུབ་ས་རེད་བསམ་བློ་གཏོང་དགོས། ཆུང་ས་ནས་བཤད་ནའང་མདོ་སྟོད་དུམ་བུ་གཉིས་ཡོད་པ་དེར་ཆིག་སྒྲིལ་གྱི་སྲིད་བྱུས་ཤིག་ཁོང་གི་བཟོ་མི་ཐུབ་པ་མཁྱེན་གསལ་རེད་དེ་བརྟན་འོས་བླུགས་མཁན་ཚང་མས་ཐུགས་བསམ་བཞེས་དགོས།
དགའ་བསུ་ཡོད།