མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མཛུབ་མོའི་ཐུག་ཤ

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་༣ ཉིན་ད་ལྟའི་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་གཏོགས་སོག་རྫོང་གི་རྒྱ་མིའི་ཟ་ཁང་ཞིག་གི་ཟ་མའི་ནང་མིའི་མཛུབ་མོ་ཞིག་ཐོན་ཡོད་འདུག་ཅིང་། དེ་ནི་ཟ་ཁང་དེའི་ནང་དུ་སྦྲ་ཆེན་རྫོང་ནས་ཡོང་བའི་མི་བཞིས་ཞལ་ལག་ཟ་སྐབས། ཁ་ལག་གི་ནང་ནས་མིའི་མཛུབ་མོ་ཞིག་ཐོན་ཡོད་པ་དང་། དེ་མ་ཐག་ཁོ་ཚོས་མཛུབ་མོ་དེ་ཁྱེར་ཏེ་སོག་རྫོང་སྤྱི་བདེ་ལས་ཁུངས་ལ་ཞུ་གཏུགས་བྱེད་པར་ཕྱིན་འདུག་ཀྱང་། ས་གནས་སྤྱི་བདེ་ཚན་པས་བརྟག་དཔྱད་ཙམ་ཡང་མ་བྱས་པར་ཁྱེད་ཚོས་རྙོག་གྲ་བཟོ་འདོད་པ་རེད་མ་གཏོགས་མིའི་མཛུབ་མོ་དེ་འདྲ་ཟ་ཁང་ནས་ཡོང་སྲིད་རྒྱུ་མ་རེད། མཛུབ་མོ་དེ་ཁྱོད་ཚོས་ཁྱེར་ཡོང་བ་ཞིག་རེད་ཅེས་ཉེས་པ་ཡོངས་རྫོགས་ཕྱིར་བཀལ་ཏེ་ཁོང་རྣམས་འཛིན་བཟུང་བྱ་རྩིས་བྱས་ཡོད་པ་དང་། སྐབས་དེར་ཟ་ཁང་གི་ཕྱི་ནང་དུ་ཡོད་པའི་གནས་ཚུལ་དངོས་མཐོང་མཁན་ཡོད་མི་མང་པོ་ཞིག་གིས་དཔང་པོ་བྱས་ཡོད་སྟབས། ཁོང་རྣམས་འཛིན་བཟུང་བྱ་རྒྱུར་སྟབས་བདེ་མ་བྱུང་བར་ཟ་ཁང་གི་བདག་པོ་རྒྱ་མི་དེ་འཛིན་བཟུང་བྱས་ཡོད་ཀྱང་། ཚེས་༥ ཉིན་ཟ་ཁང་གི་བདག་པོ་བསྐྱར་དུ་གློད་གྲོལ་བཏང་ཡོད་འདུག 

 

སྤྱིར་རྒྱ་མིས་བཟུང་བའི་ཟ་ཁང་དེ་ཚོའི་ནང་ནས་དེ་སྔོན་མིའི་སེན་མོ་སོགས་ཐོན་པའི་གནས་ཚུལ་མང་པོ་བྱུང་མྱོང་ཡོད་འདུག་ཀྱང་། དངོས་སུ་དཔང་རྟགས་སྟོན་རྒྱུ་ཡོད་པ་དང་པོ་དེ་ཆགས་ཡོད་ཀྱང་། ནག་ཉེས་སླར་བོད་མིའི་ཐོག་བཙུགས་ཏེ། རྒྱ་ནག་གི་འབྲེལ་ཡོད་ཚན་པས་ས་གནས་མི་མང་གི་ནང་དུ་སྔོག་བཤེར་བྱ་རྒྱུ་ཡིན་ཞེས་འཇིགས་སྐུལ་བྱེད་བཞིན་ཡོད་པ་དང་། ས་གནས་མི་མང་གིས་མི་རིགས་དབྱེ་འབྱེད་བྱེད་ཀྱིན་འདུག་ཅེས་གཞུང་ལ་སྐྱོན་བརྗོད་དང་མི་དགའ་བའི་རྣམ་འགྱུར་ཤུགས་ཆེན་སྟོན་བཞིན་ཡོད་འདུག དེང་སང་ས་གནས་མི་མང་ལ་རྒྱ་དམག་གིས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་དང་། བདེན་པ་ཡོད་ཀྱང་བཤད་ས་མི་འདུག  ས་གནས་མི་མང་དང་དེ་སྔོན་ནས་འགྲེམས་འཇོག་བྱས་པའི་དམག་མིའི་བར་གདོང་ཐུག་འབྱུང་ལ་ཉེ་བའི་ཛ་དྲག་གི་གནས་སྟངས་ཆགས་འདུག ཅེས་ས་གནས་ནས་བོད་མི་ཞིག་གིས་འགྲེལ་བརྗོད་གནང་སོང་།

གནས་ཚུལ་མཁོ་གཏོང་བ་ངག་དབང་ཐར་པ་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གིས་ནེའུ་ཛི་ལན་ཌིའི་བོད་མི་ཚོར་འཇིགས་སྐུལ་བྱེད་བཞིན་འདུག

སྐར་མ ༣༧ སྔོན་ལ།
Mobile App

ཡུན་རིང་བའི་རྩ་དོན་འཐབ་རྩོད་ཁྲོད་འབྱུང་ངེས་པའི་ནང་ཁུལ་རྩོད་རྙོག།

ཆུ་ཚོད་ ༢ སྔོན་ལ།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

༢༠༢༦/༠༨/༡༦
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤

མཆན། 7

  1. སེར་ཆེན་ says:
    ལོ་ 16 སྔོན།

    བོད་པ་ཚང་གཟབ་གཟབ་བྱོས།ང་ཚོར་བདེན་དཔུང་ཡོད་རུང་དྲང་གཏམ་ཤོད་སའི་སྟེགས་བུ་བྲལ།སྙིང་མ་རྗེ།དོན་ངོ་མ་མཛུབ་མོ་དེ་མི་རིགས་གང་གི་ཡན་ལག་ཡིན་ནམ།དཀོན་མཆོག་མཁྱེེན།

    Reply
  2. ཤ་ཀླན་འཇམ་དབྱངས་གྲགས་པ། says:
    ལོ་ 16 སྔོན།

    སྔོན་ནས་ཁ་ཆེའི་ཐུག་པའི་ནང་མི་ཤ་གཏུབ་ཀྱི་ཡོད་ཅེས་པའི་གནས་ཚུལ་ཞིག་གོ་མྱོང་།

    Reply
  3. སྤོབས་པ་མཐའ་ཡས། says:
    ལོ་ 16 སྔོན།

    ད་རྒྱ་མིའི་ནུབ་བརྒྱུད་ཐོན་སྤེལ་ཆེན་མོ་དེ་འདྲ་རེད། མིའི་མཛུབ་མོས་ཐུག་ཤ་བྱེད་དགོས་པའི་ཚད་སླེབས་ཡོད་པ་རེད། རི་སྐྱེས་སྲོག་ཆགས་ཚང་མ་རྒྱ་མིས་བསད་ནས་རྫོགས་པ་རེད། སྒོ་ཕྱུག་སེམས་ཅན་ཡང་ཉོས་ནས་ད་རྫོགས་གྲབས་རེད། ད་མིའི་ཤ་ཟ་བའི་ཚོད་དུ་སླེབས་པ་རེད། རྒྱ་མིའི་ཡར་རྒྱས་འདི་འདྲ་རེད།

    Reply
  4. མདུང་རྩེ། says:
    ལོ་ 16 སྔོན།

    མདོ་ཁམས་རྫོང་དུ་སྔ་མོ་སྤྱི་ཚོགས་ནང་བཤད་སྲོལ་ཞིག རྫོང་དཔོན་ངན་ཤོས་དམར་པོ་དམར་རྐྱང་འཇོག་གིན་རེད་ཟེར་གྱིན་ཡོད། དངོས་བདེན་པ་རེད།
    ས་གནས་འདིར་དེ་སྔོན་བོད་རྒྱ་མི་རིགས་གཉིས་དགའ་ཟླ་བསྟུད་མར་བྱུང་མྱོང་ཡོད། སྐབས་དེ་དག་ཏུ་ངན་ཁག་ཡོད་རྒུ་བོད་བསྙད་དེ་བཙོན་འཇུག་བསྐྱར་བརྡུང་རབ་དང་རིམ་པར་བྱས་ཡོད། ལྷག་པར་དམག་མི་དང་མི་སེར་དབར་འཁྲུག་རྩོད་ཐེངས་མང་བྱས་མྱོང་ཡོད། དེས་རྐྱེན་པའི་ད་ཆར་ཙན་དན་དགོན་གྱི་གྲྭ་པ་དང་ཁུལ་དེའི་མི་སྐྱ་མང་པོ་བཙོན་འཇུག་དང་བརྡུང་བརྡེགས་ཚད་ལས་འདས་པ་བྱས་དང་བྱེད་མུས་རེད། ད་དངོས་གནས་རྒྱ་རྒན་འདི་ཚང་གིས་བོད་མི་རིགས་འདི་རྩ་མེད་བཟོ་བའི་ངན་སེམས་འདི་གཅོད་དགོས་པར་སེམས།

    Reply
  5. དགྲ་ལྷ་རྩེ་རྒྱལ། says:
    ལོ་ 16 སྔོན།

    སོག་རྫོང་གི་མི་མང་ཚོ་མི་ཤའི་མོག་མོག་དང་། མི་ཤའི་ཐུག་པ་འཐུང་རྒྱུ་རག་པ་དེ་གུང་ཁྲན་ཏང་གི་བཀའ་དྲིན་ཡིན་ལབ་ཀྱི་ཡོད་ཚོད་རེད།

    རྒྱ་གོག་འདི་ཚོས་བོད་པའི་ས་ཆར་ཡོང་བ་མ་ཟད། མི་ཤ་ཟ་ཁང་དུ་བཙོང་ཕོད་པ་ངོ་མ་ཧམ་པ་རེད། བརྙས་བཅོས་རེད། མཐོང་ཆུང་རེད། ད་དུང་ཁྱི་ཤ་དང་། མདོར་ན། སྡུག་རིགས་ངན་ཚད་ཚང་མ་ཁྱེར་ཡོང་ནས་བོད་པ་ཚོར་མགོ་སྐོར་གཏོང་གི་རེད།

    ཉིན་མ་གཅིག་ལ་ངས་ཧུའུ་ཅིང་ཐའོ་ཡི་མགོ་བཙོས་ནས་མགོ་ཁུ་ཞིམ་པོ་ཞིག་བཏུང་མ་སོང་ཟེར་ན་་་་་་་་

    བདེན་པ་ཡོད་ཀྱང་ཞུ་ས་མི་འདུག་ཟེར། ལོས་ཡིན། བོད་པ་ཚོའི་གནས་ལུགས་སུ་ལ་བཤད་དགོས། སུའི་ཉན་གྱི་རེད། རྒྱ་ཡི་རྒྱབ་རྩ་རྒྱ་ཡོད་དུས་བོད་པ་ཚོས་ག་རེ་བྱེད་ཐུབ།

    Reply
  6. བྲག་འགོ་དཀོན་མཆོག་དར་རྒྱས། says:
    ལོ་ 16 སྔོན།

    འདི་འདྲ་བའི་གནས་ཚུལ་ཐབས་སྡུག་རྣམས་སྔོན་ཆད་ཕ་ཡུལ་བྲག་འགོ་རྫོང་ནང་ཡོད་པའི་དེང་གི་ཁ་ཆེ་ཆོས་པ་རྣམས་ཀྱི་ཟ་ཁང་དུ་གནས་ཚུལ་འདི་འདྲ་མང་པོ་ཐོན་མྱོང་ཡོད། འོན་ཀྱང་བོད་མི་རྣམས་ནས་ཁྲིམས་གཏུག་གི་དོན་རྐྱེན་ཡར་ཞུ་བྱེད་ས་ཤིག་ནམ་ཡང་མེད་སྣང་ཤར་། དེ་ནི་རྒྱ་ནག་གི་ཡོད་ཚད་གཏེང་འཛིན་བྱས་ཡོད་ཅིང་། རྒྱ་མི་རིགས་ཕལ་བ་ཚོས་བྱས་ཚད་ལས་ཚད་ཚང་མ་རྣམ་པར་དག་པ་ཞིག་གམ་། ཡང་ན། ཁོང་ཚོས་ཅི་ཡང་བཟའ་སྲིད་པ་ལ་བསམ་མནོ་གཏོངས་རྒྱུ་ལས་ཆ་མི་འཚལ། བོད་མི་ཞིག་གསི་ཁྲིམས་གཏུག་བྱས་འདུག་ཟེར་བ་འདི་མཐོང་རྗེས་ང་ལ་དགའ་ཚོར་དང་། ཁཽང་ཚོ་ལ་མགོ་བོ་ཅུང་ཟད་བཏེགས་པས་གོ་སྐལ་ཡོད་པ་མིན་གྲོ་བསམ་ནས་དགའ་ཚོར་ཡང་བྱུང་།
    དེ་ཙམ་ཡིན།

    Reply
  7. ཆུ་ཐིགས་སྔོན་མོ། says:
    ལོ་ 16 སྔོན།

    སྔོན་མ་ནས་མི་ཤ་སྤྱོད་མཁན་འདུག་ཅེས་སྐད་ཆ་མང་པོ་ཐོན་ཚར་རེད་ཡིན་ནའང་དེ་ལ་ཞིབ་བཤེར་འདི་འདྲ་དང་ཉེས་པ་འདི་འདྲ་བཏང་བ་རེད་ཅེས་གསལ་བོ་མཐོང་རྒྱུ་ཞིག་བྱུང་ཡོད་པ་མ་རེད། ཕར་ཆེར་བོད་པ་ཚོ་ཟ་རུ་སླེབས་སྐབས་མི་ཤ་སྤྲད་ཀྱི་ཡོད་པ་འདྲ་་་་་་གང་ལྟར་རང་རང་ས་ནས་གཟབ་ནན་བྱེད་རྒྱུ་དེ་ཧ་ཅང་གལ་ཆེན། དོན་རྐྱེན་བྱུང་རྗེས་གཏུགས་བཤེར་ཅི་ཙམ་བྱས་ཀྱང་ང་ཚོར་གྱོང་རེག་རྒྱུ་ཉག་གཅིག་ལས་མི་འདུག་་་་་རྒྱ་མི་ཚོས་གཅིག་རྒྱབ་གཅིག་གིས་འགེབས་ཐབས་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་དང་པོ་ནས་ཟ་ཁང་དང་མགྲོན་ཁང་སོགས་ཡིད་ཆེས་ཆོག་ཆོག་ཅིག་ལ་འགྲོ་དགོས་པ་རེད།
    ནམ་ཞིག་ལ་མི་ཤ་མངོན་གསུམ་དུ་ཟ་དགོས་པའི་དུས་ཤིག་ལའང་མི་སླེབས་པའི་ངེས་པ་མི་འདུག་ཡ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese