མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོའི་འོས་བསྡུ་ལས་འཕྲོས་པའི་སེམས་ཀྱི་ཁ་བརྡ། ཚྭ་རུ་མའི་ཐབས་མཁས།

བོད་ཀྱི་དུས་བབ།
༢༠༡༠/༠༨/༡༣
Share on FacebookShare on TwitterShare on EmailShare on Whatsapp
ཚྭ་རུ་མའི་ཐབས་མཁས་ཀྱིས་བྲིས། རྡ་ས།

སེམས་ཀྱི་ཁ་བརྡ་དང་པོ།

      ང་ཚོའི་མང་ཚོགས་ད་ཆར་མང་གཙོའི་གོ་རྟོགས་སད་པའམ།ཡང་ན་ཁྱི་རྒན་ཀུ་ཅོ་འདོན་པ་ན།།རྒྱུ་མཚན་མེད་པར་གཞན་དག་རྒྱུག།ཟེར་བ་ལྟར་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་ཤོག་འཐེན་པ་དང་འོས་གཞི་འདོན་མཁན་ཉིན་རེ་བཞིན་ཇེ་མང་དུ་འགྱུར་བཞིན་འདུག

 མ་བརྟགས་མ་དཔྱད་པར་ཕྱི་ཚུལ་མངོན་སྟངས་འདི་ལ་གཞིགས་ན་ཧ་ཅང་དགའ་འོས་པ་དང་ཡང་དག་པའི་མང་གཙོའི་འགྲོ་ལུགས་ནང་མདུན་དུ་བསྐྱོད་པ་ལྟ་བུ་ཞིག་ཏུ་བརྩི་ཆོག་ན་ཡང༌།བརྟགས་ཤིང་དཔྱད་ན་ད་དུང་ཧ་ཅང་ཡིད་སྐྱོ་བ་དང་ཕྱོགས་སུ་ལྷུང་བའི་ལས་གཞི་སྤེལ་སྟངས་ཤིག་རེད་འདུག

   རྒྱུ་མཚན་ནི།ཉེ་ཆར་ང་ཆོལ་ཁའི་ཚོད་ལྟ་ལྟ་བུའི་སྤྱི་འཐུས་འོས་ཤོག་བླུག་པར་ཕྱིན་སྐབས་དེར་ཡོང་བའི་རྒན་གཞོན་མང་ཆེ་བར་སྤྱི་འཐུས་འོས་གཞིའི་མི་རྣམས་གྲ་སྒྲིག་གང་ཡང་མེད་པར་དེར་ཡོད་སྐབས་འཚོལ་པ་ཚོས་བཀྲམས་པའི་མིང་ཐོ་དག་ལས་ཕབ་བཤུ་བྱེད་ཀྱིན་འདུག་པར་མ་ཟད།འགའ་ཤས་ཀྱིས་ང་ལ་འོས་གཞིའི་མི་གྲངས་འདང་གི་མི་འདུགང་ལ་འོས་མིང་འགའ་བཤད་རོགས་ཟེར་ནས་འབྲི་བཞིན་འདུག  ཁ་ཤས་ཀྱིས་སྐུ་མཁྱེན་མི་འདི་དང་འདིའི་མིང་ཁྱོད་ཀྱིས་འབྲི་རོགས་ཟེར་ནས་འབྲིར་འཇུག་གིན་འདུགརེ་འགའ་མཉམ་འདུས་བྱས་ནས་ཁོ་ཚོའི་ལུང་ཚན་གྱི་མི་དང་ཁོ་ཚོའི་བླ་མ་དང་དགེ་རྒན།ཁོ་ཚོའི་གྲོགས་པོ་ཁ་ཤས་ཀྱི་མིང་ཐོ་མཉམ་དུ་ཕབ་འབྲི་བྱེད་ཀྱིན་འདུགའོས་ཤོག་འཐེན་མཁན་མང་ཆེ་བས་ཕན་ཚུན་གྱི་འོས་མི་རྣམས་ཕན་ཚུན་བར་གསང་བ་མི་བྱ་བར་འདི་ལྟར་ཕན་ཚུན་གྲོས་བསྡུར་དང་ཕན་ཚུན་མཉམ་འདུས་ངང་འབྲི་བཞིན་འདུག
 མཐོང་བ་མངོན་སུམ་ཀྱི་གནས་ཚུལ་འདི་ལ་བསམ་ན།ང་ཚོའི་མང་གཙོ་འདི་ཚད་ག་འདྲ་ཞིག་ཏུ་སླེབས་འདུག་གམ།ང་ཚོའི་མི་མང་གི་ཤེས་ཚད་དང་གོ་རྟོགས་ཀྱི་ཆུ་ཚད་གང་དུ་སླེབས་འདུག་གམ།
 
   

     ཐེངས་འདིའི་འོས་བསྡུ་ནི་སྔོན་འགྲོ་དང་དངོས་གཞི་གང་ཡང་མིན་པའི་ཆ་ནས་ངས་འདི་ལྟར་རི་བོང་གནམ་རྡིབ་ཀྱི་སྐད་ཆ་བཤད་དགོས་དོན་མེད་པར་མཐོང་ཡང༌།ད་ལྟ་ཚོད་ལྟའི་སྐབས་ནས་གཟབ་ནན་མ་བྱས་ན་གཞུག་མར་སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་སྐབས་ཀྱང་འདི་ལྟར་མི་ཡོང་བའི་ངེས་པ་གཏན་ནས་མེད་པར་སེམས།གལ་སྲིད་ང་ཚོས་འདེམས་བྱའི་འོས་མི་ཚོའི་ལོ་རྒྱུས་རྒྱབ་ལྗོངས་སོགས་ལ་ཞིབ་འཇུག་དང་རྒྱུས་ལོན་ཅི་ཡང་མེད་པར་འོས་བསྡུ་བྱས་ན།མཇུག་འབྲས་ཅི་ཡོང་ནི་སྔར་ལོར་ང་ཚོའི་རང་གཞུང་དཔལ་ལྡན་གྲོས་ཚོགས་ཀྱི་ཚོགས་རྭའི་ནང་གནས་ཚུལ་བྱུང་བ་ལྟ་བུ་རེད།དེ་ནི་གཙོ་བོ་ང་ཚོ་མི་མང་སྒེར་སོ་སོ་རང་ངོས་ནས་འགན་མ་ཁུར་པའི་མཇུག་འབྲས་ཤིག་ཡིན་པ་ངེས་པར་དུ་ཤེས་དགོས།

 མ་གཞི་མང་གཙོའི་གོ་རྟོགས་འཕེལ་རིམ་ནང་འདི་ལྟར་འོས་བསྡུ་སོགས་ལས་གཞི་ཁག་ཚད་ལྡན་མིན་པ་ནས་ཚད་ལྡན་དུ་འགྱུར་བར་གོམ་པ་རིམ་བགྲོད་ཀྱིས་ཡར་རྒྱས་དང་ཡང་དག་ཏུ་འགྲོ་བའི་གོམ་རིམ་ཞིག་ཡོད་ན་ཡང༌།ང་ཚོར་འདི་ལྟའི་དུས་ཚོད་སླེབས་རྒྱུར་སྒུག་ཁོམ་མེད་ཅིང་སྒུག་དགོས་ཀྱང་མེད།རྒྱུ་མཚན་ནི་ང་ཚོའི་འདས་པའི་ལོ་རྒྱུས་མདོ་སྟོད་སྨད་ལ་རྒྱ་དམག་གིས་དཔུང་འཇུག་བྱེད་ཀྱིན་ཡོད་ན་ཡང༌།ང་ཚོའི་རྒྱལ་ས་ལྷ་སའི་སྐུ་ངོ་སྐུ་དྲག་ཚོས་ད་དུང་སྤྲོ་སྐྱིད་ཀྱི་གླིང་ག་གཏོང་བཞིན་ཤོ་སྦག་རྒྱག་གིན་བསྡད་པའི་ངོས་བྱུང་ཉམས་མྱོང་དང༌།ད་ལྟ་ང་ཚོ་རང་བཙན་དང་རང་དབང་ནས་རང་སྐྱོང་དང་རྒྱ་ནག་གི་ཁྲིམས་འོག་བར་མར་བབས་ནས་སྡོད་རྒྱུར་ཁས་ལེན་བྱས་ཀྱང་རྒྱ་གཞུང་གིས་ངོས་ལེན་མེད་པ་དང༌།་རྒྱལ་སྤྱིའི་རྒྱབ་སྐྱོར་མཁན་ཚོ་ཡང་དཔལ་འབྱོར་དང་སྟོབས་ཤུགས་ཀྱི་དབང་སྒྱུར་འོག་ཚུད་ནས་ང་ཚོའི་བོད་ཀྱི་རྩ་དོན་ལྟ་བུའི་ཁེ་མེད་གྱོང་མེད་ཀྱི་གནད་དོན་རིགས་ཆུ་ནང་ལ་བཏང་བའི་རྟུག་དྲི་བཞིན་འགྱུར་བཞིན་ཡོད།

 རྒྱུ་མཚན་དེའི་ཕྱིར།ང་ཚོས་༧རྒྱལ་དབང་དོན་གྱི་བདག་པོས་གནངས་པའི་མང་གཙོའི་ལམ་ལུགས་འདི་ང་ཚོ་སྒེར་སོ་སོས་འགན་ཁུར་ནས་འོས་བསྡུའི་ལས་རིམ་སོགས་ཚད་ལྡན་ཡང་དག་ཅིག་ང་ཚོ་སོ་སོ་རང་ངོས་ནས་མ་ལན་མི་འགྱོད་པ་ཞིག་བྱ་གལ་ཧ་ཅང་ཆེ།
 ང་ཚོའི་ད་ལྟའི་གནས་བབ་དང་རྒྱ་ནག་གཞུང་གི་སྟོབས་ཤུགས།༧རྒྱལ་དབང་མཆོག་གི་དགུང་གྲངས་སོགས་ཕྱོགས་གང་ལ་གཞིགས་ན་ཡང་ང་ཚོས་དེ་རིང་ནས་འགོ་བརྩམས་ཏེ་གཞན་ཡུལ་གྱི་ས་ཆ་གཡར་མའི་ཐོག་ནས་རྡོག་རྩ་ཆིག་སྒྲིལ་གྱིས་མ་འོངས་མང་གཙོའི་གཞུང་སྲིད་འདི་ཕུགས་བརྟན་ཞིག་གི་རྨང་གཞི་ད་ལྟ་ནས་མ་བཏང་ན།ང་ཚོའི་ཡོད་ཚད་ཧ་ཅང་ཡལ་ཉེན་དང་འཇིག་ཉེན་ཆེན་པོ་ཡོད་པ་༧གོང་ས་མཆོག་གིས་རྒྱུན་པར་བཀའ་གནང་བཞིན་པ་ལྟར་རེད།
 

སེམས་ཀྱི་ཁ་བརྡ་གཉིས་པ།

     རྡ་ས་དང་ལྡི་ལིའི་བོད་གཞིས་ཀྱི་ཁྲོམ་སྲང་གི་རྩིག་ངོས་དག་ལ་ལྟོས་དང༌།ང་ཚོའི་མི་སྒེར་དང་ཚོགས་ཁག་རེ་རེས་རང་རང་གི་ལུང་ཚན་དང་འབྲེལ་ཡོད་ཀྱི་མི་སྣ་རེ་བཀའ་བློན་ཁྲི་པའི་འོས་མི་རུ་བདམས་ནས་ཁྱབ་བསྒྲགས་བྱེད་བཞིན་ཡོད།མ་གཞི་དེ་ལྟར་བྱེད་པ་ནི་མང་གཙོའི་ལམ་སྲོལ་དང་ཐོབ་ཐང་ཞིག་ཏུ་བརྩི་ཆོག་ན་ཡང༌།ང་ཚོར་དགོས་པའི་བཀའ་བློན་ཁྲི་པ་ནི་ལུང་ཚན་ཞིག་དང་ཆོལ་ཁ་ཞིག་གི་བཀའ་བློན་ཁྲི་པ་མིན་ཞིང༌།ང་ཚོར་དགོས་པའི་བཀའ་བློན་ཁྲི་པ་ནི་ཁྱིམ་ཚང་ཞིག་དང་ཚོགས་ཁག་ཅིག་གི་བཀའ་བློན་ཁྲི་པ་ཞིག་གཏན་ནས་མིན།ང་ཚོར་དགོས་པའི་བཀའ་བློན་ཁྲི་པ་ནི་ཆོལ་ཁ་དང་ཆོས་བརྒྱུད།ང་ཚོ་བོད་མི་མང་སྤྱི་ཡོངས་ཀྱི་ཚབ་མཚོན་དང་འགན་ཁུར་ནས་ང་ཚོའི་རྩ་དོན་ཐོག་འཕག་འཚག་རྒྱག་ཐུབ་མཁན་གྱི་ཤེས་འཇོན་གཉིས་ལྡན་གྱི་བཀའ་བློན་ཁྲི་པ་ཞིག་དགོས་པ་ལས་ང་ཚོའི་ཚོགས་པ་དང་ལུང་ཚན།ཆོལ་ཁ་རེ་རེར་བཀའ་བློན་ཁྲི་པ་རེར་འདེམས་བཞིན་མེད་པ་ཤེས་དགོས།

   རྒྱུ་མཚན་དེའི་ཕྱིར།ཁྱོད་རང་སྒེར་དང་ཚོགས་པ།ལུང་ཚན་དང་ཆོལ་ཁ་སུ་ཞིག་ཡིན་ཡང་ཁྱོད་དང་ཁྱོད་ཀྱི་ཚོགས་པ་དང་ལུང་ཚན།ཆོལ་ཁ་རུ་ང་ཚོ་བོད་སྤྱི་ཡོངས་ལ་སྣེ་ཁྲིད་བྱ་ཐུབ་མཁན་གྱི་བཀའ་བློན་ཁྲི་པ་ཞིག་མེད་ན།ཨུ་ཚུགས་ཀྱིས་ཁྱོད་དང་ཁྱོད་ཀྱི་ཚོགས་པ་དང་ལུང་ཚན།ཆོལ་ཁ་ནས་ངེས་པར་དུ་འདེམས་དགོས་གཏན་ནས་མེད་པར་ཚོགས་པ་དང་ཆོལ་ཁ་གཞན་དང་གཞན་དག་ཏུ་ཡོད་ན་ངེས་པར་དུ་འདེམས་དགོས།རྒྱུ་མཚན་ནི།ང་ཚོས་བོད་སྤྱི་ཡོངས་ཀྱི་དབུ་ཁྲིད་བཀའ་བློན་ཁྲི་པ་ཞིག་འདེམས་བཞིན་ཡོད་པ་ལས་ང་ཚོས་ཚོགས་པ་ཞིག་དང་ལུང་ཚན་ཞིགཆོལ་ཁ་ཞིག་གི་དབུ་ཁྲིད་ཀྱི་བཀའ་བློན་ཁྲི་པ་ཞིག་འདེམས་བཞིན་མེད།

   ང་ཚོ་བོད་པ་ཚོ་གནད་དོན་གལ་གནད་ཆེ་ཆུང་གང་གི་ཕྱོགས་ལ་ཡང་རྡོག་རྩ་ཆིག་སྒྲིལ་དང་ནང་ཁུལ་མཐུན་འབྲེལ་མེད་པས།ང་ཚོའི་འདས་པའི་ལོ་རྒྱུས་ནང་རང་གི་རྒྱལ་ཁབ་དང་ཕ་ཡུལ་གཞན་ལ་ཤོར་པ་རེད་ལ།འདས་པའི་མི་ལོ་ལྔ་བཅུའི་རིང་ང་ཚོའི་རྩ་དོན་ཐོག་དམིགས་བསལ་གྲུབ་འབྲས་མ་ཐོན་པ་དང་ཕྱོགས་མང་པོར་འཐུས་ཤོར་བྱུང་བ་རེད།

 རྒྱུ་མཚན་དེའི་ཕྱིར།ང་ཚོའི་རྒྱལ་ཁབ་དང་མི་རིགས་འཇིག་ཉེན་དང་ཡལ་ཉེན་ཆེ་བའི་དུས་སྐབས་ཛ་དྲག་ཅིག་དང༌།རྒྱ་ནག་གཞུང་དང་རྒྱལ་སྤྱི་སུས་ཀྱང་མཐུན་འབྲེལ་དང་རྒྱབ་སྐྱོར་མེད་པའི་དུས་ཚོད་འདིར་ད་དུང་ང་ཚོས་ང་ཚོའི་གནས་བབ་ངོ་མ་དང་མ་འོངས་ཅི་འབྱུང་ལ་བསམ་བློ་མི་གཏོང་བར་སྔར་སྲོལ་གྱི་ཆོལ་ཁ་དང་ཆོས་བརྒྱུད།ལུང་ཚན་དང་ཚོགས་ཁག་བར་ཕྱོགས་རིས་དང་མཐུན་སྒྲིལ་མེད་པའི་ལས་གཞི་སྤེལ་ནས་གཞུང་ལས་སྒེར་གཙོ་བོར་འཛིན་པའི་ལམ་ལུགས་འདི་ལྟར་ལག་བསྟར་བྱས་ན།ང་ཚོར་སང་ཉིན་གྱི་ཉི་མ་ཅི་ཞིག་འཆར་རྒྱུ་ཡིན་པ་ཧ་ཅང་གསལ་བོ་མ་རེད་དམ།

    དེས་ན་ང་ཚོ་ཚང་མས་བསམ་བློ་གསར་པ་ཞིག་དང་ལམ་སྲོལ་གསར་པ་ཞིག་བརྒྱུད་ནས་༧རྒྱལ་དབང་དོན་གྱི་བདག་པོ་ང་ཚོའི་དབུ་ཁྲིད་དུ་ཡོད་སྐབས་འདིར་ང་ཚོའི་སྤྱི་སྒེར་ཡོད་ཚད་ཀྱིས་མཐུན་སྒྲིལ་ངང་༧ཁོང་གི་དགོངས་གཞི་ལྟར་བོད་ཀྱི་འཕྲལ་ཕུགས་སྤྱི་སྒེར་ཡོངས་ལ་ཕན་པའི་མང་གཙོའི་ལམ་ལུགས་ཡང་དག་པ་ཞིག་ཏུ་བསྐྱོད་ཐུབ་པ་ངེས་པར་དུ་བྱ་དགོས།

   མདོ་དོན་ངའི་རེ་བའི་གཙོ་བོ་ནི།ཁྱོད་དང་ཁྱོད་ཀྱི་ཚོགས་པ་དང་ལུང་ཚན།ཆོལ་ཁའི་ངོས་ནས་སྐུ་ངོ་དང་སྐུ་དྲག་རིགས།བླ་སྤྲུལ་དང་དགེ་རྒན།གྲོགས་པོ་དང་གཉེན་ཚན་སུ་ཞིག་ལ་སྤྲེལ་ལད་འཁྲབ་དགོས་ན་ཡང༌།མང་གཙོའི་སྒྲིག་སྲོལ་གྱི་རང་སྲོག་ལས་ཀྱང་རྩ་ཆེ་བའི་རང་ཉིད་ཀྱི་རང་དབང་དང་ཐོབ་ཐང་གི་འོས་ཤོག་གཅིག་པུ་དེ་གཞན་ལ་ངོ་འཛིན་དང་སྤྲེལ་ལད་འཁྲབ་བྱེད་ཅིག་ཏུ་བེད་སྤྱོད་མ་གཏོང་རོགས་ཞུ་བཞིན་ཡོད་ལ།
   ཁྱོད་དང་ཁྱོད་ཀྱི་ཚོགས་པ་དང་ལུང་ཚན།ཆོལ་ཁའི་ངོས་ནས་ངེས་པར་དུ་ང་ཚོ་བོད་པ་སྤྱིའི་གནས་བབ་དང་འཕྲལ་ཕུགས་ཀྱི་བདེ་སྡུག་གི་ཆེད་དུ་བསམ་བློ་བཏང་ནས་སྤྱི་འཐུས་དང་བཀའ་བློན་ཁྲི་པའི་འོས་ཤོག་ཚད་ལྡན་མ་ནོར་མི་འགྱོད་པ་ཞིག་ཁྱོད་རང་ཉིད་ཀྱིས་ངེས་པར་དུ་བླུག་རོགས་བྱོས་ཟེར་བཞིན་ཡོད་དོ།།   ༢༠༡༠༧༢༩

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་རྒྱལ་ཚོགས་ནང་ཟུར་ཉན་ཚོགས་མིའི་གནས་བབ།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

༢༠༢༦/༠༨/༡༥
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣

མཆན། 11

  1. རབ་ཆུ། says:
    ལོ་ 16 སྔོན།

    བསམ་འཆར་འདི་འདྲ་བཤད་ན་ཡག་པོ་འདུག

    Reply
  2. ཙི་ཙི། says:
    ལོ་ 16 སྔོན།

    དྲ་གྲོགས་ཚྭ་རི་མའི་ཐབས་མཁས་ཁྱོད་ཀྱི་སྤྱིར་ཡག་པོ་བྲིས་འདུག་བཙན་བྱོལ་ནང་ཤེས་ཡོན་པ་ཁྱོད་ཡིན་ང་ཡིན་མང་པོ་ཡོད་ན་ཡང་དུས་སྐབས་འདི་འདྲ་ལ་སེམས་ཤུགས་ཅན་ཀྱི་ཡི་གེ་འབྲི་མཁན་ཉུང་ཉུང་རེད། ཡིན་ཡང་མི་སྐྱོན་མེད་འཛམ་བུ་གླིང་ན་མེད་ཟེར་བ་བཞིན་ཁྱོད་ཀྱི་སྐྱོན་ཕྱོགས་ནས་བཤད་ན་དགོངས་འགལ་མེད་པར་ཞུ། ཁྱོད་ཀྱི་གསུང་དོན་ལྡོག་ལྡོག་བོ་བཤད་ན་བཀའ་བློན་དང་སྤྱི་འཐུས་འོས་གཞི་ཁྱབ་བསྒྲགས་བྱེད་པ་དེ་ལ་སྐྱོན་འཕེན་འདུག་དེ་ངོ་མ་ཡག་པོ་མི་འདུག ཁྱབ་བསྒྲགས་བྱེད་པ་པོ་ཆོལ་ཁ་གཅིག་པ་ཡིན་ན་ལུང་ཚན་གཅིག་པ་ཡིན་ན་གང་ལྟར་ཁོང་ཚོ་ཡང་ཁྱོད་ལྟ་བུའི་སེམས་ཤུགས་ཅན་ཞིག་ཡིན་པ་ཐག་ཆོད་རེད། ཁོང་ཚོའི་ཡང་སེམས་ཤུགས་དང་ལྷག་བསམ་ཡིན་པ་རེད། ང་ཚོའི་བཀའ་བློན་གྱི་འོས་གཞི་ཉུང་གྲགས་འདུག་མི་ཁ་ཤེས་ལས་མི་འདུག་མི་ཚད་ལྡན་འདྲ་ཡོད་ན་གསལ་བསྒྲགས་བྱས་ན་ཡག་པོ་འདུག མི་དེ་ཚོའི་ནང་ལ་སྒེར་སྐྱོན་དང་འཇོན་ཐང་ཤེས་ཡོན་ཚད་མ་ལོང་བ་འདྲ་ཡོད་ན་ཐད་གར་གསུང་ན་ཡག་པོ་འདུག་པད་མ་འབྱུང་གནས་དང་། བློ་བཟང་སྦྱིནཔ། བདེ་སྲུང་དངོས་གྲུབ་སོགས་ལས་མེད་ན་བློ་ཕམ་དགོས་པ་ཞིག་རེད་སྙམས། དེ་ཚོའི་རིགས་ཡིན་ཡང་གསལ་བསྒྲགས་བྱས་ན་ཐོབ་ཐང་ཡོད་པ་རེད། བཀའ་བློན་ལ་འོས་གཞི་ཚད་ལྡན་རེ་ཡོད་ན་མི་མང་ལ་གསལ་བསྒྲགས་བྱེད་རྒྱུ་གལ་ཆེན་པོ་རེད། ཆོལ་ཁ་གཅིག་པ་དང་གྲོགས་པོ་རང་དང་རང་གི་ཕ་མ་སོགས་ཀྱི་འགན་ཁུར་ནས་རང་གི་རྒྱལ་ཁབ་ཀྱི་ཆེད་དུ། ང་ཚོ་མིན་ཡང་མང་གཙོའི་རྒྱལ་ཁབ་ཚད་ལྡན་ཚོའི་ཁྱབ་བསྒྲགས་བྱེད་ཀྱིན་ཡོད་པ་རེད། དེ་ངེས་པར་དུ་དགོས་རྒྱུ་ཞིག་རེད་གསལ་བསྒྲགས་མི་བྱེད་པར། ང་ཚོ་ཚང་མའི་ཤེས་རྒྱུའི་མི་ཤེས་འཇོན་གཉིས་ལྡན་ཞིག་ཡོད་ན་དགའ་བསུ་ཡོད། མྱུར་ཏུ་མི་དེ་ཚོའི་ལོ་རྒྱུས་མཁོ་སྤྲོད་བྱེད་རོག་ཞུ། ངེས་གསལ་བསྒྲགས་བྱེད་མཁན་ཚོ་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད་ཁྱེད་རང་ཚོའི་དེ་ལ་དོ་སྣང་བྱས་པར་ཐུགས་རྗེ་ཆེ། ང་འདྲ་བའི་མཐོང་རྒྱ་ཆུང་བ་དེ་ཚོའི་ད་ལོའི་གསལ་བསྒྲགས་བྱས་པའི་ནང་ནས་བཀའ་བློན་དང་སྤྱི་འཐུས་འདེམས་དགོས་པ་རེད། ཁོང་གི་གསུང་བ་བཞིན་འོས་ཤོག་བླུག་ས་ཐོན་དུས་འོས་གཞི་གསལ་ཏུ་འཚོལ་དགོས་མཁན་ཚོའི་གཟབ་གཟབ་དགོས་ས་རེད་རྒྱལ་ཁབ་ཀྱི་འགན་མ་ཁུར་བ་རེད་འོས་བླུག་ས་མ་སོང་སྔོན་ལ་འོས་མི་བཅུའི་ལོ་རྒྱས་སོགས་ལ་ཞུབ་འཇུག་བྱས་ནས་མི་དེའི་ཤེས་འཇོན་དང་རྒྱབ་ལྗོངས་སོགས་ཤེས་རྒྱུ་དེ་གལ་ཆེན་པོ་རེད།

    Reply
  3. རྡོ་རྗེ་རྒྱལ་མཚན། says:
    ལོ་ 16 སྔོན།

    དྲ་གྲོགས་ཚུ་རུ་མ་ཐབས་མཁས་ལགས།
    ་་་་་་་་སྐུ་ཉིད་ཀྱི་དངོས་གནས་ད་ལྟའི་ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཀྱི་འགྲོ་ལུགས་ངོ་མ་ལ་རྣག་ཐོག་ཁབ་བཙུགས་གནང་བར་ཡིད་རངས་དང་ཚགས་ཤོག་ཁག་ཏུ་རྩོམ་ཡིག་འདི་སྤེལ་ཐུབ་ན་ཤིན་ཏུ་ལེགས་པར་འདུག།་མུ་མཐུད་འབྲི་རོགས།

    Reply
  4. BLACK DIAMOND says:
    ལོ་ 16 སྔོན།

    ཁྱེད་ཀྱིས་བཤད་པ་དེ་ངོ་མ་རེད།

    Reply
  5. BLACK DIAMOND says:
    ལོ་ 16 སྔོན།

    མ་གཞི་ནས་ང་ཚོ་ལ་ཡང་དག་པའི་མང་གཙོའི་སྲིད་གཞུང་ཞིག་ཁྱོན་ནས་མེད།
    དེ་ནི་སྼིད་གཞུང་ནང་དབུ་མའི་ལམ་མ་གཏོགས་བཤད་མི་ཆོག་པ་དེ་རེད།་དེ་མང་གཙོའི་ལམ་སྼོལ་དང་མཐུན་གྱི་འདུག་གམ།

    Reply
  6. ཐོ་རེངས། says:
    ལོ་ 16 སྔོན།

    དམངས་གཙོའི་ལམ་ལུགས་འདི་སྤྱིར་ཡག་པོ་ཡོད་ནའང་།
    བོད་མི་མངས་ལ་མཛའ་རྒྱུའི་ཆབ་སྲིད་དེ་ནི་སྤྱི་མཐུན་རྒྱལ་ཁབ་ཀྱི་ལམ་ལུགས་འདི་ཡིན་པ་འདྲ།

    Reply
  7. མཁའ་དབུགས་གསར་བ says:
    ལོ་ 16 སྔོན།

    སྤྱི་འཐུས་ཀྱི་འོས་མི་འདེམས་སྟངས་ལ་འགྱུར་བ་གཏོང་རྒྱུ།
    ད་ལྟ་སྤྱི་འཐུས་སུ་འཐུས་མི་༤༦ཡོད་དེ། དེ་དག་སོ་སོ་ནི་ཆོལ་ཁ་གསུམ་ནས་མི་བཅུ་རེ་དང་གྲུབ་མཐའ་ལྔ་(དགེ་ལུགས། བཀའ་བརྒྱུད། ས་སྐྱ། རྙིང་མ། བོན་ཆོས)་ནས་མི་གཉིས་རེ། ཡོ་རོབ་ནས་མི་གཉིས་དང་ཨ་རི་ནས་མི་གཅིག གོང་ས་མཆོག་གིས་ཐད་ཀར་དུ་མི་གསུམ་འདེམས་རྒྱུ་བཅས་རེད།
    ཡིན་ཡང་ད་ལྟ་བཙན་བྱོལ་སྤྱི་ཚོགས་སུ་ཆོལ་ཁ་སོ་སོ་དང་གྲུབ་མཐའ་སོ་སོའི་ཕྱོགས་ཞེན་མེད་པར་གཏོང་རྒྱུ་དང་སྔར་ལས་འཇོན་ཐང་ཅན་གྱི་མི་སྣ་གང་མང་ཅིག་ལ་སྤྱི་འཐུས་སུ་ལས་དོན་སྒྲུབ་རྒྱུ་གོ་སྐབས་ཐོབ་པར་བྱེད་རྒྱུ། ཆོས་ལུགས་ཀྱི་འཐུས་མི་མང་དྲགས་པ་སོགས་ཀྱི་དབང་གིས་གཤམ་གསལ་ལྟར་བཅོས་སྒྱུར་བྱེད་འོས།
    ༡ ད་ལྟའི་སྤྱི་འཐུས་ཀྱི་མི་གྲངས་ལྟར་ན་ཆ་སྙོམས་ཀྱི་མི་གྲངས་སྟོང་གསུམ་ཙམ་ལ་འཐུས་མི་གཅིག་ཡིན་པས། རྒྱ་གར་ནས་འཐུས་མི་སུམ་བཅུ་སོ་གསུམ་དང་། བལ་ཡུལ་ནས་འཐུས་མི་དྲུག འབྲུག་ཡུལ་ནས་དམིགས་གསལ་མི་གཅིག
    ཡོ་རོབ་ནས་མི་གཉིས་དང་མེ་གླིང་བྱང་མ་ནས་མི་གསུམ། ཡ་གླིང་དང་རྒྱ་མཚོ་ཆེན་པོའི་གླིང་ནས་མི་གཅིག གྲུབ་མཐའ་སོ་སོ་རུ་མི་གཅིག་རེ་བཅས་ཁྱོན་སྡོམ་འཐུས་མི་ལྔ་བཅུ་རུ་གཏོང་དགོས་པ།
    ༢ གོང་ས་མཆོག་གི་ཐད་ཀར་དུ་འདེམས་པའི་ས་མིག་དེ་མེད་པར་གཏོང་རྒྱུ་དང་།
    སྐུ་སྒེར་ཡིག་ཚང་གི་མི་སྣ་འདེམས་བསྐོ་ཐད་གོང་ས་མཆོག་གིས་བཀོལ་སྒྲིག་བྱས་པ།
    ༣ གོང་ས་མཆོག་གི་སྐུ་ཚབ་དེ་ངེས་པར་དུ་སྤྱི་འཐུས་ཀྱི་འཐུས་མི་ཡིན་དགོས་པ།
    https://tibettimes.net/wordpress/blogs.php?id=290&post_id=10923
    ངས་འདི་ལྟར་བསམ་གྱིན་ཡོད།

    Reply
  8. མཁའ་དབུགས་གསར་བ says:
    ལོ་ 16 སྔོན།

    རྩོམ་པ་པོ་ལགས།
    ཁྱེད་ཀྱིས་དངོས་པ་དོན་གྱི་གནས་ཚུལ་ཅིག་འདིར་སྤེལ་པར་གཞི་ལུས་བོད་མི་ཅིག་གི་ངོས་ཐད་ནས་བཀའ་དྲིན་ཞུ། ད་ལྟ་དུས་བབ་ཚང་གི་དོ་དམ་པ་འདི་ཚོ་ཡང་དགྱ་ནག་གུང་ཁྲན་བཞིན་བོད་ཀྱི་མི་ལེགས་པའི་རྣམ་པ་ཞིག་ཕྱི་ལ་འདོན་རྒྱུར་འཛེམས་དོག་བྱེད་ཀྱིན་ཡོད་པ་མ་ཟད། འདིའི་སྐོར་བརྗོད་པའི་སྨྲ་བརྗོད་ཀྱི་རང་དབང་ཅིག་མེད་པ་འདྲ། བཙན་བྱོལ་སྤྱི་ཚོགས་ན་དམངས་གཙོ་ལམ་ལུགས་དངོས་ཤིག་ཡོད་སྲིད་ནའང་དམངས་གཙོ་ལམ་ལུགས་ཀྱི་གོ་རྟོགས་ཟབ་པའི་མི་ནི་ཅི་འདྲའི་ཉུང་སྲིདའང་།

    Reply
  9. རྐང་གསུམ། says:
    ལོ་ 16 སྔོན།

    ང་ཚོའི་སྤྱི་ཚོགས་ནང་གི་དངོས་ཡོད་ཀྱི་སྐད་ཆ་ཞིག་ཚྭ་རུ་མའི་ཐམས་མཁས་ཀྱིས་བྲིས་འདུག ཡིན་ནའང་གློག་ཀླད་ཀྱི་མཛུབ་གནོན་ཡག་པོ་ཞིག་སྐུ་ཉིད་ཀྱིས་མནན་མི་འདུག་ད། གྲྭ་ཚུ་རུ་མ་ལགས་རྗེས་ཕྱོགས་རྩོམ་ཡིག་རེ་དྲ་ངོས་འདི་ན་འཇོག་སྐབས་མཛུབ་གནོན་ལ་ཡར་རྒྱས་ཤིག་གཏོང་རོགས་ཞེས་སྐུ་ཉིད་ལ་ཞུ་འདོད་བྱུང།

    Reply
  10. གཡག་རྒོད says:
    ལོ་ 16 སྔོན།

    ཐབས་མཁས་ལགས། ཉིད་ཀྱིས་ཧ་ཅང་ཡག་པོ་བྲིས་འདུག།

    ང་ཉིད་ཀྱི་ག྄ོགས་པོ་ཞིག་ཡིན། འབྲེལ་མ་བྱུང་བར་ལོ་མང་བོ་འགྲོ་སོང་། ཡིག་ཟམ་ཁ་བྱང་འདིའི་ཐོག་ལ་འབྲེལ་གནང་རོགས།
    kgyatso@yahoo.ca

    from Canada

    Reply
  11. ཨ་རིག་དགེ་མཐོང་། says:
    ལོ་ 16 སྔོན།

    ངོ་མ་བཞེངས་འདུག ཨ་ཨ་ ་་་་་་་་་་་་་་་་་ཨ་མའི་ཤ་བདེན་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese