མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་ཚེ་ཧྲིལ་བོར་ལས་དོན་འདིའི་ཐོག་ལ་ཤུགས་རྒྱག་དགོས།

བོད་ཀྱི་དུས་བབ།
༢༠༡༠/༠༨/༢༠
Share on FacebookShare on TwitterShare on EmailShare on Whatsapp
གྲྭ་སྨོན་ལམ་གྱི་ཚིག་མཛོད་འདིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆབ་སྲིད་བཅས་ལ་ཕན་ཐོགས་ཆེན་པོ་འབྱུང་ངེས་སྟབས་མུ་མཐུད་མི་ཚེ་ཧྲིལ་བོར་ལས་དོན་འདིའི་ཐོག་ཏུ་གཏོང་ཐུབ་ན། བོད་མི་རིགས་ཀྱི་མདུན་ལམ་ཐད་ཕན་ཐོགས་འབྱུང་གི་རེད་ཅེས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས།
ཕྱི་ཚེས་ ༡༩ ཉིན་གྱི་ཞོགས་པར་ངྷ་ས་བོད་ཀྱི་དཔེ་མཛོད་ཁང་དུ་སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོ་དང་། འབྱུང་འགྱུར་བཟོ་འཆར་གྱི་ཚིག་མཛོད་ཆེན་མོའི་སྐོར་གྱི་བགྲོ་གླེང་ཞིག་གནང་ཡོད། བགྲོ་གླེང་མཛད་སྒོའི་སྟེང་བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གི་གཙོས།ཐེངས་འདིར་༸གོང་ས་མཆོག་གིས་ཆེད་དུ་མངགས་པའི་དམིགས་བསལ་སྐུ་ཚབ་སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས།དེ་བཞིན་བོད་གཞུང་གི་དྲུང་ཆེ་རྣམ་པ་དང་ལས་ཁུངས་ཁག་གི་འགན་འཛིན།ངྷ་སའི་ཉེ་འཁོར་གྱི་སློབ་གྲྭ་དང་དགོན་སྡེ་ཁག་ནས་ཕེབས་པའི་ཤེས་ལྡན་པ་དང་གསར་འགོད་པ་བཅས་འདུ་འཛོམས་བྱུང་ཡོད།  ཐེངས་འདིའི་མཛད་སྒོའི་ཐོག་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ་བསྡུ་སྒྲིག་གནང་མཁན་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས།ཁོང་གིས་བོད་ནང་མི་ལོ་ ༡༧ རིང་བསྡད་པ་དང་། བཙན་བྱོལ་ནང་མི་ལོ་ ༡༧ རིང་བསྡད་སྐབས་སློབ་སྦྱོང་བྱས་པའི་གྲུབ་འབྲས་ལ་བརྟེན་ནས་ཐོག་མར་སྨོན་ལམ་ཡིག་གཟུགས་དང་པོ་དང་གཉིས་པ།གསུམ་པ་བཅས་ཀྱི་ཐོག་དཀའ་ལས་བརྒྱབས་པའི་གོ་རིམ་དང་།དེ་བཞིན་སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་དེ་ཉིད་ཕྱིའི་སྐད་ཡིག་ཐོག་ཕབ་བསྒྱུར་བྱེད་ཐུབ་པའི་ཐད་ནུས་པ་བཏོན་ཚུལ་དང་འབྲེལ། སྨོན་ལམ་ཐོན་རིམ་དང་པོའི་ནང་གི་ཐ་སྙད་བསྡུ་སྒྲིག་སྐོར་ངོ་སྦྲོད་གནང་།ཁོང་གིས་ཐེངས་འདིའི་ཚིག་མཛོད་ནང་རང་ཉིད་ཀྱིས་བསྡུ་སྒྲིག་བྱས་པའི་ཐ་སྙད་ལས་གཞན་བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་བསྡུ་སྒྲིག་བྱས་པའི་ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་དང་།བོད་ནང་གི་ཤེས་ལྡན་པ་ཁག་མཉམ་རུབ་ཐོག་བསྡུ་སྒྲིག་བྱས་པའི་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་སོགས་བསྡུས་ཏེ་བཀོལ་སྤྱོད་སྟབས་བདེ་ཞིག་བཟོས་ཡོད་ལ།ཐེངས་འདིར་ཤེས་ལྡན་པ་ཁག་ཅིག་གདན་ཞུས་ཐོག་འབྱུང་འགྱུར་བཟོ་འཆར་གྱི་ཚིག་མཛོད་དེའི་ཐོག་བགྲོ་གླེང་དང་བསམ་ཚུལ་བརྗོད་པའི་རེ་བ་ཡོད་སྐོར་བརྗོད་བྱུང་།  
ཐེངས་འདིའི་བགྲོ་གླེང་གི་ལས་རིམ་འདི་བརྒྱུད་བཀའ་ཁྲི་མཆོག་དང་སྐུ་སྒེར་དྲུང་ཆེ་རྔ་བ་ཚེ་རྒྱམ་ལགས་རྣམ་གཉིས་ཀྱིས་གྲྭ་བློ་བཟང་སྨོན་ལམ་ལགས་སུ། བོད་གཞུང་བཀའ་ཤག་དང་༸གོང་ས་མཆོག་སྐུ་སྒེེར་གྱིས་ཚབ་ཞུས་ཏེ་ཐུགས་རྗེ་ལེགས་འབུལ་གྱི་ཁ་བཏགས་བསྒྲོན་རྗེས། བཀའ་ཁྲི་ཟམ་གདོང་རིན་པོ་ཆེ་མཆོག་གིས་བཀའ་སློབ་གསུང་བཤད་གནང་དོན།  བློ་བཟང་སྨོན་ལམ་ལགས་ཀྱིས་དུས་ཡུན་རིང་པོར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ཏེ། བོད་ཀྱི་ཡིག་གཟུགས་དང་སྒྲ་གདངས་ཀྱིས་མཚོན་པའི་ལས་དོན་ཐོག་ལ་རླབས་ཆེན་གྱི་བྱས་རྗེས་བཞག་ཡོད་པ་རེད།  གྲུབ་འབྲས་དེ་བོད་མི་རིགས་ཀྱི་རིག་གཞུང་དང་ཆབ་སྲིད་ཙམ་དུ་མ་ཟད།ཕུགས་རྒྱང་རིང་པོའི་བོད་ཀྱི་གནས་སྟངས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་ཞིག་ཡིན། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་།།རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ་ཞེས་གསུངས་པ་བཞིན། གང་དུ་ཕྱིན་ཡང་སྐད་ཡིག་གི་གཞི་རྟེན་མེད་ན་རྩ་བ་ནས་འགྲིག་གི་མེད་པ་ཞིག་རེད་ལ།མི་རིགས་ཀྱི་དབྱེ་བ་དེ་སྐད་ཡིག་གི་ཐོག་ནས་དབྱེ་དགོས་པ་མ་གཏོགས་དེ་མིན་གྱི་ཐོག་ནས་དབྱེ་སྟངས་དམིགས་བསལ་ཡོད་པ་མ་རེད།བོད་རྒྱ་མི་རིགས་གཉིས་གཅིག་པ་རེད་དམ།ཡང་ན་བོད་རྒྱ་མི་རིགས་གཉིས་ཐ་དད་རེད་ཅེས་སྐད་ཆ་འདྲི་སྐབས། ཁྱད་པར་གཙོ་བོ་སྐད་དང་ཡི་གེ་རེད།  སྐད་དང་ཡི་གེ་ཐ་དད་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་སྤྱོད་པ་འཁྱེར་སྟངས་དང་བསམ་བློ་གཏོང་ཕྱོགས།མི་ཚེ་སྐྱེལ་སྟངས།གཏན་གྱི་འདུན་མ་བསྒྲུབ་སྟངས་སོགས་ཚང་མར་མི་འདྲ་བ་རེ་ཡོད་པ་རེད།སྐད་ཡིག་གི་ཐོག་བཤད་པ་ཡིན་ན་བོད་ཀྱི་སྐད་ཡིག་དེ་ལོ་རྒན་པ་མ་རེད་ལ་གཞོན་པའང་མ་རེད།བོད་ཀྱི་སྐད་དེ་སྲིད་པ་ཆགས་དུས་ནས་ཡོད་ཀྱང་བོད་ཀྱི་བརྡ་སྤྲོད་ཀྱི་རྣམ་གཞག་དེ་སྤྱི་ལོ་བརྒྱ་ཕྲག་བདུན་པའི་ནང་གཞི་ནས་མགོ་ཚུགས་ཡོད་དུས།འཛམ་གླིང་རྒྱལ་ཁབ་གཞན་པའི་བརྡ་སྤྲོད་དང་བསྡུར་ན་རྙིང་པ་གང་ཡང་མ་རེད།ལྷག་པར་དུ་རྒྱ་གར་གྱི་ཡིག་རིགས་ཁག་གི་བརྡ་སྤྲོད་རྣམ་གཞག་དང་། ནུབ་ཕྱོགས་ཀྱི་བརྡ་སྤྲོད་རྣམ་གཞག་ལ་བསྡུར་བ་ཡིན་ན་ཧ་ཅང་ལོ་ན་གཞོན་གཞོན་རེད།ཡིན་ནའང་ལོ་གཞོན་མིན་ལ་མ་ལྟོས་པར་བོད་ཀྱི་སྐད་ཡིག་དེ་ཧ་ཅང་ཕྱུག་པོ་ཞིག་རེད་ཅེས་དང་།
ཡང་བཀའ་ཁྲི་མཆོག་གིས། དེང་སང་ནུབ་ཕྱོགས་པས་བཤད་སྟངས་ལྟར་ན་བརྡ་སྤྲོད་དང་རྩོམ་རིག་ཅེས་ལབ་ཀྱིན་ཡོད་ལ།ང་ཚོས་བརྡ་སྤྲོད་དང་ཚིག་རྒྱན་ཞེས་ལབ་ཀྱི་ཡོད་པ་རེད།རྣམ་གཞག་དེ་གཉིས་ཀྱི་ཐོག་ནས་སྐད་ཡིག་དེའི་ཕྱུག་ཚད་ཆེ་ཆུང་ལ་བལྟ་དགོས་པ་རེད།ང་ཚོས་བལྟས་ཡོང་དུས་འཛམ་གླིང་ཐོག་བརྡ་སྤྲོད་ཀྱི་ཆ་དང་ཚིག་རྒྱན་གྱི་ཆ་ནས་ཕྱུག་ཤོས་དེ་ལེགས་སྦྱར་རེད་ལབ་ན་འགྲིག་པ་ཞིག་ཡིན་ལ། དེ་ང་ཚོས་འོལ་ཚོད་ཀྱིས་བཤད་པ་དེ་འདྲ་མིན་པར་ཡོངས་གྲགས་ཐོག་ཁས་ལེན་གྱིན་ཡོད་པ་རེད།དེར་བརྟེན། ཚན་རིག་པ་ཚོས་གློག་ཀླད་ནང་འཇུག་བདེ་ཤོས་དང་སྤྱོད་བདེ་ཤོས་དེ་ལེགས་སྦྱར་རེད་ཅེས་བཤད་ཀྱིན་ཡོད་ན། དེ་དང་མཉམ་དུ་ཏག་ཏག་འགྲོ་ཐུབ་མཁན་དེ་བོད་ཡིག་མ་གཏོགས་མེད་ཅེས་ལབ་ན་མ་འགྲིག་པ་མེད། བོད་ཡིག་དེར་བརྡ་སྤྲོད་དང་ཚིག་རྒྱན་གྱི་རྣམ་གཞག་གང་ཐད་ནས་ལེགས་སྦྱར་དང་མཉམ་དུ་འགྲོ་ཐུབ་ཀྱིན་ཡོད་པ་ལས་སྐད་ཡིག་གཞན་ལ་དེ་འདྲའི་ནུས་པ་མེད། ལེགས་སྦྱར་ནང་ཡོད་པའི་དོན་གཅིག་མིང་གི་རྣམ་གྲངས་དེ་སྐད་ཡིག་གཞན་པའི་ནང་ཡོང་ཐབས་མེད་ཀྱང་བོད་ཡིག་ནང་ཏག་ཏག་འགྲོ་ཐུབ་ཀྱི་ཡོད་སྟབས། བོད་ཀྱི་སྐད་ཡིག་དེ་སྐད་ཡིག་གཞན་དང་མ་འདྲ་བར་ཕྱུག་པོ་ཡིན་ཞེས་བཀའ་སློབ་གནང་བར་མ་ཟད། སྨོན་ལམ་གྱི་ཚིག་མཛོད་འདིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་།ཆབ་སྲིད་བཅས་ལ་ཕན་ཐོགས་ཆེན་པོ་ཡོད་པས།མུ་མཐུད་མི་ཚེ་ཧྲིལ་པོ་ལས་དོན་འདིའི་ཐོག་ལ་ཤུགས་རྒྱག་དགོས་པའི་འབོད་སྐུལ་ཡང་གནང་ཡོད།
  
གསར་འགོད་པ་དོན་གོ་དང་དཔལ་ལྡན་རྒྱ་མཚོ།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

སྐར་མ ༥༩ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༣ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༤ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༥ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༦ སྔོན་ལ།

མཆན། 33

  1. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ང་ཚོའི་མགོ་འཛིན་པ་ཚོས་ད་ལྟ་བར་བོད་པའི་རིག་གཞུང་ལེགས་རབས་དང་ཡག་རབས་སྲུང་སྐྱོབས་བཅས་ཁ་ཁོ་ནས་བརྗོད་པ་ལས་དེ་ཉིད་སྲུང་སྐྱོབས་ཀྱི་ཆེད་དུ་དོན་ལྡན་གྱི་ལས་ཀ་ཞིག་བརྟེན་ནས་སྒྲུབ་མྱོང་མེད།
    ཡིན་ནའང་སྐུ་ཞབས་སྨོན་ལམ་ལགས་ཁྱེད་ཀྱིས་ཁ་ཡོད་ལག་ཡོད་ཀྱི་རང་རིགས་ཀྱི་རིག་གཞུང་སྲུང་སྐྱོབས་སླད་ཞབས་འདེབས་བླ་ན་མེད་པབསྒྲུབས་པར་གུས་པ་རྩམ་གཟན་པ་ཞིག་ཡིན་པའི་ཆ་ནས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    ཁྱེད་ཀྱི་ལས་དོན་ཐ་དག་ལེགས་གྲུབ་ཡོང་བའི་སྨོན་འདུན་ཞུ།

    Reply
  2. ནད་པ says:
    ལོ་ 15 སྔོན།

    གུས་པར་བཀུར་བའི་གྲྭ་སྨོན་ལམ་ལགས་སུ་ཞུ་རྒྱུར་ཁྱེད་ཀྱིས་སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོ་ཞེས་བྱ་དང་ཡང་འབྱུང་འགྱུར་ཚིག་མཛོད་ཆེན་མོ་ཞིག་སྒྲིག་འཆར་ཡོད་པ་དེར་སྙིང་ནས་དགའ་བསུ་ཞུ་འོས་པ་ཞིག་རེད།

    ཡིན་ནའང་ཁྱེད་ཀྱི་མཁྱེན་དགོས་པ་གཅིག་ལ་ཚིག་མཛོད་ཆེན་མོ་ཞིག་སྒྲིག་དགོས་ན་དེ་ལེགས་སྒྲིག་གི་དམིགས་ཡུལ་དང་། འཆར་གཞི། རྒྱུ་ཆ། བང་རིམ། ཚད་བཀག ཡུན་ཚད། འཕྲལ་གྱི་དགོས་མཁོ། ཕུགས་གཏད་ཀྱི་ཕན་ཚད། སླད་མའི་ཚེ་་སྐྱོན་བཅས་ལ་སོགས་ཀྱིས་གནད་ལུགས་ཡོངས་རྫོགས་ལ་རགྱུས་ལོན་ཡག་པོ་ཐུབ་ཞིག་ངེས་པར་བྱེད་གལ་ཆེ་བ་ཡིན།

    ད་དུང་དགེ་མཚན་དང་ཉེས་སྐྱོན་གཉིས་ཀྱིས་འགག་འཕྲང་ཡོངས་ལ་ཐུགས་མཉམ་འཇོག་ཐུབ་པ་ཞིག་དགོས། དེ་ལྟར་བྱུང་ཚེ་ཁྱེད་ཀྱི་ལས་གཞི་དེ་ལེགས་གྲུབ་ཡོང་རྒྱུར་དོན་མི་ཟའོ།

    Reply
  3. གོང་དཀར་ངག་རྣམ། says:
    ལོ་ 15 སྔོན།

    དངོས་གནས་རེད།
    ཉིན་དེར་རྡ་སའི་དོན་སྣང་ཅན་མང་པོ་ཞིག་འཛོམས་ནས་ཚིག་མཛོད་ཀྱི་སྐོར་ལ་བགྲོ་གླེང་བྱས་སོང།
    འོན་ཏེ།
    དེའི་ཉིན་གནད་དུ་འཕིགས་པའི་སྐད་ཆ་ཤོད་མཁན་ཞེ་དྲག་བྱུང་མ་སོང།

    Reply
  4. འཇམ་གྲགས says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ། རྗེས་སུ་ཡི་རང་ཡོད།

    Reply
  5. རྟུལ་ཕོད། says:
    ལོ་ 15 སྔོན།

    སྐུ་ཞབས་བློ་བཟང་སྨོན་ལགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཙམ་མ་ཡིན་པར་སྟོད་བསྔགས་ཞུ་དགོས་ངེས་ཡིན་ཡང་།ང་རྒྱུན་དུ་སྟོད་པ་རྒྱག་རྒྱུ་ལ་གོམས་ལོབ་མེད་ཇི་ལྟར་སྟོད་དགོས་མི་ཤེས་བས་དགོངས་དག་ཞུ་རྒྱུ་ཡིན།གང་ལྟར་ཡང་ཐ་ན་ང་ཚོ་དྲ་ཐོག་འདིར་ཡོང་ནས་འཆར་གདོན་པ་ཙམ་ཡང་ཉིད་ཀྱི་བཀྲིན་ལས་བྱུང་བར་སེམས།

    Reply
  6. རྔ་བ་དགེ་འདུན་རྒྱ་མཚོ། says:
    ལོ་ 15 སྔོན།

    མཁྱེན་དཔྱོད་མཁའ་ལྟར་ཡངས་པའི་སྐུ་ཞབས་བློ་བཟང་སྨོན་ལམ་ལགས།
    སྐུ་ཉིད་ཀྱིས་ངལ་བ་ཁྱད་དུ་བསད་ནས་རང་རེའི་བོད་མི་རིགས་འདི་དེང་རབས་གསར་པའི་སྤྱི་ཚོགས་ཀྱི་རྗེས་སྙེག་ཐུབ་པར་སྐུ་ཉིད་ཀྱིས་ཕྱག་ལས་རྒྱ་མི་ཆུང་བ་ཞིག་གནང་པར་ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་དང་། རིང་མིན་འདོན་འཆར་ཡོད་པའི་སྨོན་ལམ་བོད་ཡིག་ཚིག་མཛོད་དེའང་། མགྱོགས་མྱུར་རང་རིགས་དོན་གཉེར་བ་ཚོའི་མིག་གི་དགའ་སྟོན་ལ་རོལ་ཐུབ་པའི་རེ་བའི་སྨོན་འདུན་དང་འཚམས་འདྲིའི་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  7. སྟོང་བསྐོར་ཐུབ་བསྟན། says:
    ལོ་ 15 སྔོན།

    སེར་སྨད་གྲྭ་བློ་བཟང་སྨོན་ལམ་ལགས་ནས། རེན་ཐང་བྲལ་བའི་རླབས་ཆེན་གྱི་མཛད་རྗེས་དེར་གུས་པས་སྙིང་ནས་དགའ་བསུ་ཞུ།

    Reply
  8. kunsal says:
    ལོ་ 15 སྔོན།

    སྨོན་ལམ་ལགས་སུ་ཐུགས་རྗེ་ཞུ་བ་དང་ཆབས་ཅིག་ཐུགས་བཞེད་ལྟར་འགྲུབ་པའི་སྨོན་འདུན་ཡོད། ཁོང་གི་རླབས་ཆེན་གྱི་བྱས་རྗེསའདིར་གཞུང་ངམ་མི་མང་གང་རུང་གིས་ལེགས་གསོའི་གཟེངས་རྟགས་ཤིག་འབུལ་རྒྱུ་ཤིན་ཏུ་ནས་གལ་ཆེར་བརྟེན་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་རྣམས་ནས་དགོངས་བཞེས་ཡོད་པ་ཞུ།

    Reply
  9. ཀླུ། says:
    ལོ་ 15 སྔོན།

    སྲ་གི་ཡ།
    ང་ཚོར་དགོས་པ་དེང་རབས་གྱི་ཤེས་བྱ་རེད་ལ་ང་ཚོར་མཁོ་བ་ཁོ་ལྟབུའི་མི་བཤད་ཕོད་ལ་བསྒྲུབ་ཕོད་པ་འདི་རེད། སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོ་དེ་གང་ནས་རག་ཐུབ་བམ།

    Reply
  10. སེར་ཆེན་ says:
    ལོ་ 15 སྔོན།

    ཨ་མའི་བུ་རྒོད་ལགས།ཁྱོད་ཀྱིས་རླབས་ཆེན་གྱིས་བྱ་བཞག་བསྒྲུབ་པ་ལ་སྙིང་དབུས་བཀའ་དྲིན་ཆེ་ཞུ།ཨ་ཧོ།ཁྱེད་ཉིད་དང་འདྲ་བའི་བུ་རྒོད་མང་དག་ཞིག་མུ་མཐུད་བྱུང་པ་ཡིན་ན་ཅི་མ་རུང་སྙམ།

    Reply
  11. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    གྲྭ་སྨོན་ལམ་ལགས་ལ་ཐུགས་རྗེ་ཞེས་ཁ་གཡེང་ཞིག་ལས་གཞན་ཅི་ཡང་མེད་

    བསམ་ཚུལ་ཞིག་བཤད་ན་
    བོད་ཕྱི་ནང་ཀུན་ལ་ལ་ཀློག་ཀླད་དུ་འཇུག་བདེར་གྱུར་པའི་ཡིག་གཟུགས་འགའ་ཡོད་པ་མཁྱེན་གསལ་རེད
    འོན་ཀྱང་གྲྭ་སྨོ་ལམ་ལགས་ཀྱི་ཡིག་གཟུགས་ཀློག་ཀླད་གང་དུ་ཡང་སྤྱོད་བདེ་བ་མ་ཟད་དམིགས་བསལ་ཁྱད་ཆོས་ཡོད་པ་འདི་ཡང་མངོན་གསལ་ཡིན་པ་འདི་རེད་
    དེའི་ཕྱིར་སྤྱི་སྒེར་སུ་གང་ཞིག་ཡིན་ཡང་གཅིག་གྱུར་གྱི་ཡིག་གཟུགས་འདི་སྤྱོད་ན་དགེ་མཚན་ཆེ་བར་མཐོངྲ།
    འོན་ཀྱང་བདག་གི་བསམ་ཚུལ་ཙམ་ལས་གཞན་དག་ཕན་མེད་སོགས་གང་ཡང་བཤད་ཀུན་མེད།

    Reply
  12. kelsangrabga says:
    ལོ་ 15 སྔོན།

    བཀྲ་ཤིས་བདེ་ལེགས་དང་རང་ནས་སྙིང་ཁུང་རུས་པའི་སྟིང་ནས་ཐུགས་རྗེ་ཆེ་ཞུ།།

    Reply
  13. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    སྐུ་ཞོགས་སྨོན་ལམ་ལགས།ཁམས་བཟང་།
    ཁྱེད་ཀྱིས་སྔ་ཡང་བྱས་རྗེ་བཞག་ཡོད་ལ་ད་ལྟ་ཚིག་མཛོད་དེ་ཡང་སྤྱི་ཚོགས་ནང་ཅི་མགྱོགས་སྤེལ་ཐུབ་པའི་རེ་བ་དང་།སྐུ་ཞོགས་ཁྱེད་སྐུ་ཚེ་རིང་ཞིང་བར་ཆད་མེད་པའི་སྨོན་ལམ་མ་ཟད་ངས་སེམས་གཏིང་ནས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་བཅས།

    Reply
  14. དོན་གོ says:
    ལོ་ 15 སྔོན།

    ཨ་ཁུ་སྨོན་ལམ་ལགས་ལ་སྙིང་ཁོང་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་བ་ཡིན་ལ། མ་འོངས་པར་ཡང་བཀའ་ཁྲི་མཆོག་གིས་གསུངས་བ་བཞིན་མུ་མཐུད་ལས་རིགས་འདིའི་རང་ཉིད་ཀྱི་ཡོད་ཚད་གཏོང་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད།

    Reply
  15. lyonhomme says:
    ལོ་ 15 སྔོན།

    ངས་ཨ་ཁུ་སྨོན་ལམ་གྱིས་བོད་ཀྱི་སྐད་དང་ཡི་གེ་ལ་དེང་དུས་མཚན་རིགས་ལག་རྩལ་གྱི་འདབ་གཤོག་སྒྲོན་པ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།ལས་འཆར་རྣམས་མུ་མཐུད་ནས་འགྲུབ་པར་ཡོང་བར་སྨོན་འདུན་ཤུགས་དྲག་ཞུའོ།།

    Reply
  16. འབའ་ཐང་གི་བུ། says:
    ལོ་ 15 སྔོན།

    རྗེ་བཙུན་ཀློང་མཁྱེན་རབ་འབྱམས་པའི་སེམས་ཉིད་ངལ་གསོ་ལས།
    བརྩོན་འགྲུས་ལྡན་པ་འཇིག་རྟེན་གྱིས་བསྟོད་ཅིང༌།
    བརྩོན་འགྲུས་ལྡན་པ་མི་ཡི་བསམ་པ་འགྲུབ།
    བརྩོན་འགྲུས་ལྡན་པ་ཡོན་ཏན་ཚོགས་འཕེལ་ཞིང༌།
    བརྩོན་འགྲུས་ལྡན་པ་མྱ་ངན་འདའ་བར་འགྱུར། ཞེས་ཚིག་བཟང་འདིས་མདུན་བསུས་ཏེ་དེང་རབས་འཕྲུས་ཆས་ལ་རང་འགུལ་གྱིས་བྱང་ཆུབ་ལྡན་པ་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་བརྩོན་འགྲུས་ཀྱི་ཆུ་བོ་རྒྱུན་ལྟར་བསྲིངས་པའི་ཐུགས་རྗེ་བཀའ་དྲིན་ལས་ད་ཆ་བོད་མི་རིགས་ལ་ངོམ་རིན་ཆོག་པའི་རླབས་ཆེན་གྱི་འབྲས་བཟང་སྟེར་བར་སྙིང་ནས་དགའ་བསུ་ཞུ་རྒྱུ་དང་སྦྲགས་མུ་མཐུད་ཁྱེད་ཀྱི་བོད་མི་རིགས་ལ་སྨིན་པའི་ལས་འཆར་གང་ཡོད་གེགས་མེད་མྱུར་འགྲུབ་ཡོང་བའི་སྨོན་འདུན་ཞུའོ།

    Reply
  17. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    ལེགས་སོ་ལེགས་རིགས་ཀྱི་བུ་དེ་དེ་བཞིན་ནོ།

    Reply
  18. ཉི་ཟླའི་མགྲོན་བདག says:
    ལོ་ 15 སྔོན།

    ལེགས་སོ་ལེགས་སོ་རིགས་ཀྱི་དེ་དེ་བཞིན་ནོ།

    Reply
  19. སེར་སྨད་བློ་དགའ། says:
    ལོ་ 15 སྔོན།

    རིང་ནས་འགྲོགས་ཤིང་སྙིང་ནས་བརྩེ་བའི་འཛིན་གྲོགས་བློ་བཟང་སྨོན་ལམ་ལགས། ཁྱེད་ཀྱི་རླབས་ཆེན་གྱི་མཛད་རྗེས་དེར་གུས་པས་སྙིང་ནས་དགའ་བསུ་ཞུ། བོད་ཕྱི་ནང་གཉིས་སུ་ཤིན་ཏུ་དཀོན་པའི་ཁྱེད་ཉིད་ལྟ་བུས་དེང་རབས་འཕྲུལ་ཆས་བེད་སྤྱད་དེ་བོད་ཀྱི་སྲོལ་རྒྱུན་རིག་གནས་གཡས་སྐྱོར་གཡོན་སྐྱོར་ལྟབུའི་ལས་བཟང་འདིར་དངོས་གནས་སེམས་ཤོར་གི་་་་་ མཁས་དབང་ཟམ་གདོང་རིན་པོ་ཆེས་ཐུགས་རེ་དང་རྒྱབ་སྐྱོར་གནང་སྟངས་ལ་བལྟས་ཚེ། བོད་གཞུང་གི་འཛིན་སྐྱོང་ཁག་ཏུ་ཁོ་བོས་སྔ་ཕྱིར་རེ་སྨོན་ཞུས་པ་བཞིན་སྨོན་ལམ་ཡིག་གཟུགས་བེད་སྤྱོད་གཏོང་ཐུབ་ངེས་རེད་འདུག བོད་ཀྱི་ཁ་རྒྱུན་དུ་་་་ནོར་བུའི་ནོར་ངོ་མ་ཤེས་ན།། ཤིང་ཨ་ཀ་རུ་ལ་ཁྱི་གཅིན་བྲོ།། ཟེར་བ་ལྟར་རེད་ཅེས་ངས་ག་དུས་ཀྱང་བཤད་ཀྱིན་ཡོད་་་་ཡང་རིན་པོ་ཆེའི་གསུང་ལ་ཉན་ཚེ། སྨོན་ལམ་ཡིག་གཟུགས་བེད་སྤྱོད་བྱེད་དགོས་གསུང་ན་འགྲོ་མ་མི་ཡི་ཐོབ་ཐང་འཕྲོག་གིན་འདུག་ལམ་ཉེན་ཆེ་་་་་་ཕལ་ཆེར་གཤམ་འོག་ནས་་་་་སྣང་མེད་ལྟབུའི་སྐྱུར་འཇོག་བྱས་ཡོད་ཚོད་སྣང་། མ་རུང་བའི་ལས་ངན་དེ་འདྲར་ཡིད་མུག་གི་་་་བོད་ནང་གིས་ཀྱང་ཁྱེད་ཀྱི་ཡིག་གཟུགས་ལ་དགའ་མོས་ཆེན་པོ་བྱེད་ཀྱིན་འདུག་ལ་་་་ཆེས་ཕུན་སུམ་ཚོགས་པ་ཞིག་ཡིན་མིན་མི་ཤེས་ཀྱང་་་་་རིན་པོ་ཆེས་གསུངས་པ་ལྟར་མི་ཚེ་གང་པོར་བོད་མི་རིགས་འདི་ཉིད་སེམས་ནས་མི་བོར་བར་་་་་ལས་དོན་དེ་ཕུན་སུམ་ཚོགས་པ་ནས་ཆེས་ཕུན་སུམ་ཇེ་ཚོགས་སུ་གཏོང་རོགས་གནོངས། འཛིན་གྲོགས་རང་གི་ངོས་ནས་ཀྱང་ཕན་ཐོགས་འོས་པ་ཅི་ཡོད་རུང་་་་ཐད་ཀར་བཀོད་པ་གནང་རོགས། ཁྱེད་སྐུ་ཚེ་རིང་་་་ཁྱེད་ལྟབུའི་བོད་མི་ནུས་པ་ཅན་རེ་རེ་ཐོས་ཚེ་་་་ང་ཧ་ཅང་སྐྱིད་གི་་་་་་བཀྲ་ཤིས་བདེ་ལེགས་་་་་

    Reply
  20. གནམ་ལྕགས། says:
    ལོ་ 15 སྔོན།

    བློ་བཟང་སྨོན་ལམ་ལྟ་བུའི་མི་གསུམ་བཙན་བྱོལ་ལ་ཡོད་ན། ང་ཚོར་དེ་ལས་དགོས་པ་ཞིག་མི་འདུག ཁོས་ངེས་པ་དོན་གྱི་ལས་དོན་ཞིག་བསྒྲུབ་ཀྱི་ཡོད་སྟབས། ཁོང་གི་ལས་དོན་མཐའ་དག་ལ་འདི་ལྟར་ཕན་ཐོག་གི་ཆ་དང་ལེགས་འགྲུབ་ཀྱི་ཆ་མང་བོ་ལྡན་པ་རེད། ཐུགས་རྗེ་ཆེ།

    Reply
  21. རྐང་གསུམ། says:
    ལོ་ 15 སྔོན།

    དེ་རིང་ཡང་ཧ་ཅང་དགའ་འོས་པའི་གནས་ཚུལ་འདི་གོ་དུས་སླར་ཡང་བློ་བཟང་སྨོན་ལམ་མཆོག་ལ་བཀྲ་ཤིས་བདེ་ལགས་མི་ཞུ་ཐབས་མེད་རེད། དེ་དང་མཉམ་དུ་བློ་བཟང་སྨོན་ལམ་ལགས་ལ་དྲི་བ་ཞིག་འབུལ་རྒྱུ་ཡོད། བློ་བཟང་སྨོན་ལམ་ལགས་སྨོན་ལམ་ཚིག་མཛོད་ཐོན་རུམ་དང་པོ་འདི་སྨོན་ལམ་ཡིག་གཟུགས་གསུམ་པ་ཇི་བཞིན་དྲ་ཐོག་ནས་ཕབ་ལེན་བྱེད་ཐུབ་ཀྱི་ཡོད་དམ་མེད་ལགས གུས་པ་རྐང་གསུམ་རྡ་ས་ན་མེད་སྟངས་དེ་རིང་འདི་ལྟར་དྲི་བ་ཞིག་འབུལ་དགོས་བྱུང་།

    Reply
  22. kalsang says:
    ལོ་ 15 སྔོན།

    ༄༅།།སྐུ་ཞབས་སྨོན་ལམ་ལགས་ཁྱེད་ཀྱི་བོད་མི་རིགས་ཀྱི་ཆེད་དུ་སྐུ་ངལ་འཛེམ་མེད་ཐོག་ཁ་ཡོད་ལག་ཡོད་ཀྱི་ཕན་པ་ཆེན་པོ་ཞིག་བསྒྲུབ་འདུག་པས་གུས་པས་སྙིང་དབུས་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

    Reply
  23. ནད་པ says:
    ལོ་ 15 སྔོན།

    བོད་མི་རིགས་ལ་སྙིང་ནས་ཤ་ཚ་ཞིག་ཡོད་ན་གྲྭ་སྨོན་ལམ་དང་འདྲ་བར་སོ་སོས་གང་ཐུབ་ཀྱིས་ལས་དོན་གཅིག་ལ་ཆེད་དུ་དམིགས་ནས་སྒྲུབ་ན་དེར་གྲུབ་འབྲས་གཅིག་སོན་རྒྱུ་ཡོད།

    མི་དབང་བཀའ་ཁྲི་མཆོག་གིས་གསུངས་པ་ལྟར་གྲྭ་སྨོན་ལམ་ལགས་ནས་སྐུ་ཚེ་ཧྲིལ་པོར་བོད་ཀྱི་ཕ་སྐད་དེའི་ཆེད་དུ་ཕྲལ་ཕུགས་ཀྱིས་བྱ་བཞག་རླབས་ཆེན་ཞིག་འཇོག་གནང་ཡོང་བའི་རེ་འདུན་ཞུ།

    བོད་བརྒྱུད་ནང་བསྟན་དང་། བོད་ཀྱི་སྐད་ཡིག བོད་ཀྱི་སྲོལ་རྒྱུན་རིགས་གནས། ཡ་རབས་དང་བཟང་སྤྱོད་བཅས་ནི་ང་ཚོའི་ཆེས་རྩ་ཆེའི་རིན་ཐང་བྲལ་བའི་ནོར་བུ་ཞིག་ཡིན་ལ་དུས་དང་མཐུན་པར་བྱ་གཞག་གསར་པ་གསར་གཏོད་ཀྱང་བྱེད་ཐུབ་པ་དགོས།
    ཁྱེད་ཉིད་བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་བཅས་ཐུགས་རྗེ་ཆེ།

    Reply
  24. རང་རྟོན། says:
    ལོ་ 15 སྔོན།

    རིན་ཐང་བྲལ་བའི་བྱས་རྗེས་ཅན་གྱི་ཨ་ཁུ་སྨོན་ལམ་སྐུ་ཚེ་བརྟན་པར་ཤོག

    Reply
  25. གངས་རི་བ་བློ་གཏེར་རིག་མཛོད། says:
    ལོ་ 15 སྔོན།

    དགེ་སྦྱོང་བློ་བཟང་སྨོན་ལམ་བཀྲིན་ཆེ། སྤྱོད་གོ་ཆེ་ལ་སྤྱོད་ཐབས་བདེ་བའི་སྨོན་ལམ་ཚིག་མཛོད་ལ་ང་ཚོ་རེ་སྒུག་བྱས་ནས་བསྡད་ཡོད།་

    Reply
  26. གཟུ་གནས་བློ་ལྡན། says:
    ལོ་ 15 སྔོན།

    གྲྭ་རྐྱང་སྨོན་ལམ་ལགས། ངས་ཁྱོད་ལ་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ། ཁྱོད་ཀྱིས་ཁུག་རྐྱོག་ཅིག་ནས་ཁེར་རྐྱང་ངང་ང་ཚོ་སྟེ་འཛམ་གླིང་འདིའི་སྟེང་ཡོད་པའི་མགོ་ནག་རྩམ་ཟན་དག་གི་ཆེད་རླབས་ཆེན་གྱི་བྱ་བ་མི་ཉུང་བ་ཞིག་བསྒྲུབས་སོང༌། ཁྱོད་ནི་བཙན་བྱོལ་བོད་གཞུང་ལ་འཁང་དགོས་མཁན་ཞིག་རེད་མི་འདུག་ལ། རང་རིགས་ལ་འཁོན་དགོས་མཁན་ཞིག་དེ་བས་རེད་མི་འདུག ཁྱོད་ནི་ཅི་འདྲའི་མི་རྣམ་དཔྱོད་ཅན་ཞིག་ཨང༌། ༸སྐྱབས་མགོན་ཡིད་བཞིན་ནོར་བུའི་ཐུགས་རེ་བཅོལ་སའང་ཁྱོད་འདྲ་བ་རེད་ལགས། ཤུགས་རྒྱོབ་ཤོག་ཨམ་ཕྲུག་རྒོད་པོ།

    Reply
  27. འབྲོག་རུ་ཆོས་གྲགས། says:
    ལོ་ 15 སྔོན།

    ཐུགས་རྗེ་ཆེ། ཆེས་རྨད་དུ་བྱུང་བ་ཞིག་རེད།

    Reply
  28. ཚེ་རིང། says:
    ལོ་ 15 སྔོན།

    གྲྭ་བློ་བཟང་སྨོན་ལམ་ལགས་སུ་ཐུགས་རྗེ་ཆེ་ཞུ་དང་ཆབས་ཅིག ཚང་མས་ཁོང་ལ་རྒྱབ་སྐྱོར་བྱེད་དགོས། གཙོ་བོ་ཁོང་གིས་བཟོས་པའི་ལེགས་སྐྱེས་འདི་དག་བེད་སྤྱོད་དང། ཁྱབ་བསྒྲགས་ལ་ཤུགས་སྣོན་དགོས་པ་ནི་གཙོ་བོ་རེད། དེ་ལྟར་བྱས་ན། བོད་མི་རིགས་ལ་ཕན་ཐོགས་དང། བློ་བཟང་སྨོན་ལམ་ལགས་སུ་རྒྱབ་སྐྱོར་བླ་ན་མེད་པར་འགྱུར་ངེས།

    Reply
  29. གངས་ཆུ says:
    ལོ་ 15 སྔོན།

    ༄༅།། དེང་གི་སྐབས་འདིར་ང་ཚོ་བོད་ཀྱི་ཡི་གེ་རྒྱལ་སྤྱིའི་ཡི་གེ་གཞན་དང་འདྲ་མཚུངས་སུ་ཀློག་འཕྲིན་གྱི་ལམ་དུ་བསྐྱོད་ཐུབ་པ་འདི་ཡང་། རང་རིགས་ལ་དུང་བ་ཟབ་པའི་ལྷག་བསམ་ཅན་ཨ་ཁུ་སྨོན་ལམ་ལགས་དང་ཁོང་ལྟ་བུའི་ཤེས་འཇོན་ཅན་དག་གི་སྙིང་སྟོབས་ལས་བྱུང་བ་ཞིག་ཡིན། ངས་དེ་རིང་གོ་སྐབས་འདི་རྒྱུད་ནས་ཁོང་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།།

    Reply
  30. ཕུན་ཚོགས ། says:
    ལོ་ 15 སྔོན།

    ད་དུང་བསམ་ཚུལ་བཤད་རྒྱུ་ཡོད་པ་ཞིག་ནི།གསར་འགྱུར་འདིའི་ཁ་བྱང་ལ་ཐད་གར་༼སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོའི་བགྲོ་གླེང་ཚོགས་འདུ།༽ཞེས་བཏགས་ན་སྐུ་ཞབས་སྨོན་ལམ་ལགས་ཀྱི་བྱ་བཞག་ལ་ཐུགས་ཁུར་ནན་བཤད་བྱས་པའི་བཟོ་འདྲ་ཞིག་མཐོང་གི་འདུག་ལ།གསར་འགྱུར་འདིའི་ནང་དོན་གནད་དུ་བསྡུས་པའི་ཤོག་སྣེ་ཞིག་ཀྱང་མཐོང་གི་འདུག་་འདི་ནི་སྐབས་ཐོག་གི་ཚོར་བ་དྲང་བཤད་བྱས་པ་ཞིག་་་
    མ་གཞི་གསར་འགྱུར་གྱི་མིང་འགོད་སྟངས་ནི་གློག་པ་པོ་སླུ་འགུག་བྱེད་སྤྱད་ཀྱི་བྱེད་ཐབས་རྣོན་པོ་དེ་ཡིན་ལ།ཁ་བྱང་ཙམ་གྱིས་བརྗོད་གཞི་ཡོངས་རྫོགས་བསྡུས་གཟུགས་གཅིག་གི་ངོ་བོར་མཚོན་ཐབས་བྱེད་པའི་གལ་གནད་ཀྱི་ས་ཚིགས་ཤིག་ཀྱང་ཡིན།

    Reply
  31. ནད་པ says:
    ལོ་ 15 སྔོན།

    བོད་མི་རིགས་ཟེར་བ་དེར་སྙིང་ནས་ཤ་ཚ་ཞིག་ཡོད་ན་སྐུ་ཞབས་སྨོན་ལམ་ལྟ་བུར་སོ་སོས་བྱ་གཞག་གང་ཞིག་སྒྲུབ་མིན་ལ་གཞིགས་ཏེ་བོད་ཀྱི་ཆོས་དང་། ཆབ་སྲིད། སྐད་ཡིག རིག་གཞུང་། སྒྱུ་རྩལ་སོགས་ལ་ཕྲལ་ཕུགས་གཉིས་ལ་སྨིན་པའི་བྱ་གཞག་བསྒྲུབ་ཐུབ་པ་བྱེད་དགོས།

    དཔལ་ལྡན་༸ མི་དབང་བཀའ་ཁྲིས་གསུང་པ་ལྟར་བོད་ཀྱི་སྐད་ཡིག་འདིར་ང་ཚོས་གཅེས་སྤྲད་བྱེད་དགོས་ལ་ང་ཚོའི་མི་རིགས་ཀྱི་སྤོབས་པ་སྐྱེ་གཞི་ཆེ་ཤོས་ཡང་དེ་ཉིད་ཡིན།

    དེར་བརྟེན་བྱ་གཞག་གསར་པ་ཁག་གཅིག་གསར་གཏོད་བྱེད་རྒྱུར་འབད་དགོས་ལ་
    ལར་ནས་བོད་བརྒྱུད་ནང་བསྟན་དང་། བོད་ཀྱི་ལེགས་བྱང་། བོད་མིའི་ཡ་རབས་དང་བཟང་སྤྱོད་སོགས་ནི་མིཉམས་རྒྱུན་འཛིན་བྱེད་དགོས། དེ་དག་ནི་བོད་མི་རིགས་ཀྱི་གཞི་རྩ་དང་མཛེས་རྒྱན་ངོ་མ་ཡིན་སྟབས་ང་ཚོས་འཛམ་གླིང་མི་དམངས་ལའང་ཞབས་འདེབས་དང་ལེགས་སྐྱེས་ཤིག་འབུལ་ཐུབ་ངེས་ཡིན།

    གུས་བརྩི་ལྡན་པའི་གྲྭ་སྨོན་ལམ་མཆོག་ནས་སྐུ་ཚེ་ཧྲིལ་པོར་བོད་ཀྱི་སྐད་ཡིག་ཐད་ལ་ཞབས་འདེབས་མུ་མཐུད་ཞུ་ཐུབ་པའི་སྨོན་འདུན་ཞུ།
    ཐུགས་རྗེ་ཆེ།

    Reply
  32. ཕུན་ཚོགས ། says:
    ལོ་ 15 སྔོན།

    གསར་འགོད་པས་འདིའི་ཐད་གྲྭ་བློ་བཟང་སྨོན་ལམ་ལགས་སུ་བཅར་འདྲི་དང་ཁོང་གི་རེ་འདུན་དང་དགོངས་ཚུལ་ལ་རམ་འདེགས་ཅུང་བྱ་ཐུབ་ན་ཡག་པོ་འདུག་་སྤྱིར་ཁ་སང་གི་ཚོགས་འདུ་དེ་ནི་ཁོང་གི་བཟོ་འཆར་གྱི་ཚིག་མཛོད་ཆེན་མོའི་ཕྱོགས་ལ་བཀའ་བསྡུར་ལྷུག་རྒྱས་ཡོང་བའི་ཆེད་དུ་ཡིན་མོད།བཀའ་ཁྲི་མཆོག་དང་ཤེས་རབ་དར་རྒྱས་གཉིས་ལས་ཁོང་གི་དགོངས་ཚུལ་ལ་བབ་པའི་བསམ་ཚུལ་འབུལ་མ་ཐུབ་པ་ནི་ང་ལ་མཚོན་ན་བློ་ཕམ་ཆེན་པོ་ཞིག་ཡིན།
    ཁ་སང་གི་ཚོགས་འདུ་དེ་ནི་བོད་ཀྱི་དཔེ་མཛོད་ཁང་གིས་རོགས་རམ་མཐུན་འགྱུར་གང་ལེགས་གནང་འདུག་པ་ནི་ཅུང་དགའ་འོས་པའི་ལས་སུ་ཆེ་ཡང་།མཁས་དབང་དང་དགེག་བཤེས་སོགས་ཀྱི་མིང་ཆས་རྐྱང་བ་ལས་གོ་བ་དང་གནས་བབ་ལ་དཔྱོད་མི་ཚུགས་པའི་སྐྱ་སེར་འགའ་རེས།ཧམ་བཤད་དང་ཨུ་ཚུགས་ཀྱི་མགོ་བོ་མཐོ་རུ་གཡུག་པ་དང་།སྒམ་ཚུགས་ཀྱི་འགྱིང་སྟབས་ཤུགས་ཀྱིས་ངོམ་ཡོང་བ་ནི་དགོད་འཆོར་ཞིང་ངུ་བྲོ་བའི་གནས་ཚུལ་ངོ་མ་དེ་ཡིན།

    དེ་བས་ཁ་སང་གི་བགྲོ་གླེང་དེ་ལ་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱི་རྒྱ་ཆེ་བའི་ཐུགས་དགོངས་ལ་བབ་པའི་བགྲོ་གླེང་ཞིག་ཏུ་མ་གྱུར་བར་མཁས་མདོགས་སྟོན་མཁན་ཚོས་ས་མཆིངས་གནམ་མཆིངས་ཀྱི་སྐད་ཆ་རིན་ཐང་མེད་པ་དག་བཤད་ས་ཞིག་ཏུ་གྱུར་སོང་བ་ནི།ང་ལ་མཚོན་ན་བློ་བཟང་སྨོན་ལམ་ལགས་སུ་དགོངས་དག་ཞུ་དགོས་པ་ཞིག་ཏུ་གྱུར་ཡོད།

    Reply
  33. རྒྱལ་ཐང་ཡོན་ཏན says:
    ལོ་ 15 སྔོན།

    Good

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese