མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤ་དང་རུས་པའི་གསེང་ནས་ཀི་ཞིག་འདེབས།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༨/༢༡
Share on FacebookShare on TwitterShare on EmailShare on Whatsapp

མིའི་ཡུལ་ཁམས་ཤིག་ག་དུས་ནས་ཆགས་པ་རེད། སྐབས་དེར་མི་སྐད་གང་འདྲ་ཞིག་བཤད་ཀྱི་ཡོད་པ་རེད། མི་སྐད་བཤད་ཤེས་པའི་མི་སྡེ་དང་བོ་དེ་ནི་གང་ནས་བྱུང་བ་རེད་དམ། མི་སྡེ་དེ་ཡི་ཡི་གེ་གང་ཡིན་ནམ། གང་ལྟར། དེ་ལྟར་མི་ཡུལ་ནས་མི་སྐད་བཤད་འགོ་བཙུགས་པ་རེད།

དེ་ནས་བཟུང་མི་རིགས་ཤིག་བྱུང་བ་རེད། མི་རིགས་དེ་ལ་ཡང་སྐད་ཡིག་བྱུང་བར་ཀུན་གྱིས་དེང་སང་ཁས་ལེན་གྱི་ཡོད་ལ། མི་རིགས་རེ་ལ་རང་ཉིད་ཀྱི་མི་རིགས་དེ་ཡི་ལོ་ངོ་སྟོང་ཕྲག་ཁ་ཤས་ཀྱི་ལོ་རྒྱུས་ལྡན་པར་ཡིད་ཆེས་བྱེད་ལ། ལོ་རྒྱུས་དེ་ཡང་གཟི་བརྗིད་ལྡན་པ་དང་དོན་སྙིང་ཡོད་པ་ཤ་སྟག་དུ་གླེང་གི་ཡོད་ལ། གླེང་སྲོལ་དེ་ཡང་མི་རིགས་སོ་སོ་ནས་དེ་ནི་བདེན་པ་ཞིག་དུ་བརྩི་ལ། དེ་ལ་བཀུར་བསྟུ་བླ་མེད་བྱེད་ཀྱི་ཡོད།

ལོ་དུས་ནམ་ཞིག་དུ་མི་རིགས་སུ་ཞིག་འཛམ་གླིང་འདིའི་བདག་པོ་ངོ་མར་གྱུར་བ་ད་ལྟའི་བར་དུ་རྒྱལ་ཁབ་སུ་ལ་ཡང་བཤད་རྒྱུ་མེད་པ་ཡིན་ལ། ཡོད་དུ་གླེང་མཁན་ཡང་ད་ལྟའི་བར་དུ་སུ་ཡང་བྱུང་མེད་ཚོད་དུ་ཡིན། འོན་ཀྱང་། མི་རིགས་རེ་རེ་ནས་རང་ཉིད་ལ་ཡོད་པའི་བདེན་པ་གཅིག་ཡོད་པ་དེ་ནི་རང་མི་རིགས་ཀྱི་ལོ་རྒྱུས་ལ་ཁུངས་གཏུགས་བྱེད་པ་དེ་ཡིན། དེས་ན་ང་ཚོ་བོད་པ་རེད། དེ་རིང་བོད་ཡིག་འབྲི་མཁན་གྱི་བོད་པ་རེད། དེ་རིང་བོད་སྐད་བཤད་མཁན་གྱི་བོད་པ་རེད། དེ་རིང་རྒྱལ་ཁབ་མེད་པའི་བོད་པ་རེད། ཡིན་ཡང་། ང་ཚོ་ལ་ཁུངས་ལྡན་གྱི་ལོ་རྒྱུས་ཡོད་དམ། ང་ཚོ་ལ་ལོ་ངོ་སྟོང་ཕྲག་གི་གཟི་བརྗིད་ལྡན་པའི་སྐད་དང་ཡི་གེ་ཡོད་དམ།

འདི་ལྟར་བསམ་བློ་བཏང་དེ་འོང་དུས། ང་ཚོ་ཡང་འཛམ་གླིང་འདིའི་སྒང་གི་མི་རིགས་ཤིག་ཆགས་ཡོད་ལ། བོད་ཀྱི་སྐད་དང་ཡི་གེ་ཟེར་ནས་ལོག་སུ་སྟོན་རྒྱུ་ཡོད་ལ། བོད་ཀྱི་སྲོལ་རྒྱུན་གོམས་གཤིས་ཟེར་ནས་ཐུན་མོང་རང་བཞིན་གྱི་བག་ཆགས་དང་འབྱར་ནས་འོང་བའི་མི་རིགས་ཤིག་གིི་སྲོལ་རྒྱུན་མི་ཉུང་བ་ཞིག་ད་དུང་ཡང་གསོན་པར་གནས་ཙམ་ཡོད། དེ་དག་ལ་བདག་པོ་རྒྱགས་མཁན་ཡང་མི་རིགས་རང་ཉིད་ཡིན་དགོས་པ་དང་། དེ་དག་ལ་བདག་པོར་རྒྱགས་པར་ཡང་མི་རིགས་རང་ཉིད་ལ་འགན་འཁུར་ཡོད་པ་དང་དེ་དག་གི་བདག་དབང་རྩོད་ལེན་བྱེད་པར་མི་རིགས་རང་ཉིད་ལས་མི་རིགས་གཞན་སུ་ལ་ཡང་འགན་འཁུར་མེད་པ་ཀུན་གྱིས་ཤེས་གསལ་རེད་ལ། མི་རིགས་གཞན་དག་གིས་ཀྱང་དེ་ལྟར་ཁས་ལེན་བྱེད་ཀྱི་ཡོད་ལ། དེ་ལྟར་རྩོད་ལེན་ཡང་རང་གི་ཤ་ཁྲག་རུས་གསུམ་གྱིས་འགྲོ་སོང་བཏང་ནས་བྱེད་ཀྱི་ཡོད།

དེ་རིང་གི་ང་ཚོ་སྟེ། མི་རིགས་ཤིག་ཡིན་པ་ནི་ཀུན་ལ་བཤད་མི་དགོས་པར་ཇེ་གསལ་དུ་འགྲོ་བཞིན་ཡོད་ལ། ཆབ་བསྒྲགས་བྱེད་རྒྱུའི་དུས་ཚོད་ཀྱང་གཡོལ་ཟིན་པ་ཡིན། ད་ནི་རང་གིས་རང་ལ་བལྟས་དེ་ང་བོད་མི་ཡིན། ངས་རང་དོན་བྱེད་དགོས། ང་རང་བོད་དུ་སྐྱེ་བའི་དུས་རབསཉེར་གཅིག་པའི་ནང་གི་བོད་མི་ཞིག་ཡིན། ངས་རང་གི་མི་རིགས་ཀྱི་ཤ་ཁྲག་རུས་གསུམ་ལ་བདག་པོ་རྒྱགས་དགོས། བོད་མི་རིགས་ཀྱི་འཆི་གསོན་ནི་ང་རང་གི་བླ་སྲོག་དང་འདྲེས་ནས་ཡོད། ང་ནི་ལས་དབང་གི་བོད་དུ་སྐྱེ་བ་དང་རྒྱུ་འབྲས་ཀྱིས་ངས་བོད་ལ་ཞབས་འདེགས་ཞུ་དགོས།

ངས་དེ་རིང་བོད་སྐད་བཤད། ངས་དེ་རིང་ནས་བོད་ཡིག་འབྲི། ངས་དེ་རིང་བོད་རིགས་གང་ན་སུ་ཡོད་པ་དག་ལ་སྤུན་ཟླའི་འདུ་ཤེས་མ་བརླག་པར་མཐུན་སྒྲིལ་བྱེད་པ་དང་སྐྱིད་སྡུག་མཉམ་མྱོང་གི་བགྲོ་གླེང་དང་། སྐྱིད་སྡུག་མཉམ་གནས་ཀྱི་ལག་ལེན་ལ་འབད། རང་གི་བུ་ཕྲུག་དང་ཆང་མ། རང་གི་ཕ་མ་དག་ལ་ཡང་ང་ཚོ་བོད་མི་ཡིན་པ་དང་བོད་སེམས་ཡོད་པ་ཁ་ནས་གླེང་བ་ལས་ཀྱང་ལག་ལེན་དུ་འཁེལ་བར་ཆེ་མ་ཆུང་གསུམ་ནས་འབད་བརྩོན་བྱེད་པར་སྐུལ་སློང་བྱེད། ཆབ་བསྒྲགས་བྱེད། བསྒྲགས་ཡིག་སྤྱོར། ཤ་དང་རུས་པའི་གསེང་ནས་ཀི་ཞིག་འདེབས། རང་ཉིད་བོད་པ་ཡིན་པའི་ཀི་ཞིག་འདེབས། རང་དོན་རང་གིས་བྱེད་པའི་ཀུ་ཞིག་འདེབས། རེ་བ་རང་ལ་བྱེད་པའི་ཀི་ཞིག་འདེབས། མགོ་སྐམ་ས་ལ་མ་བཞག་བར་དུ་བོད་མི་ཡིན་པའི་ཀི་ཞིག་འདེབས། བོད་མི་ཡོངས་ཀྱིས་གོ་བའི་ཀི་ཞིག་འདེབས། བོད་ཀྱི་ས་དང་གནམ་གྱི་གོ་བའི་ཀི་ཞིག་འདེབས། བོད་ཀྱི་རི་ཆུ་ནགས་གསུམ་གྱི་གོ་བའི་ཀི་ཞིག་འདེབས། བོད་ཀྱི་གངས་རི་དང་བྲག་རི། རྫ་རི་ཡོད་ཚད་ཀྱིས་གོ་བའི་ཀི་ཞིག་འདེབས། རྨོངས་མུན་གཉིད་ལས་སངས་པའི་ཀུ་ཞིག་འདེབས། ཉི་ཟླ་སྐར་གསུམ་གྱིས་གོ་བའི་ཀི་ཞིག་འདེབས། འཛམ་གླིང་སྐྱེ་འགྲོ་གཞན་གྱིས་བོད་མི་གོ་བའི་ཀི་ཞིག་འདེབས། བོད་དོན་བོད་མིས་འཇོན་པའི་ཀི་ཞིག་འདེབས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 11

  1. tsekyis says:
    ལོ་ 16 སྔོན།

    གཅེན་པོ་ངའི་གློག་ཀླད་འདི་ཡག་པོ་མེད་ཙང་རིག་པ་ཡར་འགྲོ་མི་འགྲོའི་སྐབས་ཐེངས་མ་གསུམ་ཙམ་ཞུས་པར་ཐལ་འདུག་པས་དགོངས་འགལ་མེད་པར་འཚལ།

    Reply
  2. sheld_ma says:
    ལོ་ 16 སྔོན།

    མྱི་ནན་པ་ཟ་ལེ་རྒྱལ་ཁྱི་ཕྲུག་ཉོན།
    ཁྱི་ཚོགས་ཁྱོད་ཚོས་དོན་མེད་དུ་ངེད་མགོ་ལོག་སྤྱི་དང་ཁྱད་པར་མི་སྣ་གྲགས་ཆེན་དག་ལ་དམའ་འབབ་མཐོང་ཆུང་བྱེད་དོན་གང་ཡིན།
    གླིང་འདན་བཟའི་ཡང་སྤྲུལ་མ་དེ།ད་ལྟ་མགོ་ལོག་ལ་གདན་འདྲེན་བྱས་ནས་སྡེ་ཚོགས་མང་པོའི་ངོས་ལེན་བྱེད་ཀྱིན་ཡོད།ཁྱི་ཕྲུག་ཁྱོད་ཚོ་མ་དགའ་ན་སྐྱག་པ་ཟོ།དྲ་གྲོགས་གཞན་ཚོས་གཟིགས་དང་།ང་ཚོ་རང་བསྡད་ལ།ཁོ་ཚོས་དོན་
    དག་ཁབ་ཙམ་མེད་པར།ཁོ་རང་གི་ཟིན་བྲིས་སྟེང་ལ་ཁ་བྱང་གསུམ་བསམ་
    བཙུགས་ནས་བཟོས་ཏེ་དམའ་འབབ་ག་ཚད་བྱས་འདུག ཐ་ན་འདན་
    བཟའ་ལ་འདན་མ་ཞེས་ཕོ་མིང་བཏག ཕོ་གི་ཕོ་ལ་བཟའ་བསྒྲིག་
    བྱས་འདུག་ཟེར།སྐར་ཁྲིས་༼ གང་ན་འདན་བཟའ་ལ་འདན་མ ་ཟེར་འདུག ༽
    ཅེས་དྲིས་དུས་ཁོས༼ འདི་ན་ཟེར་འདུག ༽ཅེས་དྲ་ཚིགས་ཤིག་བཀོད་ནས།
    འདན་བཟའ་འདན་མ་ ཁ་བསྒྱུར་གྱིས།མངོན་གསུམ་སྙོན་དོར།
    བཀལ་ལོག་གླེང་འདེབ་བྱས།དགྲ་ཡ་མེད་ཡིན་ཨེ་བསམ།
    ང་ཚོ་མགོ་ལོག་པ་རྒྱ་དམར་པོ་མ་གཏོག་སུའི་ལག་ནས་ཀྱང་ཕམ་མ་མྱོང་།
    ད་སྔོན་ལས་ཡིན།བོད་སྤྱི་དང་མདོ་སྨད་ཀྱི་འགྲིག་མཐུན་བསམ་ཏེ།
    ད་བར་དུ་བཟོད་བསྲན་བྱས་ནས་རྩོམ་ངན་ཕྱིར་བསུབ་ལ་རེ་བ་
    བརྒྱབ་པ་ཡིན།ཤེས་མེད་ཁྱི་ཕྲུག་གཉའ་ལྡག་འདི་ལ་བསམ་ཤེས་རྒྱུ་མེད་སོང་།
    ད་མགོ་ལོག་པ་མང་པོས་མནའ་བསྐྱལ་ནས་ཐག་བཅད་ཚར།དཔའ་དང་
    དཔུང་མཐུ་དང་གཉན་མདོར་ན་ཁྱི་ཕྲུག་ཁོ་ཚོ་ལས་སླ་བོར་སྐྱིད་པོ་བདེ་མོ་
    ལ་འཇོག་ན་མྱི་རང་མྱི་རྒྱུད་སྟོས་ཨ།ཟ་ལེ་གཉའ་ལྡག་དང་རིན་མིང་།གེ་མིང་བ།རྟ་མིང་སོགས་ལས་གཞན་ལ་ཟེར་བ་མིན། དྲ་གྲོགས་ཚོ་གཟུ་གནས་ངང་
    གཟིགས་དང་།ང་ཚོ་ལ་ཁག་ཨེ་འདུག

    Reply
  3. tsekyis says:
    ལོ་ 16 སྔོན།

    ཀི་ཧི་ཧི་ཧི། བོད་ཁམས་རྒྱལ་བའི་ཀི་ཞིག་འདེབས།།
    དགྲ་ཁམས་འཇོམས་པའི་ཀི་ཞིག་འདེབས།།
    འཛམ་གླིང་གཡོ་བའི་ཀི་ཞིག་འདེབས།།
    ཚང་མས་ཤེས་པའི་ཀི་ཞིག་འདེབས།།
    ཁྱེད་ཀྱི་རོགས་སུ་ཀི་ཞིག་འདེབས།།

    བོད་ཁམས་རྒྱལ་བའི་བཟང་ཀི་དེ།།
    གདོད་མའི་མི་ཡི་འབྱུང་ཁུངས་དང་།།
    ཕྲེང་བ་ལྟར་རྒྱུས་རྒྱལ་རབ་གཉིས།།
    ཟུང་འབྲེལ་ངང་ནས་འདེབས་ན་སྙན།།

    དགྲ་ཁམས་འཇོམས་པའི་དཔའ་ཀི་དེ།།
    གནའ་རབ་རིགས་པའི་ཉམས་མྱོང་དང་།།
    དེང་དུས་ཤེས་བྱའི་གནས་ལུགས་གཉིས།།
    ཟུང་དུ་སྡེབས་སྟེ་འདེབས་ན་དཔའ།།

    འཛམ་གླིང་གཡོ་བའི་ཀི་སྒྲ་དེ།།
    དངོས་ཡོད་བདེན་པའི་ལོ་རྒྱུས་དང་།།
    དེང་ལུགས་རྒྱ་ཆེའི་འཁྱབས་བསྒྲགས་གཉིས།།
    གཡོ་ལྷད་སྤངས་ནས་འདེབས་ན་བཟང་།།

    ཚང་མས་ཤེས་པའི་ཀི་ཆེན་དེ།།
    སྲོག་དང་བྲལ་བའི་བེམ་རོ་དང་།།
    བརྡུང་བརྡེག་བཅོམ་གསུམ་འདྲ་པར་རྣམས།།
    བརྙན་རིས་ལམ་ནས་བསྟོན་ན་བཟང་།།

    ཁྱེད་ཀྱི་རོགས་སུ་ཀི་འདེབས་དེ།།
    ས་ཡ་དྲུག་གི་བོད་མི་ཡིས།།
    རང་གིས་མངོན་འདོད་རང་བཙན་ལམ།།
    ཞི་དྲག་གཉིས་འདེབས་ན་བཟང་།།

    ཤ་ཁྲག་ཁྱེད་ཀྱི་ཀི་ཆེན་དེས་གཅེན་པོའི་ཏིང་འཛིན་དཀྲོགས་སོང་། ཧ་ཧ་ཧ་ཧ་ཧ།

    Reply
  4. tsekyis says:
    ལོ་ 16 སྔོན།

    ཀི་ཧི་ཧི་ཧི། བོད་ཁམས་རྒྱལ་བའི་ཀི་ཞིག་འདེབས།།
    དགྲ་ཁམས་འཇོམས་པའི་ཀི་ཞིག་འདེབས།།
    འཛམ་གླིང་གཡོ་བའི་ཀི་ཞིག་འདེབས།།
    ཚང་མས་ཤེས་པའི་ཀི་ཞིག་འདེབས།།
    ཁྱེད་ཀྱི་རོགས་སུ་ཀི་ཞིག་འདེབས།།

    བོད་ཁམས་རྒྱལ་བའི་བཟང་ཀི་དེ།།
    གདོད་མའི་མི་ཡི་འབྱུང་ཁུངས་དང་།།
    ཕྲེང་བ་ལྟར་རྒྱུས་རྒྱལ་རབ་གཉིས།།
    ཟུང་འབྲེལ་ངང་ནས་འདེབས་ན་སྙན།།

    དགྲ་ཁམས་འཇོམས་པའི་དཔའ་ཀི་དེ།།
    གནའ་རབ་རིགས་པའི་ཉམས་མྱོང་དང་།།
    དེང་དུས་ཤེས་བྱའི་གནས་ལུགས་གཉིས།།
    ཟུང་དུ་སྡེབས་སྟེ་འདེབས་ན་དཔའ།།

    འཛམ་གླིང་གཡོ་བའི་ཀི་སྒྲ་དེ།།
    དངོས་ཡོད་བདེན་པའི་ལོ་རྒྱུས་དང་།།
    དེང་ལུགས་རྒྱ་ཆེའི་འཁྱབས་བསྒྲགས་གཉིས།།
    གཡོ་ལྷད་སྤངས་ནས་འདེབས་ན་བཟང་།།

    ཚང་མས་ཤེས་པའི་ཀི་ཆེན་དེ།།
    སྲོག་དང་བྲལ་བའི་བེམ་རོ་དང་།།
    བརྡུང་བརྡེག་བཅོམ་གསུམ་འདྲ་པར་རྣམས།།
    བརྙན་རིས་ལམ་ནས་བསྟོན་ན་བཟང་།།

    ཁྱེད་ཀྱི་རོགས་སུ་ཀི་འདེབས་དེ།།
    ས་ཡ་དྲུག་གི་བོད་མི་ཡིས།།
    རང་གིས་མངོན་འདོད་རང་བཙན་ལམ།།
    ཞི་དྲག་གཉིས་འདེབས་ན་བཟང་།།

    ཤ་ཁྲག་ཁྱེད་ཀྱི་ཀི་ཆེན་དེས་གཅེན་པོའི་ཏིང་འཛིན་དཀྲོགས་སོང་། ཧ་ཧ་ཧ་ཧ་ཧ།

    Reply
  5. tsekyis says:
    ལོ་ 16 སྔོན།

    ཀི་ཧི་ཧི་ཧི། བོད་ཁམས་རྒྱལ་བའི་ཀི་ཞིག་འདེབས།།
    དགྲ་ཁམས་འཇོམས་པའི་ཀི་ཞིག་འདེབས།།
    འཛམ་གླིང་གཡོ་བའི་ཀི་ཞིག་འདེབས།།
    ཚང་མས་ཤེས་པའི་ཀི་ཞིག་འདེབས།།
    ཁྱེད་ཀྱི་རོགས་སུ་ཀི་ཞིག་འདེབས།།

    བོད་ཁམས་རྒྱལ་བའི་བཟང་ཀི་དེ།།
    གདོད་མའི་མི་ཡི་འབྱུང་ཁུངས་དང་།།
    ཕྲེང་བ་ལྟར་རྒྱུས་རྒྱལ་རབ་གཉིས།།
    ཟུང་འབྲེལ་ངང་ནས་འདེབས་ན་སྙན།།

    དགྲ་ཁམས་འཇོམས་པའི་དཔའ་ཀི་དེ།།
    གནའ་རབ་རིགས་པའི་ཉམས་མྱོང་དང་།།
    དེང་དུས་ཤེས་བྱའི་གནས་ལུགས་གཉིས།།
    ཟུང་དུ་སྡེབས་སྟེ་འདེབས་ན་དཔའ།།

    འཛམ་གླིང་གཡོ་བའི་ཀི་སྒྲ་དེ།།
    དངོས་ཡོད་བདེན་པའི་ལོ་རྒྱུས་དང་།།
    དེང་ལུགས་རྒྱ་ཆེའི་འཁྱབས་བསྒྲགས་གཉིས།།
    གཡོ་ལྷད་སྤངས་ནས་འདེབས་ན་བཟང་།།

    ཚང་མས་ཤེས་པའི་ཀི་ཆེན་དེ།།
    སྲོག་དང་བྲལ་བའི་བེམ་རོ་དང་།།
    བརྡུང་བརྡེག་བཅོམ་གསུམ་འདྲ་པར་རྣམས།།
    བརྙན་རིས་ལམ་ནས་བསྟོན་ན་བཟང་།།

    ཁྱེད་ཀྱི་རོགས་སུ་ཀི་འདེབས་དེ།།
    ས་ཡ་དྲུག་གི་བོད་མི་ཡིས།།
    རང་གིས་མངོན་འདོད་རང་བཙན་ལམ།།
    ཞི་དྲག་གཉིས་འདེབས་ན་བཟང་།།

    ཤ་ཁྲག་ཁྱེད་ཀྱི་ཀི་ཆེན་དེས་གཅེན་པོའི་ཏིང་འཛིན་དཀྲོགས་སོང་། ཧ་ཧ་ཧ་ཧ་ཧ།

    Reply
  6. sha tak ri sim says:
    ལོ་ 16 སྔོན།

    སྐལ་བཟང་རབ་རྒྱས་ལགས། ཕེབས་པ་བཀའ་དྲིན་ཆེ་ལགས། འུ་ཅག་ཚང་མའི་ལས་དབང་གཅིག་རེད། འུ་ཅག་ཚང་མའི་འགན་གཅིག་རེད། འབད་པ་བྱེད།

    Reply
  7. kelsang9 says:
    ལོ་ 16 སྔོན།

    དྲ་གྲོགས་ཁྱོད་ཀྱི་མི་རིགས་འདི་ལ་སྡུག་སེམས་མཉམ་སྐྱེ་བྱ་བ་བཀྲ་ཤིས་བདེ་ལེགས་ཞུ།།

    Reply
  8. sha tak ri sim says:
    ལོ་ 16 སྔོན།

    ཉི་ཟླའི་མགྲོན་བདག་ལགས། ཉིད་ནས་དེ་ལྟར་གདེང་འཇོག་གནང་བ་དེར་བཀའ་དྲིན་ཆེ་ལགས། འུ་ཅག་ཏན་ཏན་་རང་ངོ་ཤེས་རྒྱུར་འགོར་མེད་པ་སྔ་མེད་པའི་ཚོད་དུ་ཆགས་ཡོད་དུས་ངས་ཀྱང་འདི་ལྟར་ཀི་ཞིག་བཏབས་པ་ཡིན་ལ། སྤུན་ཟླ་ཁྱེད་ཅག་གིས་ཀྱང་ཀི་རེ་འདེབས་རྒྱུར་རེ་བ་ཡོད།

    རྟུལ་ཕོད་ལགས། ཉིད་ནས་དེ་ལྟར་གསུངས་པ་དེར་ངས་ཞེ་དྲགས་བརྩད་གཅོད་བྱེད་ཀྱི་མེད་ལགས། བདག་གིས་དུས་རབས་ཉེར་གཅིག་པའི་འུ་ཅག་གི་བོད་མི་ལས་དབང་གི་སྐོར་ལ་ཀི་རེ་འདེབས་ཀྱི་ཡོད། ཉིད་ཀྱིས་འདེབས་རྒྱུར་རེ་སྐུལ་ཞུ།

    སྤུན་ཟླ་དབྱིན་མིང་ཅན་ལགས། ཉིད་ནས་བྱུང་ན་བོད་ཡིག་འབྲི་རོགས་ཞུ།

    Reply
  9. thupten lhundup says:
    ལོ་ 16 སྔོན།

    tashi delek

    Reply
  10. tsewang rigzin says:
    ལོ་ 16 སྔོན།

    ལོ་ངོ་ས་ཡ་གཉིས་ཀྱི་གོང་དུ་འགྲོ་བ་མིའི་རིགས་ཐོགས་མར་Africa བྱུང་བར་བཤད་པ་འདི་མིའི་ཡུལ་ཞིག་ཆགས་པར་འགོ་བརྩམས་པ་རེད་ལབ་འགྲིག་མི་འགྲོ?མང་དྲགས་སོང་ནོ་གཞན་ཀློག་ཁོམ་མ་བྱུང་།

    Reply
  11. chok zyl says:
    ལོ་ 16 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས་ཁྱེད་ཀྱི་མི་རིགས་འདི་ལ་རེ་བ་གསར་བ་ཞིག་དང་གདེངས་འཇོག་གསར་བ་ཞིག་བཞག་ཡོད་པ་དེ་ལ་དངོས་གནས་དགའ་འོས་བ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese