དེང་སང་མཐོ་ས་བཀའ་བློན་ཁྲི་བ་ནས་དམའ་བ་ང་དང་བཅས་པའི་དྲ་ཐོག་གི་སྤུན་ཟླ་ཡོངས་ཀྱིས་བོད་ལ་འདི་མེད་ཀི གན་མི་འདུག འདིས་མི་འཇོན། དེ་ཡི་ཅི་ཡོང་། དེ་ལ་རེ་བ་མེད་སོགས་ཀྱི་སྡུག་གཏམ་ཁོ་ན་ཞིག་གནམ་ས་གཉིས་ནས་གྲགས་དེ་འོང་བ་དང་འབྲེལ། གོ་ན་སྙིང་དགའ་བའི་རྒྱ་ནག་པོ་དང་གོ་ན་སེམས་སྡུག་པའི་བོད་གཞིས་ལུས་མི་དམངས་བཅས་ནས་སྐད་ཆ་འདི་གོ་བཞིན་ཡོད་པ་རེད།
ཉིན་མ་དེ་རིང་གི་བར་དུ་ངས་ཀྱང་མཐོ་རིམ་སྤྱི་ཚོགས་ཀྱི་གསུང་བཤད་མི་ཉུང་བ་ཞིག་ལྟ་ཉན་རིག་གསུམ་མི་ཉུང་བ་ཞིག་བྱས་ཡོད་ལ། རང་དང་འདྲ་བའི་སྤུན་གྲོགས་མི་ཉུང་བ་ཞིག་གི་བསམ་ཚུལ་ཡང་ཞིབ་མོ་ཀློག་པ་ཧ་ཅང་མི་ཉུང་བ་ལ། དམིགས་བསལ་གྱིས་དྲ་ཚིགས་བོད་ཕྱི་ནང་གཉིས་སུ་རྒྱུན་དུ་ཉུལ་ནས་སྤུན་ཟླ་ཕྱི་ནང་གཉིས་ཀྱི་སེམས་གཏིང་གི་གླེང་གཞིར་མི་ཉུང་བ་ཞིག་ཀློག་པ་ཡིན།
བོད་ཕྱི་ན་ཡང་ལོ་རེ་ལོ་རེ་ནས་སྡུག་སྨྲེ་ཇེ་མང་རེད། སྡུག་སྨྲེ་བཞུར་སྟངས་ཀྱང་གཏན་ནས་མི་འདྲ་བ་རེད། མཐོ་ས་ནས་མི་དམངས་ཀྱིས་ང་ཚོར་རྒྱབ་སྐྱོར་མི་བྱེད་ཀི་ཟེར་ནས་སྡུག་སྨྲེ་འདོན་བཞིན་འདུག དམའ་ས་ནས་མཐོ་ས་ནས་ལས་དོན་ཚགས་ཚུད་སྒྲུབ་ཀྱི་མི་འདུག་ཟེར་ནས་སྡུག་སྨྲེ་འདོན་བཞིན་འདུག འདི་ནི་བར་ཐག་རེད། འདི་ནི་བྱེས་པ་ཚང་ལ་མི་མེད་སོང་བའི་དཀའ་ངལ་རེད་དམ། ཡང་ན། མི་དམངས་ཀྱིས་མཐོ་ས་འདེམས་པ་ནོར་བ་རེད། དེ་མིན་མཐོ་ས་ནས་མི་དམངས་ཀྱི་སྣེ་ཁྲིད་བྱེད་མ་ཐུབ་པ་རེད། འདི་ནི་གནད་དོན་རེད་ལ་ཚང་མས་ཤེས་དགོས་པའི་དོན་དག་ཡང་དེ་ལ་ཐུག་འདུག
གཅིག་བྱས་ན་མཐོ་ས་འགུལ་དུས་སུ་དམའ་ས་ནས་ཡ་མ་བྱས་པར་ལུས་ཡོད་སྲིད་པ་ཡིན་ཡང་། མཐོ་ས་ནས་འགུལ་སྟངས་དེ་ཡང་ཁྱད་མཚར་ཞིག་དུ་གྱུར་བ་རེད་འདུག དེ་ཡང་དུས་ཚིགས་ཤིག་དང་ཉིན་མོ་རེ་ཟུང་། ཟླ་ཚེས་ཤིག་ལ་སྒུག་པ་ལྟ་བུ་ཆགས་པ་དེ་ཡི་སྟབས་ཀྱི་མིན་འགྲོ དེས་ན་དམའ་ས་ནས་ལས་འགུལ་ཞིག་སྤེལ་མ་ཆོག་པ་རེད་དམ། ལས་འགུལ་སྤེལ་ཆོག་ཡང་སྤེལ་སྟངས་འགྲིག་གི་མེད་པ་རེད་དམ། དེ་མིན་ཁོང་ཚོར་ཤེས་བྱ་ཡོན་ཏན་མེད་སོང་བ་རེད། དེ་ལས་གཞན་པའི་རྒྱུ་རྐྱེན་ཞིག་ལ་བཀག་ནས་བསྡད་ཡོད་པ་རེད། གང་ལྟར། ང་ཚོ་ལ་མི་མེད་སོང་བ་དེ་ནི་བདེན་པ་རེད་དམ། མཐོ་ས་ནས་སྐད་ཆ་རེ་ཟུང་བཤད་མཁན་ཞིག་དང་། དམའ་ས་ནས་སྐྱོན་བརྗོད་ཕྲན་པུ་རེ་བྱེད་ཤེས་མཁན་མ་གཏོགས་མེད་སོང་བ་རེད་དམ།
སྐད་ཆ་འདི་བདེན་པ་ཡིན་ནམ། བཙན་བྱོལ་ལ་ནད་སྙིང་ཆེན་པོ་ཞིག་སླེབས་ཡོད་པ་དེ་ཁ་ཐོག་ཚད་ཀྱི་ཤེས་ཡོན་པ་དག་གིས་ཤེས་ཀྱི་ཡོད་དམ། ཡོད་ན་ནད་སྙིང་དེ་བཅོས་ཐབས་ཀྱི་བསྟན་བཅོས་ཤིག་ཀྱང་དེ་དག་གི་འབྲི་ཤེས་ཀྱི་ཡོད་སྲིད། དེ་དག་མ་བྲིས་པ་རེད་དམ། བྲིས་ཀྱང་དེ་དག་ལག་ལེན་དུ་འདེབས་མཁན་མེད་སོང་བ་རེད་དམ། ལག་ལེན་དུ་ཕབ་ཀྱང་མི་གྲངས་མ་ལོངས་པར་ལུས་ཡོད་པ་རེད། འདི་ནི་དེང་སང་གི་བོད་མི་རིགས་ཀྱི་མི་མེད་སོང་བའི་ལན་པ་ཡིན་ནམ།
ཁ་ཤས་ཀྱི་དེང་སང་བོད་མི་གནས་བསྡོད་བྱེད་ས་དང་གནས་བསྡོད་ཀྱི་ལས་འགུལ་སྤེལ་སྟངས་བཅས་ལ་ཁྱད་པར་ཆེན་པོ་ཡོད་པར་སྐད་ཤུགས་ཆེན་པོའི་སྒོ་ནས་གླེང་གི་ཡོད། དེ་ཡང་ད་ལྟ་གཞི་ནས་མི་ལོ་ལྔ་གཅིག་གི་རྗེས་ཀྱི་དེ་རིང་མ་གཏོགས་མ་ཤེས་པ་རེད་དམ། དེ་ལྟར་བསམ་ན་དངོས་ནས་ཡིད་སྐྱོ་བ་ཞིག་རེད་ལ། ཁ་ཤས་ཀྱི་ལས་འགུལ་སྤེལ་ཡུལ་ལ་ཁྱད་པར་མེད་པ་གསུང་གི་འདུག་པ་དེ་ཡི་སྐོར་དེ་ཡང་དེ་ལས་ཀྱང་སེམས་པ་སྐྱོ་ཡ་རང་རེད། ཉེ་དུས་སུ་ངས་བཙན་བྱོལ་དུ་མཁས་པ་དང་བཤད་ཤེས་མཁན་ནི་མང་མེད་ན་ཉུང་མེད་ཟེར་དོན་ཡང་དེ་ཡིན། ད་ན་ང་ཚོ་ཉན་ནས་རྣ་མཆོག་འོན་གྲབས་འདུག བལྟས་ནས་མིག་ལོངས་གྲབས་ཡོད། སྒུག་ནས་རེ་བ་ཆད་གྲབས་ཡོད། འདི་འདྲ་ཞིག་ལ་སླེབས་དུས་ཀྱང་ང་ཚོ་ལ་མི་མེད་རབས་གླེང་གི་ཡོད། འདི་བདེན་པ་ཡིན་ནམ། ཕལ་ཆེར་་་་་་་་་་་་་་་་་་
ཡ་ཤ་ཁྲག་ལགས་འུ་ཚོའི་སྤྱི་ཚོགས་འདིའི་གནས་སྟངས་འདི་ག་འདྲ་ཞིག་ཡིན་པ་ད་དུང་རྨོངས་གཉིད་ལས་བསངས་མི་འདུག
བྱེས་འབྱོར་ཚོའི་ཕུགས་འདུན་དེ་ཕལ་ཆེར་ཕྱི་རྒྱལ་རྒྱལ་ཁབ་ཁག་གི་མི་སེར་གྱི་ཐོབ་ཐང་ཐོབ་ཕྱིར་འབད་རྩོན་འདི་འདྲ་ཞིག་གནང་དང་གནང་བཞིན་པ་དངོས་ཡོད་གནས་ཚུལ་འདི་རེད།
གཞིས་བཞུགས་རྣམས་ཀྱི་བླ་ན་མེད་པའི་གོང་ས་མཆོག་དང་གཞི་བྱེས་མཉམ་མཛོམ་གྱི་རེ་སྒུག་ཞིག་བཅངས་ནས་བཞུགས་ཡོད་པ་རེད་འདུག
དོན་དངོས་ཐོག་བོད་བཙན་པོའི་རྒྱལ་ཁབ་སླར་གསོ་དང་མི་རིགས་ཀྱི་ཐོབ་ཐང་བརྩོད་ལེན་པ་ཨེ་ཡོད་སྙམ་པའི་ཐེ་ཚོམ་ཞིག་ཟློག་མེད་ངང་ཡོང་གི་འདུག
བྱེས་འབྱོར་ཕྱི་རྒྱལ་མི་སེར་ཐོབ་ཐང་འབད།།
གཞིས་བཞུགས་འབད་མེད་རེ་སྒུག་ལས་ལ་གཡེངས།།
དོན་དངོས་གངས་སྲོགས་སྐྱབས་པའི་བོད་རིགས་ཤིག།
ཡོད་དང་མེད་སྙམ་བདག་ཡིད་འཕྱང་མོ་ཉུག།
སྡུག་གཏམ་འདི་ནི་དུས་དང་གནས་བབ་མང་པོ་ཞིག་གིས་དེད་ཡོང་པའི་སྡུག་གཏམ་ཞིག་དང་།ལོ་རྒྱུས་དང་བག་ཆགས་ཀྱི་སྡིག་པ་རྒྱུན་རིང་བསགས་པར་ལས་ལན་འཁོར་བའི་སྡུག་གཏམ་ཞིག་ཀྱང་རེད།
ང་ཚོས་སྡུག་གཏམ་འདོན་ཚད་འདི་འགོར་མེད་ན་སྔ་ག་ལ་ཡོད།སྡུག་གཏམ་ཡུན་རིང་བཏོན་རྗེས་འཆི་ཁའི་ངུ་འབོད་ཀྱང་འདོན་སྲིད།གྲོགས་པོ།་་ད་ཉན་རྒྱུ་དང་ལྟ་རྒྱུ་མང་རྒྱུ་རེད་ཡ།
ཤ་ཁྲག་རུས་གསུམ་ལགས།
ཕྱི་སྡོད་བོད་མིའི་ནང་ན༎མཁས་པ་མེད་པ་མ་རེད༎མཁས་དབང་བློ་བཟང་སེང་གེ༎མཁས་པ་མིན་ན་གང་རེད༎
ཕྱི་སྡོད་བོད་མིའི་ནང་ན༎འཇོན་པོ་མེད་པ་མ་རེད༎རླབས་ཆེན་ཁྱིམ་རྒྱུད་རྣམ་གསུམ༎འཇོན་པོ་མིན་ན་གང་རེད༎
ཕྱི་སྡོད་བོད་མིའིི་ནང་ན༎མཛེས་མ་མེད་པ་མ་རེད༎མཛངས་མ་བསྟན་འཛིན་ནོར་འཛོམ༎མཛེས་མ་མིན་ན་གང་རེད༎
ཕྱི་སྡོད་བོད་མིའི་ནང་ན༎བླ་མ་མེད་པ་མ་རེད༎ཟམ་གདོང་བློ་བཟང་བསྟན་འཛིན༎བླ་མ་མིན་ན་གང་རེད༎
ཕྱི་སྡོད་བོད་མིའི་ནང་ན༎ཕོ་གསར་མེད་པ་མ་རེད༎པར་བ་བློ་བཟང་དབང་རྒྱལ༎ཕོ་གསར་མིན་ན་གང་རེད༎
བཙན་བྱོལ་བོད་མིའི་ནང་ན༎དཔའ་བོ་མེད་པ་མ་རེད༎དཔའ་བོ་བསྟན་འཛིན་བརྩོན་འགྲུས༎དཔའ་བོ་མིན་ན་གང་རེད༎
ཕྱི་སྡོད་བོད་མིའི་ནང་ལ༎གསེར་མགར་མེད་པ་མ་རེད༎གསེར་བཟོ་སྐལ་བཟང་ཚེ་རིང་༎མཁར་བ་མིན་ན་གང་རེད༎
ཕྱི་སྡོད་བོད་མིའི་ནང་ན༎ལྷ་བཟོ་མེད་པ་མ་རེད༎རྩེ་གདོང་སྤེན་པ་རྡོ་རྗེ༎ལྷ་བཟོ་མིན་ན་གང་རེད༎
ད་རུང་ཁྱོད་ལ་དགོས་ན་ད་རུང་ངས་བརྩི་ཆོག
གསར་འགྱུར་གྱི་འོག་ཏུ་བཏབ་པའི་མཆན་བུ་རེད། ད་ལྟ་རྒྱ་གར་མཚན་མོ་ཡིན་པས་མཆན་བུ་གཏོང་མ་སོང།
ཁྱེད་རང་ཉལ་མ་ཚར་ན་འདིར་ཀློག་རོགས།
བོད་རྒྱལ་ཡོངས་གཞུང་དམངས་ཚོགས་ཆེན་དངོས་སུ་དབུ་འཛུགས་གནང་བར་དགའ་བསུ་ཞུ་རྒྱུ་དང་ལྷག་པ་ཏུ་འཚོགས་ཞུགས་པ་རྣམས་ཀྱི་བོད་མི་ཉམ་ཐག་ཚོའི་འཚོ་བའི་ལྟོ་གོས་དང་འབྲེལ་བ་ཡོད་པའི་གནད་དོན་རྣམས་གླེང་ཐུབ་པ་བྱ་རོགས་ཞེས་ཉམ་ཆུང་ཅོ་རིས་ངོས་ནས་སྙིང་ཐག་པ་ནས་རེ་བ་ཞུ་རྒྱུ་ཡིན།
2.མཁས་དབང་ཟམ་གདོང་བླ་མས་བཀའ་མོས་འདི་འདྲ་གསུངས་ཡོང་བ་སྔོན་ནས་ཚད་དཔག་བྱས་ཐུབ་པ་ཞིག་རེད། འདི་ལ་ཡ་མཚན་རྒྱུ་གང་ཡང་མེད།
བཙན་བྱོལ་བོད་མིའི་ཚབ་མཚོན་པ་ཚོས་ངེས་པ་ཏུ་དངོས་ཡོད་བཙན་བྱོལ་བོད་མི་ཉམ་ཐག་ཚོའི་འཚོ་བའི་བདེ་སྡུག་ཐག་བཅད་ཐུབ་པའི་བཀའ་མོས་བློ་སྟོབས་ཆེན་པོའི་ཐོག་ནས་གསུང་རོགས་ཞུ་རྒྱུ་ཡིན།
3.གལ་སྲིད་བཙན་བྱོལ་བོད་མི་ཉམ་ཐག་ཚོའི་ཚབ་མཚོན་མི་སྣ་ཁྱེད་རྣམ་པས་བོད་མི་ཉམ་ཐག་ཚོའི་འཚོ་བའི་མདུན་ལམ་ཡག་པོ་ཞིག་ཡོང་ཐུབ་པ་ལ་འབད་བརྩོན་བྱ་མ་ཐུབ་ན་ཉམ་ཐག་བོད་མི་རྣམས་དུས་ནམ་ཡང་བདེ་སྐྱིད་ལྡན་པའི་འཚོ་བ་ཞིག་ཡོང་ཐབས་མེད་པ་རེད།
ཁྱེད་རྣམ་པའི་ཚབ་མཚོན་བྱེད་སའི་ཚོགས་མི་སྐྱོ་ཤོས་ཚོ་ནི་རྒྱ་བལ་འབྲུག་གསུམ་ནང་གི་གསར་འབྱོར་བ་ཚོ་དང་གཞི་མི་ཉམ་ཐག་ཚོ་རེད། དཔེར་ན་གསར་འབྱོར་བ་ལ་ཆ་བཞག་ན་དོན་གྲུབ་དབང་ཆེན་བོད་མི་རིགས་ཀྱི་ཆེད་དུ་དགྲ་བོའི་བཙོན་འོག་ཏུ་ཡོད། ཕ་མ་རྒད་མགོ་དང་སྐྱེ་དམན་བུ་ཕྲུག་རྣམས་བཙན་བྱོལ་གཞུང་གི་སྒོ་རྩ་ལ་སྐྱབས་བཅོལ་སླེབས་བསྡད་ཡོད། འཚོ་བ་རྡ་སའི་གསང་ལམ་ནང་དུ་བག་ལེག་ཙོང་ནས་བསྐྱལ་བཞིན་ཡོད་པ་དེར་དོན་འགྲུབ་དབང་ཆེན་གྱིས་གོ་སོང་ན་སེམས་ལ་སྡུག་ངལ་ག་ཚོད་གཅིག་ཡོང་གི་མ་རེད་པས། སོ་སོར་ཁོང་ཡིན་པ་ཆ་བཞག་ནས་བསམ་བློ་གཅིག་ཐོངས་དང་དེ་ནས་ཧ་གོ་ཡོང་གི་རེད་སྙམ།
མ་ཟད་༢༠༠༨ལོར་ཞི་རྒོལ་ནང་དུ་དངོས་སུ་ཞུགས་མཁན་ལྕོག་རི་བ་ཚེ་དབང་དོན་གྲུབ་ཀྱི་ལག་པ་དགྲ་བོའི་མེ་མདའ་རྒྱག་ནས་རྨས་པ་རེད། ཁོའི་ལག་པ་ལ་སྨན་བཅོས་ཡག་པོ་ཞིག་ཀྱང་མ་བྱས་པ་དང་འཚོ་བའི་མདུན་ལམ་ག་འདྲ་ཆགས་ཀྱི་རེད། འདི་ཚོའི་སྐོར་ལ་སེམས་འཁྲུལ་ཆེན་པོ་འདུག བཙན་བྱོལ་སྤྱི་ཚོགས་ནང་དུ་ཟབ་གདོང་བླ་མས་ཁོ་ཚོ་ལ་མཐོང་ཆུང་བྱས་ཐུབ་ཀྱང་གཞི་ལུས་རྒྱ་ཆེན་མི་དམངས་ཀྱི་སེམས་ལ་རྨ་ཁ་ཆེན་པོ་བཟོ་ངེས་རེད། བོད་མི་རིགས་ཀྱི་ཆེད་དུ་ཡག་པོ་མ་རེད་འདོད།
3.གཞི་མི་སྐྱོ་བོ་ཚོ་ལ་ཆ་བཞག་ན་དེང་རབ་༢༡ནང་དུ་ཡང་གཟུགས་པོ་ཁྲིས་སའི་ཁྲིས་ཁང་གསང་སྤྱོད་མེད་པ་གང་མང་ཡོད། བལ་ཡུལ་སྤོར་རའི་གཞི་ཆགས་བཀྲ་ཤིས་གླིང་ལྟ་བུ་ལ་མཚོན་ན་འཚོ་བའི་སྲུང་སྐྱོབ་ཡོད་པ་ཕར་ཞོག་ཡར་ཟ་ཡ་རག་ན་མར་གཏོང་སའི་དཀའ་ངལ་ཡོད་མཁན་བོད་མི་སྐྱོ་པོ་དེ་འདྲ་ཡོད། དེ་ལས་སྡུག་པ་ཧན་མ་ལ་ཡའི་རི་རྒྱུད་ཀྱི་གཞི་ཆགས་ཁག་སྐྱོ་བ་ཡོད་པར་གྲགས།
བོད་མི་ཉམ་ཐག་ཚོ་འཚོ་བའི་མདུན་ལམ་ཡག་ས་ཕྱི་རྒྱལ་ཁབ་ཞིག་ལ་གཏོང་ཐུབ་ཆེད་དུ་ནུས་ཤུགས་གང་ཡོད་བཏོན་རོགས་རེ་བ་ཞུ་རྒྱུ་ཡིན།
ད་ལན་དེ་ཙམ་ཡིན་རྗེས་སུ་མུ་མཐུད་དུ་བོད་མི་ཉམ་ཐག་ཚོའི་ཆེད་དུ་འཐབ་རྩོད་བྱེད་ངེས་ཡིན་པས་དམ་བཅའ་བརྟན་པོ་ཡོད།
ཞོར་དུ་ང་ཅོ་རིའི་སྐྱོ་གླུ་འདིར་ཚར་གཅིག་གསན་རོགས་ཞུ།
ས་རང་ཡུལ་དགྲ་བོས་འཕྲོག་སོང་ལྭོ།
བུ་དཔའ་པོ་དགྲ་བོས་བསད་སོང་ལྭོ།
ང་སྡར་མ་ས་མཐར་བྲོས་ཡོད་ལྭོ།
འདིར་བསམ་དུས་སེམས་པ་སྐྱོ་བྱུང་ལྭོ།
བོད་གངས་ཅན་ལོ་རྒྱུས་བསུབས་སོང་ལྭོ།
བུ་མཁས་པ་བཙོན་དུ་བཅུག་སོང་ལྭོ།
ང་གླེན་པས་ཡིག་ནོར་བྲིས་ཡོད་ལྭོ།
འདིར་བསམ་དུས་སེམས་པ་སྐྱོ་བྱུང་ལྭོ།
རྗེ་རྒྱལ་བ་དགུང་ལོ་མཐོ་སོང་ལྭོ།
ལམ་དབུ་མ་ཁ་ཐག་རིང་སོང་ལྭོ།
ང་གཞོན་ནུ་འགྲོ་འདོད་མི་འདུག་ལྭོ།
འདིར་བསམ་དུས་སེམས་པ་སྐྱོ་བྱུང་ལྭོ།
བོད་སྤྱི་དངུལ་ལྐོག་ཟ་བྱས་སོང་ལྭོ།
སྤུན་གསར་འབྱོར་འཚོ་བ་སྐྱོ་སོང་ལྭོ།
ང་ས་མཐར་གཡོག་ལ་བསྡད་ཡོད་ལྭོ།
འདིར་བསམ་དུས་སེམས་པ་སྐྱོ་བྱུང་ལྭོ།
བོད་མི་ཚོ་ལ་ཕྱི་རྒྱལ་ཁབ་ཀྱི་མི་སེར་ལག་ཁྱེར་ཁུར་རྒྱུ་ཡོད་ན་དགའ་དགོས་པ་ཞིག་མ་རེད་པས། མ་འོང་བཀའ་ཁྲི་ཡང་ཕྱི་རྒྱལ་ཁབ་ཀྱི་མི་སེར་ལག་ཁྱེར་ཡོད་མཁན་ཞིག་སླེབས་ཀྱི་ཡིན་པར་བརྒྱ་ཆ་བརྒྱ་རེད།
བཙན་བྱོལ་སྤྱི་ཚོགས་ནང་གི་རྒྱ་བལ་འབྲུག་གསུམ་ནང་དུ་བསྡད་མཁན་བོད་མི་འཇོན་པ་དང་ཕྱུག་པ་ཚོ་ལ་རྒྱ་བལ་འབྲུག་གི་མི་སེར་ལག་ཁྱེར་ཡོད། དཔེར་ན་ཡོངས་གྲགས་གསར་འཕྲིན་ཁག་ཐོན་པ་ལྟས་ན་མ་འོང་བཀའ་ཁྲི་སླེབས་བཞིན་པའི་རྒྱ་རི་སྒྲོལ་མ་ལྟ་བུ་རེད།
བལ་ཡུལ་ལྟ་བུ་ལ་ཆགས་བཞག་ན་བོད་མི་ཁང་པ་ཉོ་ཐུབ་མཁན་ཚང་མ་བལ་ཡུལ་གྱི་མི་སེར་ལག་ཁྱེར་ཡོད་པ་ཤ་དག་རེད། ནུབ་ཕྱོགས་རྒྱལ་ཁབ་ཁག་ལ་ཆགས་བཞག་ན་ཕྱི་རྒྱལ་སླེབས་ནས་ལོ་ཅོ་ལྔ་འགྲོ་ཚར་མཁན་ཚང་མ་ཕྱི་རྒྱལ་ཁབ་ཁག་གི་མི་སེར་ལག་ཁྱེར་ཡོད་མཁན་རེད། དཔེར་ན་བཀྲ་མཐོང་བསྟན་འཛིན་རྣམ་རྒྱལ་གྱི་ལག་ཁྱེར་གཅིག་གཟིགས་རོགས་ཞུ།
མ་ཟད་རྒྱལ་བ་རིན་པོ་ཆེན་ལ་ཡང་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཁག་གཅིག་གིས་མི་སེར་ལག་ཁྱེར་ཕུལ་ཡོད་པར་གསར་འགྱུར་རྒྱུད་ལམ་ཁག་ནས་བསླེབས་བྱུང།
ཕྱི་རྒྱལ་ཁབ་ཁག་གི་མི་སེར་ལག་ཁྱེར་ཡོད་ན་བཙན་བྱོལ་བོད་གཞུང་འཐོར་འགྲོ་གི་ཡོད་ན་སྔ་ནས་རྒྱུ་ཡོད་པ་དང་དབང་ཡོད་པ་ཚོས་གཏོར་ཚར་བ་ཡོད།་ཧཧཧཧ
ང་ཅོ་རིས་ངོས་ལྟས་ན་སྟོབས་ཆེན་རྒྱལ་ཁབ་ཁག་གི་མི་སེར་ཁྱེར་ཡོད་ན་བོད་དོན་ཆེད་དུ་ནུས་པ་ཆེ་བ་ཡོད། དཔེར་ན་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཁག་གི་ལག་ཁྱེར་ཡོད་པའི་བོད་མི་ན་གཞོན་མང་པོས་རྒྱལ་སྤྱིའི་ཁྲིམས་རྩོད་པའི་སློབ་སྦྱོང་བྱས་དང་བྱེད་བཞིན་པ་རེད།
ཁོང་ཚོ་ལ་རྒྱལ་སྤྱིའི་ཁྲིམས་རྩོད་པའི་ལག་ཁྱེར་ཐོབ་པ་ཡིན་ན་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བོད་དོན་རྩོད་ཐུབ་པའི་གོ་སྐབས་ཡོད།
གཞན་རྒྱ་གར་པག་འགོ་ལུང་པའི་སྐྱབས་བཅོལ་ལག་ཁྱེར་ཁུར་ནས་འཛམ་གླིང་རྒྱལ་སྤྱིའི་ཁྲིམས་རྩོད་་པའི་ལས་ཀ་ཐོབ་པར་ཡོང་མི་སྲིད་པ་ཞིག་རེད། ཟམ་གདོང་བླ་མས་དེ་ཙམ་ཡང་ཐུགས་བསམ་མ་བཞེས་པ་གང་ཡིན་ནམ།
མཁས་དབང་མཆོག་ལགས། ཕྱོགས་གང་ལ་ལྟས་ཀྱང་བོད་མི་ན་གཞོན་ལས་མེད་ཚོ་ནུབ་ཕྱོགས་སྟོབས་ཆེན་རྒྱལ་ཁབ་ཁག་ཏུ་གཏོང་རོགས་བྱོས་དང་དེ་ལས་ཡག་བ་མི་འདུག
སྐུ་ཉིད་ནི་དགུང་ལོ་མཐོ་པོ་རེད། འཐབ་རྩོད་བྱེད་དགོས་མཁན་ནི་བོད་ཀྱི་གཞོན་ནུ་ཚོ་རེད། ཐུགས་རྗེ་གཟིགས། དེ་ལས་རང་ལྟ་མཆོག་འཛིན་མ་བྱེད་རོགས།
དོན་ལ་གནས་པའི་མཁས་དབང་དགེ་ཆོས་མཆོག་གིས།
ཤེས་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་གཏམ།
བླུན་པོ་ནོར་སྐྱ་ཁུར་བས་དབང་ཤེད་ཀྱིས་བཅོམ་སྟེ།
ཆོས་མཐུན་་་་་་་་་་་་་འདི་ནས་མུ་མཐུད་དུ་ཚིག་ཆ་ཚང་འབྲི་ཁྱེད་རང་ཡིན་ད།་་་་་ཧཧཧཧ