མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྤྱིའི་བོད་མིའི་ཁྱད་ལས་པའི་ཚོགས་ཆེན་ངྷ་སར་འཚོགས་པ།

བོད་ཀྱི་དུས་བབ།
༢༠༡༠/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp
ངྷ་སར་ཉིན་གསུམ་རིང་རྒྱལ་སྤྱིའི་བོད་མིའི་ཁྱད་ལས་པའི་ཚོགས་ཆེན་ཐེངས་དང་པོ་འཚོགས་བཞིན་པ་དང་། ཐེངས་འདིའི་ཚོགས་འདུའི་སྟེང་ཕྱི་རྒྱལ་ཡུལ་གྲུ་ཁག་དང་རྒྱ་གར་ནང་ཁུལ་གྱི་ས་གནས་མི་འདྲ་བ་ཁག་ནས་ཁྱད་ལས་པ་ ༨༠ ལྷག་འདུ་འཛོམས་ཐོག བརྗོད་གཞི་མི་འདྲ་བ་བཞིའི་ཐོག་ཏུ་གསུང་བཤད་དང་བགྲོ་གླེང་གནང་བཞིན་ཡོད་འདུག
ཕྱི་ཚེས་ ༦ ཉིན་གྱི་ཞོགས་པར་ངྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་གསར་བའི་ནང་། ན་གཞོན་མདུན་བཟང་ལམ་སྟོན་ལས་རིམ་ཚོགས་པས་གོ་སྒྲིག་འོག རྒྱལ་སྤྱིའི་བོད་མིའི་ཁྱད་ལས་ཚོགས་ཆེན་ཐེངས་དང་པོ་སྐོང་འཚོགས་གནང་བ་དང་། ཚོགས་ཆེན་གྱི་མཛད་སྒོའི་སྐུ་མགྲོན་དུ་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་དང་ལྡི་ལི་དོན་གཅོད་དང་བཀའ་བློན་གཅིག་ལྕོགས་བསྟན་པ་ཚེ་རིང་མཆོགདེ་མིན་ཕྱི་ལོ་ ༢༠༢༠ ལོའི་རྒྱ་གར་གྱི་འཆར་སྣང་ཞེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་དང་ཚན་རིག་པ་སྐུ་ཞབས་ (Dr.Y.S Rajan) ལགས་བཅས་ཆེད་ཕེབས་གནང་ཡོད།
ཚོགས་ཆེན་འདི་ཕྱི་ཚེས་ ༦ ཉིན་ནས་ ༨ བར་ཉིན་གསུམ་རིང་འཚོགས་རྒྱུ་ཡིན་པ་དང་། ཚོགས་འདུའི་སྟེང་ཨ་རི་དང་དབྱིན་ཡུལ། ཡུ་རོབ་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་མི་ ༢༠ ཙམ་དང་རྒྱ་གར་ནང་ཁུལ་གྱི་ས་གནས་ཁག་ནས་ཕེབས་པ་སོགས་ཁྱོན་མི་ ༨༠  ལྷག་འདུ་འཛོམས་བྱུང་ཡོད་ལ། དེ་དག་ཁྲོད་ཤེས་ཡོན་དང་འཕྲོད་བསྟེན། དཔལ་འབྱོར། ཁྲིམས་རྩོད་པ། གསར་འགོད་པ། ཚོང་པ། ཉམས་ཞིབ་པ་སོགས་ལས་རིགས་འདྲ་མིན་གྱི་མི་སྣ་འདུས་ཡོད།
ན་གཞོན་མདུན་བཟང་ལམ་སྟོན་ལས་རིམ་གྱི་ཚོགས་གཙོ་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་ཐེངས་འདིའི་ཚོགས་འདུ་སྐོང་འཚོགས་ཀྱི་དམིགས་འདུན་གཙོ་བོ་བཞི་ཡོད་པའི་སྐོར་གསུངས་དོན། གཅིག རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཁ་འཐོར་དུ་ཡོད་པའི་བོད་མི་ཁྱད་ལས་པ་རྣམས་ཕན་ཚུན་ངོ་ཤེས་པ་དང་འབྲེལ་མཐུད་ཀྱི་སྡིངས་ཆ་ཞིག་བསྐྲུན་རྒྱུ། གཉིས། རང་རང་གི་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་གནས་སྟངས་དེ་གང་འདྲ་ཞིག་ཏུ་ཡོད་མེད་ཤེས་རྟོགས་ཡོང་བ་བྱས་ཏེ། རང་ཉིད་ཀྱི་ནུས་པས་རང་གི་སྤྱི་ཚོགས་དང་ཁོར་ཡུག་ལ་ཞབས་འདེགས་ཞུ་རྒྱུའི་ཐད་དུ་བགྲོ་གླེང་། གསུམ། ཚོགས་འདུ་འདི་བརྒྱུད་མ་འོངས་པར་ཁྱད་ལས་པ་རྣམས་མཉམ་དུ་འཛོམས་ཏེ། ཁྱད་ལས་པ་སོ་སོས་རང་གི་ཁྱད་ལས་ཐོག་ནུས་པ་ཇི་ལྟར་འདོན་མིན་སྐོར་ལ་གྲོས་བསྡུར། བཞི་བ། ༢༠༠༨ ལོ་ནས་མགོ་འཛུགས་བྱས་པའི་རྒྱལ་སྤྱིའི་ཁྱད་ལས་པའི་དྲ་རྒྱ་ཡར་རྒྱས་གཏོང་བ་དང་སྤུས་ཚད་མཐོ་རུ་ཇི་ལྟར་གཏོང་མིན་སྐོར་ལ་གྲོས་བསྡུར་བྱ་རྒྱུ་བཅས་ཡིན་ཟེར།
ཚོགས་ཆེན་གྱི་མཛད་སྒོའི་སྟེང་བཀའ་བློན་ཁྲི་པ་མཆོག་གིས་གསུང་བཤད་གནང་དོན། ཁྱད་ལས་པ་ཟེར་བ་ནི་གནས་ཚུལ་གང་འདྲ་ཞིག་ཡིན་རུང་རང་སྟོབས་ཀྱིས་ངེས་པ་རྙེད་ནས་ཤེས་མཁན་ཞིག་ལ་གོ་དགོས། དེ་ལྟར་ཤེས་མཁན་གྱི་ཁྱད་ལས་པ་ཞིག་ཡིན་ན་ཁོས་ཕན་ཐོགས་པ་མ་གཏོགས་གནོད་མི་སྐྱེལ་བའི་ཡིད་ཆེས་བྱེད་ཆོག་གི་རེད་ལ། དེ་ལྟ་བུའི་བྱ་བ་རྒྱུན་གནས་ཡོང་རྒྱུར་ཡང་ཡིད་ཆེས་བྱེད་ཆོག་གི་རེད། ཅེས་དང་། སོ་སོ་གཅིག་པུའི་འཚོ་གནས་རྐྱང་རྐྱང་གི་ཆེད་དུ་བྱ་བ་བྱེད་མཁན་ཞིག་ཡིན་ན། ཁོ་ཁྱད་ལས་པ་ཡིན་མིན་དོགས་པ་ཡོད་ཅིང། སོ་སོའི་ལྟོ་གོས་ཡག་པོ་ཡོང་བ་དང་ཉལ་ས་སྟབས་བདེ་བོ་ཡོང་བ། ཕྲུ་གུ་གསོ་སྐྱོང་བྱེད་པའི་ནུས་པ་བྱ་དང་བྱེའུ། སྦྲང་འབུ་སོགས་ཀྱིས་ཀྱང་བྱེད་ཀྱིན་ཡོད་མོད།  མིའི་ཐུན་མོང་མ་ཡིན་པའི་ཁྱད་ལས་ནི་རང་ལས་གཞན་གཅེས་པར་འཛིན་ཐུབ་པ་དང་སྤྱི་ཚོགས་ཀྱི་དོན་དུ་རང་ཉིད་བློས་གཏོང་བྱེད་ཐུབ་པ། མི་ཚེ་སྐྱེལ་སྟངས་དེ་གཞན་གྱི་ཐོག་ཏུ་རྡོག་ཁྲེས་ཆེན་པོ་ལྟ་བུ་མིན་པར། མ་མཐར་ཡང་རང་གི་འཚོ་གནས་ཆེད་དུ་གཞན་ལ་མི་གནོད་པ་ཞིག་དང་། རབ་བྱུང་ན་རང་ཉིད་བློས་བཏང་ནས་གཞན་གྱི་འཚོ་གནས་ཆེད་དུ་ཕན་པ་སྒྲུབ་མཁན་ཞིག་དགོས་པ་རེད། དེ་ལྟ་བུའི་ནུས་པ་དང་བཟང་སྤྱོད་ཡོད་མཁན་ཞིག་ལ་ཁྱད་ལས་པ་ཞེས་འབོད་ཀྱིན་ཡོད་ལ། རང་གི་ཁྱད་ལས་ཀྱི་ཐོག་ནས་ནང་མི་དང་སྤྱི་ཚོགས། མི་རིགས་དང་འཇིག་རྟེན་ཁྱོན་ཡོངས་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཕན་བདེ་བསྒྲུབ་ཐུབ་པ་ཞིག་བྱུང་ན་ཁྱད་ལས་པའི་ཁྱད་ཆོས་ཚང་ཡོད་བསམ་གྱིན་འདུག
དེ་ལྟ་བུའི་ཁྱད་ལས་པ་ཞིག་ཡོང་རྒྱུར་རང་དབང་དང་འཇིགས་སྣང་། ཐེ་ཚོམ་གསུམ་ཆ་མེད་པ་ཞིག་དགོས་ཀྱི་ཡོད་པ་ལས་བསམ་བློའི་རང་དབང་ཡོང་ཆེད་རང་གི་བསམ་བློར་དཔྱད་ཞིབ་བྱེད་པའི་རྣམ་དཔྱོད་ཀྱི་ཤེས་རབ་ཅིག་དགོས་པ་གལ་ཆེན་པོ་རེད། དེ་ལྟ་བུའི་ཤེས་རབ་ཅིག་ཡོད་དབང་དུ་བཏང་ནའང་། རྣམ་དཔྱོད་ལྡན་པའི་ཤེས་རབ་ཀྱིས་གང་མཐོང་བ་དང་སོ་སོས་དཔྱད་ནས་རྙེད་པའི་བདེན་པ་དེ་བཤད་ནུས་པ་དང་ལག་ལེན་དུ་བསྟར་ནུས་པ། བདེན་པ་དེ་དང་མཉམ་དུ་མི་ཚེ་སྐྱེལ་ནུས་པའི་བློ་ཁོག་ཅིག་དགོས་པ་རེད། དེ་བཞིན་དོགས་པའི་དབང་གིས་གལ་སྲིད་ངས་འདི་ལྟ་བུ་ཞིག་མ་བྱས་ན། གཞུག་ཕྱོགས་ང་ལ་རྐྱེན་ངན་ཞིག་ཡོང་གི་རེད་བསམ་པའི་འཇིགས་སྣང་གི་འོག་ཏུ། རང་གི་དཔྱད་བསྡུར་གཉིས་ཀྱི་བདེན་པ་ཕར་བཞག་སྟེ་སྤྱི་ཚོགས་དང་གང་མཐུན་མཐུན་བྱས་ན། དེ་ནི་སྤྱིར་བཏང་ཞིག་ཆགས་འགྲོ་བ་མ་གཏོགས་ཁྱད་ལས་པ་ཆགས་གི་མ་རེད་ཅེས་གསུངས།
ཡང་ཁོང་གིས། སྤྱིར་བཏང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་མི་འབོར་ཉུང་ཉུང་དང་དེའི་ནང་རྒྱ་གར་གྱི་སྤྱི་ཚོགས་ནང་ཁ་འཐོར་དུ་གནས་ཡོད་ནའང་། དེ་དག་ཁྲོད་ངོས་འཛིན་ཡོད་པའི་ཁྱད་ལས་པ་མང་བོ་ཐོན་ཐུབ་པ་དང་། ཐེངས་འདིར་ཁྱད་ལས་པ་མང་བོ་འདུ་འཛོམས་བྱུང་བར་གཟི་བརྗིད་ཆེན་པོ་ཡིན་པར་ངོས་འཛིན་ཞུ་རྒྱུ་ཡིན་ཞེས་གསུངས།
བཀའ་ཟུར་བསྟན་པ་ཚེ་རིང་ལགས་ཀྱིས་གསུངས་དོན། ང་ཚོ་སྤྱི་སྒེར་སུ་ཡིན་རུང་དུས་ཚོད་མང་ཆེ་བ་ཁ་ཚ་དགོས་གཏུགས་ཀྱི་ཤེས་བྱ་ལྟ་བུའི་སྟེང་བེད་སྤྱོད་བཏང་བ་ལས། ཁྱད་ལས་པའི་ཐོག་ཏུ་ཤུགས་རྒྱག་པ་དང་ནུས་པ་ཐོན་པ་བྱེད་ཐུབ་ཀྱི་མེད། དེ་བཞིན་ཚད་དང་ལྡན་པའི་ཁྱད་ལས་པ་ཞིག་བསླེབ་རྒྱུར་དོ་བདག་རང་ཉིད་ལ་ཁྱད་ལས་པ་ཆགས་རྒྱུའི་འདུན་པ་དང་དོ་སྣང་དགོས་པ་རེད་ལ། ཁོང་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་དང་ཆ་རྐྱེན་སོགས་ཀྱང་འཛོམས་དགོས་ཀྱི་ཡོད། བར་ལམ་ནས་ང་ཚོ་བཙན་བྱོལ་བའི་གནས་སྟངས་ཀྱི་ཆ་ནས་དེ་ལྟ་བུའི་ཆ་རྐྱེན་འཛོམས་མ་ཐུབ་པའི་རྐྱེན་གྱིས་ད་ལྟ་བར་བོད་མི་ཁྱད་ལས་པ་མང་བོ་མེད་པའི་གནས་སྟངས་ཤིག་ཆགས་ཡོད། ཡིན་ནའང་། རྒྱལ་ཁབ་ཅིག་དང་སྤྱི་ཚོགས་ཤིག མི་རིགས་ཤིག་ཡར་རྒྱས་འགྲོ་དགོས་ཀྱི་ཡོད་ན་རྒྱལ་ཁབ་དང་སྤྱི་ཚོགས་དེའི་ནང་ལས་རིགས་འདྲ་མིན་ཐོག་ཚད་དང་ལྡན་པའི་ཁྱད་ལས་པ་དགོས་པ་དང་། སྤྱི་ཚོགས་ཁྱོན་ཡོངས་ཀྱི་ཤེས་ཚད་མཐོན་པོར་བསླེབ་དགོས་པ་རེད། དེང་སྐབས་བོད་ཀྱི་སྤྱི་ཚོགས་ནང་ཁྱད་ལས་པ་ཐོན་བཞིན་པ་དང་ཁྱད་ལས་པ་གསོ་སྐྱོང་བྱ་རྒྱུར་དོ་སྣང་བསླེབས་ཏེ། ཁྱད་ལས་པའི་སྤུས་ཚད་མཐོ་རུ་འགྲོ་བཞིན་ཡོད་མོད། ཁྱད་ལས་པའི་གནས་ཚད་མཐོ་རུ་ཕྱིན་པ་ནང་བཞིན་ང་ཚོའི་སྤྱི་ཚོགས་ཀྱི་གནས་སྟངས་ཆ་ནས་ཁྱད་ལས་པར་ལས་གནས་སོགས་གོ་སྒྲིག་བྱེད་ཐུབ་ཀྱི་མེད་སྟབས།  ཚད་མཐོ་བའི་ཁྱད་ལས་པ་དག་སྤྱི་ཚོགས་གཞན་གྱི་ནང་དུ་ལས་ཀར་འགྲོ་དགོས་པ་ལྟ་བུ་ཡོང་གི་ཡོད། དེར་བརྟེན་ང་ཚོའི་སྤྱི་ཚོགས་ནང་གང་ཡོད་པའི་ཁྱད་ལས་པ་དག་གིས་ཕྱིར་རང་གི་སྤྱི་ཚོགས་ལ་ནུས་པ་མ་ཐོན་པ་དང་། སྤྱི་ཚོགས་ཀྱིས་ཁྱད་ལས་པར་བདག་སྐྱོང་མ་ཐུབ་པའི་ཉེན་ཁ་ཞིག་ཡོད་པས། ཁྱད་ལས་པ་རྣམས་ཀྱིས་རང་གི་སྤྱི་ཚོགས་ལ་ནུས་པ་འདོན་པ་དང་། སྤྱི་ཚོགས་ཀྱིས་ཁོང་ཚོ་ངོ་ཤེས་པ་དང་ཁོང་ཚོ་དང་འདྲ་བར་གསར་དུ་འཚར་ལོངས་འབྱུང་བཞིན་པའི་གཞོན་སྐྱེས་དག་ལ་མིག་དཔེ་སྟོན་ཆེད། ཁྱད་ལས་པ་མཉམ་རུབ་ཐོག་ཕན་ཚུན་བགྲོ་གླེང་དང་འབྱུང་འགྱུར་གྱི་ལས་དོན་སྐོར་ལ་བགྲོ་གླེང་གནང་བ་འདི་གལ་ཆེན་པོ་རེད་ཅེས་གསུངས།
མདུན་བཟང་ལམ་སྟོན་ལས་རིམ་གྱི་ཚོགས་གཙོ་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས། ང་ཚོས་ཁྱད་ལས་པ་ངོས་འཛིན་བྱེད་སྐབས་ཤེས་ཡོན་གྱི་གནས་ཚུལ་ཡག་པོ་ཡོད་པའི་ཐོག་ནས་ཁྱད་ལས་པར་ངོས་འཛིན་བྱེད་སྟངས་གཅིག་དང་། ཉམས་མྱོང་ཡག་པོ་ཡོད་མཁན་ལ་ངོས་འཛིན་བྱེད་སྟངས་གཅིག་ཡོད་ལ། དེ་ལྟར་ཁྱད་ལས་པའི་ཁོར་ཡུག་རྒྱ་ཆེ་རུ་བཏང་སྟེ། བོད་མིའི་སྤྱི་ཚོགས་ནང་མི་འབོར་ཉུང་ནའང་ཁྱད་ལས་པའི་ཁོར་ཡུག་དེ་རྒྱ་ཁྱོན་ཆེ་རུ་གཏོང་ཐུབ་པ་དང་། ཁྱད་ལས་པ་མང་དུ་གསོ་སྐྱོང་བྱེད་ཐུབ་རྒྱུར་འབོད་བརྩོན་བྱེད་ཀྱིན་ཡོད་ཟེར།
 
གསར་འགོད་པ། ཨ་རིག་འགྱུར་མེད། 

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡༠ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 9

  1. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    འདིར་ཚར་ཀློག་པའི་རེ་བས་ཐོག་ནས་འདིར་བཀོད་པ་ཡིན།
    ༄༅། །བོད་ཀྱི་སོན་རྩ་རྣམས་ཀྱི་བོད་ཡིག་ཡག་པོ་མི་ཤེས་པའི་རྒྱུ་རྐྱེན་འདིར་ཐུག་ཡོད།

    བོད་ཀྱི་སྐད་ཡིག་འདི་ཆོས་ལུགས་ཅན་ཞིག་ཡིན་ཀྱང་ལྟ་གོས་ཅན་ཞིག་མིན་པས་མ་འོང་སོན་རྩ་རྣམས་ཀྱིས་འབད་བརྩོན་བྱེད་ཐུབ་མེད་པ་རེད། བོད་མི་རིགས་འདིས་བདེ་བ་འདོད་སྟངས་ལ་དབྱེ་ན་གཉིས་ཡོད། གཅིག་ནི་ལྐོག་ཏུ་གྱུར་པའི་སྐྱེ་བ་ཕྱི་མ་ཐར་པ་དང་ཐམས་ཅན་མཁྱེན་པའི་གོ་འཕང་ཟེར་བ་འདིར་རེད།

    གཉིས་པ་ནི་མི་ཚེ་འདིའི་བདེ་སྐྱིད་རེད། མི་ཚེ་འདིའི་བདེ་སྐྱིད་དང་འཚོ་བའི་དཔལ་འབྱོར་བར་རུ་འབྲེལ་བ་ཆེ་བ་དང་མི་རྣམས་ཀྱིས་དུས་རྒྱུན་དུ་དཔལ་འབྱོར་ཆེད་དུ་འབད་བརྩོན་བྱས་དང་བྱེད་བཞིན་པ་རེད། དེར་བརྟེན་འཛམ་གླིང་ཐོག་ཏུ་སློབ་གྲྭ་བ་རྣམས་ཀྱིས་སློབ་སྦྱོང་ལ་འབད་བརྩོན་བྱེད་པ་འདི་ནི་སྐྱེ་བ་ཕྱི་མ་ལ་ཕན་པའི་བྱ་བ་མིན་པ་ཐམས་ཅད་ཚེ་འདིའི་བདེ་སྐྱིད་ཐོབ་ཆེད་དུ་རེད།

    ཚེ་འདིའི་བདེ་སྐྱིད་ཐོབ་པ་ལ་རང་ཉིད་ཀྱི་འཚོ་བ་ཡག་པོ་ཞིག་ཡོང་ཐབས་ལ་འབད་དགོས་པ་དང་འཚོ་བ་ཡག་པོ་ཞིག་འགྲུབ་ཐུབ་པའི་ཆེད་དུ་ *ལས་དོན་* occupation. Professional.*སློབ་སྦྱོང་བྱེད་དགོས།

    ལས་དོན་སློབ་སྦྱོང་བྱེད་པར་སྐད་ཡིག་གཅིག་བརྟེན་ནས་བསླབ་དགོས་པ་དང་དེ་འདྲ་ཡིན་དུས་རང་གི་བསླབ་པའི་སྐད་ཡིག་དེའི་ནང་དུ་ལས་དོན་སྡེ་ཚན་རྣམས་ཡོད་དགོས། བོད་ཀྱི་སྐད་ཡིག་ནང་དུ་ལས་དོན་སྡེ་ཚན་མེད་དུས་བོད་ཀྱི་སྐད་ཡིག་ལ་བསྟེན་ནས་ལས་དོན་སློབ་སྦྱོང་བྱེད་ཐུབ་ཀྱི་མེད་པས་མ་འོང་སོན་རྩ་རྣམས་ཀྱིས་བོད་ཡིག་སློབ་སྦྱོང་ཡག་པོ་བྱེད་ཀྱི་མེད་པ་རེད་འདོད།

    གལ་སྲིད་བོད་ཡིག་ལ་བརྟེན་ནས་དེང་རབས་གསར་པའི་ལས་དོན་སྡེ་ཚན་ཁག་བསླབ་ཐུབ་པ་དང་དེར་བརྟེན་དཔལ་འབྱོར་ཡོང་ཁུངས་ཞིག་ཡོད་ན་རྒད་མགོ་དཀར་མན་ཆད་དང་ཆུང་སོ་དཀར་ཡན་ཆད་ཀྱིས་ཉིན་མཚན་མེད་པར་འབད་བརྩོན་བྱེད་ངེས་རེད།

    དཔེར་ན། བལ་ཡུལ་སྤོར་ར་གཞི་ཆགས་ཁག་གི་བོད་མི་རྒད་པོ་རྒད་མོ་ཚོས་སྐད་རིགས་སྣ་མ་སྣ་ཚོགས་ཤེས་ཀྱི་ཡོད། ཁོང་རྣམ་པའི་འཚོ་བའི་ཆེད་དུ་ཡུལ་སྐོར་སྤྲོ་འཁྱམ་པའི་མཉམ་དུ་ཚོང་ལས་ལ་བརྟེན་ནས་འཚོ་བ་སྒྲུབ་དགོས་པས་རེད།

    ཚེ་འདིའི་འཚོ་བ་སྒྲུབ་ཐུབ་པའི་སྐད་ཡིག་ཅིག་ཡིན་ན་སྐད་ཡིག་དེ་ལ་འབད་བརྩོན་བྱེད་མཁན་ཡོད་ཡོད་པ་རེད། དེར་མེད་ན་ཆོས་གཅིག་པོ་བྱེད་ཐུབ་ཙམ་གྱི་སྐད་ཡིག་ཞིག་ལ་ཁ་ནས་རྩ་བ་ཆེན་པོ་རེད་ཞེས་བཤད་ཀྱང་དོན་དངོས་ཐོག་འབད་བརྩོན་ཅི་ཙམ་ཡོད་མེད་ང་རང་ཚོའི་བཙན་བྱོལ་བོད་ཕྲུག་རྣམས་ལ་གཟིགས་དང།

    བོད་ཡིག་ཡག་པོ་ཤེས་ཀྱི་མེད་པ་དང་དབྱིན་ཡིག་ཡག་པོ་ཤེས་པ་དང་འབད་བརྩོན་གཙོ་བོ་དབྱིན་ཡིག་ཐོག་ཏུ་བྱེད་ཀྱི་ཡོད། བོད་ཀྱི་སྐད་ཡིག་འདི་ཡུན་རིང་གནས་དགོས་ན་འདི་ལ་སློབ་སྦྱོང་བྱེད་མཁན་དགོས་ཀྱི་རེད།བོད་ཡིག་ལ་སློབ་སྦྱོང་བྱེད་མཁན་དགོས་ན་བོད་ཡིག་ནང་དུ་ལས་དོན་སྡེ་ཚན་བསྒྱུར་དགོས་པ་མཐོང།

    རྨེའུ་དཀོན་རྒྱམ་གྱིས་དྲི་བ་༥》 དེང་དུས་ཀྱི་རིག་གནས་དང་རྒྱུན་ཤེས་གང་མང་ཞིག་བོད་ཡིག་ཏུ་བསྒྱུར་ཐབས་སུ། བྱ་ཐབས་ག་འདྲ་ཞིག་འདོན་དགོས་པ་རེད་དམ།

    ལན།

    དེང་དུས་ཀྱི་ལས་དོན་སྡེ་ཚན་གྱི་རིག་གནས་བོད་ཀྱི་སྐད་ཡིག་ནང་དུ་བསྒྱུར་པར་ཆ་རྐྱེན་མང་པོ་ཞིག་དགོས་ཀྱི་རེད་སྙམ། དཔེར་ན་འཛམ་གླིང་ཐོག་ཏུ་དེང་དུས་ཀྱི་ལས་དོན་སྡེ་ཚན་མང་པོ་ཡོད་པའི་ནང་ནས་ང་ཅོ་རིས་ཤེས་པ་ནི་མ་ཆེན་གྱི་ལས་དོན་ཡིན་པས་ཟས་ཀྱི་རིག་གནས་སྐོར་རུ་མྱོང་བ་ཅང་ཟད་ཡོད་པས་མ་ཆེན་ལས་དོན་བོད་ཡིག་ནང་དུ་བསྒྱུར་སྟངས་བཤད་ན།

    དང་པོ་ཐ་སྙད་ཀྱི་མ་འདང་བའི་དཀའ་ངལ་ཆེ་ཤོས་རེད། ཟས་ཀྱི་རིགས་མི་འདྲ་ཧ་ཅང་མང་པོ་ཡོད་པ་དང་དེ་འདྲའི་རིགས་རྣམས་ཐ་སྙད་འདི་དང་འདི་བེད་སྤྱོད་བྱ་དགོས་མིན་ཁ་ཚོན་གཅད་མ་ནུས་པ་དང་ག་སྲིད་ཐག་གཅོད་ནས་བྲིས་པ་ཡིན་ན་གཞན་གྱིས་གོ་མི་ཐུབ་པའི་དཀའ་ངལ་འདི་ནི་སྡུག་ཤོས་འདུག

    དཔེར་ན་Pizza ལྟ་བུ་བཟོ་སྟངས་བོད་ཡིག་ནང་དུ་བསྒྱུར་དགོས་དུས་དང་པོ་pizzaཞེས་པ་འདི་ལ་མིང་ཞིག་འབྲི་དགོས་པས་སྒྲ་སོར་བཞག་བྱེད་ནས་གོ་སླ་ཡང་དེང་སང་སྤྱི་ཚོགས་ནང་དུ་སྒྲ་སོར་བཞག་པ་རྣམས་ལ་ངོས་ལེན་མེད་གསུངས་མཁན་མང་པོ་རེད།

    བོད་མང་གི་མཁས་དབང་ཚོས་བོད་སྒྱུར་བྱས་པའི་ཚིག་མཛོད་རེ་གཉིས་ཡོད་ཀྱང་ལས་དོན་སྡེ་ཚན་ཞིག་བོད་ཡིག་ནང་དུ་བསྒྱུར་པ་ལ་ཕན་ནུས་ཆ་ཚང་བ་ཡོད་པ་གཅིག་ཀྱང་མེད། ལས་དོན་རིག་གནས་ཤེས་མཁས་ཚོས་བོད་ནས་བཏགས་པའི་ཐ་སྙད་གསར་པ་རྣམས་མ་ཤེས་པ་དང་བྱ་དངོས་གསར་པ་རྣམས་ལ་མིང་ལྷག་གཏགས་མཁན་ཚོས་ལས་དོན་རིག་གནས་མ་ཤེས། གལ་སྲིད་བྱ་དངོས་གསར་རྣམས་ལ་བོད་མིང་ཡིན་ཟེར་ནས་ཅིག་འདོགས་ཁུལ་བྱེད་པ་ཡིན་ན་ལས་དོན་རིག་གནས་བོད་ཡིག་ནང་དུ་བསྒྱུར་ཐུབ་པ་ཁག་པོ་རེད་འདུག

    བཙན་བྱོལ་བོད་གཞུང་གིས་ངོས་ནས་ཐ་སྙད་གསར་པ་གཏན་འབེབས་ཀྱི་ཚིག་མཛོད་རྩ་བ་བརྟེན་ས་ཞིག་དང་ཆ་ཚང་བ་ཞིག་བཟོ་ཐུབ་པ་ཡིན་ན་ལས་དོན་སྡེ་ཚན་ཁག་བོད་ཡིག་ནང་དུ་བསྒྱུར་ཐུབ་སྙམ།

    དེང་དུས་ཀྱི་ལས་དོན་རིག་གནས་བོད་ཡིག་ནང་དུ་བསྒྱུར་མཁན་ཞིག་གི་ངོས་ནས་ཚང་དགོས་པའི་ཆ་རྐྱེན་དང་པོ་རང་ཉིད་ཀྱི་ལས་དོན་རིག་གནས་དེར་ཤེས་དགོས། གཉིས་པ་སྐད་ཡིག་གཉིས་ཤེས་དགོས་ཀྱི་རེད་སྙམ།

    Pizza བཟོ་ཤེས་པའི་མ་ཆེན་ལག་ཤེས་པ་ཞིག་ཡིན་ན་ཡུང་རོ་རྒྱལ་ཁབ་ཁག་གི་ནང་དུ་ལས་ཀ་མི་རག་པའི་སེམས་མེད། གཞན་རྒྱ་གར་བལ་ཡུལ་ནང་དུ་མཐོ་སློབ་ཕྱིན་པ་ཡིིན་ཟེར་མཁན་ཚོས་ལས་ཀ་གཙང་མ་བཟོ་ཡ་དང་སྡེར་མ་ཁྲིས་ཡ་ལས་ཀ་མ་གཏོགས་ཁག་པོ་རེད། མདོ་ན་དེང་དུས་ཀྱི་ལས་དོན་རིག་གནས་མེད་པའི་མི་ཞིག་གི་འཚོ་བ་པོ་ཞིག་ཡོང་བ་ཁག་པོ་རེད།

    ང་ཅོ་རིའི་རྨོངས་ཀླད་ནང་དུ་འཆར་བ་ནི་ཟས་ཀྱི་རིག་གནས་གཅིག་པོ་ཐོག་ནས་བཙན་བྱོལ་གཞུང་མང་གཉིས་ཀ་རང་ཉིད་རང་རྐང་སྟེང་དུ་ལང་ཐུབ་སྙམ།

    རྗེས་སུ་ལས་དོན་རིག་གནས་ལག་ལེན་བསྟར་ཕྱོགས་སྐོར་རུ་མུ་མཐུད་ནས་འབྲི་གྱི་ཡིན

    Reply
  2. ཐུབ་བསྟན་ལེགས་བཤད། says:
    ལོ་ 16 སྔོན།

    ཁྱད་ལས་པའི་ཚོགས་འདུ་ཟེར་བ་དེའི་ནང་རྒྱ་གར་གྱི་མཁས་པ་དེས་ཁྱད་ལས་པའི་ལས་འགན་གཙོ་བོ་རང་གི་སྐད་ཡིག་བདག་པོ་རྒྱག་དགོས་རྒྱུ་དེ་ཡིན་སྐོར་བཤད་འདུག་ཀྱང་དུས་བབ་ཚང་གིས་ཟུར་ཙམ་ཡང་བྲིས་མི་འདུག་ལ་ཚོགས་ཞུགས་པ་མང་ཆེ་བས་བོད་སྐད་ཚད་ལྡན་ཤེས་ཀྱི་མི་འདུག་ཟེར།

    Reply
  3. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    གཅིག 《རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་ཁ་འཐོར་དུ་ཡོད་པའི་བོད་མི་ཁྱད་ལས་པ་རྣམས་ཕན་ཚུན་ངོ་ཤེས་པ་དང་འབྲེལ་མཐུད་ཀྱི་སྡིངས་ཆ་ཞིག་བསྐྲུན་རྒྱུ།》ཞེས་པ་འདི་ལ་ཧ་ཅང་མོས་མཐུན་ཡོད།

    གཉིས། 《རང་རང་གི་སྤྱི་ཚོགས་དང་རྒྱལ་ཁབ་ཀྱི་གནས་སྟངས་དེ་གང་འདྲ་ཞིག་ཏུ་ཡོད་མེད་ཤེས་རྟོགས་ཡོང་བ་བྱས་ཏེ། རང་ཉིད་ཀྱི་ནུས་པས་རང་གི་སྤྱི་ཚོགས་དང་ཁོར་ཡུག་ལ་ཞབས་འདེགས་ཞུ་རྒྱུའི་ཐད་དུ་བགྲོ་གླེང་། 》ཞེས་པའི་དོན་ཚན་འདིའི་ཐོག་ཏུ་ཞུ་འདོད་པའི་གནད་དོན་འགའ་རེ་འདུག་པས་ཞུ་རྒྱུ་ཡིན།

    ༼ Occupatoin་ཞེས་པའི་ཨིན་ཚིག་འདི་དང་ཁྱད་ལས་ཞེས་པའི་བོད་ཚིག་འདི་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པར་གཞི་བཞག་ནས་བཤད་རྒྱུ་ཡིན།༽

    བོད་མི་རིགས་ལ་དེང་རབས་འདིའི་ནང་དུ་དགོས་མཁོ་ཡོད་པའི་ཁྱད་ལས་རིགས་མི་འདྲ་བ་མང་པོ་ང་རང་ཚོའི་བོད་ཡིག་ནང་དུ་བསྒྱུར་ཐུབ་དགོས་པ་ནི་གལ་ཆེན་ནང་གི་དོན་ཆེན་རེད་འདུག་སྙམ།

    གཅིག་ནས་བོད་ཀྱི་སྐད་ཡིག་གི་ཐོག་ནས་རྒྱལ་སྤྱིའི་ཚད་ལྡན་ཁྱད་ལས་སློབ་སྦྱོང་བྱས་ཐུབ་ཀྱི་མེད་པ་དང་གཉིས་ནས་བོད་ཀྱི་སྐད་ཡིག་ནང་དུ་རྒྱལ་སྤྱིའི་ཚད་ལྡན་ཁྱད་ལས་མེད་པས་བོད་ཀྱི་སྐད་ཡིག་འདི་རྗེས་སུ་ལུས་པའི་སྐད་ཡིག་ཞིོག་ཆགས་ཡོད་པས་རྒྱུ་མཚན་མང་ཙམ་སྔར་ནས་བཤད་ཟིན་པ་ཡིན།

    མ་ཟད་དེང་སང་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་སྒྲུབ་ཐུབ་དགོས་པ་ནི་ནུབ་ཕྱོགས་པའི་བོད་རིགས་རྣམས་ཀྱིས་འགོ་འཛུགས་ནས་ཁྱད་ལས་སློབ་སྦྱོང་བོད་ཡིག་ནང་དུ་བསྒྱུར་དགོས་པ་དང་བསྒྱུར་ཚར་དུས་བོད་མི་མི་ཉུང་བ་ཞིག་གི་བེད་སྤྱོད་ཀྱང་བྱེད་སའི་ཁོར་ཡུག་ཡག་པོ་ཡོད།

    ནུས་ཕྱོགས་པའི་ཁྱད་ལས་རིགས་མི་འདྲ་བ་མང་པོ་ཡོད་པའི་ནང་ནས་ང་རང་ཚོ་ལ་དགོས་པའི་ཁྱད་ལས་ག་རེ་ཡིན་མིན་ཞིབ་འཇུག་ཡག་པོ་བྱེད་དགོས། སྨན་པ། ཁྲིམས་རྩོད་པ། ཞབས་ཞུ་པ། མ་བྱན། ཁྱད་ལས་བཞི་པོ་འདི་དག་ལ་ཆ་བཞག་ན་སྔོན་མ་གཉིས་ནི་ཚོད་མཐོ་བའི་ཁྱད་ལས་དང་ཕྱི་མ་གཉིས་ཚོད་དམའ་བའི་ཁྱད་ལས་ལ་བརྩི་ཆོག་གི་རེད།
    ཡིན་ནའང་རང་གིས་གང་སྦྱོང་བའི་ཁྱད་ལས་ཀྱི་ལས་ཀ་རག་མིན་སྔོན་ནས་བསམ་བློ་བཏང་དགོས་པ་གལ་ཆེན་པོ་རེད། དཔེར་ན། དེང་སང་ནུབ་ཕྱོགས་སུ་སྨན་པ་མང་བ་དང་སྨན་པའི་རྐུབ་སྟེགས་ཉུང་བ་ཆགས་ཡོད་པའི་གནས་སྟངས་ཡོད།

    ཟ་ཁང་གི་ཁྱད་ལས་ལྟ་བུ་ཡིན་ན་འཛམ་གླིང་ཐོག་ཏུ་ལས་ཀ་བྱེད་སའི་ཁོར་ཡུག་ཧ་ཅང་མང་པོ་རེད། དེ་བརྟེན་མ་བྱན་ལྟ་བུ་ཁྱད་ལས་སློབ་སྦྱོང་བྱེད་པ་ཡིན་ན་རྗེས་སུ་ལས་ཀ་མ་རག་པའི་སེམས་འཁྲུལ་དེ་ཙམ་དགོས་ཀྱི་མེད།

    ད་གང་ཡིན་ཡང་་་་དེང་སང་ནུབ་ཕྱོགས་སུ་ཡོད་པའི་བོད་མི་བརྒྱ་ཆ་༥༠ནས་༧༠བར་དུ་ཟ་ཁང་ལས་ཀ་བྱས་ནས་འཚོ་བ་བསྐྱལ་བཞིན་ཡོད། དེའི་ཕྱིར། ང་རང་ཚོས་མི་ཚེ་དང་འཚོ་བའི་བར་དུ་འབྲེལ་བ་ཡོད་པའི་ཟ་ཁང་གི་ཁྱད་ལས་རྣམས་བོད་ཀྱི་སྐད་ཡིག་ནང་དུ་བསྒྱུར་དགོས་པའི་དུས་ཚོད་བསླེབས་ཚར་བ་མ་ཟད་རྗེས་སུ་ལྷག་བཞིན་འདུག་ཞུ་རྒྱུ་ཡིན།

    དཔེར་ན། དེང་སང་ལྟ་བུ་ལ་ནུབ་ཕྱོགས་པའི་ཟ་ཁང་ཁྱད་ལས་རྣམས་བོད་ཀྱི་སྐད་ཡིག་ནང་དུ་ཡོད་པའི་དབང་དུ་བཏང་ན་གསར་དུ་ཁྱད་ལས་སློབ་སྦྱོང་བའི་བོད་མི་རྣམས་ལ་ཕན་ཐོགས་པ་ཡོད་པ་དང་། གཉིས་ནས་བོད་ཀྱི་སྐད་ཡིག་འདི་དང་བོད་མིའི་འཚོ་བའི་བར་དུ་འབྲེལ་བ་འཛུགས་ཐུབ་པ་དང་བོད་ཀྱི་སྐད་ཡིག་ཤེས་པའི་བོད་མི་ཚོས་རང་གི་དྲིན་ཅན་ཨ་མའི་བོད་ཀྱི་སྐད་ཡིག་གི་ཐོག་ནས་ཁྱད་ལས་སློབ་སྦྱོང་བྱེད་ཐུབ་པ་བྱུང་ན་བོད་མི་རིགས་དང་བོད་ཀྱི་སྐད་ཡིག་གཉིས་ཀ་རྩ་བ་བརྟན་དུ་སོང་བ་རེད་འདོད།

    དེང་སང་ནུབ་ཕྱོགས་ཡུལ་གྲུ་ཁག་གི་བོད་ཀྱི་སྐད་ཡིག་ཐོག་ནས་བོད་མི་རྣམས་ཀྱིས་ཁྱད་ལས་སློབ་སྦྱོང་བྱེད་པའི་གོ་སྐབས་ཡོད་ལ་་་་ཁྱད་ལས་སྦྱངས་ཚར་དུས་བེད་སྤྱོད་གཏོང་ནས་རང་གི་འཚོ་བ་སྐྱེལ་ཐུབ་ཡོད་པས་གོ་སྐབས་འདི་འདྲ་ཅི་ནས་ཀྱང་མ་ཤོར་བ་གནང་རོགས་ཞེས་རེ་བ་ཞུ་རྒྱུ་ཡིན།

    བོད་ཡིག་གི་ཐོག་ནས་ཁྱད་ལས་སློབ་སྦྱོང་མ་བྱན་ལྟ་བུ་བྱས་ནས་ཤེས་མཁན་ཞིག་ཡིན་ན་དེའི་ཐོག་ཏུ་ནུས་ཕྱོགས་ཀྱི་སྐད་ཡིག་ཟ་སྐད་འཐུང་སྐད་ཙམ་ཤེས་པ་ཡིན་ན་རང་གི་བོད་ཡིག་ཐོག་ནས་སྦྱངས་པའི་མ་བྱན་གྱི་ཁྱད་ལས་ལྟ་བུ་བེད་སྤྱོད་བྱེད་ཐུབ་ཀྱི་ཡོད།

    དེ་དང་དེར་འདྲ་བའི་ཁྱད་ལས་ཀྱི་རིགས་མི་འདྲ་བ་རྣམས་ཀྱང་བོད་ཀྱི་སྐད་ཡིག་ཐོག་ཏུ་ཡོད་དགོས་པ་ནི་གནས་ཚུལ་འཛག་དྲགས་རེད་འདུག་དྲན་བཞིན་ཡོད་ལགས།

    དེང་རབ་གསར་པའི་ཁྱད་ལས་རྣམས་བོད་ཀྱི་སྐད་ཡིག་ནང་དུ་བསྒྱུར་ཐུབ་པ་ཡིན་ན་ང་རང་ཚོའི་བོད་ཀྱི་སྐད་ཡིག་དང་བོད་མི་རིགས་འདི་འཛམ་གླིང་མ་འཐོར་པ་བར་དུ་བོད་མི་རིགས་དང་བོད་སྐད་ཡིག་གནས་ཐུབ་པའི་རྩ་བ་གཅིག་རེད་འདོད།

    ཁྱད་ལས་ཀྱི་ཆེད་དུ་འཚོགས་བཞིན་པའི་ཚོགས་མི་རྣམས་ཀྱིས་ང་ཅོ་རིའི་སྐད་ཆ་འདི་ལ་མཐོང་ཆུང་མེད་པར་གཟིགས་ཞིབ་གནང་རོགས་ཞུ་རྒྱུ་ཡིན།

    ཁྱད་ལས་ཀྱི་སྐོར་དུ་ཟིན་བྲིས་ཞིག་འབྲི་དགོས་བསམ་ནས་བསྡད་ཡོད་ཀྱང་དུས་ཚོད་དང་གནས་བབ་ཀྱིས་དབང་གིས་བྲིས་མ་ཐུབ་པ་ལྷག་བསྡད་ཡོད། རྗེས་སུ་ཁྱད་ལས་ཀྱི་སྐོར་བསམ་བློ་མང་ཙམ་གཏོང་ནས་བསམ་འཆར་བཤད་ཀྱི་ཡིན་ལགས།
    ཐུགས་རྗེ་གཟིགས།

    Reply
  4. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    བཀའ་དྲིན་ཆེ་ཨ་རིག་འགྱུར་མེད་ལགས།
    གསར་དུ་བཟོས་པའི་ཨིན་བོད་ཤན་སྦྱར་གྱི་ཐ་སྙད་གསར་པའི་ཚིག་མཛོད་ནང་དུ་མེད་པས་སྐྱོ་བ་ལ། ཨིན་བོད་ཤན་སྦྱར་གྱི་ཐ་སྙད་གསར་པའི་ཚིག་མཛོད་འདིར་བཟོ་དུས་་་་དྲ་གྲོགས་་ཕུན་ཚོགས་ལགས་ཀྱིས་བཟོ་བཀོད་མི་སྣ་རྣམས་ལ་ཤེས་ཡོན་མེད་ཚུལ་མང་པོ་ཞིག་གསུངས་སོང་བས་བདེན་པ་ཡིན་པ་འདྲ།

    Reply
  5. ཨ་རིག་འགྱུར་མེད། says:
    ལོ་ 16 སྔོན།

    བཀུར་འོས་ཅོ་རི་ཉི་མ་ལགས། བོད་གཞུང་ཤེས་རིག་ལས་ཁུངས་ཀྱིས་གཏན་འབེབས་གནང་བའི་ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་ནང་གོང་གསལ་ཚིག་གཉིས་ཀ་མི་འདུག
    ཡིན་ནའང་། ཁ་སང་བཀའ་ཁྲི་མཆོག་གིས་ཁྱད་ལས་པ་ཟེར་བ་དེ་འགྱུར་ཡག་པོ་ཡོད་སྐོར་ཞིག་གསུངས་སོང་། དེ་ཙམ་ལགས། ལས་བྲེལ་གྱི་རྐྱེན་པས་དུས་ཚོད་མང་བོ་མེད། བདེ་མོ།

    Reply
  6. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    ཟམ་གདོང་བླ་མས་གསུང་སྟངས་བལྟས་ན་ད་ལྟའི་སློབ་གྲྭ་ཁག་གི་ལས་མི་དང་གཞུང་གི་གླ་བ་ཕལ་ཆེ་བ་དུད་འགྲོ་ལས་ལོས་པ་ཡོད་ས་རེད།

    Reply
  7. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཨ་རིག་འགྱུར་མེད་ལགས།
    བཙན་བྱོལ་བོད་གཞུང་གིས་བཟོས་པའི་ཐ་སྙད་གསར་པའི་ཚིག་མཛོད་ནང་དུ་Occupstion ཞེས་པའི་ཚིག་འདིར་བོད་ཀྱི་ཐ་སྙད་ག་རེ་བཏགས་འདུག་གམ།
    གཅིག་གསུང་རོགས་ཞུ། ངས་ད་ལྟར་བར་དུ་ཐ་སྙད་གསར་པའི་ཚིག་འཛོད་ཉོ་ཡ་རག་སོང་བས་ཐབས་ཤེས་མེད་ནས་དྲི་དགོས་བྱུང་སོང་།

    གཞན་ཁྱད་ལས་ལ་འགྲེལ་བཤད་རྒྱག་སྟངས་ཀྱི་ཐོག་ནས་ང་མགོ་འཐོར་སོང་།

    Reply
  8. ཅོ་རི་ཉི་མ། says:
    ལོ་ 16 སྔོན།

    ཁྱད་ལས་ཞེས་པ་དེ* occupation. Professional.*ཟེར་གྱི་ཡོད་རེད་དམ། འོན་ན་ཟམ་གདོང་རིན་པོ་ཆེན་གསུངས་པར་ལྟ་བུ་ཞིག་ཁྱད་ལས་ཟེར་གྱི་ཡོད་དམ།
    མཁས་དབང་ཁོང་གིས་གསུངས་སྟངས་འདི་ནི་སྐྱེས་ཕོ་རབ་ཞིག་ངོས་འཛིན་བྱས་སྟངས་འདྲ་པོ་རེད་འདུག

    དོན་གཅོད་དང་གཡུ་སྒྲོན་ལགས་གཉིས་ཀྱིས་གསུངས་སྟངས་ལ་བལྟས་ན་Occupation. professional ཞེས་པ་ལ་གོ་དགོས་པ་མི་འགྲོ་བསམ་པ་གཅིག་འདུག

    གང་ཡིན་ཡང་ཁྱད་ལས་དང་ཁྱད་ལས་པ་གཉིས་ལ་འགྲེལ་བཤད་རེ་གསུངས་ཐུབ་མཁན་ཡོད་ན་གསལ་བཤད་ཤིག་གནང་རོགས་ཞུ། ཨ་རི་འགྱུར་མེད་ལགས།

    ཐུགས་རྗེ་གཟིགས།

    Reply
  9. འོས་ལངས། says:
    ལོ་ 16 སྔོན།

    བགྲོ་གླེང་ཚོགས་འདུ་འདིའི་བརྗོད་དོན་དེ་མགོ་རྙོག་ཅིག་འདུག དེ་ཡང་བཀའ་ཁྲི་མཆོག་གིས་སྔོན་ཆད་དབུ་མའི་ལམ་ལ་མཐའ་བརྒྱད་དང་མཐའ་བཞིའི་འགྲེལ་བསྐྱོན་གནང་བ་ལྟ་བུ་རེད། བོད་མི་ཁྱད་ལས་པ་ཚོ་ཟེར་ན་གང་འདྲ་ཡིན་ནམ། ཚོགས་འདུ་དེར་ཕེབས་བོད་མི་ཁྱད་ལས་པ་བརྒྱད་ཅུའི་ཁྲོད་ཀྱི་མི་སྣ་རེ་ཟུང་དཔེར་མཚོན་དུ་དྲངས་ནས་དེ་དག་གི་གཞན་དང་མ་འདྲ་བའི་ཁྱད་ལས་ཐད་ནས་འགྲེལ་བརྗོད་རེ་གནང་ཐུབ་ན་ཡག་པོ་འདུག་བསམ། དེ་ནས་༼ ན་གཞོན་མདུན་བཟང་ལམ་སྟོན་ལས་རིམ་ཚོགས་པ༽འི་མིང་དེ་ཀློག་མི་བདེ་བ་དང་། གོ་དོན་ལེན་རྒྱུ་སོགས་ནས་ཀྱང་ཏག་ཏག་ཅིག་བསྡད་མི་འདུག་བསམ། ཡིན་ན་ཡང་ཚོགས་གཙོ་གཡུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་བོད་དོན་ཞིག་ལ་དམིགས་ནས་ལས་དོན་བསྒྲུབས་པར་དགའ་བསུ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese