མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་སར་ཉིན་གསུམ་རིང་གི་གསུང་ཆོས་མགོ་འཛུགས།

བོད་ཀྱི་དུས་བབ།
༢༠༡༠/༠༩/༠༨
Share on FacebookShare on TwitterShare on EmailShare on Whatsapp
དངོས་པོའི་རིན་ཐང་ནི་ཕན་ཐོགས་ཆེན་པོ་ཞིག་ཡིན་པར་མ་ཟད། དེ་ནི་ང་ཚོར་ངེས་པར་དུ་དགོས་ངེས་ཞིག་ཡིན་ནའང་། དངོས་པོའི་མཐུན་རྐྱེན་དེས་སེམས་ལ་ཞི་བདེ་བསྐྲུན་ཐུབ་ཀྱི་མེད་ཅེས་༧གོང་ས་མཆོག་གིས་སང་གྷ་ཕོར་དང་མ་ལེ་ཤི་ཡ་ནས་ཕེབས་པའི་རྒྱ་རིགས་ཆོས་ཞུ་བར་གསུངས་ཡོད།
དེ་རིང་ཞོགས་པའི་ཆུ་ཚོད་ ༩ པའི་སྟེང་བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སང་གྷ་ཕོར་དང་མ་ལེ་ཤི་ཡ། ཧོང་ཀོང་སོགས་ཀྱི་རྒྱ་རིགས་དད་ལྡན་མང་ཚོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་༧གོང་ས་མཆོག་གིས་རྒྱ་རིགས་ནང་པ་གཙོས་ཝེ་ཐི་ནམ་དང་ཀོ་རི་ཡ། ཉི་ཧོང་། དེ་བཞིན་འཛམ་གླིང་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཕྱི་རྒྱལ་མི་རིགས་དང་བཞུགས་སྒར་ཁུལ་གྱི་བོད་མི་མང་ཚོགས་བཅས་ལ་ཉིན་གསུམ་རིང་ཤེས་རབ་སྙིང་པོ་དང་རྒྱལ་སྲས་ལག་ལེན་སོ་བདུན་མའི་འཆད་ཁྲིད་དབུ་འཛུགས་གནང་ཡོད་པ་དང་། གསུང་ཆོས་དབུ་འཛུགས་མ་གནང་གོང་༧གོང་ས་མཆོག་གིས་གསུངས་དོན། ངོས་ཀྱིས་དེ་རིང་འདིར་ཕེབས་པའི་མང་ཚོགས་ཁྲོད་ཀྱི་ཆོས་ཞུ་བ་ཕལ་ཆེ་བ་ནང་པ་ཡིན་པ་ཤེས་ཀྱི་ཡོད་ལ། དེ་བཞིན་ཡི་ཤུ་དང་ཧིན་ངྷི་བ་གང་འཚམ་ཞིག་དང་། ཁ་ཆེ་རེ་ཟུང་དང་ཆོས་དད་མེད་མཁན་ཁག་ཅིག་ཀྱང་ཕེབས་ཡོད་པ་རེད། ང་རང་ལ་མཚོན་ན་མང་ཚོགས་དེ་འདྲའི་རིགས་ལ་ཤིན་ཏུ་དགའ་བོ་ཡོད། ངོས་ཀྱིས་བསམས་ན་འཛམ་གླིང་འདིར་མི་གྲངས་དུང་ཕྱུར་ ༦༠ ལྷག་ཡོད་པ་ཚང་མས་བདེ་བ་འདོད་ཀྱི་ཡོད་པ་རེད། ནང་ཆོས་ཉམས་ལེན་པ་ཞིག་ལ་མཚོན་ན། ཉིན་རྟག་པར་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་བདེ་སྐྱིད་དོན་དུ་གསོལ་བ་སྨོན་ལམ་འདེབས་ཀྱིན་ཡོད། འཛམ་གླིང་གཞན་པའི་སྟེང་ཡོད་པའི་སེམས་ཅད་ཚོར་ང་ཚོས་ཐད་ཀར་དུ་འབྲེལ་བ་བྱ་ཐུབ་ཀྱི་མེད་ཀྱང་འཛམ་གླིང་འདིའི་དབང་དུ་བྱས་ན་ཕན་ཚུན་བར་འབྲེལ་བ་གང་འཚམ་བྱ་ཐུབ་ཀྱི་ཡོད། དེའི་སྟབས་ཀྱིས་མི་རེ་ངོ་རེའི་མ་འོངས་པ་དེ་མི་གྲངས་དུང་ཕྱུར་ ༦༠ ལྷག་གི་བདེ་སྡུག་ལ་བརྟེན་ཡོད་པ་ཞིག་ཡིན་ཞེས་གསུངས།
ཡང་ཁོང་གིས་དངོས་པོའི་རིན་ཐང་གིས་མིའི་སེམས་ལ་ཞི་བདེ་ངོ་མ་ཞིག་བསྐྲུན་ཐབས་མེད་པའི་སྐོར་ལ་གསུངས་དོན། ངོས་རང་གང་དུ་སོང་ནས་ཅི་ཞིག་བཤད་ཀྱང་། ཐོག་མར་རང་ཉིད་ནི་འཛམ་གླིང་འདིའི་མི་གྲངས་དུང་ཕྱུར་ ༦༠ ལྷག་ཡོད་པའི་ནང་གི་མི་གཅིག་ཡིན་ཞེས་བཤད་ཀྱིན་ཡོད། འཛམ་གླིང་ཐོག་ཡོད་པའི་འགྲོ་བ་མིའི་རིགས་ཚང་མ་ལུས་པོའི་གྲུབ་སྟངས་དང་སེམས་ཀྱི་རྣམ་གཞགཚོར་བའི་བདེ་སྡུག་བཅས་ཚང་མ་གཅིག་མཚུངས་ཡིན། མི་ཚང་མས་ཞི་བདེའི་ངང་མི་ཚེ་ཞིག་འདོད་ཀྱི་ཡོད་ལ། བདེ་སྐྱིད་ཀྱི་མི་ཚེ་ཞིག་འཐོབ་ན་བསམ་གྱི་ཡོད། མི་སུ་གཅིག་གིས་ཀྱང་སྡུག་བསྔལ་འདོད་ཀྱི་མེད།  དེའི་སྟབས་ཀྱིས་ང་ཚོ་མི་ཚང་མར་བདེ་སྐྱིད་ལྡན་པའི་མི་ཚེ་ཞིག་འཐོབ་རྒྱུའི་ཐོབ་ཐང་ཡོད།
ནམ་རྒྱུན་མི་མང་གིས་དོན་དམ་གྱི་བདེ་སྐྱིད་ཅིག་འཐོབ་ཐབས་སུ་དངོས་པོའི་རིན་ཐང་གལ་ཆེར་བརྩིས་ཏེ། བདེ་སྐྱིད་ནི་དངོས་པོའི་རིན་ཐང་ཁོ་ན་ལས་ཡོང་བར་འབད་བརྩོན་བྱེད་ཀྱིན་ཡོད། མ་གཞི་དངོས་པོའི་རིན་ཐང་དེ་ཕན་ཐོགས་ཆེན་པོ་ཞིག་ཡིན་པར་མ་ཟད། དེ་ནི་ང་ཚོར་ངེས་པར་དུ་དགོས་ངེས་ཞིག་ཡིན་ནའང་།  དངོས་པོའི་མཐུན་རྐྱེན་དེས་སེམས་ལ་ཞི་བདེ་བསྐྲུན་ཐུབ་ཀྱི་མེད་ལ།  ངས་བསམ་ན་རིགས་ཁ་ཤས་ལ་དེ་འདྲའི་ཉམས་མྱོང་བྱུང་ཡོད། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བར་དངུལ་མང་བོ་དགོས་པ་དང་། དངུལ་མང་དུ་ཕྱིན་ན་ཕྲག་དོག་ཆེ་རུ་འགྲོ་བ་དང་། དོགས་པའང་ཆེ་རུ་འགྲོ་གི་རེད།དེར་བརྟེན་དངོས་པོའི་རིན་ཐང་དེས་སེམས་མི་སྐྱིད་པ་དང་གནོན་ཤུགས་སོགས་སླེབས་ཡོང་གི་ཡོད།
དེ་བཞིན་ཞི་བདེ་ངོ་མ་དེ་སེམས་ཀྱི་རིན་ཐང་ཡར་རྒྱས་ལས་འབྱུང་དགོས་པའི་ཐད་གསུངས་དོན། ནང་སེམས་ཀྱི་རིན་ཐང་དེར་ཆོས་དད་ཡོད་མེད་གང་ལྟར་ཡང་ངེས་པར་དུ་དོ་སྣང་སྤྲོད་དགོས་ངེས་ཤིག་ཡིན། ད་ལྟ་ཚན་རིག་པས་ཀྱང་སེམས་ལ་ཞི་བདེ་ཞིག་ཡོང་བར་ལུས་སེམས་གཉིས་ཀྱི་བདེ་ཐང་དེ་ཧ་ཅང་གལ་ཆེན་པོ་རེད་ཅེས་བརྗོད་ཀྱིན་ཡོད། གང་ཡིན་ཟེར་ན། ང་ཚོའི་སེམས་དེ་ཞི་བདེ་བག་ཕེབས་པ་ཞིག་ཡིན་ཚེ། ལུས་པོའི་འབྱུང་བ་དེའང་ཏག་ཏག་ཅིག་སྡོད་ཐུབ་ཀྱི་ཡོད། ལུས་པོར་གནོན་ཤུགས་དང་སེམས་ཁྲལ་ཆེ་བ་ཡོད་ན།ལུས་པའི་འབྱུང་བར་གནོད་སྐྱེལ་གྱི་ཡོད། དེར་བརྟེན་སེམས་ཀྱི་ཞི་བདེ་དེ་ཧ་ཅང་གལ་ཆེན་པོ་རེད། གཞི་རྩའི་ང་ཚོའི་སེམས་ཀྱི་གནས་སྟངས་ཞི་བདེར་གནས་ཡོད་པ་ཞིག་ཡིན་ན། རྙོག་དྲའི་རིགས་ཡོང་གིན་ཡོད་ནའང་། སེམས་སུ་རྒྱུན་རིང་པོར་ལྷག་གི་མ་རེད་ལ།ཡོང་གིན་ཡོང་གིན་འགྲོ་བསྡད་ཀྱི་རེད། སེམས་ནང་དུ་གཞི་རྩ་བརྟན་པོ་ཞིག་ཡོད་དུས་གནོན་ཤུགས་དང་ཕྲག་དོག་བཅས་སླེབས་ཀྱིན་ཡོད་ནའང་དེ་ཙམ་ཤུགས་རྐྱེན་སྤྲོད་ཐུབ་ཀྱི་མེད་ཅེས་དང་།
ཡང་ཁོང་གིས་མུ་མཐུད་གསུངས་དོན།  ང་ཚོས་འགྲོ་བ་མིའི་གནས་སྟངས་ཐོག་སྐད་ཆ་བཤད་ཀྱི་ཡོད་པ་གཏོགས། སྐྱེ་བ་ཕྱི་མའི་སྐོར་ལ་བཤད་ཀྱི་མེད་ལ་ལྷའི་གོ་འཕང་དང་དམྱལ་བ་སོགས་ཀྱི་ཆེད་དུའང་བཤད་ཀྱི་མེད། ང་ཚོས་རང་གི་མི་ཚེ་དང་ཁྱིམ་ཚང་། སྤྱི་ཚོགས། དེ་བརྒྱུད་ནས་འཛམ་གླིང་ནང་བདེ་སྐྱིད་ཇི་ལྟར་བསྐྲུན་ཐབས་སྐོར་ལ་སྐད་ཆ་བཤད་ཀྱིན་ཡོད་ཅེས་དང་། བོད་ཀྱི་ནང་ཆོས་ལ་ཆོས་ལུགས་གཞན་ལས་དམིགས་བསལ་ཁྱད་ཆོས་ལྡན་ཡོད་པའི་ཐད་ལ་ཁོང་གིས་གསུངས་དོན། ངོས་རང་ལ་ཆ་མཚོན་ན་ནང་པའི་དགེ་སློང་ཞིག་ཡིན་ལ་འདིར་རྒྱ་ནག་གི་ནང་པའི་ཆོས་ལུགས་ཀྱི་རྗེས་འཇུག་པ་མང་པོ་ཞིག་སླེབས་འདུག  རྒྱ་ནག་ལ་ནང་ཆོས་དར་ནས་ལོ་སུམ་བརྒྱ་བཞི་བརྒྱ་ཙམ་གྱི་རྗེས་སུ་གཞི་ནས་རྒྱ་གར་ནས་བོད་ལ་ནང་ཆོས་དར་བ་རེད། དེར་བརྟེན་ང་རང་ཚོ་དགེ་ཕྲུག་གཞོན་པ་དང་ཁྱེད་ཚོ་དགེ་ཕྲུག་རྒན་པ་ཆགས་ཡོད་མོད། ཤེས་ཡོན་གྱི་ཆ་ནས་དགེ་ཕྲུག་གཞོན་པ་སྐྱོ་བ་རང་མེད། བོད་པའི་སྤྱི་ཚོགས་ནང་མི་ལོ་ ༣༠ རིང་ནང་ཆོས་ལ་སློབ་སྦྱོང་བྱེད་མཁན་ཡོང་གི་ཡོད་ལ། སློབ་སྦྱོང་གི་ཐབས་ལམ་དེ་བགྲོ་གླེང་གི་རྣམ་པའི་ཐོག་ནས་འགྲོ་དགོས་དུས་དགོངས་དོན་མཐིལ་ཕྱིན་པར་རྟོགས་རྒྱུར་ཕན་ཐོགས་ཆེན་པོ་ཡོད། ང་རང་ལ་མཚོན་ནའང་། ངའི་ཤེས་ཡོན་དེ་བོད་ཀྱི་བླ་མ་དགེ་བཤེས་མཐོ་གྲས་ཚོ་དང་བསྡུར་ན་ད་དུང་ཚད་གཞི་དམའ་བོ་རེད། ངོས་ནས་རང་ལོ་ ༣༠ རིང་བོད་ཀྱི་སྐད་ཡིག་གི་མཚོན་དཔལ་ལཎྡྲའི་མཁས་པའི་རྩེ་ཕུད་མགོན་པོ་ཀླུ་སྒྲུབ་ཀྱི་གཞུང་སོགས་ལ་སློབ་སྦྱོང་བྱས་པ་ཡིན། མི་ལོ་ ༥༡ ཙམ་གྱི་རིང་མི་འདྲ་མིན་སྣ་ཚོགས་ལ་ཐུག་འཕྲད་དང་། ལྷག་པར་དུ་འཛམ་གླིང་ནང་པའི་རྒྱལ་ཁབ་ཁག་ཏུ་ཕྱིན་ཏེ་ནང་པའི་སྤུན་ཟླ་རྣམས་དང་ཉམས་མྱོང་བརྗེ་རེས་བྱས་ཡོང་དུས་བོད་ཀྱི་ནང་པའི་ཆོས་དེ་ཡག་པོ་ཞིག་ཤེས་ཐུབ་ཀྱི་འདུག་ལ། གཞུང་འགྲེལ་བཤད་རྒྱག་རྒྱུར་རྒྱ་ཡིག་དང་པ་ལིའི་སྐད་ཡིག་གི་འདང་གི་མེད་པ་དེའང་ཤེས་ཐུབ་ཀྱི་འདུག་ཅེས་གསུངས་སོང་།
 
གསར་འགོད་པ། དཔལ་ལྡན། པར་བ། ཨ་རིག་འགྱུར་མེད།

འབྲེལ་ཡོད་གསར་འགྱུར།

Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

ཆུ་ཚོད་ ༩ སྔོན་ལ།
བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག ༢༠༢༦།༤།༣༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་ཡིག་གཟུགས་སྣ་མང་འགྲེམས་སྟོན་བྱས་ཏེ་ཡིག་གཟུགས་ཉིན་མོ་སྲུང་གཙི་གནང་གི་འདུག 

ཆུ་ཚོད་ ༡༠ སྔོན་ལ།
US Lawmakers introduced Tibet Atrocities Determination Act. Photo Credit: IANS
Mobile App

ཨ་རིའི་གྲོས་ཚོགས་ནང་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་ངོ་སྤྲོད་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ། བདེ་སྐྱིད་ཀྱི་ལྡེ་མིག་གཙོ་བོ།

ཆུ་ཚོད་ ༡༥ སྔོན་ལ།
འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་རུ་འཚོག་རྒྱུ་རེད།
Mobile App

འདི་ལོའི་ཨ་ཕ་གསེར་གྱི་ཕོར་བ་རྐང་སྤོལ་འགྲན་སྡུར་དེ་སྦེལ་ཀོབ་བདེ་སླར་དུ་འཚོག་རྒྱུ་རེད།

༢༠༢༦/༠༤/༢༨
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མཇལ་ཁ་སྩལ་སྐབས། སྐུ་པར་དགའ་ལྡན་ཕོ་བྲང་གི་བརྙན་ཐུང་ནས་བླངས།  ༢༠༢༦།༤།༢༨
༸གོང་ས་མཆོག གསར་འགྱུར།

ཆ་དྷི་སི་གྷར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ཟུར་པས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༤/༢༨

མཆན། 4

  1. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    གསར་འགོད་པ་དཔལ་ལྡན་ལགས།
    བཟོ་བཅོས་གནང་པར་བསམ་པ་ཐག་པས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། གང་ཡིན་ཞེས་ན་༸གོང་ས་མཆོག་གི་བཀའ་སློབ་ལ་དོ་སྣང་དང་ཡིད་ཆེས་བྱེད་མཁན་མི་རིགས་མང་དག་ཅིག་ཡོད་སྟབས་ཧ་ཅང་གི་གལ་ཆེན་པོ་ཞིག་ཏུ་མཐོང་གི་འདུག

    Reply
  2. གཅན་ཚ་དཔལ་ལྡན། says:
    ལོ་ 16 སྔོན།

    ཀློག་པ་པོ་ཤེལ་དཀར་བློ་བཟང་ལགས་ཀྱིས་བསམ་ཚུལ་གསུངས་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁ་སང་༧གོང་ས་མཆོག་གིས་བཀའ་ཆོས་དབྱིན་སྐད་ནང་གསུངས་བ་ཡིན་སྟབས། གོ་ནོར་ཅུང་ཐེབས་ཡོད་འདུག ང་རང་གིས་དབྱིན་སྐད་ཀྱི་ ༡༣ དང་ ༣༠ གཉིས་ཀྱི་སྒྲ་དབྱེ་འབྱེད་མ་ཐུབ་པའི་དབང་གིས་གོ་ནོར་ཐེབས་པ་རེད། གུས་པས་ཡང་བསྐྱར་ཁོང་གི་གསུང་ལ་ཞིབ་ཏུ་ཉན་རྗེས་འདི་ལྟར་ཡིན་པ་རེད། ངོས་ནས་མི་ལོ་ ༣༠ རིང་བོད་ཀྱི་སྐད་ཡིག་གི་མཚོན་པའི་ནང་པའི་ལྟ་གྲུབ་ཐོག་སློབ་སྦྱོང་བྱས་པ་ཡིན་ཞེས་གསུངས་འདུག གཞན་དེ་ཡང་རིགས་ལམ་རྟགས་བསལ་གྱི་ལམ་ནས་འགྲོ་དགོས་དུས་ཕན་ཐོགས་ཆེན་པོ་འདུག་ཅེས་གསུངས། གསར་འགོད་པ་དཔལ་ལྡན་གྱིས་གུས་ཕུལ། ཐུགས་རྗེ་ཆེ།

    Reply
  3. ཤེལ་དཀར་བློ་བཟང་། says:
    ལོ་ 16 སྔོན།

    བཀའ་སློབ་འདི་དག་ཐོག་མར་༸གོང་ས་མཆོག་གིས་དབྱིན་སྐད་ཐོག་གསུངས་པ་གསར་འགོད་པས་དོན་བསྒྱུར་བྱས་པ་ཞིག་རེད་འདུག་ལ་ཚིག་སྦྱོར་སོགས་གང་ཅིའི་ཐོག་ནས་ཧ་ཅང་ཡག་པོ་འདུག། ཐུགས་རྗེ་ཆེ། འོན་ཀྱང་།
    ༼ངོས་ནས་རང་ལོ་ ༡༣ ནས་མགོ་འཛུགས་ཏེ་བོད་ཀྱི་སྐད་ཡིག་གི་མཚོན་ནང་པའི་ལྟ་གྲུབ་ཐོག་མར་སྦྱངས་པ་ཡིན་༽ ཞེས་པ་ཡིན་གྱི་མ་རེད་སྙམ། གང་ཡིན་ཞེས་ན་༸གོང་ས་མཆོག་སྐུ་གཞོན་ནུ་ཕལ་ཆེར་དགུང་ལོ་བཞི་ཙམ་ནས་གསན་བསམ་སློབ་གཉེར་གནང་པ་གོ་ཐོས་བྱུང་། རིག་པས་སྤྱད་ནའང་དགུང་ལོ་ཉི་ཤུའི་ནང་ལྷ་རམས་དགེ་བཤེས་དམ་བཅའ་འཇོག་གནང་མཛད་པས་དུས་ཡུན་ཐུང་ཐུང་འདི་འདྲ་ཞིག་ལ་དགེ་བཤེས་ལྷ་རམ་ཆགས་རྒྱུ་ཧ་ཅང་དཀའ་མོ་རེད། ཞིབ་ཕྲ་༸གོང་ས་མཆོག་གིས་མཛད་རྣམ་ངོས་ཀྱི་ཡུལ་དང་ངོས་ཀྱི་མི་མང་ཞེས་པར་གཟིགས་ན་མཁྱེན་ངེས་རེད།
    ཁོ་བོའི་གོ་ཚོད་བྱས་ན་ལོ་༡༣ རིང་བོད་ཀྱི་སྐད་ཡིག་གི་མཚོན་ནང་པའི་ལྟ་གྲུབ་ཁག་སྦྱངས་པ་ཡིན་ཞེས་གསུངས་སོ།
    ༼སློབ་སྦྱོང་གི་ཐབས་ལམ་དེ་བགྲོ་གླེང་གི་རྣམ་པའི་ཐོག་ནས་འགྲོ་དགོས་དུས་དགོངས་དོན་མཐིལ་ཕྱིན་པར་རྟོགས་རྒྱུར་ཕན་ཐོགས་ཆེན་པོ་ཡོད།༽ ངས་གོ་ཚུལ་ནི་རིགས་ལམ་རྟགས་གསལ་ཐོག་ནས་འགྲོ་དགོས་དུས་དགོངས་དོན་མཐིལ་ཕྱིན་པ་རྟོགས་རྒྱུར་ཕན་ཐོགས་ཆེན་པོ་ཡོད་ཅེས་གོ་ཐོས་བྱུང་།

    Reply
  4. རིག་འཛིན། says:
    ལོ་ 16 སྔོན།

    གངས་རི་ཨ་མའི་ཕངས་དུ་བཞད་པའི།
    གངས་ལྷ་སྒེག་མོའི་ལང་ཚོ་ཅན།
    གང་སྐུ་མཛེས་པའི་འོད་སྣང་རེ་ཡང་།
    འགྲོ་བའི་དཔལ་དུ་རྟག་བརྟན་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese