མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

སྐྱིད་དུས་སུ་སྙན་ངག་མི་ཡོང་། མ་བྲིས་ན་ཡག

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

སྐབས་དེར      སྙན་ངག་ཞིག་གཏན་ནས་མེད
བོར་ཟིན་པ་ཡིན།   ཐ་ན་སྙན་ངག་ཡང་ཀློག་མི་ཤེས
རྒྱུ་མཚན་ནི་དུས་དེར   ཁོང་ཚོས་རང་གི་བླ་སྲོག་བོར་ཟིན
དགའ་བ་ལས་སྐྱོ་བ་མེད
མིག་ཆུ་ཡང་མེད་ལ
སྐྱོ་གདུང་མེད     དྲན་ཤིང་ཞིག་དེ་བས་ཀྱང་ག་ལ་སྲིད
ཏག་ཏག    དུས་ཚོད་དེ་ནི་སྙན་ངག་མེད་དུས་ཡིན

ཁྱེད་རང་ལ་ཅི་ཙམ་གཅེས་ན    སྙན་ངག་ནི་དེ་ཙམ་ཡག
ཁྱེད་རང་ལ་ཅི་ཙམ་དགའ་ན    སྙན་ངག་ནི་དེ་བས་ལྷོད་ཞིང་འཇམ
དུས་རྒྱུན་ཁྱེད་རང་དྲན་ན       སྙན་ངག་ནི་མུན་ཁྲོད་ཀྱི་མར་མེ་བཞིན
ཁྱེད་རང་ཅི་ཙམ་ཞིག་གླེང་ན    སྙན་ངག་ནི་མཛེས་ལྗོངས་ཀྱི་མེ་ཏོག་ལྟར
སྐྱོ་བའི་དུས་སུ་ཁྱེད་རང་དྲན་ལ
སྡུག་པའི་སྐབས་སུ་ཁྱེད་རང་གླེང་
དོན་དངོས་སུ     ཁྱེད་རང་ཁོ་བོའི་ནམ་ཟླ་བཞིན
སྐབས་དེ་འདྲ་ནི  སྙན་ངག་བཞུར་བའི་དུས་ཚིགས་ཤིག

སྙན་ངག་ནི       སྐྱིད་དུས་སུ་མི་ཡོང་
སྙན་ངག་ནི       དོན་དངོས་སུ་སྙན་པོ་ཞིག་དུ་བསམ་མི་རུང་
སྙན་པོ་ནི         ཁ་ཡག་ལྟ་བུ་ཞིག་ཡིན
སྙན་ངག         ངས་བསམ་པའི་སྙན་ངག་ནི
ག་ལེར་བཞུར་ནས་འོང་     སྐྱོ་གདུང་གི་ཡིག་འབྲི་རེ་རེ་ཡིས
མི་སེམས་དམར་པོ་ཞིག་ལ་འདར་སུག་རྒྱགས་དུས
མི་སེམས་དམར་པོ་ཞིག་གི་ངུ་རྒྱངས་བྱེད་དུས
མི་སེམས་དམར་པོ་ཞིག་ལ་རང་དབང་མེད་དུས
མི་སེམས་དམར་པོ་ཞིག་ལ་གཡོ་སྒྱུ་མེད་དུས

འབྲེལ་ཡོད་གསར་འགྱུར།

His Holiness the Dalai Lama speaking to more than 500 graduates and students of the Nalanda Master and Diploma Course at the Main Tibetan Temple in Dharmsala, HP, India on June 2, 2023. Photo by Tenzin Choejor
༸གོང་ས་མཆོག གསར་འགྱུར།

ལྡི་ལི་བོད་ཁང་གི་ནཱ་ལེནྡྲའི་རིག་གཞུང་སློབ་གཉེར་བ་ཁག་ཅིག་ལ་བཀའ་ཆོས་བསྩལ།

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་མཆོག་ནས་ལི་ཌི་ཝ་ཡའི་སྲིད་འཛིན་གསར་པར་འཚམས་འདྲི་མཛད།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་འཚམས་འདྲི་མཛད་འདུག

ཆུ་ཚོད་ ༧ སྔོན་ལ།
Vice President of Czech Senate Hon’ble Jiri Ruzicka and Senator Rabas, Chairman of Czech Senate Parliamentary Group for Tibet hoisting Tibetan National Flag on the Senate parliament, marking the Tibetan National Uprising Day on 10 March
Mobile App

ཅེག་གྲོས་ཚོགས་ཀྱིས་བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་གཏན་འབེབས་བྱས།

ཆུ་ཚོད་ ༨ སྔོན་ལ།
པར་གནས་ཚུལ་མཁོ་སྤྲོད་པས་འདི་གར་བདག་སྤྲོད་གནང་།
Mobile App

ཉག་ཆུའི་ནགས་ཚལ་ཞིག་ལ་མེ་སྐྱོན་ཚབས་ཆེན་བྱུང་།

༢༠༢༣/༠༦/༠༡
Opening ceremony prayers. Photo Courtesy: Tibet.net
Mobile App

མོན་གྷོ་འདོད་རྒུ་གླིང་ནས་ཁྱིམ་ཚང་ ༤༠ ལ་སྡོད་ཁང་མཁོ་སྤྲོད་བྱས་འདུག

༢༠༢༣/༠༥/༣༡
Director-General of the World Health Organisation (WHO) Dr. Tedros Adhanom Ghebreyesus attends the World Health Assembly at the United Nations in Geneva, Switzerland, May 21, 2023. (REUTERS/Denis Balibouse)
Mobile App

འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ཐེངས་ ༧༦ པ་མཇུག་སྒྲིལ། 

༢༠༢༣/༠༥/༣༡

མཆན། 26

  1. sha tak ri sim says:
    ལོ་ 13 སྔོན།

    སྤུན་ཟླ་དག གཅིག་རྗེས་གཅིག་གིས་དེད་དེ་ངེད་ཚང་དུ་ཡོང་བ་བཀའ་དྲིན་ཆེ་ལགས། རྗེས་སུ་ཡང་ཕེབས་ཤོག་ཨ་་་

    Reply
  2. crowboy says:
    ལོ་ 13 སྔོན།

    དྲ་གྲོགས་ལགས་ཕྱི་ལོ་ 2010 ཟླ 9 ཚེས་ 26 རེས་གཟའ་ཉི་མའི་ཉིན་གྱི་ཕྱི་དྲོ་དུས་ཚོད་གཅིག་དང་ཕྱེད་ཀའི་སྟེང་བོད་གཞུང་ཟློས་གར་ཁང་དུ་སཱ་ར་མཐོ་སློབ་དང་། ནོར་གླིང་མཐོ་སློབ། སྨན་རྩིས་ཁང་མཐོ་སློབ་བཅས་ཀྱི་དང་བླངས་སློབ་མ་ཁག་གིས་མི་རབས་གསར་པའི་བཀའ་ཁྲིའི་བགྲོ་གླེང་ཞེས་པ་ཞིག་བཀོད་བསྒྲིགས་བྱས་འདུག ཞིབ་ཕྲའི་གནས་ཚུལ་ཤེས་འདོད་ན་གུས་པས་ཟིན་བྲིས་སུ་ཕེབས་པར་ཞུ། ཟིན་བྲིས་ཁ་བྱང་https://tibettimes.net/wordpress/blogs.php?id=305&post_id=11689

    Reply
  3. Tentsetso says:
    ལོ་ 13 སྔོན།

    གྲོགས་བོད། ཤ་ཁྲག་རུས་གསུམ་ལགས། ཁྱེད་ཀྱིས་རྐང་བཙུགས་ནས་ང་སྡུག་ལ་སྦྱོར་གྱིན་འདུག ང་སྡུག་དུས་སྐྱོ་གཏམ་དེ་འདྲ་ཞིག་བྲིས་ནས་ང་ངུ་རུ་བཅུག
    ང་དགའ་དུས་སྐྱིད་སྡུག་གང་གི་ཆ་ལ་མ་གཏོགས་བའི་སྙན་ངག་ཞིག་བྲིས་ནས།
    ང་དྲན་གསོ་རུ་བཅུག
    ད་ལྟ་ང་ཁྱོད་ཀྱི་སྙན་ངག་ལ་འཐམ་ནས་ང་ཤུར་བྱེད་བཞིན་ཡོད།
    ད་ལྟ་ང་སྐྱིད་སྡུག་གང་གི་འབྱུང་ཁུངས་མ་ངེས་གྲུ་ཁ་ཞིག་ནས་བོར་བརླག་ཕྱིན།
    རང་ཡུ་དེ་དེ་འདྲའི་རིང་དོན་ཅི།
    གཞན་ཡུལ་འདི་དེ་འདྲའི་འཁྱག་དོན་ཅི།
    ཨ་་་་་་་་་་ལ་་་་་་་་་་་་་་་་་ལ
    ངོ་མ་གང་ཞིག་ནས་འགོ་འཛུགས་དགོས།

    Reply
  4. lhamoo says:
    ལོ་ 13 སྔོན།

    བཀྲ་ཤིས་བདེ་ལེགས། ཡག་པོ་བྲིས་འདུག

    Reply
  5. lhachapjinpa says:
    ལོ་ 13 སྔོན།

    བདག་ལ་སྐྱིད་དུས་སྙན་ངག་ཡོང་གི་འདུག

    ཕྱི་གླིང་བར་”སྤྲོ་སྣང་རིང་ལུགས”དང་”སྐྱོ་སྣང་རིང་ལུགས”ཞེས་རིགས་གཉིས་བགར་སྟངས་ཀྱང་འདུག ངས་བལྟས་ན་སྐྱིད་དུས་སྙན་ངག་ཡོང་བའི་རིགས་དང་སྐྱོ་དུས་སྙན་ངག་ཡོང་བའི་རིགས་གཉིས་ཡོད་པར་འདོད། མཐའ་གཅིག་ཏུ་མི་ཡོང་བར་ངོས་འཛིན་པ་ནི་ནོར་འདུག་སྙམ།

    Reply
  6. lingkalsang says:
    ལོ་ 13 སྔོན།

    ཁ་བ་ནག་པོས་འབྲེལ་ཐག་ཞིག་གི་སྣེ་བསྟན་པ་བཟང་སོང་། དེ་མིན་ཉི་ཟླའི་འགྲོན་བདག་ལ་ཞུ་རྒྱུར་ང་ལ་ལོ་རྒྱུས་ཉན་ན་བསམ་རྒྱུ་དེ་འདྲ་ཅང་མེད། བོད་ཤ་ཁྲག་ལ་ལོ་རྒྱུས་ག་འདྲ་ཡོད་མེད་ད་རུང་གསལ་བོ་མ་ཤེས་ཐལ།

    Reply
  7. kawakarpo says:
    ལོ་ 13 སྔོན།

    http://www.youtube.com/watch?v=fWWLVFs4swo
    ཡུ་ཁྲོབ་འབྲེལ་ཐག་འདི་ནས་མོ་ཟེ་སུ་དང་མཚོ་དམར་པོའི་སྐོར་ཏོག་ཙམ་ཤེས་ཐུབ།

    Reply
  8. kawakarpo says:
    ལོ་ 13 སྔོན།

    མཚོ་དམར་པོ་དེ་ཇི་ལྟར་ས་དེར་འཁྱིལ་བའི་སྐོར་གྱི་སྒྲུང་དེའི་ནང་གི་མི་སྣ་གཙོ་བོའི་མིང་ལ་མོ་ཟེ་སུ་ཟེར་ཞིང་། ཁོང་ནི་དཀའ་བ་སྤྱད་དེ་གྲུབ་པ་བརྙེས་པའི་སྐྱེས་བུ་དམ་པ་ཞིག་ཡིན་པར་བརྗོད།

    Reply
  9. chok zyl says:
    ལོ་ 13 སྔོན།

    དྲ་གྲོགས་ལགས་ཁྱེད་དང་ནཱ་གྷཱ་རཀྵ་གཉིས་ཀྱི་མདངས་དགོངས་ཁ་བརྡ་གསར་བ་བྱེད་ལམ་ནས་རང་གིས་སྙན་ངག་བཀོད་ཟིན་པ་དེ་བརྗེད་མེད་དམ།ཀུ་རེ་ཡིན།མུ་མཐུད་དུ་ཁྱེད་གཉིས་ཀྱི་ལོ་རྒྱུས་ཞིག་གླེང་ན་བསམ་བསམ་ཞིག་འདུག

    Reply
  10. tsekyis says:
    ལོ་ 13 སྔོན།

    རིགས་པ་གསལ་དྭངས་སེ།
    སེམས་པ་དགའ་ཤིགས་སེ།
    ལུས་པོ་བདེ་མེར་རེ།
    སྐབས་དེ་དུས་ཀྱི་སྙན་ངག
    ཀུན་ལ་དགོད་སྒྲ་འཆོར།
    སེམས་ཀྱི་གསོན་ཤུགས་རྒྱས།
    ཉན་པར་སྤྲོ།

    སེམས་ལ་དགའ་བདེས་ཁེངས།
    ལུས་ལ་ན་གཟུགས་བྲལ།
    འཁོར་ཡུག་ཡིད་དུ་འོང་།
    སྐབས་དེ་དུས་ཀྱི་སྙན་ངག
    ཀློག་སྤྲོ་ལ་ཉན་འདོད།
    དགའ་སྐྱིད་ཀྱི་སྙན་ངག་སྟོན་མོ་དང་འདྲ་ཤིང་།
    ཕྱི་ནང་གི་སྐུ་མགྲོན་ཚང་ཀ་ཤིག་ཤིག
    སྙན་ངག་གི་རྒྱུ་ཆ་སྟོན་མོའི་ཡོ་བྱད་དང་མཚུངས།
    གང་འདོད་རང་བྱུང་གི་ཆུ་རྒྱུན་འདྲ།
    ཨེ་མ་སྐྱིད་པའི་སྙན་ངག
    དགའ་བའི་བྲོ་གར།
    མཛེས་པའི་སྒེག་མོ།
    སྙན་པའི་སྙིང་གཏམ།
    འདི་ཐམས་ཅད་མཆོག་གསུམ་གྱི་བྱིན་རླབས་སམ། ལས་དབང་གི་འབྲས་བུ།
    རང་ཉིད་ཀྱི་འབད་རྩོལ།
    ཅི་ཞིག་དང་གང་ཞིག་གི་ནུས་པ། ཨེ་མ་སེམས་ཀྱི་བདེ་བ་ཕྱི་རུ་མངོན་པའི་སྙན་ངག་འདི།
    སེམས་པ་སྐྱིད་པའི་དུས་ཀྱི་སྙན་ངག་ཞིག་གམ།
    དགའ་བའི་ཆོལ་ལབ་ཞིག

    Reply
  11. lingkalsang says:
    ལོ་ 13 སྔོན།

    ངས་ཁྱེད་རང་ཤེས་ཀྱི་མེད་མོད། གསལ་བཤད་ཡག་པོ་བྱས་ན་ཤེས་སྲིད་པ་རེད། དེ་སྐྱོན་མི་འདུག ཁྱེད་རང་ཡོད་ས་དེ་གནས་སྐབས་རིང་ཤེས་མ་སོང་མོད་རྗེས་ནས་ཤེས་ངེས་རེད། ལས་ཀ་གསལ་ཐག་ཆོད་ཤེས་སོང་། ང་རང་དུས་བབས་ཚང་གི་ཟིན་བྲིས་དང་གནས་ཚུལ་ཀློག་གི་ཡོང་ནས་ཞེ་དྲག་འགོར་མེད། དེ་ཙང་ངས་གནས་ཚུལ་མང་པོ་མ་མཐོང་བར་ཤོར་ཡོད་རྒྱུ་རེད། གང་ལྟར་རྗེས་ནས་མཇལ་ཡོང་། གཟིམས་ཤག་གནང་གོ

    Reply
  12. sha tak ri sim says:
    ལོ་ 13 སྔོན།

    ང་རང་གང་དུ་ཡོད་མེད་དེ་ནི་ད་ལྟ་གོང་དུ་ཉིད་ལ་ཞུས་ཟིན་པ་རེད། ད་ནི་ཉིད་ལ་དགོངས་དག་མི་ཞུ་ཐབས་མེད་ཆགས་སོང་། ངས་ད་ལྟའི་ལས་ཀ་ནི་མ་བྱན་གྱི་ལས་ཀ་ཡིན། བསྡོད་ཡུལ་སླར་ཡང་ཞིག་ཞུ་ཆོག ཨེས་སུ་རལ་ཡིན། སང་ཉིན་སྔ་བོ་ནས་ལས་ཀ་འགྲོ་དགོས་དུས་ཉིད་ལ་ཁ་བརྡ་རྒྱུན་རིང་བྱེད་ཁོམ་མ་བྱུང་ཐལ། སང་ཉིན་ལས་ཀ་གྲོལ་བ་དང་ལྷོ་ཕྱོགས་ཀྱི་མཚོ་དམར་པོའི་འགྲམ་དུ་འགྲོ་རྒྱུ་ཡིན། གཅིག་བྱས་ན་སྐུ་ཉིད་ངས་ངོ་ཤེས་འདྲ་ཡིན་སྲིད་པ་རེད། སྐུ་ཉིད་རྡ་སར་ཡུན་རིང་བསྡོད་མྱོང་མཁན་ཞིག་ཡིན་ན་ནི། ང་རང་རྡ་ས་ནས་ཉིས་སྟོང་བརྒྱད་ཀྱི་སྤྱི་ཟླ་བརྒྱད་པའི་ནང་དུ་རྒྱལ་ཁབ་འདིར་ཡོང་བ་ཡིན། ངའི་ཟིན་བྲིས་ནང་དུ་ང་རང་གི་འཚོ་བ་དང་འབྲེལ་བའི་སྐོར་མི་ཉུང་བ་ཞིག་བྲིས་ཡོད། དེ་ཙམ་ཡིན། ཨོ་རེད། ཉེ་སྔོན་རྡ་སར་གུང་གསེང་དང་ཕ་མ་གཉིས་དང་ཨ་མྱེ། རང་གི་ནུ་མོ་བཅས་ལ་ཐུག་འཕྲད་བྱེད་དུ་སོང་ནས་ཕྱིར་འདི་རུ་འབྱོར་ནས་ཟླ་གཅིག་ལས་འགྲོ་ཡི་མེད། ད་ནི་དངོས་ནས་ཉིད་ལ་དགོངས་དག་མི་ཞུ་ཐབས་མེད་རེད། སང་ཞོགས་སྔ་བོ་ཡང་ལངས་དགོས་ཀྱི་ཡོད། རྗེས་མ་ཐུག་ཡོང་།

    Reply
  13. lingkalsang says:
    ལོ་ 13 སྔོན།

    བོད་ནང་ནས་སློབ་གྲྭར་འོ་ཙམ་སོང་བ་ཡིན། དེ་ནས་རྒྱ་གར་ལ་ཡོང་བ་དང་གསོག་སྒར་སློབ་གྲྭརོ་སོང་བ་དང་དེ་ནས་རྡ་ས་ནས་སྒེར་གཉེར་སློབ་གྲྭ་དེ་འདྲའི་ནང་ལ་ཡང་སོང་བ་ཡིན། གང་ལྟར་ལོ་ངོ་མང་པོ་ཞིག་དེ་འདྲ་བྱས་ནས་ཟད་སོང་བ་རེད། ཁྱེད་རང་གིས་ཅི་ཞིག་བྱེད་ཀྱི་ཡོད་པ་དང་གང་ན་ཡོད་པ་སོགས་བཤད་ན་འགྲིག་གམ། སྟབས་བདེ་མེད་ན་མ་བཤད་ན་ཡང་ཆོག

    Reply
  14. sha tak ri sim says:
    ལོ་ 13 སྔོན།

    དགོང་མོའི་དུས་ཚོད་དགུ་དང་སྐར་མ་བཞི་བཅུ་ཞེ་བཞི་རེད། ཉིད་ནས་སློབ་སྤྱོང་སྔོན་ཆད་གང་ནས་གནང་བ་ཡིན་ལགས།

    Reply
  15. lingkalsang says:
    ལོ་ 13 སྔོན།

    འདི་ནས་ཕྱི་བོ་རེད། དེ་སྐྱོན་མི་འདུག ངས་སློབ་སྦྱང་འདྲ་ཏོག་ཙམ་བྱེད་ཀྱི་ཡོད་མོད། མང་ཆེ་ཤོས་ཚོང་ཙིག་ཙིག་འདྲ་བརྒྱབ་ནས་བསྡད་ཡོད། ཁྱེད་རང་ཡོད་ས་དེ་ནས་ད་ལྟ་དུས་ཚོད་ག་འདྲ་རེད་དམ།

    Reply
  16. sha tak ri sim says:
    ལོ་ 13 སྔོན།

    ང་ད་དུང་ཉལ་མེད། ཁྱེད་རང་དེ་ནས་དངོས་ནས་འཕྱི་བོ་རེད་འདུག ཉིད་ནས་ག་རེ་གནང་བཞིན་ཡོད་དམ། ད་ལྟ་སློབ་སྤྱོང་བྱེད་ཀྱི་ཡོད་དམ། ཡང་ན་ཚོང་ལས་གཉེར་གྱི་ཡོད་དམ།

    Reply
  17. lingkalsang says:
    ལོ་ 13 སྔོན།

    མང་ཆེ་ཤོས་བྷེང་ལོར་ལ་འདུག་གི་ཡོད། ད་ཕལ་ཆེར་ཁྱེད་རང་ཉལ་ཚར་ཡོད་རྒྱུ་རེད།

    Reply
  18. lingkalsang says:
    ལོ་ 13 སྔོན།

    ང་རྡ་ས་ནས་དུས་ཚོད་མང་པོ་བསྐྱལ་མྱོང་བའི་མི་ཞིག་ཡིན། དེང་སང་ལས་ཀ་སོགས་དམིགས་གསལ་འདྲ་མེད་པར་རྒྱ་གར་ནང་ལ་བསྐོར་བསྡད་མཁན་ཞིག་ཡིན། མཚམས་རེ་རྡ་ས་ལ་འགྲོ་ཡི་ཡོད།

    Reply
  19. sha tak ri sim says:
    ལོ་ 13 སྔོན།

    ནཱ་གྷཱ་རཀྵ་ལགས། མི་སྐྱོན་མི་སྐྱོན། ད་ལྟ་དགའ་རོགས་མའི་བསྡུ་གསོག་བརྒྱབ་མ་ཚར་བར་འདུག ངས་དྲ་ངོས་དག་ལ་ཉུལ་ནས་ཟིན་བྲིས་པ་དག་གི་རྩོམ་ཡིག་རེ་ཀློག་ནས་བསྡད་ཡོད། ཅུང་མི་འགོར་བར་ཉལ་དུ་བུད་འགྲོ སྐུ་ཉིད་གང་དུ་བཞུགས་མཁན་ཞིག་ཡིན། དེ་གསུང་ན་འགྲིག་གི་རེད་དམ།

    Reply
  20. lingkalsang says:
    ལོ་ 13 སྔོན།

    ཁྱེད་རང་ཁོམ་གྱི་མེད་པའི་སྐབས་ཤིག་ལ་ངས་དྲི་བ་ཐེབས་ཆག་ཞིག་དྲིས་པ་དགོངས་དག ཉིན་ཁ་ཤས་ཤིག་གི་རྗེས་ནས་མཇལ་ཡོང་། སྤྲོ་སེང་ལྷོད་པོ་ཡོང་བ་དང་སེམས་པ་བདེ་རུ་ཡོང་བའི་སྨོན།

    Reply
  21. sha tak ri sim says:
    ལོ་ 13 སྔོན།

    ནཱ་གྷཱ་རཀྵ་ལགས། མཚོ་དམར་པོ་ཟེར་བ་འདི་ནི་ཨེས་སུ་རལ་གྱི་ལྷོ་ཕྱོགས་ཀྱི་མཚོ་ཞིག་གི་མིང་ཡིན། མཚོ་དེ་ལ་རྗོའུ་མི་རིགས་ཀྱི་ལོ་རྒྱུས་ཁྱད་འཕགས་ཤིག་ཡོད། ཁོང་ཚོའི་མི་རིགས་ཀྱི་དཀའ་སྡུག་གི་ཁྲོད་དུ་མཚོ་འདི་ནས་བགྲོད་དུས་སུ་ཁོང་ཚོའི་དཀོན་མཆོག་གིས་མགོན་སྐྱབས་གནང་བའི་ལོ་རྒྱུས་ཀྱི་གློག་བརྙན་ཞིག་ཀྱང་བལྟ་རྒྱུ་ཡོད། གློག་བརྙན་དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་གློག་བརྙན་ཞིག་ཀྱང་ཡིན། ད་ལྟའི་འཆར་མཚོ་དེ་ནི་རྒྱལ་ཁབ་བཞིའི་སྐོར་ནས་ཡོད། ཨོ་་ཡ་་་ སང་ཉིན་ལས་ཀ་ཚར་ནས་རླངས་འཁོར་དུ་བསྡད་དེ་མཚོ་དམར་པོའི་འགྲམ་དུ་འགྲོ་ཡི་ཡོད། ད་ལྟ་རླངས་འཁོར་ནང་དུ་ཅ་ལག་བསྐྱེལ་ཞོར་དུ་ཁྱེད་རང་ལ་ལན་ཞིག་བྲིས་པ་ཡིན།

    Reply
  22. lingkalsang says:
    ལོ་ 13 སྔོན།

    རྗེས་མར་ཡོང་གི་ཡིན་ལ་ལྷག་པར་དུ་འགྲོན་འབོད་བྱས་པ་དགའ་ནི་ཡིན། འགྲོན་འབོད་མ་བྱས་པར་ཁྱེད་ཚང་ལ་ཐེངས་ཁ་ཤས་འཛུལ་བ་དགོངས་དག་ཞུས་པ་ཡིན། ཉིན་ཁ་ཤས་ཤིག་ལ་མཚོ་དམར་པོ་༼མཚོ་དམར་པོ་ཟེར་ན་ཅི་ཞིག་རེད༽སྤྲོ་འཆམ་ལ་འགྲོ་ཡི་ཡིན་ཟེར། དེ་ལ་སོང་ནས་སེམས་པ་ལྷོད་ལྷོད་ཞིག་ཡོང་བའི་རེ་བ་ཡོད།

    Reply
  23. sha tak ri sim says:
    ལོ་ 13 སྔོན།

    ནཱ་གྷཱ་རཀྵ་ལགས། མི་སྐྱིད་ཀི་ཟེར་བཞིན་ཡོད། ཧཧཧ དེ་ཡིན་དུས། ད་ལྟ་མི་སྐྱིད་པའི་སྐབས་ཤིག་རེད། དུས་རྒྱུན་དུ་མི་སྐྱིད་པའི་ཚོར་བ་འདི་གཡུགས་ཐབས་ཤིག་མི་འདུག གཅིག་བྱས་ན་བསམ་བློ་གཏོང་རྒྱུ་མང་དྲགས། བྱེད་ཐུབ་པ་ཉུང་དྲགས་པ་མིན་འགྲོ གང་ལྟར། ཉིད་རང་ཕེབས་ནས་རང་གི་བསམ་ཚུལ་གསུངས་པ་དེར་དགའ་ནས་ཡོད། རྗེས་ཕྱོགས་ཀྱང་ཕེབས་ཤོག་ཨ་ ངས་རང་གི་སྤུན་ཟླ་སུ་ཡིན་ལ་དགའ་བསུ་ཡོད་ལ། སྒོ་ཡང་ཕྱེ་ནས་ཡོད་་་

    Reply
  24. lingkalsang says:
    ལོ་ 13 སྔོན།

    སྐྱིད་དུས་སྙན་ངག་མི་ཡོང་ཟེར་བ་དེ་བློ་ལ་ཅུང་ཙམ་བབས་མ་སོང་། གང་ཡིན་ཟེར་ན་སྙན་ངག་འབྲི་བའི་ཚོར་བ་ལ་ས་མཚམས་འདྲ་ཡོད་པར་མི་འདོད། ཡིན་ན་ཡང་ཁྱེད་རང་སྐྱིད་དུས་སྙན་ངག་མི་ཡོང་ན་དེ་ལ་ངས་བསམ་ཤེས་བྱེད་ཐུབ་ཀྱི་འདུག སྐྱིད་དུས་སུ་སྙན་ངག་མི་ཡོང་། མ་བྲིས་ན་ཡག་ཟེར་བའི་རྗེས་ལ་སྙན་ངག་རིང་ཐག་ཆོད་གཅིག་བྲིས་འདུག་ག དེ་ག་རེ་རེད་དམ།

    Reply
  25. sha tak ri sim says:
    ལོ་ 13 སྔོན།

    སང་ཉིན་ནས་ཉིན་ཁ་ཤས་རིང་དུ་དྲ་ཐོག་ལ་མེད་ན་ཐང་། ད་ཉལ་དུ་སོང་། ང་ད་ལྟ་རང་ཁྱེད་ཚང་ནས་ཡོང་བ་ཡིན། དགའ་རོགས་མ་དང་བུ་མོ་ཐར་མ་མཚོ་ང་ཚོ་གསུམ་སྤྲོ་འཁྱམ་ཞིག་ལ་མཚོ་དམར་པོ་ཞེས་པའི་འགྲམ་ཞིག་ལ་འགྲོ་བཞིན་ཡོད། དེ་ནས་སྙན་ངག་རེ་དང་། ཡང་ན། རྒྱུ་ཆ་གསར་བ་རེ་རྙེད་ན་འཁུར་ནས་ཡོང་།

    Reply
  26. chentsasopa says:
    ལོ་ 13 སྔོན།

    ངས་བཀླགས་ཟིན་པ་ཡིན། ད་ང་ཉལ་གི་འགྲོ་རྒྱུ་ཡིན། སང་ཉིན་མཇལ་ཡོང་ལོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist