མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགའ་སྐྱོ་ཆགས་སྡང་གིས་བཙིར་དུས།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱང་རིང་གི་ཡུལ་དེ་ན
ཕྱིར་མིག་གི་ཞེན་ས་ཞིག་ཡོད་མོད
གང་ལྟར ལམ་དུ་བུད་རྗེས་སུ
རྒྱུད་མྱོང་བའི་ལམ་ཕྲན་དེ་ནི
སྐྱེ་དུས་ཀྱི་ཨག་སྐད་ཐོག་མ་འབུས་ས
རྨི་ལམ་ལས་ཀྱང་འཛིན་དཀའ་བའི་ཡུལ
དོན་དངོས་སུ དབང་སྲིད་པ་ཞིག
ལེན་མ་ཐུབ་པ་དེ་ནི་རང་གི་ཉེས་པ་རེད

གཞན་ཡུལ་ནི་ཇི་འདྲའི་སྐྱིད་སྣང་ཡོད་སྲིད་ཀྱང་
རང་ཡུལ་མ་ཡིན་པའི་གནས་ལུགས་ཤིག
ཤ་དང་རུས་པའི་གསེང་ནས
མི་འདོད་ཀྱང་བཞུར་འོང་དུས
གཞན་མི་ནི་ག་འདྲའི་བཟང་ན་ཡང་
ཁ་བཏགས་ཀྱི་རང་གཤིས་མེད་པའི་རང་མི་མིན་དུས
རྟེན་འབྱུང་གི་ཕ་ས་གོར་མོ
རང་གི་ཤ་ཁྲག་ལས་རྩ་ཆེ་བར
ག་དུས་ཡིན་ཡང་ གང་དུ་སླེབས་ཀྱང་
ཞིམ་ས་དང་བདེ་ས་ནས་ཀྱང་
བྲོ་ས་དང་སྤྲོ་དུས་ཀྱང་
གཏན་ནས་བརྗེད་ཐབས་མེད་པར
ཁོང་ཚོས་འཐུང་བཞིན་པའི་ཝུ་ཆང་གི་སྲོལ་རྒྱུན་ལྟར
ངའི་ལྟག་རྒྱབ་དུ་གཤེད་ཀྱིས་བླངས

འདང་ནུབ་ཀྱི་རྨི་ལམ་དེ་ལས
ང་རང་ལ་གོ་འཕང་བརྙེས་འདུག
མ་རེད གྲུབ་པ་ཐོབ་འདུག
དེ་རིང་གི་མཚོ་དམར་པོའི་ནང་དུ
ང་ལ་གཤོག་པ་སྐྱེས་འདུག
ཉ་མོ་བཞིན འཁྱུགས་རྩལ་ལྡན
སྤྲིན་དམར་བཞིན གནམ་ཁ་ཡང་དམར་པོ་རེད
མི་རིགས་འདིའི་སྲོལ་རྒྱུན་གྱི་དགོང་ཚིགས་སུ
ངའི་རང་གི་སྐྱེ་རྒྱུད་དང་མེས་པོ་དྲན་དུ་བཅུགས
ག་ལེར རྒུན་ཆང་དམར་པོ་ཞིག
སིལ་ཆང་མངར་མོ་བཞིན
ཐ་མག་མངར་ནག་ཞིག་ཤུགས་ཀྱིས་རྔུབ

ཕ་མ ཉེ་འབྲེལ བུ་ཕྲུག་དག་ལྷན་དུ་འཛོམ
དགོད་སྒྲ་དང་ཟས་སྣའི་ཅོག་རྩེ་བཀང་
དཔར་ཆས་དང་བརྙན་འཕྲིན་འཕྲུལ་ཆས་ཀྱིས
ཕྱོགས་སོ་སོ་ནས་འོད་ཆེམ་ཆེམ་ཤར་དུས
ངས་ཁ་རོག་གེར སེམས་གཏིང་ནས
རྒྱང་རིང་གི་འོད་མདངས་བྲལ་བའི་མི་རིགས་ཤིག་དྲན
ཉེ་དུ་དག་མིག་ལམ་དུ་ཤར་ནས་འོང་
ཁོང་ཚོས ང་འབོད་བཞིན་འདུག
སྐབས་དེར མཚན་མཐུན་བཟའ་མི་བུད་མེད་གཉིས་ཀ་ལམ་ལ་ཆས
བདེ་མོ་བྱོས་ཟེར ང་ལ་ལག་གཡུགས་བྱེད་ཀྱིན་འདུག
ང་རང་གློ་བར་དུ ཕྱིར་དྲན་ལས་དྲན་པ་གསོས
ངས་ཀྱང་ མགོ་བོ་ཕར་ལ་གཡུགས་ཁུལ་བྱས་་་་

མཚོ་དམར་པོའི་འགྲམ་དུ་གུང་གསེང་སྐབས་ཀྱི་ཚོར་བ་དང་འགྲུལ་བཞུད་དངོས་ལ་ཞུགས་ནས་བྲིས། ༢༢།༩།༡༠ཨེས་ལ་ཀྲི་ནས།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 6

  1. sha tak ri sim says:
    ལོ་ 16 སྔོན།

    ཉི་ཟླའི་མགྲོན་བདག་ལགས། བདག་གི་ཚོར་བ་ནི་དུས་རྒྱུན་དུ་གཅིག་ཡིན་ཟེར་ན་དངོས་ནས་ཁག་པོ་ཡིན་ཡང་། རང་ཉིད་བོད་དུ་སྐྱེ་བའི་ཚོར་བའི་སྡུག་བསྔལ་དེ་ནི་ནམ་ཡང་འཇགས་པ་མེད་པར་བཞུར་གྱིན་ཡོད་ལགས། དེ་ནི་མགོ་སྐམ་ས་ལ་མ་བཞག་པར་དུ་བསྡོད་ངེས་བརྟན་ཡིན ་པ་རེད། དེ་ཡིན་དུས་འཆི་བ་མི་རྟག་པ་དེ་ཡང་ལྷན་སྐྱེས་སུ་ཡོད་པ་ཞིག་དུས་དེ་ལ་དགའ་སྣང་ལས་སྐྱོ་སྣང་གཏན་ནས་བྱས་མ་མྱོང་ལགས། གང་ལྟར། སྐུ་ཉིད་ངེད་ཀྱི་ཟིན་བྲིས་ནང་དུ་ཕེབས་པ་དེར་དགའ་ཡོད། རྗེས་ཕྱོགས་ཀྱང་ཕེབས་ཤོག་ཨ་ སྒོ་ཕྱེ་ནས་བཞག་ཡོད་

    Reply
  2. chok zyl says:
    ལོ་ 16 སྔོན།

    དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས་ཁྱེད་རང་བློ་བུར་དུ་ཚོར་བ་རྣོ་པོ་ཞིག་གི་ལམ་སང་མགོ་བོ་མར་སྒུར་དུ་བཅུད་ཡོད་ས་རེད།
    མཚམས་རེར་སེམས་པ་སྐྱོ་དྲག་པའི་གནས་ཚུལ་ཡང་མི་ཡོང་བའི་ངེས་བ་མེད།
    མི་རྟག་པ་ལ་བསམ་བློ་རེ་བཏང་ན་ཕན་པ་ཏན་ཏན་ཞིག་རང་བཞིན་གྱི་ཡོང་གི་རེད་བསམ་མོ།

    Reply
  3. sha tak ri sim says:
    ལོ་ 16 སྔོན།

    ནཱ་གྷཱ་རཀྵ་ལགས། ཉིད་རང་ཐོག་མར་ཕེབས་ནས་བདག་གི་སེམས་འགྱུ་ཞིག་འཁུར་ནས་འོང་བ་དེར་དོ་འཁུར་ཆེན་པོའི་སྒོ་ནས་ཐེངས་ཤིག་ཀློག་པ་དེ་ནི་དགའ་བཞིན་ཡོད། འུ་ཅག་གིས་ཕན་ཚུན་གྱི་སེམས་འགྱུ་འདི་ལྟར་བྲིས་དེ་འདི་ལྟར་ཕན་ཚུན་ལ་ངོ་སྤྲོད་བྱས་ན་དངོས་ནས་ཡག་པོ་ཡོད་པར་མཐོང་གི་འདུག་ལགས།

    འབྲོང་བུ་ཟླ་བ་ལགས། དུས་ཚོད་ཅི་འདྲའི་འགྱུར་ན་ཡང་། ཤ་དང་རུས་པ་འགྱུར་ཐབས་མེད་པའི་གདམས་བསྔགས་འདིས་དུས་རྟག་དུ་འུ་ཅག་ལ་གོ་བརྡ་ཞིག་སྤྲོད་ཀྱི་ཡོད་པ་རེད། ས་གང་དུ་ཡོད་མེད་ལ་མ་བལྟསཔར། ང་ཚོས་དངོས་ནས་རང་རང་ས་ནས་ཤུ་རེ་བྱེད་ཡ་་་

    སྣང་རྒྱལ་ཤེར་དགེ་ལགས། ཉིད་ནས་ལམ་སྟོན་ཞིབ་ཚགས་གནང་བ་དེར་དངོས་ནས་དགའ་བོ་བྱུང་། ཡི་གེ་ལ་བྱང་དུ་ཆུབ་པའི་མདོ་དབུས་ཁམས་གསུམ་གྱི་བོད་མི་སུ་ཞིག་ཡིན་ཡང་། དག་ཆའི་དཀའ་ངལ་དེ་འདྲ་ཡོང་མི་སྲིད་པ་ཡིན། འོན་ཀྱང་། བདག་ལྟ་བུ་ཁ་ཤས་ནི་བོད་ཡིག་གི་དག་ཆའི་མ་འདང་བའི་དཀའ་ངལ་འཕྲད་ཀྱི་ཡོད་པ་དེ་ཡི་ཉེར་ལེན་རེད་ལགས། གང་ལྟར། ཉིད་རང་འདི་ལྟར་རྒྱུན་དུ་ཕེབས་ནས་ལམ་སྟོན་རེ་གནོང་རོགས་ཞུ། དགའ་བསུ་ཡོད་་་

    Reply
  4. sherge says:
    ལོ་ 16 སྔོན།

    གཞུང་ངོས་ཀློག་རྒྱུར་ཁ བྱང་གིས་བཀག་འགོག་བྱས་ཏེ་ཀློག་ཐུབ་མ་སོང་།
    ༼བཙུར༽་ཟེར་བ་ཞིག་ད་ལྟའི་ཆར་བོད་ཀྱི་མིང་གཞིའི་ཁྲོད་དུ་མི་འདུག གལ་སྲིད་༼བཙིར་༽་འབྲི་དགོས་པ་ཡིན་ན་དེའི་སྔོན་དུ་༼གི༽ཞེས་འབྲེལ་སྒྲ་མ་ཡིན་པར་༼གིས༽ཞེས་བྱེད་སྒྲ་འབྲི་དགོས་པ་རེད། བཙུར་དང་བཙིར་གཉིས་ཨ་མདོ་བ་ཞིག་གིས་ཀློག་ན་གདངས་ལ་ཁྱད་པར་མེད་ཀྱང་དབུས་པ་ཞིག་གིས་ཀློག་ན་ཁྱད་པར་ཤིན་ཏུ་ཆེ། གི་གུ་དང་ཞབས་ཀྱུ་གཉིས་ཀློག་སྟངས་ལ་ཁྱད་པར་མེད་པ་འདི་ཨ་མདོ་བའི་ཀློག་སྟངས་ཀྱི་ཞན་ཆ་ཆེན་པོ་ཞིག་རེད།

    Reply
  5. dongbu says:
    ལོ་ 16 སྔོན།

    རེད་ཡ།
    རྒྱང་རིང་རྒྱང་རིང་གི་ཡུལ་གྲུ་དེ་ན
    བླ་སྲོག་དང་འཚོལ་སྙེགས་ཡོད་ལ
    རྒྱང་རིང་རྒྱང་རིང་གི་ཡུལ་གྲུ་དེ་ན
    ཕ་ཡུལ་དང་གཉེན་ཉེ་ཡོད་པས
    དགའ་དུས་དྲན་ཡོང་བ་ཕ་ཡུལ་རེད་ལ
    སྡུག་དུས་དྲན་ཡོང་བ་ཡང་ཕ་ཡུལ་རེད

    Reply
  6. lingkalsang says:
    ལོ་ 16 སྔོན།

    སེམས་སྐྱོ་བ་ཞིག་བྲིས་གནང་འདུག ངས་ཁྱེད་རང་ལ་གུང་སེང་སྐྱིད་པོ་ཞིག་ཡོང་སྨོན་ལམ་བརྒྱབ་པ་ཡིན། ཡིན་ན་ཡང་ད་ངས་གསལ་བོ་ཤེས་སོང་། སྨོན་ལམ་བརྒྱབ་པ་ཚང་མ་མངོན་འགྱུར་ག་ལ་འོང་། ང་ཚོས་བོད་ལ་རང་དབང་ཐོབ་རྒྱུར་སྨོན་ལམ་ག་ཚོད་བརྒྱབ་ཡོད་པ་མ་རེད་དམ། སྨོན་ལམ་ག་ཚོད་བརྒྱབ་ན་རང་དབང་ཁ་ཐག་ཇེ་རིང་རེད། སྙན་རྩོམ་རིང་པོ་ཞེ་དྲག་བྲིས་འདུག ཀློག་ཡ་ཆུ་ཚོད་འོ་ཙམ་ཕྱིན་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese