དེ་དུས ངས་འདི་ལྟར་ཁ་ཆེམས་ཤིག་འཇོག་འདོད
དང་བོ་རང་ཉིད་བོད་པ་ཡིན་པས་བོད་ལ་ཁ་ཆེམས་ཤིག་འཇོག
དེ་ཡང་ བསམ་བློ་ཞིབ་མོ་གཏོང་དགོས་ཀྱི་ཡོད
དངོས་ནས་ངས་ཁ་ཆེམས་ཤིག་བཞག་པ་དེར
བདག་པོ་སུ་ཞིག་ཡོང་སྲིད
ངས་ཁ་ཆེམས་ནི་རང་གིས་གང་ཞིག་སྒྲུབ་ཡོད་མེད་ཀྱི་བར་མཚམས་ཤིག་ན
བཤད་མ་ཕོད་པའི་གཏམ་རྒྱུད་མང་བོ་ཞིག་ཡོད
འབྲི་མ་ཚར་བའི་སྙན་ངག་མང་བོ་ཞིག་ཡོད
འགྲིམ་འདོད་པའི་ཡུལ་ལྗོངས་ཆེས་མང་བོ་ཞིག་ཡོད
སྒྲུབ་མ་ཚར་བའི་བྱ་བཞག་ཆེས་མང་བོ་ཞིག་ཡོད
ལྷག་པར་དུ རང་དབང་གི་ཆེད་དུ་བྱེད་མ་ཐུབ་པའི་ལས་ཀ་མང་བོ་ལུས་ཡོད
དེ་ལྟར་ཁ་ཆེམས་ཆེས་མང་བོ་ཞིག་ཡོད་སྲིད
དངོས་ནས་ངས་ཁ་ཆེམས་ཤིག་འཇོག་སྲིད་མིན་དེ་ཡང་
ང་རང་གི་ཁ་ཆེམས་སྒྲུབ་མཁན་ཡོད་མེད་དེ་ནི
ངས་ཁ་ཆེམས་འཇོག་པ་ལས་ཀྱང་ དངོས་ནས་བར་ཐག་རེད
བར་ཐག་འདི་དང་ངའི་ཁ་ཆེམས་ཤིག་ལ
སུས་ཀྱང་གསོས་མི་ཐུབ་པའི་རྨ་ཁ་མོད་པོ་ཞིག
ཁ་བ་ནག་པོ་ལགས ཉིད་ཀྱིས་དེ་ལྟར་དྲིས་སོང་
ངས་ཀྱང་ འདི་ནས་དེ་ལྟར་གང་འདོད་དུ་བཤད་ཡོད
དངོས་ནས གནམ་སྔོན་པོའི་འོག་དུ་ཁ་ཆེམས་འཇོག་དོན་གང་རེད
དེ་ཡང་ ཞེན་ཆགས་ཤིག་མ་རེད་དམ
ཞེན་ཆེགས་དེ་ཡི་ཁྱད་ཆོས་གང་ཡིན་ནམ
ཁྱད་ཆོས་དེ་ཡི་རྒྱུད་པ་ག་དུས་བར་དུ་གནས་སྲིད
གནས་པ་དེ་ཡང་ རྒྱུ་འབྲས་ཀྱི་རྣམ་བཞག་ལྡན་ནམ་ཅི
གཅིག་བྱས་ན ཡོད་ཚད་ཁ་ཆེམས་ཤིག་ལས་འབུས་དེ
ཡོད་ཚད་ དེ་ནས་ཁ་ཆེམས་ཀྱི་མི་རབས་ཤིག་ལ་འགྱུར་སྲིད
ཐག་རིང་ས་ནས་ཁ་ཆེམས་ཤིག་སྐུར་སོང་
ཐག་ཉེ་ས་ནས་སྙིང་གཏམ་ཞིག་བཤད་སོང་
བར་མ་བར་ནས་སུ་ལ་ཡང་མ་དབང་བའི་ཁ་ཆེམས་ཤིག་ཐོས་སོང་
ཁ་བ་ནག་པོ་ལགས མི་ལུས་ཟེར་བ་ནི་འདི་འདྲ་ཞིག་ལོས་ཡིན
ཁ་བ་ནག་པོ་ལགས་ཀྱིས་ཁ་ཆེམས་འཇོག་སྟངས་ཞེས་པའི་རྩོམ་ཡིག་ཐུང་ཐུང་དེ་བཀླགས་རྗེས་སུ་ཐད་ཀར་ཟིན་བྲིས་དེ་ནས་བྲིས་པ་ཡིན།





![Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]](https://tibettimes.net/wp-content/uploads/2026/05/Screen-Shot-2026-05-14-at-5.25.22-PM-360x180.png)
དྲ་གྲོགས་ཤ་ཁྲག་རུས་གསུམ་ལགས་ཁ་ཆེམས་བཞག་ནས་སང་ཉིན་གནངས་ཉིན་འདས་གྲོང་སུ་ཕྱིན་སོང་ན་་་་་་་་་་་་་་་།