མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེམས་བཙིར་བའི་དབུགས་རིང་ནར་མོ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

འདྲིས་པའི་གྲོགས་དེ་སེམས་ཀྱི་གཤིས་ལ་འཐིམ།།
དགའ་བའི་མི་དེ་སེམས་ཀྱི་གཏིང་དུ་ཟུགས།།
བྲལ་ཞིང་གྱེས་པའི་ཕར་རོལ་ཚུར་རོལ་དུ།།
ནང་གི་སྐྱོ་བ་འགོག་ལ་ཐབས་ཤིག་དཀོན།།

ཡུན་རིང་འདུས་མཐར་སོ་སོར་བྲལ་བ་འདི།།
མགོ་ནག་བོད་པའི་ཆོས་ཉིད་བསམ་ན་ཡང་།།
བསམ་པའི་གཏིང་འཛིན་བྱེད་པའི་རྣམ་རིགས་དེ།།
དཔེན་པའི་ང་ཚོ་དེ་ཡིས་འཐག་པར་བྱེད།།

ཉེ་བའི་གམ་དུ་ཡོད་དུས་དགའ་སྐྱོའི་གཏམ།།
དྲིས་པ་མེད་ཀྱང་ལྷུག་པོར་གྲོལ་ན་ཡང་།།
རིང་བའི་སྐབས་སུ་སེམས་ཀྱི་དཀའ་སྡུག་སོགས།།
དྲིས་ཀྱང་གླེང་དུ་མི་ཕོད་གཤིས་སུ་གྱུར།།

ཚུར་ལ་འཐེན་ན་ཕར་ལ་ཤོར་འགྲོ་བ།།
ཕར་ནས་སྐུར་ན་ལམ་ནས་ལྷག་འགྲོ་བའི།།
རིགས་པའི་ནམ་ཚོད་རྒས་ཀྱི་འཁྱེར་སླ་བ།།
མི་རྟག་འཁོར་བའི་ཚང་འདིར་ཡིད་བརྟན་ཅི།།

གཅིག་བུར་བསྡོད་དུས་ཁེར་རྐྱང་སྣང་བའི་བཟི།།
མཛའ་མོར་འགྲོགས་དུས་ནང་གི་སུན་སྣང་རྒོད།།
བྱིས་པའི་གདོང་གི་འཛུམ་མདངས་ལྷད་མེད་ཀྱིས།།
འཁོར་བའི་བྱ་བར་ཡི་ཀ་ཅུང་ཙམ་སྤྲད།།

ལུས་འདི་སྐྱུར་ནས་འགྲོ་ས་འཆི་ལམ་རེད།།
འཇིག་རྟེན་སྐྱེ་བོ་ཀུན་གྱིས་མི་འདོད་པའི།།
སྒོ་མོ་དེ་ལས་གཞན་ཞིག་མེད་ན་ཡང་།།
ནམ་ཞིག་དང་དུ་མི་ལེན་ཐབས་ནི་མེད།།

བསམ་ན་ཡོད་ཚད་ཤེས་པའི་ཚོར་བ་ཞིག།
བྱེད་དུས་གང་ཡང་མི་འཇོན་ལུས་པོ་འདིས།།
རང་དང་ཕ་མའི་རྨི་ལམ་མ་འགྲུབ་པར།།
རྒྱུས་མེད་ཡུལ་ནས་མི་ཚེ་གཟད་དུ་སྐྱོ།།

མི་ཡི་ཡུལ་ན་ནང་གི་སྐྱིད་དེ་མེད།།
མི་ཡི་ཟས་ལ་རྩམ་དྲི་མི་བྲོ་བའི།།
མི་ཡི་གཤིས་ལ་རང་གཤིས་གཏན་བྲལ་བའི།།
མི་ཡི་ཡུལ་འདི་རང་དང་མི་འཚམ་གི།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 6

  1. sha tak ri sim says:
    ལོ་ 16 སྔོན།

    སེར་ཆེན་ལགས། ཉིད་ནས་དེ་ལྟར་བསམ་ཤེས་ཀྱི་སྐད་ཆ་ཞིག་གསུངས་པ་དེར་དགའ་ནས་ཡོད། མི་ཡུལ་ནི་ང་ཚོས་མིན་ན་ཡང་། གང་ལྟར།

    འཇིག་རྟེན་འཁོར་བའི་རྨི་ལམ་རྨིས་ཚུལ་འདི།།
    མི་རེ་ལུས་ངག་ཡིད་གསུམ་གང་རུང་དུ།།
    འདྲ་མཚུངས་མིན་པའི་སེམས་ཀྱི་གཤིས་སྤྱོད་འདི།།
    བྲིས་ཀྱང་བྲིས་དེ་ཤི་རེག་བར་དུ་འབྲི།།

    Reply
  2. sha tak ri sim says:
    ལོ་ 16 སྔོན།

    སྙིང་ནས་བརྩེ་བའི་སྤུན་མཆེད་ཐ་ཧར་སྐལ་བཟང་ལགས། ང་འདུག་རོགས་དང་ཉལ་རོགས་ཆགས་ཟིན་པའི་ཟིན་བྲིས་འདི་ནི། དུས་ཚོད་གང་ཡོད་དུ་ཡོང་ནས་རང་གི་ཉིན་རེའི་ཚོར་བའི་འགྱུ་སྟངས་ཤིག་ཡི་གེའི་གཟུགས་སུ་འདེབས་ཀྱི་ཡོད་པ་དེ་ཡིན།

    Reply
  3. sha tak ri sim says:
    ལོ་ 16 སྔོན།

    གཅེན་པོ་ལགས།
    རི་ནས་བྲོས་དེ་མི་ཡི་ཡུལ་དུ་བཅར།།
    མི་ཡི་ཡུལ་ནས་གཞན་གྱི་ཁམས་དུ་སླེབས།།
    འདིར་སྣང་བྱ་བཞག་ཡོད་ཚད་རྨི་ལམ་འདྲ།།
    རྨིས་པའི་སྔ་གཞུག་ཡི་གེ་གཟུགས་སུ་བསྐྲུན།།

    Reply
  4. sarchen says:
    ལོ་ 16 སྔོན།

    དྲ་གྲོགས་ལགས།ངེད་ཅག་དག་མི་ཚེ་འདིར་ཡུལ་གྱེར་བའི་བཞུད་ལམ་ཞིག་ཏུ་གྱུར་ཟིན་པས་ཐབས་ཤེས་ཟད་སོང་།ཡིན་ནའང་ཡིད་ཐང་མ་ཆད་པར་མདུན་དུ་སྐྱོད་དང་མི་རབས་རྗེས་མ་ཚོའི་ཆེད་དུ་་་་་་་་་་་་་་་་་་་་་་་་་།ཧཧཧཧཧཧཧཧཧཧཧ

    Reply
  5. karmadentse says:
    ལོ་ 16 སྔོན།

    ཁྱོད་ནམ་ལངས་དུས་ནས་དྲ་ཐོག་ན་ཡོད་ནོ་ཅི་རེད། ཁ་སང་ཁ་བརྡ་བྱས་ནོ་བཟང་ཐལ།

    Reply
  6. tsekyis says:
    ལོ་ 16 སྔོན།

    མི་ཡུལ་འདི་རུ་དྲང་པོའི་མི་ཞིག་དཀོན།།
    མི་ཁའི་རླུང་བུས་མི་འདེད་དེ་བས་དཀོན།།
    མི་ཡུལ་དྲོད་སྐྱིད་སྐར་ཆའི་དུས་ཡུན་འདྲ།།
    མི་ཡི་ལུས་འདི་ལེན་པ་ཅི་ཡིས་ནོངས༎

    ཤ་ཁྲག་དཔའ་རྒོད་འཁོར་བའི་གནས་ལ་བསུན།།
    ས་མཐའི་ཡུལ་ནས་སྐྱོ་གླུ་རྟག་ཏུ་ལེན།།
    མཐར་མ་མཚོ་མོ་མེད་ན་ཤ་ཁྲག་བུ།།
    ད་ནི་རྒྱ་མཚོར་འཆོངས་པའི་ཉེན་ཁ་ཆེ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese