ད་ལྟ་རིང་འབྱོར་བའི་གནས་ཚུལ་ལྟར་ན། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འཁོར་མཆོད་འཇོར་ས་གནས་ཀྱི་འོས་སྒོམ་བལ་ཡུལ་དམག་མིས་གཞུང་བཞེས་བཏང་སོང་ཟེར།
དེ་རིང་རྒྱ་བལ་འབྲུག་གསུམ་གཙོས་པའི་ཕྱི་རྒྱལ་ཡུལ་གྲུ་ཁག་ཡོངས་ནས་ཉིན་བརྒྱ་དུས་གཅིག་ལ། བཀའ་ཤག་སྐབས་བཅུ་བཞི་བ་དང་བོད་མི་མང་སྤྱི་འཐུས་སྐབས་བཅོ་ལྔ་བའི་འོས་འདེམས་ཆེན་མོ་མགོ་འཛུགས་བྱས་ཡོད་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་ ༩ ཙམ་ནས་བལ་ཡུལ་རྒྱལ་ས་ཁུལ་གྱི་བོད་མི་རྣམས་ཟང་ཟིང་ལང་ལོང་གིས་འོས་བསྡུའི་ལས་རིམ་བསྒྲུབས་ཡོད་ཀྱང་། ཉིན་རྒྱབ་ཆུ་ཚོད་ ༤ དང་ཕྱེད་ཙམ་ལ་བལ་ཡུལ་གྱི་དམག་མི་དང་ཉེན་རྟོག་པ་མང་པོ་ཞིག་གློ་བུར་དུ་སླེབས་ཏེ། འཕགས་པ་ཤིང་ཀུན་ས་གནས་ཀྱི་འོས་སྒམ་དང་བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་ས་གནས་གཉིས་ཀྱི་འོས་སྒམ་རྣམས་བཙན་འཁྱེར་བྱས་ཡོད་འདུག་ལ། གནས་ཚུལ་དེ་བྱུང་མ་ཐག་བལ་ཡུལ་བོད་མི་འདུས་སྡོད་ཀྱི་ས་གནས་གཞན་ཁག་ནས་ཀྱང་འོས་སྒམ་སྦེད་སྐུང་བྱ་དགོས་པའི་ཛ་དྲག་གི་གནས་ཚུལ་བྱུང་ཡོད་འདུག
དེའི་རྗེས་ཀྱི་ཞིབ་ཕྲའི་གནས་ཚུལ་ད་ལྟ་མཁོ་སྒྲུབ་བྱེད་བཞིན་པ་ཡིན།
གསར་འགོད་པ། དོན་འགྲུབ་བཀྲ་ཤིས།
ནམ་རྒྱུན་ནས་བྱ་བ་ཆེ་ཆུང་ཅི་འདྲ་ཞིག་བྱུང་རུང་རང་གཞུང་ནས་དེ་ལ་ལན་འདེབས་ནན་མོ་ཞིག་བྱ་མ་ཐུབ་སྟབས་ང་ཚོ་ལ་གོད་ཆག་འདི་འདྲ་བསྟུད་མར་ཡོང་གི་འདུག དེར་བརྟེན་ལོ་རྗེས་མར་གཞུང་འཛིན་པ་སུ་འདྲ་ཞིག་ཕེབས་ནའང་ཉམས་འཇོག་བྱེད་ས་ཞིག་རེད།
གྲོགས་པོ་ཚོ་དཔེར་ན་རྒྱ་གཞུང་དང་རྒྱ་དམག་གི་རྐུབ་རལ་ནས་སྐྱག་པ་ཕྱི་ལོགས་ན་བཙིར་བ་བལ་གཞུང་དང་བལ་དམག་གིས་ལག་པས་བསྐྱོར་ཏེ་རང་ཉིད་ཀྱི་ཁ་ནང་ལྡུག་བཞིན་པའི་རྣམ་པ་རེད། གོར་ཁ་མགོ་ལེབ་འདི་ཚོ་རང་གི་རྒྱལ་བོ་འཁོར་དང་བཅས་པ་ཕྱི་མའི་ལམ་དུ་བརྫང་མཁན་གྱི་མི་འདི་ཚོ་འདི་འདྲ་ཞིག་ལོས་ཡིན།།
ཐུབ་ན་འཐབ་ས་དང་མ་ཐུབ་ན་དམོད་ས་དགྲ་བོ་རྒྱ་དམར་གྱི་རྗེས་ནས་བལ་གཞུང་དང་བལ་དམག་འདི་དག་ཡིན། ལས་འབྲས་ཀྱི་བདེན་ཁ་འཁོར་ཤོག།
ངན་འབྲས་ཀྱི་མྱོང་བ་སྦྱིན་ཤོག། དུས་ནམ་ཡང་བརྗེད་མི་སྲིད་བལ་བོའི་འདྲེ་གཞུང་།
འོས་སྒམ་བཙན་འཕྲོག་བྱས་པར་སྡུག་སྨྲེ་བཏོན་ནས་ཡོང་རྒྱུ་མེད་ལ། སྡང་ཟུག་བྱས་ནས་ཀྱང་ཡོང་རྒྱུ་མེད། རང་དབང་ལུང་པར་ཡོད་པའི་བོད་མི་ཚོར། རང་གི་རྒྱལ་ཁབ་ཤོར་ནས་མེད་དུས་འདི་འདྲ་ཞིག་ཡིན་ཞེས་དྲན་སྐུལ་གཅིག་བཏང་སོང། ད་ཁ་ཚ་དགོས་གཏུགས་ནི་འོས་ཤོག་དེ་དག་འཕྲོ་བརླག་མི་འགྲོ་བའི་ཐབས་ཤེས་གང་ཡོང་བྱེད་དགོས། རང་གཞུང་ནས་ཅིག་གནང་གི་ཡོད་རྒྱུ་རེད་དེ། ག་རེ་གནང་གི་ཡོད་མེད་ད་ལྟའང་གོ་མ་སོང།
ལར་ནས་བལ་ཡུལ་དུ་བོད་མིས་འོས་བསྡུ་བྱེད་པ་འདི་བལ་ཡུལ་གཞུང་གི་ཁྲིམས་དང་འགལ་གྱི་ཡོད་པ་རེད་དམ། འདི་ལྟར་འཕྲོག་དགོས་པའི་རྒྱུ་མཚན་ཞིག་ཁོང་ཚོའི་ངོས་ནས་ག་རེ་བཤད་ཀྱི་ཡོད་པ་ཡིན་ནམ།
ད་ནི་རྒྱ་དམར་པོའི་ངན་སྐུལ་འོག་བལ་ཡུལ་ཉེན་རྟོག་པས་ང་ཚོ་མི་རབས་གསར་པའི་བཀའ་ཁྲི་དང་སྤྱི་འཐུས་འོས་སྒམ་འཕྲོག་པ་ནི། དོན་དངོས་ཐོག་རྒྱ་ནག་སྲིད་གཞུང་ཁ་སྐྱེངས་དགོས་པའི་གནས་སུ་ལྷུངས་ཡོད།
སྦེལ་ཀོབ་ས་གནས་ཀྱི་སློབ་མ་ཚོས་འོས་བླུགས་མ་ཐོབ་པའི་རྒྱུ་གསལ་པོ་བྱེད་དགོས། སྦེལ་ཀོབ་ཙམ་དུ་མ་ཟད་ས་གནས་མང་པོར་གནས་སྟངས་གཅིག་མཚུངས་བྱུང་བའི་སྐད་ཆ་མང་པོ་འདུག
གལ་ཏེ་གནས་ཚུལ་འདི་དྲང་བཞག་གིས་ཐག་གཅོད་དང་། བྱ་ངན་ཐེར་འདོན་མ་བྱུང་ཚེ་འབྱུང་འགྱུར་དངོས་གཞིའི་འོས་བསྡུའི་ཐད་བོད་མི་མཉམ་ཞུགས་ཇི་ཙམ་འབྱུང་མིན་སུས་ཀྱང་ཐག་གཅོད་དཀའ་བར་སྣང་།
དྲང་བདེན་ཐོག་ནས་འོས་བསྡུ་མ་བྱུང་ན་སོ་སོའི་ངོས་ནས་དྲང་བདེན་མིན་པའི་མི་དེ་དག་དང་ལྷན་ཅིག་གནས་མི་འདོད་དོ།
ཁ་སང་གི་འོས་དེ་བལ་གཞུང་གིས་ལབ་ན་ཐལ་དྲགས་པ་རེད། དེ་ནས་དུས་ཚོད་ཀྱི་ཆ་ནས་བལྟས་ན་བལ་ཡུལ་ལ་ནོར་འཁྲུལ་ཡོད་མེད་མི་ཤེས་པ་ཞིག་རེད། ཁོ་ཚོས་བོད་ཀྱི་འོས་ཤོག་དེ་ཆུ་ཚོད་བཞི་བ་ནས་བདེ་འཇགས་གི་ཕྱིར་ཁྱེར་ཡིན་ཞེས་འགྲེལ་བརྒྱབ་ན་འགྲིག་ས་རེད། དང་པོ་བསམ་བློ་ཐོངས། དེའི་རྗེས་སྐད་ཆ་ཤོད། དོན་མེད་དུ་ཡོད་ཚོད་ཀྱིས་འུར་འདྲོགས་་མ་བྱེད།
རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་སུ་བོད་མིའི་འོས་བསྡུ།
ཟླ་འདིའི་ཚེས་༣ ཉིན་བཙན་བྱོལ་བོད་མིའི་འོས་བསྡུ་ཆེན་མོ་བྱས་པ་དང། ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་གསར་རྙིང་གཉིས་ཀྱི་མི་མང་གིས་སྔར་ལྷག་འོས་བསྡུའི་ཆ་ཤས་བླངས་ཡོད་ནའང་། ས་གནས་དེའི་ལོ་ན་༡༨ ཟིན་པའི་སློབ་མ་མང་པོས་དེབ་སྐྱེལ་བྱས་མེད་པས་འོས་བླུགས་ཐུབ་མེད་པ་རེད།
དེ་ཡང་ཞོགས་པའི་ཆུ་ཚོད་༨ དང་༩ པ་ནས་ལུགས་བདེ་གཉིས་ཀྱི་ས་གནས་འོས་བསྡུ་ཚོགས་ཆུང་སོ་སོའི་གོ་སྒྲིག་འོག མི་མང་འདུས་སྡོད་ཀྱི་ས་ཚུགས་ཁག་གི་མི་འབོར་ལ་དཔག་པའི་གྲ་སྒྲིག་འཐུས་ཚང་བྱས་ནས་མི་མང་གིས་འོས་བསྡུ་བྱེད་འགོ་བརྩམས་སོང་། མི་མང་དང་དགེ་འདུན་པ་སོ་སོས་སྔོན་མ་ནས་གྲ་སྒྲིག་ཡོད་པ་བཞིན་ཚོར་སྣང་ཆེན་པོ་དང་། འགན་ཁུར་ཆེན་པོས་འོས་བསྡུ་བྱེད་པའི་རྣམ་པ་ཤུགས་ཆེན་པོའི་ཐོགས་ནས་འཚང་ཁ་ཤིག་ཤིག་གིས་ཉིན་གང་ལ་འོས་བསྡུའི་ཆ་ཤས་བླངས་སོང་ལ། ད་ཐེངས་སྔར་དང་མ་འདྲ་བའི་མི་མང་གིས་འོས་བསྡུའི་འགན་ཁུར་དང་ཆ་ཤས་ལེན་གྱི་འདུག་ཅེས་བརྗོད་མཁན་འདུག དེ་བཞིན་ཧུན་སོར་དང་ཀོ་ལེ་གྷལ་གཞིས་ཆགས་བཅས་སུ་ཡང་གནས་ཚུལ་གཅིག་མཚུངས་རེད་ཅེས་འབྲེལ་ཡོད་མི་སྣས་བརྗོད་ཀྱི་འདུག ཡིན་ནའང་སྦེལ་ཀོབ་བོད་ཁྱིམ་སློབ་གྲྭར་འོས་བསྡུའི་ཆ་རྐྱེན་ཚང་བའི་སློབ་མ་སུམ་བརྒྱ་ནས་བཞི་བརྒྱ་ཙམ་ཞིག་གིས་འོས་བསྡུའི་དེབ་སྐྱེལ་མེད་པས་འོས་བསྡུ་བྱེད་མ་ཐུབ་པའི་གནས་ཚུལ་བྱུང་ཡོད་པ་རེད།
སློབ་གྲྭའི་ར་བའི་ཕྱི་ལོགས་སུ་དེབ་སྐྱེལ་མ་བྱས་པའི་དཔྱ་ཁྲལ་ལག་དེབ་ཐོག་མཁན་གྱི་སློབ་མ་སྐོར་གཅིག་འགྲོ་བཞིན་འདུག་པ་ཁོང་ཚོས་འདི་ལྟར་བརྗོད་ཀྱི་འདུག “ང་ཚོར་སློབ་གྲྭའི་ངོས་ནས་གསལ་བསྒྲགས་ཡག་པོ་མ་བྱས་པ་དང་། འོས་བསྡུའི་དེབ་སྐྱེལ་དང་འོས་བསྡུའི་ལས་རིམ་སྐོར་གྱི་ལམ་སྟོན་མ་བྱས་པའི་རྐྱེན་ཀྱིས་ད་ཐེངས་འོས་བསྡུ་བྱེད་ཐུབ་ཀྱི་མི་འདུག བློ་ཕམ་པོ་བྱུང་།” ཅེས་བརྗོད་སོང་ལ་ཁོང་ཚོས་སློབ་གྲྭའི་ངོས་ནས་གསལ་བསྒྲགས་དང་ལམ་སྟོན་ཡང་དག་མ་བྱས་པའི་རྒྱུ་མཚན་ལ་དོགས་གནས་ཡོད་སྐོར་བརྗོད་དོན། “ང་ཚོས་གནས་ཚུལ་འདི་ལ་ཕྱི་བལྟས་བྱས་ནས་ཉམས་ཞིབ་བྱེད་སྐབས་ཟླ་སྔོན་མ་སྔོན་མའི་ནང་ང་ཚོའི་འཛིན་གྲྭ་བཅུ་གཉིས་པའི་སློབ་མ་ཚོས་སློབ་གྲྭའི་ནང་བཀའ་ཁྲི་སུ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མེད་སྐོར་ཤོག་བུ་བཀྲམ་ནས་ཚོད་ལྟའི་ཉམས་ཞིབ་ཅིག་བྱས་པའི་མཐའ་འབྲས་སུ། དགེ་ལས་མང་ཆེ་བས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་སློབ་མ་བརྒྱ་ཆ་༨༠ ཡིས་མཁས་དབང་བློ་བཟང་སང་གེ་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་གསལ་བསྒྲགས་སློབ་མའི་འདུས་ཚོགས་ནང་གཏམ་བཤད་བྱས་པ་རེད། གནས་ཚུལ་འདི་ཚོ་སློབ་གྲྭའི་ངོས་ནས་ང་ཚོར་ལམ་སྟོན་དང་གསལ་བཤད་ཡག་པོ་མི་བྱེད་པའི་རྒྱུ་རྐྱེན་དུ་གྱུར་འདུག་སྙམ་གྱི་ཡོད། དེ་མིན་རྣམ་རྒྱུན་ནས་ང་ཚོ་རྩེད་མོ་ལྟ་སར་ཕྱིན་ན་འདྲ། གཏམ་བཤད་ལ་ཕྱིན་ན་འདྲ། གཞུང་འབྲེལ་མཛད་སྒོ་དེ་འདྲ་ལ་ཕྱིན་ན་འདྲ། ཚང་མར་སློབ་གྲྭའི་ངོས་ནས་གོ་སྒྲིག་དང་སྣེ་ཁྲིད་བྱེད་ཀྱི་ཡོད་རེད་”ཅེས་དང་། “ང་ཚོ་དེ་རིང་ས་གནས་འོས་བསྡུ་ཚོགས་ཆུང་ལ་བཅར་བ་ཡིན་དེ། ད་ཐེངས་འོས་བསྡུ་ཡོང་གི་མ་རེད། རྗེས་སུ་དངོས་གཞི་ལ་ཡོང་མདོག་རེད་ཅེས་བརྗོད་ཀྱི་འདུག” ཅེས་འགྲེལ་བཤད་བྱེད་ཀྱི་འདུག
གནས་ཚུལ་འདིའི་སྐོར་ལ་ས་གནས་འོས་བསྡུ་ཚོགས་ཆུང་གི་ཚོགས་གཙོ་ལུགས་བསམ་ས་གནས་འགོ་འཛིན་མགོན་པོ་བཀྲིས་ལགས་སུ་བཅར་འདྲི་ཞུས་སྐབས། ང་ཚོས་བོད་ཁྱིམ་ཀྱི་ལས་ཁུངས་ལ་འབྲེལ་བ་སྤྱི་མཚུངས་ལྟར་བྱས་པ་ཡིན། ལས་བྱེད་མི་གཅིག་བརྒྱུད་ནས་ལས་བྱེད་དེ་ཚོའི་དཔྱ་ཁྲལ་ལག་དེབ་དང་སློབ་མ་ཁ་ཤས་ཤིག་གིས་དེབ་སྐྱེལ་བྱས་སོང་། དེ་མིན་ང་ཚོས་སློབ་གྲྭའི་ནང་གི་གནས་ཚུལ་འགྲེལ་བཤད་ཤེས་ཀྱི་མ་རེད་ཅེས་བརྗོད་ཀྱི་འདུག
བོད་ཁྱིམ་སློབ་གྲྭའི་དབུ་འཛིན་བྱ་ཉལ་རྟ་མགྲིན་ལགས་སུ་སློམ་མའི་འོས་བསྡུའི་དེབ་སྐྱེལ་བྱེད་མ་ཐུབ་པའི་རྒྱུ་མཚན་གང་ཡིན་མིན་སྐོར་བཅར་འདྲི་བྱས་པར་ཁོང་གིས། “ལས་ཁང་ནས་ཚུར་གསལ་བསྒྲགས་ག་རེ་འབྱོར་བ་ཡིན་ན། དང་པོ་དབུ་འཛིན་བརྒྱུད་ནས་འགྲོ་ཡི་ཡོད་རེད། དེ་འབྱོར་བ་གཞིར་བཟུང་ངས་འབྲེལ་ཡོད་ཚང་མ། སློབ་སྤྱི་ནས་སློབ་གྲྭའི་དགེ་རྒན་གསུམ་རེད། སྡེ་ཚན་ཁག་ལ་ནམ་རྒྱུན་ནས་གཏོང་ས་ཞིག་ཡོད་རེད། དེ་བཞིན་ཁ་ཐུག་མར་གཏོང་གི་ཡོད་རེད། གསལ་བསྒྲགས་ཡིན་ན་རྒན་ལགས་ལས་བྱེད་རྣམ་པ་ཚོས་ག་རེ་གསལ་བསྒྲགས་གནང་དགོས་ན་གསལ་བསྒྲགས་གནང་གི་རེད། ང་ཚོའི་ངོས་ནས་དེ་འདྲ་བྱེད་ཀྱི་ཡོད་པ་རེད།”ཅེས་བརྗོད་སོང་། སློབ་ཕྲུག་ལ་དེབ་སྐྱེལ་དང་འབྲེལ་བའི་དུས་ཚོད་ངོ་སྤྲོད་དང་ལམ་སྟོན་དེ་འདྲ་སློབ་གྲྭའི་ངོས་གནང་ཡོད་མེད་སྐོར་དྲིས་པར། “སློབ་གྲྭ་དེ་ཤེས་ཡོན་གྱི་སྡེ་ཚན་ཞིག་རེད། བུ་ཕྲུག་ལོ་བཅོ་བརྒྱད་ཟིན་དུས་རྒྱལ་སྤྱིའི་ཐོག་ནས་སོ་སོས་བསམ་བློ་གཏོང་ཤེས་མཁན་གྱི་གནས་སྟངས་ཆགས་ཡོད་པ་རེད། དེ་འདྲའི་རྒྱུ་མཚན་གྱི་ཐོག་ནས་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་བརྒྱུད་ལམ་མང་དག་ཅིག་གི་ནང་ཡོང་རྒྱུ་ཞིག་རེད། ད་ལོའི་འོས་བསྡུ་དང་འབྲེལ་བའི་གཏམ་བཤད་བྱེད་མཁན་དང་དེ་འདྲ་བྱུང་ཡོད་རེད། དེ་འདྲའི་ཐོག་ནས་ཚང་མས་མ་ཤེས་པར་ལྷག་པའི་རྒྱུ་མཚན་གཅིག་ཀྱང་ཡོད་པ་མ་རེད།”ཅེས་དང། “ཁྱེད་རང་ཚོས་གསུངས་པ་བཞིན་ཆེད་མངགས་ང་ཚོས་ལས་རིམ་སྤེལ་བ་ཏན་ཏན་བྱུང་ཡོད་པ་མ་རེད་”ཅེས་གསུངས་སོང་། གང་ལྟར་ད་ཐེངས་སྦེལ་ཀོབ་བོད་ཁྱིམ་སློབ་མའི་འོས་བསྡུ་མ་ཐུབ་པ་དང་། རྒྱ་གར་ལྷོ་ཕྱོགས་ཀྱི་གྲོང་ཁྱེར་ཁག་གི་མཐོ་རིམ་སློབ་མ་མང་ཆེ་བས་འོས་བསྡུའི་དེབ་སྐྱེལ་ལ་དཀའ་ངལ་འཕྲད་པ་བཅས་ལ་སློབ་ཕྲུག་དང་མི་མང་། དགེ་འདུན་པ་རྣམས་ཀྱིས་བློ་བཟང་སེང་གེ་ལ་འོས་ཐོབ་གཅོག་ཐབས་སུ་དམིགས་པའི་ལས་རིམ་ཞིག་བྱུང་ཡོད་པའི་དོགས་པ་དང་གླེང་སློང་བྱེད་ཀྱི་འདུག །
མེ་སོར་གསར་འགོད་པས།
མཐའ་མའི་བསྐྱར་བཅོས། ( ‘༢༠༡༠, ༡༠, ༤’ )
དུས་བབས་གསར་འགོད་པ་ལགས་སྦེལ་ཀོབ་བོད་ཁྱིམ་འོས་བསྡུའི་དེབ་སྐྱེལ་གི་སྐོར་དེ་མདུན་ཤོག་དུ་གསལ་པོ་བྱས་ནས་བཀོད་ཐུབ་ན་ཡག་པོ་ཡོང་ས་རེད། དེ་ངའི་རེ་བ་ཡིན་ལགས་
དུས་བབས་གསར་འགོད་པ་ལགས་སྦེལ་ཀོབ་བོད་ཁྱིམ་འོས་བསྡུའི་དེབ་སྐྱེལ་གི་སྐོར་དེ་མདུན་ཤོག་དུ་གསལ་པོ་བྱས་ནས་བཀོད་ཐུབ་ན་ཡག་པོ་ཡོང་ས་རེད། དེ་ངའི་རེ་བ་ཡིན་ལགས་
བོད་མི་ཡོངས་ཀྱིས་ནུས་པ་དང་བསམ་བློ་ལྟ་བ་བཅས་རྡོག་རྩ་གཅིག་བསྒྲིལ་ཐོག་དབུ་གཞུང་གིས་དུས་ཚོད་གཏན་འབེབས་གཞིར་
བཟུང་གིས་བཀའ་སྤྱི་གདམས་ཐུབ་པ་བྱ་དགོས།
རྒྱ་ནག་གིས་ནུས་ཤུགས་སྤྲད་པ་དང་འགྲོ་སོང་བཏང་པ་སྣམས་རང་བཞིན་གྱིས་ནུས་མེད་དུ་གཏོང་ཐུབ་ན་བཙན་བྱོལ་ལ་རྒྱ་ཁ་ཐོབ་པ་ཡིན། གལ་སྲིད་རྒྱ་ནག་གིས་དམིགས་ཡུལ་བཞིན་དུ་དུས་ཐོག་བཀའ་ཁྲི་གདམས་མི་ཐུབ་པ་དང་བོད་མིའི་ནང་ཆོལ་ཁ་ཆོས་ལུགས་ཕན་ཚུན་རྩོད་རྙོགས་རིགས་བྱུང་བ་ཡིན་ན་
རྒྱ་ནག་གིས་འགྲོ་སོང་བཏང་བ་དེ་ལམ་དུ་ཕྱིན་པ་ལ་ངོས་འཛིན་བྱ་རྒྱུ་རེད། བལ་ཡུལ་ཉེས་རྟོག་པས་ཁྱེར་ཚར་བའི་འོས་ཤོག་རྣམས་དངུལ་སྤྲད་ནས་རེག་ཐབས་བྱེད་དགོས་དོན་གང་ཡང་མེད། བལ་ཡུལ་གནས་སྡོད་མི་དམངས་ནས་ལྷག་བསམ་ཟོལ་མེད་ཐོག་འོས་འཕེན་གྱི་འགན་ཁུར་བླངས་ཡོད་པ་དང་སྔ་དྲོའི་ཅུ་ཚོད་8་30་ནས་4་30་བར་འཚང་ག་ཤིག་ཤིག་གིས་འོས་འཕེན་གྱི་ལམ་དུ་བསྐྱོད་པའི་ནུས་ཤུགས་ལ་བརྟེན་ནས་རྒྱ་ནག་གི་དངུལ་འབོར་ཆེན་པོ་ཞིག་བཏང་དགོས་བྱུང་བ་ཡང་ང་ཚོའི་རྒྱལ་ཁ་རེད༎བལ་ཡུལ་གནས་སྡོད་བྱེདབཞིན་པའི་བོད་པ་ཞིག་གི་མྱོང་ཚོར་ལ་གཞིག་ཏེ་བརྗོད་ན།ཆེས་འུ་ཐུག་གི་ཐག་གཅོད་ཞིག་ལ་བརྟེན་ནས་རྒྱ་ནག་གི་ངན་བྱུས་གཏོན་པ་དེ་ལས་རྒྱ་ཁ་ཐོབ་དགོས་ན་བལ་ཡུལ་གནས་སྡོདབོད་མི་དམངས་རྣམས་ཀྱིས་བསྐྱར་དུ་སྔོན་འགྲོའི་འོས་བསྡུ་མི་དགོས་པ་བྱ་རྒྱུ་ལས་ལྷག་པའི་ཐག་གཅོད་ཞིག་མི་འདུག༎
འ་ཤུ་རེ་ཁོ་ད་མང་གཙོ་ལ་དགའ་བའི་མི་མང་རྣམས་པའི་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཤུགས་ཞིག་མ་བརྒྱབ་ན་དཀའ་ས་རེད།
ང་ཚོ་བོད་མི་རྣམས་ཀྱིས་མང་གཙའིོ་ལམ་ནས་རང་ཉིད་ཀྱི་དབུ་ཁྲིད་འདེམས་རྒྱུ་དེ་ནི་མང་གཙོའི་ཁེ་དབང་ཆེ་ཤེས་དེ་ཡིན་པས་
བལ་ཡུལ་གྱིས་ང་ཚོའི་ཁེ་དབང་བཙན་འཕྲོག་བྱས་པ་འདི་འཛམ་གླིང་གི་ལོ་རྒྱུས་ནང་དུའང་འགོད་དགོས་བ་ཞིག་རེད།
འདི་ནི་ཚད་ལས་བརྒལ་ཞིག་རེད།་བོད་མི་རིགས་ལ་བརྙེས་བཅས་དང་འགོྲ་བ་མི་རིགས་ཀྱི་ཐོབ་ཐང་རྡོག་རོལ་དུ་བཏང་བ་ཞིག་རེད།
བལ་གཞུང་ལ་ང་ཚོས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་དགོས།
བལ་ཡུལ་ནང་གི་བོད་མི་རྣམས་ལ་རང་དབང་མེད་པ་སྔོན་མ་ནས་ཨ་མེ་རི་ཀས་ཚོད་དཔག་བྱས་ནས་ཨ་རི་ལ་ལེན་གྱི་ཡིན་གསུངས་པ་རེད། ཡིན་ནའང་རྒྱ་ནག་གཞུང་དང་ཟམ་གདོང་བླ་མ་གཉིས་ཀྱིས་གཙོ་བོ་བྱས་པའི་བོད་མིའི་ལྟོ་གོས་དང་བོད་མིའི་རང་དབང་ལ་བརྩི་མེད་གཏང་ནས་ཨ་རི་ལ་བཏང་ཐུབ་ཡོད་པ་མ་རེད།
ད་ལན་གྱི་འོས་སྒམ་འཕྲོག་པ་ཨོ་ཙམ་རེད། རྗེས་མ་བོད་མིའི་སྲོག་འཕྲོག་གི་རེད། དེ་དུས་རང་དབང་ཡོད་ས་ཕྱི་རྒྱལ་ཁབ་ཀྱི་ནང་དུ་བཏང་གི་མིན་ཟེར་མཁན་ཚོའི་འདོད་དོན་འགྲུབ་པ་རེད།
གལ་སྲིད་མ་འོང་པ་བལ་ཡུལ་ནང་གི་བོད་མིའི་ཚེ་སྲོག་ཤོར་དུས་བོད་རྒྱ་ཆེན་མི་དམངས་ཀྱིས་ངོས་ནས་ཕྱི་རྒྱལ་བཏང་བ་ལ་འགོག་རྐྱེན་བཟོ་མཁན་འདི་ཚོས་བོད་མིའི་ཚེ་སྲོག་ཤོར་བཅུག་པར་ངོས་འཛིན་མི་བྱེད་ཐབས་མེད་རེད།
བལ་ཡུལ་ནང་དུ་བོད་མིའི་གནས་སྟངས་སྡུག་རེ་འགྲོ་བ་མ་གཏོགས་ཡག་རེ་འགྲོ་མི་ཐུབ་པ་ཚང་མས་ཤེས་གསལ་རེད། ཡིན་ནའང་བཙན་བྱོལ་བོད་གཞུང་གིས་ངོས་ནས་བཙན་བྱོལ་བོད་མིའི་རང་དབང་དང་འཚོ་བའི་ལྟ་གོས་ལ་བསམ་གཞིག་བྱས་མེད་པ་འདིའི་འབྲས་བུ་སྨིན་བཞིན་པ་རེད།
སྔོན་མ་ནས་ཨ་རིའི་ལྟ་བུ་ལ་བཏང་ཡོད་པ་ཡིན་ན་གནས་ཚུལ་ཐབས་སྡུག་འདྲ་ཡོང་གི་མ་རེད་འདོད།
བློ་ཕམ་དགོས་པ་ཞིག་རེད་ལ་བལ་པོ་ཁོ་རང་ཚོ་སྒོར་མོ་ཡིས་རྨོངས་ནས་རྒྱ་འོག་ཏུ་འགྲོ་ཡི་ཡོད་པ་ཤེས་ཀྱི་མེད་པ་འདྲ་རྗེས་སུ་ཁོ་རང་ཚོ་འགྱོད་པ་སྐྱེ་རྒྱུ་ལས་མེད།
རྒྱ་ཚང་གིས་དྲ་རྒྱ་ཁག་ཏུ་སྐུ་གྲགས་རིགས་རྒྱུད་ཀྱི་བོད་གཞུང་ཟེར་བ་དེ་འཛིན་རྒྱུ་རེད།གཞོན་སྐྱེ་ཚོ་རེ་བ་མ་རྒྱག་སོགས་ཀྱིས་གཏམ་བཤད་མང་པོ་སྤེལ་སོང་།དེ་ནི་བློ་སེང་ངམ་སྤེན་ཚེ་གང་རུང་ལ་འོས་ཐོབ་སོང་ན་ཁོ་རང་ཚོའི་ཁ་ལ་སྐྱག་པ་བྱུགས་ཡོང་དྲན་ནས་བྱོས་ངན་དེ་བཏོན་པ་རེད།བོད་མི་རྣམས་ཀྱིས་དེ་ཤེས་པ་བྱས་ནས་ཕྱོགས་ཞེན་སྤང་དགོས་པ་ཞིག་རེད་ལ་བོད་གཞུང་གིས་དབུ་ཁྲིད་ཚོའི་གཞིས་བལ་ཡུལ་དུ་ཡོད་པའི་བོད་མི་ཁྲི་ཁ་ཤས་དེ་སྐྱབས་མ་ཐུབ་ན་གཞིས་སུ་ཡོད་པའི་བོད་རྣམས་སྡུག་སྔལ་ལས་སྐྱབས་ཐབས་བྱ་དགོས་ཟེར་བ་ནི་ཧ་ཅང་གི་དགོད་བྲོ་བ་ཞིག་མ་རེད་དམ།
གྲོགས་པོ་ཚོ་ཁྱོད་ཚོས་བརྙན་པར་འདིར་བལྟ་དུས་སེམས་ཕམ་བྱུང་ངམ་
ང་ཚོ་ལ་རང་དབང་མི་འདུག་ག་་ ང་ཚོས་དཔུང་པ་མཉམ་གཤིབ་ངང་
བོད་གསར་པ་ཞིག་བསྐྲུན་མ་ཐོབ་ན་ང་ཚོ་འདི་ལས་ནམ་ཡང་བརྒལ་མི་ཐོབ
འདི་ལོའི་བལ་ཡུལ་ནང་གི་འོས་ཤོག་རྣམས་བལ་གཞུང་གིས་རྐུན་ཁྱེར་དགོས་པ་ནི་རྒྱ་དམར་གྱིས་དམིགས་ཡུལ་ངེས་ཅན་ཞིག་བསྒྲུབ་ཐབས་སུ་རྒྱ་དམར་ནས་བཙན་པོའི་བཀའ་བཏང་པ་ཞིག་རེད་རྒྱ་དམར་གྱིས་དམིགས་ཡུལ་ནི་བོད་བཙན་བྱོལ་ནང་གི་འོར་བསྡུས་ཆེན་མོ་འགོག་ཐབས་དང་འོས་བསྡུས་ཆེན་མོ་ཕྱི་འགྱངས་དང་འོས་བསྡུས་ཆེན་མོའི་སྐབས་ནང་འཁྲུགས་སོགས་ཡོང་བའི་ཐབས་བྱུས་གཏོན་པ་ཞིག་རེད་དེ་བརྟེན་ཕྲན་གྱི་བསམ་ཚུལ་ནི་བལ་ཡུལ་ནང་གི་འོས་ཤོག་རྣམས་རྩིས་མེད་གཏོང་ནས་བོད་མི་དམངས་ནས་ནུས་པ་དང་བསམ་བློ་གུ་ཡངས་དང་གཅིག་གྱུར་ཐོག་རྒྱ་གར་གཙོ་པའི་ཕྱི་རྒྱལ་ཁང་གི་འོས་ཀྱི་གྲངས་ཚད་ལ་ཚད་འཛིན་བྱས་ནས་བཀའ་སྤྱི་གདམས་ཐུབ་པ་བྱུང་ན་རྒྱ་དམར་གྱིས་དམིགས་ཡུལ་དང་རེ་བ་སྟོང་ཟད་དུ་གཏོང་ཐུབ་པ་དང་བསམ་ངན་ལས་རྒྱལ་ཁ་རེད། བལ་ཡུལ་ནས
འདི་ལོའི་བལ་ཡུལ་ནང་གི་འོས་ཤོག་རྣམས་བལ་གཞུང་གིས་རྐུན་ཁྱེར་དགོས་པ་ནི་རྒྱ་དམར་གྱིས་དམིགས་ཡུལ་ངེས་ཅན་ཞིག་བསྒྲུབ་ཐབས་སུ་རྒྱ་དམར་ནས་བཙན་པོའི་བཀའ་བཏང་པ་ཞིག་རེད་རྒྱ་དམར་གྱིས་དམིགས་ཡུལ་ནི་བོད་བཙན་བྱོལ་ནང་གི་འོར་བསྡུས་ཆེན་མོ་འགོག་ཐབས་དང་འོས་བསྡུས་ཆེན་མོ་ཕྱི་འགྱངས་དང་འོས་བསྡུས་ཆེན་མོའི་སྐབས་ནང་འཁྲུགས་སོགས་ཡོང་བའི་ཐབས་བྱུས་གཏོན་པ་ཞིག་རེད་དེ་བརྟེན་ཕྲན་གྱི་བསམ་ཚུལ་ནི་བལ་ཡུལ་ནང་གི་འོས་ཤོག་རྣམས་རྩིས་མེད་གཏོང་ནས་བོད་མི་དམངས་ནས་ནུས་པ་དང་བསམ་བློ་གུ་ཡངས་དང་གཅིག་གྱུར་ཐོག་རྒྱ་གར་གཙོ་པའི་ཕྱི་རྒྱལ་ཁང་གི་འོས་ཀྱི་གྲངས་ཚད་ལ་ཚད་འཛིན་བྱས་ནས་བཀའ་སྤྱི་གདམས་ཐུབ་པ་བྱུང་ན་རྒྱ་དམར་གྱིས་དམིགས་ཡུལ་དང་རེ་བ་སྟོང་ཟད་དུ་གཏོང་ཐུབ་པ་དང་བསམ་ངན་ལས་རྒྱལ་ཁ་རེད། བལ་ཡུལ་ནས
དེ་རིང་གི་འོས་སྒམ་འཕྲོག་པ་འདི་བལ་ཡུལ་དུ་གནས་པའི་བོད་མི་ཡོད་དོ་ཅོག་གི་མང་གཙོ་དང་རང་དབང་གི་གོ་སྐབས་འཕྲོག་པ་དང་ཁྱད་པར་སྤུ་ཙམ་ཡང་མེད། གུང་ཕྲེང་ཏང་གི་རྐུབ་ལྡགས་མཁན་གྱི་བལ་པོའི་གཞུང་དང་ཁྱི་རྒན་སྐོར་སྲུང་བ་དེ་ཚོ་འགྲོ་བ་མི་རིགས་ཀྱི་ཞབས་འདྲེན་ཡིན། བྱ་སྤྱོད་ངན་པ་འདི་ལ་བོད་མི་ཚང་མས་རྡོག་རྩ་ཆིག་དྲིལ་གྱིས་ངོ་རྒོལ་གྱི་ལས་རིམ་ངེས་པར་དུ་བརྩམས་དགོས།
ནེ་པ་ལི་དེ་ཐལ་བའི་རྡུལ་དུ་བརླག་བར་སྨོན། གལ་ཏེ་ནམ་ཞིག་རྒྱ་ནག་གིས་རྡུལ་ཕྲན་ཆུང་ཆུང་ཞིག་གིས་བལ་ཡུལ་ལུང་པ་མིང་མེད་གཏོང་བའི་རེ་བ་ཡོད། ད་ནི་ང་ཚོས་རྒྱལ་སྤྱིར་ཞུ་གཏུགས་དགོས་པ་དེ་རེད། ཡང་ན་བལ་ཡུལ་དུ་ཡོད་པའི་བོད་མི་ཚང་མ་ལངས་ཤོག ཁྱོད་ཚོའི་རྒྱབ་ན་བོད་མི་ཡོད་དོ་ཅོག་པས་དུས་དེ་རིང་ནས་བཟུང་ཡར་ལོངས་ཤིག
སྔོན་མ་ནས་ཆུ་བཞི་སྒང་དྲུག་ལ་བོད་གཞུང་གི་བལ་ཡུལ་གཞུང་དེ་ཟ་མ་བཅུག་ནས་འགྲིག་མི་འདུག། སྔོན་དེ་ཟ་ཚར་ཡོད་ན་ད་ལྟར་དེ་ང་ཚོའི་ས་ཆ་རེད།
ད་ལྟོས་དང་ནམ་དང་ནམ་ཡིན་ན་ང་ཚོ་ལ་བརྙས་བཅོས་བཏང་བཏང་པ་རེད།
བོད་པ་ཚོ་ངོ་མ་སེམས་པ་སྐྱོ།
འོན་ཀྱང་ང་ཚོ་ཅི་ནས་ཀྱང་སེམས་ཤུགས་མ་ཆགས་ཨང་།
བལ་ཡུལ་གཞུང་ནི་དེང་སང་རྒྱ་ནག་གི་འོག་ལ་ཡོད་པས་དེ་འདྲ་བྱས་པ་རེད།
རྒྱ་ནག་བྱས་ཀྱི་ཡོད་རེད། མཁས་དབང་བློ་བཟང་སེང་གེ་ཐོབ་འོང་དྲན་ནས་སྐྲག་གི་ཡོད་རེད།
དའང་ང་ཚོའི་བལ་ཡུལ་ནས་བོད་པ་ཚོའི་ཡང་བསྐྱང་འོས་ཤོག་ཞིག་བླུགས་པའི་ཐབ་ལ་འབད་བརྩོན་བྱེད་དགོས།
དེ་ལྟར་བྱུང་ཚེ་རྒྱ་ནག་གི་བསམ་དོན་འགྲུབ་ཐུབ་མེད།
༢༠༡༠/༡༠/༠༤ ཉིན་འདོན་སྤེལ་བྱས། གནས་ཚུལ་འདི་ལ་འོས་སྒམ་བཙན་འཕྲོག་ཅེས་བརྗོད་དགོས་ངེས་ལས། འོས་སྒམ་གཞུང་བཞེས་ཞེས་བརྗོད་ན་རན་པོ་གཏན་ནས་མི་འདུག བལ་གཞུང་སྐྱག་གཟན་དེ་ཡིས་བོད་པ་ཚོར་ཐུབ་ཚོད་ག་འདྲ་ཞིག་བཏང་དང་གཏོང་གི་འདུག་ཨང་། དོན་དག་འདི་ཧ་ཅང་གི་ཚད་བརྒལ་རང་བཞིན་ཅན་ཞིག་རེད། གསར་འགོད་ལས་བྱེད་ཚོ་དང་། བོད་དོན་རྒྱབ་སྐྱོར་བ་ཚོས་བལ་གཞུང་གི་སྐྱུག་བྲོ་བའི་སྤྱོད་ངན་དེ་དག་དྲིལ་བསྒྲགས་ཤུགས་ཆེར་བྱས་ནས་རྒྱལ་སྤྱིའི་འགན་ཡོད་ལྷན་ཚོགས་ཁག་ལ་ཞུ་གཏུག་གཟབ་ནན་གནང་གལ་ཆེ། ཉེས་མེད་བོད་རིགས་ཚོས་འདི་འདྲའི་རྒྱལ་ཁབ་ཐ་ཤལ་ཞིག་གི་བརྙས་བཅོས་བཟེད་དགོས་པ་ལ་བསམ་ཞིང་བསམ་ན། བཙན་བྱོལ་བོད་གཞུང་གི་ལས་སྣེ་ཚོར་འཁང་ར་ཞིག་རང་བཞིན་གྱིས་ཤོར་ཡོང་གི་འདུག
ལས་བྲས
༢༠༡༠/༡༠/༠༤ ཉིན་འདོན་སྤེལ་བྱས། བོད་མི་ཚོར་དཔའ་ཉམས་སྙིང་སྟོབས་མ་ཆགས་ད་ལྟ་དང་ང་ཚོ་ཕྱོགས་ཁ་དང་ཕྱོགས་རིས་ཟེར་ནས་སྡེས་ན་མཛེས་པོ་འདུག་གམ་རང་ཡུལ་དགྲ་ཡི་འཕྲོག་རང་དབང་མི་བོད་མི་ཚོར་དཔའ་ཉམས་སྙིང་སྟོབས་མ་ཆགས་ད་ལྟ་དང་ང་ཚོ་ཕྱོགས་ཁ་དང་ཕྱོགས་རིས་ཟེར་ནས་སྡེས་ན་མཛེས་པོ་འདུག་གམ་རང་ཡུལ་དགྲ་ཡི་འཕྲོག་རང་དབང་མི་འཕྲོག་རང་ལུས་དུམ་བུ་འཐོར་དེ་རང་རིགས་ལ་གཅིག་སྒྲིལ་མེད་ན་ཕམ་ཁ་རང་ལ་ཡོད་ངེས་སྤུན་གྲོགས་རྣམས་་ལོང་ཤོགས་བདེ་པ་འཁྱེར་ནས་ལོངས་ཤོགས་བཙན་པོ་བུ་ཕྲུག་ཡིན་ན་སྙིང་སྟོབས་དེ་འཁྱེར་ནས་ལོངས་ཤོགས་དྲང་སོང་གྱི་བོད་མི་ཡིན་ན་མ་ནོར་པའི་བཀའ་ཁྲི་དེ་འཁྱེར་ནས་ལོངས་ཤོགས་མི་རིགས་ལ་རང་དབང་དགོས་ན་སྔོན་བྱུང་གི་ལོ་རྒྱུས་མ་ཉམས་དེང་དུས་གྱི་འགྲོ་ལམ་མ་ནོར་མ་འོངས་ཀྱི་མདུན་སྐྱོད་མ་བརྗེད་ཤ་ཤོར་གྱི་ཤ་ལན་མ་བརྗེད་ལོངས་ཤོགས་སྤུན་ཟླ་ཚོར་རྨོངས་པ་དང་ལྐུག་རྒྱུག་བརྗེད་ནས་སྔོན་མཐོང་དང་མདུན་སྐྱོད་ངང་ལོངས་ཤོགས་རིག་རྩལ་དང་བདེ་སྟོན་ངང་ལོངས་ཤོགས་སྙིང་སྟོབས་དང་ལ་རྒྱའི་ངང་ལོངས་ཤོགས།།འཕྲོག་རང་ལུས་དུམ་བུ་འཐོར་དེ་རང་རིགས་ལ་གཅིག་སྒྲིལ་མེད་ན་ཕམ་ཁ་རང་ལ་ཡོད་ངེས་སྤུན་གྲོགས་རྣམས་་ལོང་ཤོགས་བདེ་པ་འཁྱེར་ནས་ལོངས་ཤོགས་བཙན་པོ་བུ་ཕྲུག་ཡིན་ན་སྙིང་སྟོབས་དེ་འཁྱེར་ནས་ལོངས་ཤོགས་དྲང་སོང་གྱི་བོད་མི་ཡིན་ན་མ་ནོར་པའི་བཀའ་ཁྲི་དེ་འཁྱེར་ནས་ལོངས་ཤོགས་མི་རིགས་ལ་རང་དབང་དགོས་ན་སྔོན་བྱུང་གི་ལོ་རྒྱུས་མ་ཉམས་དེང་དུས་གྱི་འགྲོ་ལམ་མ་ནོར་མ་འོངས་ཀྱི་མདུན་སྐྱོད་མ་བརྗེད་ཤ་ཤོར་གྱི་ཤ་ལན་མ་བརྗེད་ལོངས་ཤོགས་སྤུན་ཟླ་ཚོར་རྨོངས་པ་དང་ལྐུག་རྒྱུག་བརྗེད་ནས་སྔོན་མཐོང་དང་མདུན་སྐྱོད་ངང་ལོངས་ཤོགས་རིག་རྩལ་དང་བདེ་སྟོན་ངང་ལོངས་ཤོགས་སྙིང་སྟོབས་དང་ལ་རྒྱའི་ངང་ལོངས་ཤོགས།།
ཁ་བ་ནག་པོ།
༢༠༡༠/༡༠/༠༤ ཉིན་འདོན་སྤེལ་བྱས། བལ་ཡུལ་གཞུང་འདི་ཞི་མོ་ཟིག་ཡིན་རྒྱུ་ན་ངས་ཉིན་མཚན་དགུ་ལ་རྒྱོ་ས་རེད། ཁྲག་ཁོལ་ནས་ཤི་ཐལ།
སྟོང་བསྐོར་ཐུབ་བསྟན།
༢༠༡༠/༡༠/༠༤ ཉིན་འདོན་སྤེལ་བྱས། བོད་དང་བལ་ཡུལ་གཉིས་ཆོས་དང་རིག་གནས་སོགས་ཀྱི་འབྲེལ་བ་གཏིང་ཟབ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཡིན་ནའང་། བལ་ཡུལ་གཞུང་གིས་བོད་པ་སྐྱབས་བཅོལ་བ་རྣམས་ལ་ཉེ་བའི་ལོ་བཅུ་ཕྲག་ལྷག་གི་རིངདཀའ་ངལ་མང་དག་ཅིག་སྤྲོད་བཞིན་ཡོད་། ད་རིང་འོས་སྒམ་བཙན་འཕྲོག་བྱས་པ་འདིའི་བ་ཡུལ་གཞུང་ནས་བོད་མི་སྐྱབས་བཅོལ་བ་རྣམས་ལ་བརྙེས་བཅོས་ཚད་མེད་བྱས་པ་རེད། བློ་ཕམ་དགོས་པ་ཞིག་གྱང་རེད། ད་ནི་ང་ཚང་བ་ཡུལ་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་སྐྱབས་བཅོལ་གཉིས་པ་འགྲོ་སའི་ལམ་ཞིག་བཟོ་དགོས་པར་འདོད་ལ། བཙན་བྱོལ་བོད་གཞུངནས་གནས་ཚུལ་འདི་གང་མགྱོག་ཐག་ཞིག་གཅོད་དགོས། གནས་ཚུལ་འདི་ཞུ་ས་ཡོད་ཚུད་ལ་ཞུ་གཏུག་བྱ་རྒྱུ་དང་། བསྒྲགས་ས་ཡོད་ཚད་ནས་དྲིལ་བསྒྲགས་བྱེད་དགོས་།
ཀརྨ་རྡོ་རྗེ།
༢༠༡༠/༡༠/༠༤ ཉིན་འདོན་སྤེལ་བྱས། འོས་སྒམ་དེ་སྒེར་པ་ཁྲིམས་འགལ་ཞིག་གི་ནོར་རྫས་མིན་པས་གཞུང་བཞེས་ཀྱི་གོ་དོན་མེད་ལ། གཞུང་སྒེར་སུས་བྱས་ཀྱང་། དེ་ནི་འོས་སྒམ་བཙན་འཕྲོག་བྱས་པ་ཞིག་ལས་མ་འདས། བལ་པོ་མང་གཙོ་གཞུང་གི་བོད་མི་ལ་འཛིན་པའི་སྲིད་འཇུས་ངན་པ་ཕྱག་བསྟར་ལ་བློ་ཕམ་ཡོད་ལགས།
མགོ་ལོག་ཟླ་བྷེ།
༢༠༡༠/༡༠/༠༤ ཉིན་འདོན་སྤེལ་བྱས། ང་ཚོའི་སེམས་ཤུགས་ཆག་རྒྱུ་མེད ། །
གཅིག་གྱུར་འབྲེལ་ཐག་ཆད་རྒྱུ་མེད ། །
དེ་བཞིན་བསམ་ཡང་ཤེས་རྒྱུ་མེད ། །
ཚབ་ཆེན་རྙོག་གྲ་རྫོགས་རྒྱུ་མེད ། །
གང་ལྟར་དོན་དག་ཚབ་ཆེན་འདིས ། ཡང་ང་ཚོའི་སྙིང་
རྨས་མ་བོ་ལ་ནད་ཚ་གསར་བ་ཞིག་སྐྱེ་རུ་བཅུག་སོང་ །
ཡིན་ན་ཡང་ད་ཁྲིམས་ལུགས་མཁས་དབང་བློ་བཟང་
སེང་གེའི་གཙོས་དཔྱོད་ལྡན་རྣམ་པ་དང་དཔལ་ལྡན་
རང་གཞུང་གིས་ལམ་སྟོན་ཞིག་མཛོད་དང་།རྒྱ་ཆེའི་མི་མང་ཡོད་ཡོད་པ་ཡིན། བོད་བསྟན་པ་ཆབ་སྲིད་ཀྱི་
ཆེད་དུ ། རང་མགོ་རིལ་མ་འདྲ་བོ་ནམ་ལྷུང་ན་ལྷུང་ །
རང་སྐེ་གྲོག་མ་འདྲ་བོ་ནམ་ཆད་ན་ཆད །
རང་ལུས་སྡོང་མ་འདྲ་བོ་ནམ་འགྱེལ་ན་འགྱེལ །
མིག་གསུམ་པ།
༢༠༡༠/༡༠/༠༣ ཉིན་འདོན་སྤེལ་བྱས། ད་ཐེངས་ཀྱི་བལ་ཡུལ་དམག་མིས་རང་དབང་གི་འོས་སྒམ་བཙན་འཕྲོག་བྱས་པ་འདིས་བོད་མི་ཚོ་ལྷོད་སྡོད་བྱེད་སའི་ཁོར་ཡུག་ཅིག་མེད་པ་གསལ་བོར་བསྟན་ཡོད་པ་རེད། ཤ་ཁྲག་རུས་རྒྱུད་གཅིག་ཏུ་འདྲེས་པའི་བོད་མི་ཞིག་ཡིན་ཚེ་༼ཆིག་སྒྲིལ་༽ཞེས་པའི་དམ་ཚིག་འདིའི་འོག་ཏུ་འདུས་ནས་བདེན་དོན་གྱི་གླུ་སྒྲ་ཤུགས་ཀྱིས་གྱེར་རོགས་གནོངས།
ད་ནི་ང་ཚོས་རང་རང་གི་འདོད་ཚུལ་རེ་འགྲེལ་ནས་ཉི་མ་འཁྱོལ་ཐབས་བྱེད་པའི་དུས་ཚོད་ཅིག་མ་རེད་འདོད་ཀི བོད་མི་རིགས་ཀྱི་ཆེད་དུ་ནུས་པ་དང་སྙིང་སྟོབས་བླ་ལྷག་ཏུ་ཡོད་པའི་འཇོན་ཐང་ཅན་རེ་འགའ་མདུན་དུ་ཡོང་ནས་རྒྱལ་སྤྱིའི་གར་སྟེགས་སུ་བལ་ཡུལ་དམག་མིའི་སྐྱུག་བྲོ་བའི་ལས་དོན་དང་ལྐོག་ཟ་རུལ་སུངས་ཀྱི་རྣམ་པ་དེ་ཕྱིར་བསྒྲགས་བྱེད་པའི་དུས་ཚོད་ཡག་ཤོས་ཤིག་ཤར་སོང་བ་རེད། གོ་སྐབས་འདི་གཏན་ནས་འཆོར་གྱི་མ་འཇུག སྨྱུག་ཐོགས་མི་ཡི་སྡེ་དང་། ཆབ་སྲིད་ཚོགས་པའི་དཔུང་སོགས་རེ་རེ་ནས་ཡར་ལོངས་ཤོག སྙིང་སྟོབས་ཤིག་འཁྱེར་ནས་ལོངས་ཤོག རྒྱུ་མཚན་ཞིག་བགྲང་ནས་ལོངས་ཤོག
གཅན་བཟོད་རྒྱམ།
༢༠༡༠/༡༠/༠༣ ཉིན་འདོན་སྤེལ་བྱས། བལ་ཡུལ་བོད་མིའི་འོས་སྒམ་འཕྲོག་པའི་བརྙན་ཕབ་འདི་ན་འདུག ཚང་མས་གཟིགས་དང་།
http://www.youtube.com/watch?v=N4fI58wpV6o&feature=player_embedded#!
snowboy
༢༠༡༠/༡༠/༠༣ ཉིན་འདོན་སྤེལ་བྱས། གནས་ཚུལ་དེ་དང་རྒྱ་མི་དམར་པོ་འབྲེལ་བ་ཡོད་པ་གསལ་པོ་རེད། འདི་དང་འདི་འདྲ་བའི་གནས་ཚུལ་ལ་སེམས་ཕམ་བ་ལས་ང་ཚོའི་བོད་མི་ཚང་སྙིང་སྟོབས་སྐྱེས་ན་རེད།་
འབྲོག་རུ་ཆོས་གྲགས།
༢༠༡༠/༡༠/༠༣ ཉིན་འདོན་སྤེལ་བྱས། འདི་ནི་བལ་ཡུལ་གཞུང་གིས་རང་མཚང་ཕྱི་ལ་བཏོན་པ་ཞིག་རེད་ལ། རྒྱ་མིའི་ལག་འདྲེ་ལག་ཀྱང་བོད་མིའི་འོས་སྒམ་ལ་རེག་ཡོད་པའི་གསལ་བཤད་ཅིག་ཀྱང་རེད།
གང་ལྟར་གནས་ཚུལ་ནི་བྱུང་ཚར་བ་ཡིན་སྟབས། གནད་དོན་འདིའི་ཐད་ནས་བོད་པ་ཚོ་གཅིག་གི་རྒྱབ་རྩར་གཅིག་ལངས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བལ་ཡུལ་གྱིས་སྤྱིར་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་རྡོག་རལ་གཏོང་གིན་པའི་གནས་སྟངས་བསྒྲག་རྒྱུ་ནི་སྐབས་སུ་བབ་པའི་གནད་དོན་གཅིག་རེད་བསམ།
ཨ་རིག་དགེ་མཐོང་།
༢༠༡༠/༡༠/༠༣ ཉིན་འདོན་སྤེལ་བྱས། དངོས་གནས་ཀླུ་མཁར་བྱམས་རྒད་པོའི་སྐད་ཆ་ཉན་རྒྱུ་ཡོད་ཁུ། མཚམས་མཚམས་ལ་ཚ་གེ་ཙིག་གེ་བྱེད་ཀྱི་ཡོད་རེད་མ་གཏོགས་ཆབ་སྲིད་པའི་བསམ་བློ་འདུག་དཱ།
ཀླུ་མཁར་བྱམས།
༢༠༡༠/༡༠/༠༣ ཉིན་འདོན་སྤེལ་བྱས། གནས་ཚུལ་འདིའི་གནད་དོན་གཉིས་གསལ་བཤད་བྱས་ཡོད་པ་ནི། ༡ ཆབ་སྲིད་མི་སྣ་འཁྲམ་པ་ཚོ་དང་ནག་ཚོང་བརྒྱག་མཁན་གཉིས་ཁ་མཐུན་པའི་འོག་ནས། དུས་ནམ་ཡང་དྲང་བདེན་དང་། གནས་ལུགས་འགྲོ་ས་མེད་པ་དང་། ༢ ཡང་ང་ཚོ་ནང་བཞིན་གྱི་བཙན་བྱོལ་བ་ཞིག་གིས་མི་ཡུལ་ནས་དམངས་གཙོའི་གཞུང་བཛུགས་པ་དང་། དེ་ཡང་འདྲ་འདྲའི་ནང་གི་མ་འདྲ་བ་ཞིག་བྱུང་ཡོད་ལུགས་བརྗོད་ནས་ལྷོད་ལྷོད་ངང་འདུག་ས་མེད་ལ། མདོར་ན་ང་ཚོར་མཁོ་བ་ནི་དམངས་གཙོའི་བཙན་བྱོལ་གཞུང་ཞིག་འཛུགས་རྒྱུ་ལས་ཀྱང་ཁ་རང་ཡུལ་ལ་ཕྱོགས་ནས་ཛ་དྲག་གི་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་པ་སླར་ཡང་གསལ་བོ་བསྟན་ཡོད་ལ།
ད་ཅི་ཞིག་བྱ་དགོས་རེད་ཟེར་ན། གནས་ཚུལ་འདི་ཞུ་ས་ཡོད་ཚུད་ལ་ཞུ་གཏུག་བྱ་རྒྱུ་དང་། བསྒྲགས་ས་ཡོད་ཚད་ནས་དྲིལ་བསྒྲགས་ཏེ་རྒྱ་དམར་གཞུང་དང་ངན་འབྲེལ་ཡོད་པའི་བལ་གཞུང་གི་ཆབ་སྲིད་པ་དེ་ཚོའི་བྱ་སྦྱོད་ཐེར་འདོན་དགོས་པ་དང་གཅིག གཉིས་ནས་བོད་རིགས་སྐྱབ་བཅོལ་བ་ཁྲི་གཅིག་གཉིས་ཞིག་གིས་དམངས་གཙོར་ལད་བཟློས་ཀྱི་འོས་བསྡུ་ཙམ་བྱས་པ་ནི་བལ་ཡུལ་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་གནོད་པ་སྤུ་ཙམ་མེད་པ་དེ་བལ་བོའི་ཡུལ་མི་དང་། ཁྱད་པར་དུ་བོད་ལ་ཤ་རུས་དང་རིག་གཞུང་གི་འབྲེལ་ལམ་དམ་ཟབ་ཡོད་པའི་ཧ་མ་ལ་ཡའི་རི་རྒྱུད་ཀྱི་ཡུལ་མི་རྣམས་ལ་ད་ཐེངས་ང་ཚོའི་རྒྱབ་དཔུང་ལ་ལངས་དགོས་པ་ནི་ཕྱོགས་གཅིག་རེད། དེ་བཞིན་བོད་གཞུང་གིས་ཀྱང་གནས་ཚལ་འདི་གང་མགྱོག་ཐག་གཅོད་བྱས་ན་མ་གཏོག རྒྱལ་ཡོངས་འོས་བསྡུ་ཆེན་མོ་རྩིས་མེད་པ་འགྲོ་སྲིད་པ་བཅས༌༌༌༌༌༌༌༌༌༌༌
བོན་རྒྱ་བསྟན་འཛིན་རབ་རྒྱས།
༢༠༡༠/༡༠/༠༣ ཉིན་འདོན་སྤེལ་བྱས། གཙོ་བོ་འོས་ཡོངས་རྫོགས་རྩིས་མེད་གཏོང་དགོས་མིན་རེད། ཆ་ཚང་རྩིས་མེད་བྱས་ན་ཕལ་ཆེར་ཧིན་སྒོར་ས་ཡ་ལྷག་རྩིས་མེད་ལ་གྱུར་བ་རེད། ཡིན་ནའང་། བཅའ་ཁྲིམས་ནང་ན་ཕལ་ཆེར་གསལ་ཁ་མེད་ཚོད་རེད། རྒྱ་བལ་འབྲུག་གསུམ་དང་བཅས་པས་ཉིན་གཅིག་དུས་གཅིག་འོས་འཕེན་དགོས་པར་བཤད་ཀྱིན་འདུག་པ་དེ་ལ་དཔག་ན་ཕལ་ཆེར་རྩིས་མེད་ལ་གྱུར་ཡོད་ཚོད་རེད། ཡིན་ནའང་། བལ་ཡུལ་ཆ་ཚང་མིན་པ་དང་བལ་ཡུལ་གྱི་ས་གནས་གཅིག་ཁོ་ན་ཡིན་རྐྱེན་གཞན་དག་རྩིས་མེད་ལ་འགྲོ་གི་མེད་ན་དེ་ཡང་འགྲིག་ཙམ་ལ་ངོས་འཛིན་དགོས་པ་རེད།
མ་གཞི་ནས་ང་ཚོ་ལ་འདི་ལས་བརྡ་ཞིག་སྟོན་གི་ཡོད་པ་རེད། དེ་ཚང་མས་ཤེས་དགོས་པ་རེད། ད་དུང་ང་ཚོ་ལ་རྒྱལ་ཁ་སྤོབས་པས་ལེན་པའི་འཇོན་ཐང་མེད་ནའང་ཕམ་ཁ་སྤོབས་པས་འཁུར་བའི་སྙིང་སྟོབས་དགོས་པ་རེད། དེ་ཚང་མས་སེམས་ལ་འཛིན་རོགས། འདི་ནི་སྲིན་པོ་གདོང་དམར་བུ་རྒྱུད་ལ་གྱུར་བའི་མི་རབས་གསར་བ་ལ་ངེས་དགོས་པའི་སྙིང་སྟོབས་ཤིག་རེད།
ཤེལ་དཀར་བློ་བཟང་།
༢༠༡༠/༡༠/༠༣ ཉིན་འདོན་སྤེལ་བྱས། གནས་ཚུལ་དེ་དང་རྒྱ་མི་དམར་པོ་འབྲེལ་བ་ཡོད་པ་གསལ་པོ་རེད། དངོས་གནས་བློ་ཕམ་བྱུང་། འདི་ཡིས་སོ་སོར་རང་དབང་ལུང་པ་མེད་ན་འདི་རེད་ཅེས་བརྡ་ཞིག་བཏང་པ་རེད་ལ་ད་དུང་ཡང་དེ་ལྟར་མུ་མཐུད་གནས་ན་ནམ་ཞིག་ང་ཚོ་བོད་མི་ཚང་མ་འགྲོ་ས་སྡོད་ས་མེད་པར་ལུས་རྒྱུའི་ཉེན་བརྡ་ཞིག་ཀྱང་སྤྲད་པ་རེད། དེར་བརྟེན་ཤེས་ལྡན་པ་སྤྱི་དང་ལྷག་པར་ང་ཚོ་སྤུན་ཟླ་ཚང་མས་སྙིང་ལ་རུས་པ་བཅུག་སྟེ་གནས་ཚུལ་ཐབས་སྐྱོ་བོ་འདི་དང་འདིས་མཚོན་པའི་བྱ་ཐབས་ཁག་ལ་བློ་རྩེ་གཅིག་སྒྲིམ་གྱིས་གདོང་ལེན་བྱེད་རྒྱུ་བྱེད་རྒྱུ་ཤིན་ཏུ་གལ་ཆེ།།
ཤེལ་དཀར་བློ་བཟང་།
༢༠༡༠/༡༠/༠༣ ཉིན་འདོན་སྤེལ་བྱས། གནས་ཚུལ་དེ་དང་རྒྱ་མི་དམར་པོ་འབྲེལ་བ་ཡོད་པ་གསལ་པོ་རེད། དངོས་གནས་བློ་ཕམ་བྱུང་། འདི་ཡིས་སོ་སོར་རང་དབང་ལུང་པ་མེད་ན་འདི་རེད་ཅེས་བརྡ་ཞིག་བཏང་པ་རེད་ལ་ད་དུང་ཡང་དེ་ལྟར་མུ་%E
བལ་ཡུལ་གྱི་མི་སྟོང་ཕྲག་ཁ་ཤས་ཀྱིས་བོད་པའི་དགོན་པ་དང་སློབ་གྲྭའི་ནང་དུ་ཁ་ལག་ཟོས་ནས་སློབ་སྦྱོང་བྱེད་ཀྱིན་ཡོད། ད་ཁོང་ཚོ་ཚང་མ་ཕྱིར་འབུད་བྱེད་པའི་དུས་ལ་སླེབས་ཡོད། བལ་གཞུང་ལ་བོད་པའི་བཀའ་དྲིན་ཤེས་སུ་བཅུག་དགོས།
གནས་ཚུལ་འདི་ལ་འོས་སྒམ་བཙན་འཕྲོག་ཅེས་བརྗོད་དགོས་ངེས་ལས། འོས་སྒམ་གཞུང་བཞེས་ཞེས་བརྗོད་ན་རན་པོ་གཏན་ནས་མི་འདུག བལ་གཞུང་སྐྱག་གཟན་དེ་ཡིས་བོད་པ་ཚོར་ཐུབ་ཚོད་ག་འདྲ་ཞིག་བཏང་དང་གཏོང་གི་འདུག་ཨང་། དོན་དག་འདི་ཧ་ཅང་གི་ཚད་བརྒལ་རང་བཞིན་ཅན་ཞིག་རེད། གསར་འགོད་ལས་བྱེད་ཚོ་དང་། བོད་དོན་རྒྱབ་སྐྱོར་བ་ཚོས་བལ་གཞུང་གི་སྐྱུག་བྲོ་བའི་སྤྱོད་ངན་དེ་དག་དྲིལ་བསྒྲགས་ཤུགས་ཆེར་བྱས་ནས་རྒྱལ་སྤྱིའི་འགན་ཡོད་ལྷན་ཚོགས་ཁག་ལ་ཞུ་གཏུག་གཟབ་ནན་གནང་གལ་ཆེ། ཉེས་མེད་བོད་རིགས་ཚོས་འདི་འདྲའི་རྒྱལ་ཁབ་ཐ་ཤལ་ཞིག་གི་བརྙས་བཅོས་བཟེད་དགོས་པ་ལ་བསམ་ཞིང་བསམ་ན། བཙན་བྱོལ་བོད་གཞུང་གི་ལས་སྣེ་ཚོར་འཁང་ར་ཞིག་རང་བཞིན་གྱིས་ཤོར་ཡོང་གི་འདུག
བོད་མི་ཚོར་དཔའ་ཉམས་སྙིང་སྟོབས་མ་ཆགས་ད་ལྟ་དང་ང་ཚོ་ཕྱོགས་ཁ་དང་ཕྱོགས་རིས་ཟེར་ནས་སྡེས་ན་མཛེས་པོ་འདུག་གམ་རང་ཡུལ་དགྲ་ཡི་འཕྲོག་རང་དབང་མི་བོད་མི་ཚོར་དཔའ་ཉམས་སྙིང་སྟོབས་མ་ཆགས་ད་ལྟ་དང་ང་ཚོ་ཕྱོགས་ཁ་དང་ཕྱོགས་རིས་ཟེར་ནས་སྡེས་ན་མཛེས་པོ་འདུག་གམ་རང་ཡུལ་དགྲ་ཡི་འཕྲོག་རང་དབང་མི་འཕྲོག་རང་ལུས་དུམ་བུ་འཐོར་དེ་རང་རིགས་ལ་གཅིག་སྒྲིལ་མེད་ན་ཕམ་ཁ་རང་ལ་ཡོད་ངེས་སྤུན་གྲོགས་རྣམས་་ལོང་ཤོགས་བདེ་པ་འཁྱེར་ནས་ལོངས་ཤོགས་བཙན་པོ་བུ་ཕྲུག་ཡིན་ན་སྙིང་སྟོབས་དེ་འཁྱེར་ནས་ལོངས་ཤོགས་དྲང་སོང་གྱི་བོད་མི་ཡིན་ན་མ་ནོར་པའི་བཀའ་ཁྲི་དེ་འཁྱེར་ནས་ལོངས་ཤོགས་མི་རིགས་ལ་རང་དབང་དགོས་ན་སྔོན་བྱུང་གི་ལོ་རྒྱུས་མ་ཉམས་དེང་དུས་གྱི་འགྲོ་ལམ་མ་ནོར་མ་འོངས་ཀྱི་མདུན་སྐྱོད་མ་བརྗེད་ཤ་ཤོར་གྱི་ཤ་ལན་མ་བརྗེད་ལོངས་ཤོགས་སྤུན་ཟླ་ཚོར་རྨོངས་པ་དང་ལྐུག་རྒྱུག་བརྗེད་ནས་སྔོན་མཐོང་དང་མདུན་སྐྱོད་ངང་ལོངས་ཤོགས་རིག་རྩལ་དང་བདེ་སྟོན་ངང་ལོངས་ཤོགས་སྙིང་སྟོབས་དང་ལ་རྒྱའི་ངང་ལོངས་ཤོགས།།འཕྲོག་རང་ལུས་དུམ་བུ་འཐོར་དེ་རང་རིགས་ལ་གཅིག་སྒྲིལ་མེད་ན་ཕམ་ཁ་རང་ལ་ཡོད་ངེས་སྤུན་གྲོགས་རྣམས་་ལོང་ཤོགས་བདེ་པ་འཁྱེར་ནས་ལོངས་ཤོགས་བཙན་པོ་བུ་ཕྲུག་ཡིན་ན་སྙིང་སྟོབས་དེ་འཁྱེར་ནས་ལོངས་ཤོགས་དྲང་སོང་གྱི་བོད་མི་ཡིན་ན་མ་ནོར་པའི་བཀའ་ཁྲི་དེ་འཁྱེར་ནས་ལོངས་ཤོགས་མི་རིགས་ལ་རང་དབང་དགོས་ན་སྔོན་བྱུང་གི་ལོ་རྒྱུས་མ་ཉམས་དེང་དུས་གྱི་འགྲོ་ལམ་མ་ནོར་མ་འོངས་ཀྱི་མདུན་སྐྱོད་མ་བརྗེད་ཤ་ཤོར་གྱི་ཤ་ལན་མ་བརྗེད་ལོངས་ཤོགས་སྤུན་ཟླ་ཚོར་རྨོངས་པ་དང་ལྐུག་རྒྱུག་བརྗེད་ནས་སྔོན་མཐོང་དང་མདུན་སྐྱོད་ངང་ལོངས་ཤོགས་རིག་རྩལ་དང་བདེ་སྟོན་ངང་ལོངས་ཤོགས་སྙིང་སྟོབས་དང་ལ་རྒྱའི་ངང་ལོངས་ཤོགས།།
བལ་ཡུལ་གཞུང་འདི་ཞི་མོ་ཟིག་ཡིན་རྒྱུ་ན་ངས་ཉིན་མཚན་དགུ་ལ་རྒྱོ་ས་རེད། ཁྲག་ཁོལ་ནས་ཤི་ཐལ།
བོད་དང་བལ་ཡུལ་གཉིས་ཆོས་དང་རིག་གནས་སོགས་ཀྱི་འབྲེལ་བ་གཏིང་ཟབ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་གཉིས་ཡིན་ནའང་། བལ་ཡུལ་གཞུང་གིས་བོད་པ་སྐྱབས་བཅོལ་བ་རྣམས་ལ་ཉེ་བའི་ལོ་བཅུ་ཕྲག་ལྷག་གི་རིངདཀའ་ངལ་མང་དག་ཅིག་སྤྲོད་བཞིན་ཡོད་། ད་རིང་འོས་སྒམ་བཙན་འཕྲོག་བྱས་པ་འདིའི་བ་ཡུལ་གཞུང་ནས་བོད་མི་སྐྱབས་བཅོལ་བ་རྣམས་ལ་བརྙེས་བཅོས་ཚད་མེད་བྱས་པ་རེད། བློ་ཕམ་དགོས་པ་ཞིག་གྱང་རེད། ད་ནི་ང་ཚང་བ་ཡུལ་ནང་ཡོད་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་སྐྱབས་བཅོལ་གཉིས་པ་འགྲོ་སའི་ལམ་ཞིག་བཟོ་དགོས་པར་འདོད་ལ། བཙན་བྱོལ་བོད་གཞུངནས་གནས་ཚུལ་འདི་གང་མགྱོག་ཐག་ཞིག་གཅོད་དགོས། གནས་ཚུལ་འདི་ཞུ་ས་ཡོད་ཚུད་ལ་ཞུ་གཏུག་བྱ་རྒྱུ་དང་། བསྒྲགས་ས་ཡོད་ཚད་ནས་དྲིལ་བསྒྲགས་བྱེད་དགོས་།
འོས་སྒམ་དེ་སྒེར་པ་ཁྲིམས་འགལ་ཞིག་གི་ནོར་རྫས་མིན་པས་གཞུང་བཞེས་ཀྱི་གོ་དོན་མེད་ལ། གཞུང་སྒེར་སུས་བྱས་ཀྱང་། དེ་ནི་འོས་སྒམ་བཙན་འཕྲོག་བྱས་པ་ཞིག་ལས་མ་འདས། བལ་པོ་མང་གཙོ་གཞུང་གི་བོད་མི་ལ་འཛིན་པའི་སྲིད་འཇུས་ངན་པ་ཕྱག་བསྟར་ལ་བློ་ཕམ་ཡོད་ལགས།
ང་ཚོའི་སེམས་ཤུགས་ཆག་རྒྱུ་མེད ། །
གཅིག་གྱུར་འབྲེལ་ཐག་ཆད་རྒྱུ་མེད ། །
དེ་བཞིན་བསམ་ཡང་ཤེས་རྒྱུ་མེད ། །
ཚབ་ཆེན་རྙོག་གྲ་རྫོགས་རྒྱུ་མེད ། །
གང་ལྟར་དོན་དག་ཚབ་ཆེན་འདིས ། ཡང་ང་ཚོའི་སྙིང་
རྨས་མ་བོ་ལ་ནད་ཚ་གསར་བ་ཞིག་སྐྱེ་རུ་བཅུག་སོང་ །
ཡིན་ན་ཡང་ད་ཁྲིམས་ལུགས་མཁས་དབང་བློ་བཟང་
སེང་གེའི་གཙོས་དཔྱོད་ལྡན་རྣམ་པ་དང་དཔལ་ལྡན་
རང་གཞུང་གིས་ལམ་སྟོན་ཞིག་མཛོད་དང་།རྒྱ་ཆེའི་མི་མང་ཡོད་ཡོད་པ་ཡིན། བོད་བསྟན་པ་ཆབ་སྲིད་ཀྱི་
ཆེད་དུ ། རང་མགོ་རིལ་མ་འདྲ་བོ་ནམ་ལྷུང་ན་ལྷུང་ །
རང་སྐེ་གྲོག་མ་འདྲ་བོ་ནམ་ཆད་ན་ཆད །
རང་ལུས་སྡོང་མ་འདྲ་བོ་ནམ་འགྱེལ་ན་འགྱེལ །
ད་ཐེངས་ཀྱི་བལ་ཡུལ་དམག་མིས་རང་དབང་གི་འོས་སྒམ་བཙན་འཕྲོག་བྱས་པ་འདིས་བོད་མི་ཚོ་ལྷོད་སྡོད་བྱེད་སའི་ཁོར་ཡུག་ཅིག་མེད་པ་གསལ་བོར་བསྟན་ཡོད་པ་རེད། ཤ་ཁྲག་རུས་རྒྱུད་གཅིག་ཏུ་འདྲེས་པའི་བོད་མི་ཞིག་ཡིན་ཚེ་༼ཆིག་སྒྲིལ་༽ཞེས་པའི་དམ་ཚིག་འདིའི་འོག་ཏུ་འདུས་ནས་བདེན་དོན་གྱི་གླུ་སྒྲ་ཤུགས་ཀྱིས་གྱེར་རོགས་གནོངས།
ད་ནི་ང་ཚོས་རང་རང་གི་འདོད་ཚུལ་རེ་འགྲེལ་ནས་ཉི་མ་འཁྱོལ་ཐབས་བྱེད་པའི་དུས་ཚོད་ཅིག་མ་རེད་འདོད་ཀི བོད་མི་རིགས་ཀྱི་ཆེད་དུ་ནུས་པ་དང་སྙིང་སྟོབས་བླ་ལྷག་ཏུ་ཡོད་པའི་འཇོན་ཐང་ཅན་རེ་འགའ་མདུན་དུ་ཡོང་ནས་རྒྱལ་སྤྱིའི་གར་སྟེགས་སུ་བལ་ཡུལ་དམག་མིའི་སྐྱུག་བྲོ་བའི་ལས་དོན་དང་ལྐོག་ཟ་རུལ་སུངས་ཀྱི་རྣམ་པ་དེ་ཕྱིར་བསྒྲགས་བྱེད་པའི་དུས་ཚོད་ཡག་ཤོས་ཤིག་ཤར་སོང་བ་རེད། གོ་སྐབས་འདི་གཏན་ནས་འཆོར་གྱི་མ་འཇུག སྨྱུག་ཐོགས་མི་ཡི་སྡེ་དང་། ཆབ་སྲིད་ཚོགས་པའི་དཔུང་སོགས་རེ་རེ་ནས་ཡར་ལོངས་ཤོག སྙིང་སྟོབས་ཤིག་འཁྱེར་ནས་ལོངས་ཤོག རྒྱུ་མཚན་ཞིག་བགྲང་ནས་ལོངས་ཤོག
བལ་ཡུལ་བོད་མིའི་འོས་སྒམ་འཕྲོག་པའི་བརྙན་ཕབ་འདི་ན་འདུག ཚང་མས་གཟིགས་དང་།
http://www.youtube.com/watch?v=N4fI58wpV6o&feature=player_embedded#!
གནས་ཚུལ་དེ་དང་རྒྱ་མི་དམར་པོ་འབྲེལ་བ་ཡོད་པ་གསལ་པོ་རེད། འདི་དང་འདི་འདྲ་བའི་གནས་ཚུལ་ལ་སེམས་ཕམ་བ་ལས་ང་ཚོའི་བོད་མི་ཚང་སྙིང་སྟོབས་སྐྱེས་ན་རེད།་
འདི་ནི་བལ་ཡུལ་གཞུང་གིས་རང་མཚང་ཕྱི་ལ་བཏོན་པ་ཞིག་རེད་ལ། རྒྱ་མིའི་ལག་འདྲེ་ལག་ཀྱང་བོད་མིའི་འོས་སྒམ་ལ་རེག་ཡོད་པའི་གསལ་བཤད་ཅིག་ཀྱང་རེད།
གང་ལྟར་གནས་ཚུལ་ནི་བྱུང་ཚར་བ་ཡིན་སྟབས། གནད་དོན་འདིའི་ཐད་ནས་བོད་པ་ཚོ་གཅིག་གི་རྒྱབ་རྩར་གཅིག་ལངས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་བལ་ཡུལ་གྱིས་སྤྱིར་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་རྡོག་རལ་གཏོང་གིན་པའི་གནས་སྟངས་བསྒྲག་རྒྱུ་ནི་སྐབས་སུ་བབ་པའི་གནད་དོན་གཅིག་རེད་བསམ།
དངོས་གནས་ཀླུ་མཁར་བྱམས་རྒད་པོའི་སྐད་ཆ་ཉན་རྒྱུ་ཡོད་ཁུ། མཚམས་མཚམས་ལ་ཚ་གེ་ཙིག་གེ་བྱེད་ཀྱི་ཡོད་རེད་མ་གཏོགས་ཆབ་སྲིད་པའི་བསམ་བློ་འདུག་དཱ།
གནས་ཚུལ་འདིའི་གནད་དོན་གཉིས་གསལ་བཤད་བྱས་ཡོད་པ་ནི། ༡ ཆབ་སྲིད་མི་སྣ་འཁྲམ་པ་ཚོ་དང་ནག་ཚོང་བརྒྱག་མཁན་གཉིས་ཁ་མཐུན་པའི་འོག་ནས། དུས་ནམ་ཡང་དྲང་བདེན་དང་། གནས་ལུགས་འགྲོ་ས་མེད་པ་དང་། ༢ ཡང་ང་ཚོ་ནང་བཞིན་གྱི་བཙན་བྱོལ་བ་ཞིག་གིས་མི་ཡུལ་ནས་དམངས་གཙོའི་གཞུང་བཛུགས་པ་དང་། དེ་ཡང་འདྲ་འདྲའི་ནང་གི་མ་འདྲ་བ་ཞིག་བྱུང་ཡོད་ལུགས་བརྗོད་ནས་ལྷོད་ལྷོད་ངང་འདུག་ས་མེད་ལ། མདོར་ན་ང་ཚོར་མཁོ་བ་ནི་དམངས་གཙོའི་བཙན་བྱོལ་གཞུང་ཞིག་འཛུགས་རྒྱུ་ལས་ཀྱང་ཁ་རང་ཡུལ་ལ་ཕྱོགས་ནས་ཛ་དྲག་གི་ལས་འགུལ་སྤེལ་རྒྱུ་གལ་ཆེན་ཡིན་པ་སླར་ཡང་གསལ་བོ་བསྟན་ཡོད་ལ།
ད་ཅི་ཞིག་བྱ་དགོས་རེད་ཟེར་ན། གནས་ཚུལ་འདི་ཞུ་ས་ཡོད་ཚུད་ལ་ཞུ་གཏུག་བྱ་རྒྱུ་དང་། བསྒྲགས་ས་ཡོད་ཚད་ནས་དྲིལ་བསྒྲགས་ཏེ་རྒྱ་དམར་གཞུང་དང་ངན་འབྲེལ་ཡོད་པའི་བལ་གཞུང་གི་ཆབ་སྲིད་པ་དེ་ཚོའི་བྱ་སྦྱོད་ཐེར་འདོན་དགོས་པ་དང་གཅིག གཉིས་ནས་བོད་རིགས་སྐྱབ་བཅོལ་བ་ཁྲི་གཅིག་གཉིས་ཞིག་གིས་དམངས་གཙོར་ལད་བཟློས་ཀྱི་འོས་བསྡུ་ཙམ་བྱས་པ་ནི་བལ་ཡུལ་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་གནོད་པ་སྤུ་ཙམ་མེད་པ་དེ་བལ་བོའི་ཡུལ་མི་དང་། ཁྱད་པར་དུ་བོད་ལ་ཤ་རུས་དང་རིག་གཞུང་གི་འབྲེལ་ལམ་དམ་ཟབ་ཡོད་པའི་ཧ་མ་ལ་ཡའི་རི་རྒྱུད་ཀྱི་ཡུལ་མི་རྣམས་ལ་ད་ཐེངས་ང་ཚོའི་རྒྱབ་དཔུང་ལ་ལངས་དགོས་པ་ནི་ཕྱོགས་གཅིག་རེད། དེ་བཞིན་བོད་གཞུང་གིས་ཀྱང་གནས་ཚལ་འདི་གང་མགྱོག་ཐག་གཅོད་བྱས་ན་མ་གཏོག རྒྱལ་ཡོངས་འོས་བསྡུ་ཆེན་མོ་རྩིས་མེད་པ་འགྲོ་སྲིད་པ་བཅས༌༌༌༌༌༌༌༌༌༌༌
གཙོ་བོ་འོས་ཡོངས་རྫོགས་རྩིས་མེད་གཏོང་དགོས་མིན་རེད། ཆ་ཚང་རྩིས་མེད་བྱས་ན་ཕལ་ཆེར་ཧིན་སྒོར་ས་ཡ་ལྷག་རྩིས་མེད་ལ་གྱུར་བ་རེད། ཡིན་ནའང་། བཅའ་ཁྲིམས་ནང་ན་ཕལ་ཆེར་གསལ་ཁ་མེད་ཚོད་རེད། རྒྱ་བལ་འབྲུག་གསུམ་དང་བཅས་པས་ཉིན་གཅིག་དུས་གཅིག་འོས་འཕེན་དགོས་པར་བཤད་ཀྱིན་འདུག་པ་དེ་ལ་དཔག་ན་ཕལ་ཆེར་རྩིས་མེད་ལ་གྱུར་ཡོད་ཚོད་རེད། ཡིན་ནའང་། བལ་ཡུལ་ཆ་ཚང་མིན་པ་དང་བལ་ཡུལ་གྱི་ས་གནས་གཅིག་ཁོ་ན་ཡིན་རྐྱེན་གཞན་དག་རྩིས་མེད་ལ་འགྲོ་གི་མེད་ན་དེ་ཡང་འགྲིག་ཙམ་ལ་ངོས་འཛིན་དགོས་པ་རེད།
མ་གཞི་ནས་ང་ཚོ་ལ་འདི་ལས་བརྡ་ཞིག་སྟོན་གི་ཡོད་པ་རེད། དེ་ཚང་མས་ཤེས་དགོས་པ་རེད། ད་དུང་ང་ཚོ་ལ་རྒྱལ་ཁ་སྤོབས་པས་ལེན་པའི་འཇོན་ཐང་མེད་ནའང་ཕམ་ཁ་སྤོབས་པས་འཁུར་བའི་སྙིང་སྟོབས་དགོས་པ་རེད། དེ་ཚང་མས་སེམས་ལ་འཛིན་རོགས། འདི་ནི་སྲིན་པོ་གདོང་དམར་བུ་རྒྱུད་ལ་གྱུར་བའི་མི་རབས་གསར་བ་ལ་ངེས་དགོས་པའི་སྙིང་སྟོབས་ཤིག་རེད།
གནས་ཚུལ་དེ་དང་རྒྱ་མི་དམར་པོ་འབྲེལ་བ་ཡོད་པ་གསལ་པོ་རེད། དངོས་གནས་བློ་ཕམ་བྱུང་། འདི་ཡིས་སོ་སོར་རང་དབང་ལུང་པ་མེད་ན་འདི་རེད་ཅེས་བརྡ་ཞིག་བཏང་པ་རེད་ལ་ད་དུང་ཡང་དེ་ལྟར་མུ་མཐུད་གནས་ན་ནམ་ཞིག་ང་ཚོ་བོད་མི་ཚང་མ་འགྲོ་ས་སྡོད་ས་མེད་པར་ལུས་རྒྱུའི་ཉེན་བརྡ་ཞིག་ཀྱང་སྤྲད་པ་རེད། དེར་བརྟེན་ཤེས་ལྡན་པ་སྤྱི་དང་ལྷག་པར་ང་ཚོ་སྤུན་ཟླ་ཚང་མས་སྙིང་ལ་རུས་པ་བཅུག་སྟེ་གནས་ཚུལ་ཐབས་སྐྱོ་བོ་འདི་དང་འདིས་མཚོན་པའི་བྱ་ཐབས་ཁག་ལ་བློ་རྩེ་གཅིག་སྒྲིམ་གྱིས་གདོང་ལེན་བྱེད་རྒྱུ་བྱེད་རྒྱུ་ཤིན་ཏུ་གལ་ཆེ།།
གནས་ཚུལ་དེ་དང་རྒྱ་མི་དམར་པོ་འབྲེལ་བ་ཡོད་པ་གསལ་པོ་རེད། དངོས་གནས་བློ་ཕམ་བྱུང་། འདི་ཡིས་སོ་སོར་རང་དབང་ལུང་པ་མེད་ན་འདི་རེད་ཅེས་བརྡ་ཞིག་བཏང་པ་རེད་ལ་ད་དུང་ཡང་དེ་ལྟར་མུ་%E
བལ་པོར་ཁག་གང་ཡོད། རང་རེའི་སྤྱི་ཚོགས་ཁྲོད་ཕ་སྤྲེལ་དང་མ་བྲག་སྲིན་ལས་ཆེད་པའི་ཤ་ཁྲག་གཅིག་པའི་ཁྲོད་དུ་ཡང་རྒྱ་མིའི་དངུལ་དགའ་སྟེ་གཞུང་གི་ཁ་གཏད་ལངས་བཞིན་པ་ཚང་མས་ཤེས་གསལ་རེད། གང་ལྟར་ད་རེས་ཀྱིས་བལ་དམག་གིས་བྱས་ཉེས་དེ་རྒྱ་མིས་དངུལ་གྱི་འགྲོ་གྲོན་བཏང་། དོལ་རྒྱལ་འདྲ་ངན་ལྷར་བསྟེན་མཁན་ཚོས་དུངལ་ཤུགས་བརྒྱུད་གསུམ་གྱིས་ངན་བསྐུལ་ལས་དེ་འདྲ་ཞིན་བྱུང་བ་ཡིན་ངེས། མ་གཞི་ནས་བརྟན་ལྷིང་ནི་འོས་བསྡུའི་གལ་ཆེ་ཡིན་པ་དང་དེ་ལ་བསྲུངས་སྐྱོས་དགོས་པ་ཤེས་བཞིན་སྣང་མེད་དུ་བཞག་ཡིན་པ་ཐག་ཆོད། ཡག་པོ་བྱུང་ད་ཐེངས་ཡང་བོད་མི་སྐྱབས་བཅོལ་བ་ཚོའི་དཔྲལ་བར་མཛུབ་མུ་ཡག་པོ་ཞིག་བཙུགས་འདུག
དངོས་གནས་ཚད་ལས་བརྒལ་བ་རེད། བལ་ཡུལ་གཞུང་གིས་རྒྱལ་སྤྱིའི་སྐྱབས་བཅོལ་བའི་གནས་བཅའི་རྒྱལ་ཁབ་ཀྱི་རོགས་དངུལ་ཟ་བཞིན། སྐྱབས་བཅོལ་བ་རྣམས་ལ་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་བརྙེས་བཅོས་ཚད་བརྒལ་བྱས་པ་རེད། ཐེངས་འདིའི་གནས་ཚུལ་འདི་རྒྱལ་སྤྱིའི་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱས་ཏེ་བལ་གཞུང་གི་འབྲེལ་ཡོད་དཔོན་རིགས་ཀྱིས་རྒྱལ་སྤྱིའི་ཁྲིམས་ཐོག་གི་ཉེས་པ་འཁུར་དུ་འཇུག་དགོས། འདི་ནི་བོད་མི་རིགས་ལ་བརྙེས་བཅོས་བྱས་པ་ཞིག་ཡིན་པར་མ་ཟད། འགྲོ་བ་མིའི་ཐོབ་ཐང་དང་། རྒྱལ་སྤྱིའི་ཁྲིམས་ལུགས་རྡོག་རོལ་དུ་བཏང་བ་ཞིག་རེད། ང་ཚོས་བལ་ཡུལ་གཞུང་གི་སྐྱུགས་བྲོ་བའི་བྱ་ངན་འདི་འཛམ་གླིང་མི་མང་ཡོངས་ཀྱིས་མིག་གིས་མཐོང་ཐུབ་པ་ཞིག་དང་རྣ་བས་ཐོས་ཐུབ་པ་ཞིག་བྱེད་དགོས།
ད་ནི་རང་ཉིད་ལ་ཅི་ཡང་མེད་པ་ཚོར་གི་འདུག དེ་་རེས་དོན་རྐྱེན་འདི་བོད་མི་ལ་མཐོང་ཆུང་བྱས་པ་གཅིག་གོ་མ་ཡིན་པར་དམངས་གཙོའི་ལམ་ལུགས་ལ་རྒྱབ་འགལ་བྱས་པའི་གནས་ཚུལ་ཞིག་རེད།
བལ་ཡུལ་བོད་མི་ཚོར་དཀའ་ངལ་འཕྲལ་པ་ནི་ད་ཐེངས་གཅིག་བུ་ག་ལ་ཡིན།
ཁོང་ཚོ་ཡང་གཞིས་ལུས་བོད་མི་ལྟ་བུའི་དམ་དྲག་དང་དོགས་ཟོན་འོག་གནས་ཡོད་པའི་མཐོང་ཚུལ་ཞིག་འདུག
འོན་ཀྱང་བལ་ཡུལ་བོད་མི་ཚོའི་སྙིང་སྟོབས་འགྱུར་མེད་ལའང་ང་ཚོས་གོང་བཀུར་དང་ཡི་རང་ཞུ་དགོས་པ་ཞིག་ཆགས་ཀྱིན་འདུག
ད་ངོ་རྒོལ་ཚ་ཐག་ཆོད་བྱེད་དགོས་རེད།མི་དམངས་ཀྱི་ངོ་ནས་ཟས་བཅད་ངོ་རྒོལ་སོགས་ཀྱི་ལས་རིགས་སྣ་ཚོགས་བྱེད་དགོས་བའི་དུས་ལ་བབས་འདུག
བལ་ཡུལ་གཞུང་གིས་ད་བར་དུ་བོད་མི་སྐབས་བཅོལ་བ་ཚོར་སྡུག་མང་པོ་ཕབས་སོང་བར་སྐྱབས་བཅོལ་བ་ཞིག་ཡིན་པས་ཆ་ནས་ད་བར་དུ་བཟོད་སྒོམ་བྱས་པ་རེད། ད་ལོའི་གནས་ཚུལ་འདིས་འབྱུང་འགྱུར་བལ་ཡུལ་ནང་སྡོད་བོད་མི་ཚོར་དེ་བས་ཀྱང་དཀའ་སྡུག་མང་པོ་ཞིག་སྤྲད་སྲིད་པ་ཁོ་ཐག་རེད། ལྷག་པར་དུ་དེ་རིང་གི་བལ་ཡུལ་བོད་མིས་འོས་བསྡུ་ལ་བར་ཆར་ཆེན་པོ་བཟོས་པ་འདིས་སྐྱབས་བཅོལ་མི་གཙོས་གཞིས་ལུས་བོད་མི་ཚོར་ཕོག་ཐུགས་དང་བརྙེས་བཅོས་ཚད་མེད་བྱས་པ་མ་ཡིན་ནམ།
ད་བྱས་ན་བོད་གཞུང་ངམ་ཡང་ན་ཚོགས་པ་སྒེར་བ་སུ་དང་གང་ཞིག་གིས་འགོ་ཁྲིད་དམ་བགོད་སྒྲིག་བྱས་ཏེ་འཛམ་གླིང་གང་སར་གནས་སྡོད་བོད་མི་ཚོས་ཉིན་བརྒྱ་དུས་གཅིག་ལ་བལ་ཡུལ་གཞུང་གིས་བྱེད་སྟངས་འདི་ལ་ངོ་རྒོལ་ཤུགས་ཆེན་པོ་བྱ་དགོས་པར་འདོད་ལ། དེ་ཡང་སང་ཉིན་དང་གནངས་ཉིན་བྱས་ཏེ་གང་མགྱོགས་ལྕགས་ཚ་ཐོག་ལ་རྡུང་དགོས་པར་འདོད། འདི་ལྟར་བྱས་ན་འཛམ་གླིང་གི་མི་དམངས་དང་ཚོགས་སྒེར་ཚང་མས་བལ་གཞུང་ལ་རེ་སྐུལ་དང་གནོན་ཤུགས་སྤྲོད་པར་ཡང་ཕན་ཐོག་འསདུག་སྙམ། དེ་མིན་ང་ཚོས་འདི་ལྟར་དྲ་ངོས་སུ་རང་གི་བསམ་ཚུལ་ཙམ་མཆན་བུར་བཀོད་དེ་གཅིག་གཅིག་ལ་སྡུག་གཏམ་རེ་བྱས་བསྡད་ནས་མི་ཕན་སྙམ།
བལ་ཡུལ་གཞུང་གི་བྱེད་སྟངས་དེས་བོད་མི་ཚོ་ཡིད་ཐང་ཆད་དུ་འཇུག་གི་འདུག།
འདིའི་ནང་རྒྱ་ནག་གཞུང་གིས་ལག་པ་བརྐྱངས་ཡོད་པ་ཐག་གིས་ཆོད།
ང་ཚོའི་མང་གཙོའི་ཐོབ་ཐང་ཡང་འཕྲོག་གི་འདུག འདི་ནི་བསམ་ཡུལ་ལས་འདས་པའི་གནས་ཚུལ་རེད་ལ། འཛམ་གླིང་གི་ལོ་རྒྱུས་ནང་དུའང་འགོད་དགོས་པའི་དོན་གནད་ཅིག་རེད། །
བསམ་ཡུལ་ལས་འདས་སོང་། ངོ་མ་ཡིད་སྐྱོ་ནི་ཞིག གཞན་ཡུལ་ནས་རང་མགོ་གང་ཐོན་མ་གཏོགས་སྣང་བ་གང་ཤར་མེད་པ་ཤེས་སོང་ངམ
གསར་འགོད་པ་གཙོ་བྱས་དྲ་གྲོགས་ཡོངས་ནས་གནས་ཚུལ་འདི་རྒྱ་སྤྱིའི་གསར་ལམ་ཁག་ཏུ་སྐྱེལ་ཐུབ་པ་བྱུང་གཞི་ནས་བོད་མིའི་འོས་བསྡུ་ལས་འགུལ་གྱི་རང་བཞིན་རྒྱལ་སྤྱིའི་སྒང་ཚ་ཚ་འུར་འུར་ཆག་པ་མ་ཟད་རྒྱ་གཞུང་དང་བལ་གཞུང་གཉིས་ཁྱི་ངན་ལག་འབྲེལ་བྱས་པས་ངན་འབྲས་ཕྱིར་མངོན་ངེས།
སྤྱིར་བཏང་འདི་བྱ་བཙོག ཡིན་ནའང་། འོས་ཤོག་ཚང་མ་འཕྲོ་བརླག་ཏུ་འགྲོ་ནི་མ་རེད་ཅེས་མི་ཞིག་གིས་གསུངས་བྱུང་། བལ་ཡུལ་ས་ཕྱོགས་དེ་གཅིག་པོ་ནས་ཡང་བསྐྱར་འོས་ལྡུག་དགོས་ཐུག་ཀྱང་ཕྱོགས་ཡོངས་ལ་སྐྱོན་ཡོད་ནི་མ་རེད་ཟེར། གང་ལྟར་རྩོམ་པ་པོ་ཚོས་དབྱིན་ཡིག་དང་རྒྱ་ཡིག་ཐོག་ནས་རྩོམ་ཡིག་སྤེལ་ཏེ་མང་གཙོའི་ཐོབ་ཐང་བལ་ཡུལ་གྱིས་འཕྲོགས་སོང་ཟེར་རེད། བོན་རྒྱ་སོགས་ཀྱིས་མི་རབས་གསར་བའི་བསྒྲགས་སྤེལ་བ་དགའ་ཡོད། དེ་ནི་བོད་ཀྱི་མི་རབས་མང་གཙོའི་ཐོབ་ཐང་འཕྲོགས་པ་འདི་ལ་རྩོམ་ཡིག་རེ་འབྲི་རོགས་ཞུ། དེ་ཚོ་ཕྱོགས་གཅིག་ཏུ་སྤུངས་ན་ནུས་པ་ཞིག་སླེབས་སྲིད།
འདིའི་རིགས་ལ་བཞུང་བཞེས་ལབ་ན་ཡག་དྲག་འདུག གཞུང་གིས་འཕྲོག་ཅེས་བྲིས་ན་འོས་བར་མཐོང་། ད་དུང་རྒྱ་གཞུང་གི་དམག་མིས་བོད་མིའི་ལག་ནས་ཇ་དངོས་དང་སྒོར་མོ་ལེན་པ་སོགས་ལྟ་བུ་ནི་བཞེས་ཡག་དྲ་འདུག
བཙན་བྱོལ་བོད་མི་གནས་ཡུལ་ཁག་ཏུ་ཕྱི་ཟླ་ ༡༠ ཚེས་ ༣ ཉིན་བརྒྱ་དུས་གཅིག་ལ་འབྱུང་འགྱུར་གྱི་བཀའ་ཁྲི་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་ཤོག་འཕེན་པ་ལྟར་བལ་ཡུལ་ནང་དུ་ཡང་བཀའ་ཁྲི་དང་སྤྱི་འཐུས་ཀྱི་སྔོན་འགྲོའི་འོས་བསྡུ་ས་གནས་ཁག་གསུམ་དུ་དབྱེར་ནས་འོས་བསྡུ་གོ་སྒྲིག་ཞུས་ཡོད་པ་ཇི་བཞིན་བལ་ཡུལ་བཙན་བྱོལ་བོད་མི་རྣམས་ནས་རང་དོན་རང་གཅེས་ཐོག་འོས་ཤོག་འཕེན་མི་ཚང་ཁ་ཤིག་ཤིག འོས་ཤོག་འཕེན་ཡུལ་ཁག་ཏུ་དེ་སྔ་མི་འདྲ་བ་སྒྲིག་གཞི་ལྟ་ཐོག་བྱ་མཁན་མང་ཞིང་གོ་སྒྲིག་ཚགས་ཚུད་ཀྱི་རྣམ་པ་དང་། མི་མང་རྣམས་ནས་ཀྱང་ཐུགས་སྣང་ཆེ་བ་སོགས་རང་རེས་སྤྱི་ཚོགས་འདིར་མི་མང་གི་འགན་བཞེས་ཀྱི་ཡོད་པའི་ཚོར་སྣང་ཞིག་ཚང་མར་སྦྱིན་ཡོད་སྙམས། ཞོགས་པ་ཚོུད་ ༩ཿ༣༠ རྒྱ་ས་ཁུལ་གྱི་ཉེར་རྟོག་པ་བཅུ་གྲངས་ཞིག་བོད་མི་འོས་ཤོག་ལྡུག་ཡུལ་གྱི་ས་གནས་འགོ་འཛིན་ལས་ཁུངས་ཀྱི་སྒོ་འགྲམ་དུ་འབྱོར་ཡང་འོས་ཤོག་ལྡུག་མི་རྣམས་ལ་དཀའ་ངལ་སྤྲད་མེད་པར་འོས་ཤོག་ལྡུག་རུ་གཅུག བསམ་ཡུལ་ལས་འདས་པ་ཞིག་ལ་ཕྱི་དྲོ་ཚོུད་ ༤ཿ༠༠ ཙམ་ལ་འཕགས་ཤིང་ཁུལ་གྱི་འོས་སྒམ་བལ་གཞུང་ཉེར་རྟོག་པའི་བཙན་འཕྲོག་བྱས་པའི་གནས་ཚུལ་ཐོན་པ་དང་། དེ་ནས་སྐར་མ་ ༡༥ ཙམ་ནས་མཆོད་རྟེན་ཁུལ་གྱི་འོས་སྒམ་དེ་ཡང་ཉེས་རྟོག་པས་བཙན་འཕྲོག་གི་གནས་ཚུལ་ཡིད་སྐྱོ་བའི་གནས་ཚུལ་ཞིག་ཐོན་སོང་། ད་ལྟའི་ཆར་གནས་ཚུལ་དེའི་རྒྱབ་ལྗོངས་སུ་ཆབ་སྲིད་དང་དམིགས་ཡུལ་གང་ཞིག་འབྲེལ་ཡོད་མེད་ཀྱི་གནས་ཚུལ་ཁ་གསལ་ཞིག་མེད་ཀྱང་། ང་ཚོས་ཚོད་དཔག་བྱ་ན་རྒྱ་དམར་གྱི་ངན་གཡོ་ཡིན་པ་གཏན་འཁེལ་ཡིན་པས་དེ་ན་ང་ཚོ་བོད་མི་རིགས་དང་རྒྱ་དམར་མཉམ་མཐུན་ཟེར་བ་རྩ་བ་ནས་ཡོངས་ཐབས་མེད་པའི་བདེན་རྟགས་ཤིག་མ་ཡིན་ནམ། ས་གནས་མཆོད་རྟེན་ཁུལ་གྱི་ཉེར་རྟོག་པར་གནས་ཚུལ་དེའི་འབྱུང་རྐྱེན་དྲིས་པས་ཁོ་བ་ཚོར་ཤེས་ཀྱི་མེད་ལུགས་དང་ནང་སྲིད་ལས་ཁུངས་ཀྱི་བཀའ་བཀོད་འོག་རྒྱ་ས་ཁུལ་གྱི་ཉེར་རྟོག་པ་ཡིན་ལུགས་བརྗོད་བཞིན་ཡོད། གང་ལྟར་རྒྱ་མི་གཞུང་ཚབ་ལས་ཁུངས་ནས་ཁོ་བ་ཚོར་འབུམ་བརྒྱ་ཕྲག་སྤྲད་ཡོད་པ་ཐེ་ཚོམ་མེད་པ་ཡིན། ང་ཚོ་བལ་ཡུལ་བོད་མི་རྣམས་ཀྱི་འོས་ཤོག་རྒྱ་དམར་གཞུང་ཚབ་ཁང་ནང་འཁྱེར་ཡོད་པ་མི་སྣ་མང་པོ་ཞིག་ནས་མངོན་དཔག་གནང་གི་འདུག
འོས་ཤོག་ཀྱིས་ལམ་ནས་རང་ཉིད་ཀྱི་དབུ་ཁྲིད་འདེམས་རྒྱུ་ནི་མང་གཙོའི་ཁེ་དབང་ཆེ་ཤོས་དེ་ཡིན་པས་བལ་ཡུལ་གྱིས་མང་གཙོའི་ཁེ་དབང་བཙན་འཕྲོག་བྱས་པ་དེ་འཛམ་གླིང་འདིའི་ཐོག་མང་གཙོ་ལ་དགའ་བའི་མི་མང་ཀུན་ལ་རྒྱབ་གཏོད་བྱས་པ་ཡིན་པས་གནད་དོན་དེ་འཛམ་གླིང་ལ་སྒྲགས་ནས་བལ་ཡུལ་གཞུང་གིས་བོད་མི་མང་ལ་དགོང་དག་ཞུ་གཅུག་དགོས། ལྷག་པར་ཨ་རི་གཙོས་པའི་མང་གཙོ་མང་གཙོ་ཞེས་རྒྱུན་དུ་མང་གཙོ་ཁ་ལ་འཁྱེར་མཁན་དེ་དག་ཀྱང་ཐེང་འདིར་གོ་མེད་ཚི་མེད་དུ་སྡོད་ན་མི་འོས། བོད་མི་རྣམས་ཀྱིས་དེ་དག་རེ་རེ་བཞིན་རང་ཉིད་དང་འབྲེལ་ཡོད་ཕྱི་རྒྱལ་བ་རྣམས་ལ་གསལ་བཤད་བྱེད་ནས་བལ་ཡུལ་ལ་གནོད་ཤུགས་སྤྲོད་ཐབས་བྱེད་དགོས་གལ་ཆེ།
ཨ་བྱ་འདི་བོད་ཀྱི་ལས་འདི་དངོས་གནས་རྩོག་ག ཡང་རྒྱ་གུང་ཁྲན་གྱི་སྒོར་མོ་སླེབས་སོང་བ་ཡིན་རྒྱུ་རེད། ད་ནི་ཉིན་བརྒྱ་དུས་གཅིག་ལ་འོས་འདེམས་བྱེད་མ་ཐུབ་པའི་ཆ་ནས་འོས་ཆ་ཚང་རྩིས་མེད་ལ་སོང་བ་མ་རེད་དམ། དངོས་གནས་ག་རེ་བྱེད་དགོས་པ་རེད།