ངྷ་ས་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་སྤྱི་ཚོགས་ནང་༧གོང་ས་མཆོག་གི་ཐུགས་དགོངས་དཀྲུག་སྐོར་གྱི་གླེང་སློང་ལ་གསལ་བཤད།
ཚེས་ ༤ ཉིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྤྱི་ཁྱབ་དབུས་རྒྱུན་ལས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ཏེ། ཉེ་ཆར་སྤྱི་ཚོགས་ནང་གཞོན་ལྷན་གྱིས་༧གོང་ས་མཆོག་གི་ཐུགས་དགོངས་དཀྲུགས་པའི་སྐོར་གྱི་གླེང་སློང་ཡོང་བཞིན་པའི་སྐོར་གསལ་འདེབས་བྱས་ཡོད།
གཞོན་ནུ་ཚོགས་པས་གསལ་བསྒྲགས་ནང་སྤེལ་དོན། ཉེ་ཆར་བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་༧གོང་ས་མཆོག་གི་དགོངས་པ་དཀྲུགས་པའི་དཀྲོག་གཏམ་ཞིག་གང་སར་ཁྱབ་འདུག་ཅིང་། གཏམ་འཆལ་དེས་བོད་ཀྱི་གཞོན་ནུའི་སྒྲིག་འཛུགས་ཀྱི་ཆེ་མཐོང་ལའང་གླེང་ཕྱོགས་བཟོ་བཞིན་ཡོད་སྟབས་གསལ་བཤད་འགའ་ཞུ་དགོས་བྱུང་།
ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༤ ཉིན་སྐབས་ ༡༤ པའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་ཆེན་སྟེང་ཞུགས་པའི་ཚོགས་བཅར་བ་ཚོས་༧གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པར་མ་ཟད། སྐབས་དེར་ཚོགས་ཞུགས་ཡོངས་ལ་༧གོང་ས་མཆོག་གི་གསུང་གི་བདུད་རྩི་ཡང་ཐོབ་ཡོད་པས། གཞོན་ལྷན་གྱི་སྒྲིག་འཛུགས་ལ་སྔར་ལས་ལྷག་པའི་རེ་སྤོབས་དང་འགན་འཁུར་གྱི་སྟོབས་ཤུགས་གསར་པའི་གཟི་བྱིན་ཞིག་ཐོབ་ཡོད།
དེ་ལྟ་ནའང་། སྐབས་དེར་བློ་ཕམ་པ་ཞིག་ལ་ནེའུ་ཡོག་ས་གནས་ཚོགས་བཅར་བ་ཕུར་བུ་ཚེ་རིང་གིས་ནེའུ་ཡོག་ཏུ་གནང་བའི་བཀའ་ཁྲིའི་གསུང་བཤད་ཞིག་ལ་གོ་བ་མ་ལོན་པའི་དབང་གིས་ཁོ་རང་བཀའ་ཁྲིའི་གསུང་བཤད་དེར་བློ་ཕམ་ཡོད་ཚུལ་དང་། དེ་མིན་གྱི་གསུང་བཤད་ནང་མེད་པའི་འབྲེལ་མེད་ཀྱི་གནས་ཚུལ་སོགས་སྙན་སེང་ཞུས་སྟབས་༧གོང་ས་མཆོག་ཐུགས་ཕམ་དུ་བཅུག་ཡོད་སྟབས། ལྷན་ཚོགས་གྱི་མིང་ཐོག་ནས་འཕྲལ་དུ་༧གོང་ས་མཆོག་ལ་སྙན་ཞུ་ཕུལ་ཏེ་དགོངས་དག་ཞུས་པར། ༧གོང་ས་མཆོག་གིས་གཞོན་ལྷན་སྒྲིག་འཛུགས་ལ་ཐུགས་ཕམ་དང་དགོངས་པ་གང་ཡང་འཚོམས་མེད་ཁར། ཁྱེད་ཚོས་བློ་བདེ་པོའི་ངང་ཚོགས་ཆེན་མཇུག་སྐྱོང་དགོས་པའི་བཀའ་བཟང་ཕེབས་སྟབས། ཚོགས་བཅར་བ་རྣམས་བློ་བདེ་བོ་ཆགས་སོང་བ་དང་། གཞོན་ནུའི་སྒྲིག་འཛུགས་ཀྱི་ལམ་སྟོན་ལྟར་ཕུར་བུ་ཚེ་རིང་སྒེར་ངོས་ནས་ཀྱང་༧གོང་ས་མཆོག་གི་ལྷ་དགོངས་དྭངས་གསལ་ཡོང་བའི་མཐོལ་བཤགས་ཞུས་པར།གང་ཉིད་ནས་ཞལ་བཞེས་གང་ལེགས་ཐོབ་སྟེ་ད་ཆར་གནད་དོན་གཙང་སེལ་ཆགས་ཡོད་ཅེས་འཁོད་ཡོད་འདུག
ཡང་གཞོན་ནུའི་གསལ་བསྒྲགས་དེའི་ནང་གསལ་དོན། སྤྱིར་གཞོན་ལྷན་སྒྲིག་འཛུགས་ཀྱི་དམིགས་ཡུལ་བཞིའི་དང་པོ་ནི། ༼ གཞིས་བྱེས་བོད་མི་ཡོངས་ཀྱི་བློ་གཏོད་རེ་ཡུལ་གཅིག་ཉིད། ༧གོང་ས་མཆོག་དབུ་ཁྲིད་ལམ་སྟོན་འོག་ཤར་སྐྱོད་བྱ་རྒྱུར་གཞི་རྩར་བཟུང་ཐོག བོད་གཞུང་འབངས་ཀྱི་སྤྱི་དོན་ལ་ལྷག་བསམ་ཁུར་ལེན་ཞུ་རྒྱུར་རྨང་གཞིར་ཁྱེར་བ ༽ ཞེས་པའི་རྩ་དོན་གཞོན་ལྷན་སྒྲིག་འཛུགས་དབུ་བརྙེས་པ་ནས་བཟུང་ད་བར་རྒྱུན་འཆང་ཞུས་དང་ཞུ་བཞིན་ཡོད་ཅིང་། མ་འོངས་པར་ཡང་དུས་དང་གནས་བབ་ཇི་ལྟར་འགྱུར་རུང་། དམིགས་ཡུལ་དེ་ཉིད་སྲོག་བཞིན་རྩ་འཛིན་ཞུ་རྒྱུའི་ཆོད་སེམས་ལ་འགྱུར་བ་རྩ་བ་ཉིད་ནས་མེད་ཅེས་བཀོད་འདུག
༄། །ཐོག་མར་བོད་ཀྱི་གཞོན་ནུ་ལྷན་ཚོགས་འདི་བཞིན་དབུ་རྙེས་སྐབས་བཙན་བྱོལ་གཞུང་ཡང་རང་བཙན་གཙང་མ་གཙོད་གནང་ཡོད་པ་མཁྱེན་ཤག་ཡིན། དེ་རྗེས་༸གོང་ས་མཆོག་གི་དགོང་གཞི་ལྟར་རང་གཞུང་ནས་འགྱུར་བ་གཏོང་གནང་མཛད་ཀྱང་གཞོན་ལྷན་ནས་འགྱུར་བ་གཏོང་གནང་ཡོད་པ་མ་རེད།
སྤོབས་པ་མཐའ་ཡས་ལགས། བཀའ་ཁྲིའི་གསུང་ལ་གོ་བ་མ་ལོན་པ་བཀའ་ཁྲིའི་མཇུག་བསྡོམས་གསུང་བཤད་ཉན་ན་ཤེས་ངེས། ༧གོང་ས་མཆོག་དགོངས་པ་འཁྲུགས་ས་ནིའུ་ཡོརྐ་གི་ས་གནས་ཀྱི་ཚོགས་བཅར་བ་ཕུར་བུ་ཚེ་རིང་ཡིན་པ་གཞོན་ནུས་གསལ་བཤད་ནང་གསལ་པོ་ཡོད་བཞིན་དུ་ཁ་ཕྱོགས་འགྱུར་ནས་ཟམ་དགོང་རིན་ཆེ་རེད་མདོག་མདོག་དེ་འདྲ་ག་འདྲ་སེ་དྲན་ནམ། གཞི་མེད་པའི་དཀྲོག་རྐྱེན་གནང་རྒྱུ་མི་འདུག སླར་འདི་ལྟ་བུའི་བཀའ་མོལ་མི་གནང་བའི་རེ་བ་ཡོད།
སྤྱིར་ཚོགས་པ་འགས་རྒྱལ་བ་རིན་པོ་ཆེའི་དབུ་འཁྲིད་འོག་ཤར་སྐྱོད་དང་དབུ་འོག་དཔུང་འདེགས་ཟེར་བའི་དར་ཆ་རེ་འཁྱེར་ནས་རང་གི་ལྟ་བ་མཁྲེག་བཟུང་བྱེད་བཞིན་པ་ཀུན་ཤེས་དང་། ཐོག་མའི་གཞོན་ནུ་ལྷན་ཚོགས་ཀྱི་ལྟ་བ་དང་ལང་ཕྱོགས་ལྷད་མེད་ཞིག་ལ་ངོས་འཛིན་ཞུ་གི་ཡོད་ཀྱང་དེང་སྐབས་ཚོགས་མིའི་གྲངས་འབོར་ལོང་མིན་ལ་མ་ལྟོས་པར་ས་གནས་གཞོན་ནུའི་སྒྲིག་འཛུགས་ཨུ་ཚུགས་ཀྱིས་རྒྱུད་བསྐུལ་གསར་གཏོད་དང་དེ་དག་བེད་སྤྱད་ཀྱིས་བོད་མི་ནང་ཁུལ་དུ་འགལ་ཟླ་ཆེད་བཟོ་ཡོང་མུས་ལ་རྒྱ་ཆེའི་མང་ཚོགས་དང་དབུས་གཞོན་ནུའི་སྒྲིག་འཛུགས་ནས་དོགས་ཟོན་གནང་གལ་ཤིན་ཏུ་ཆེ། དེ་བཞིན་དུ་ང་ཚོ་བཙན་བྱོལ་གཞུང་འདི་མང་གཙོའི་ལམ་དུ་སྐྱོད་བཞིན་ཡོད་པས་ང་ཚོའི་རྩ་དོན་བསྒྲུབ་ཕྱོགས་ཀྱང་གྲུབ་འབྲས་ག་འདྲ་ཐོན་མིན་ལ་མ་ལྟོས་པར་མང་མོས་ཐག་ཆོད་བྱུང་བའི་སྲིད་བྱུས་ཐོག་ཤར་བསྐྱོད་བྱ་དགོས་མང་གཙོའི་འགྲོ་ལུགས་ཡིན་ན་ཡང་གཞོན་ནུའི་ལས་བྱེད་འགའ་རེས་གལ་སྲིད་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ཚད་ལྡན་ཐོབ་ནའང་གཞོན་ནུའི་སྒྲིག་འཛུགས་ནས་དེ་ལ་ཁས་ལེན་བྱེད་ཐབས་མེད་ལུགས་ཀྱི་བརྗོད་བབ་འདིས་ཀྱང་གཞོན་ནུའི་སྒྲིག་འཛུགས་ལ་མང་ཚོགས་ཁྲོད་ལྟ་སྟངས་ངན་པ་ཡོང་བཞིན་ཡོད་པས་འབྲེལ་ཡོད་ནས་དགོངས་དཔྱད་ཀྱིས་ལམ་འཕྲང་ཆུ་དང་བསྟུན་ནས་འགྲོ་ལགས་དང་ཕྱེ་རྒྱགས་སྤོམས་ལ་བལྟས་ནས་ཟ་ལུགས་ཟེར་བའི་དཔེ་ལྟར་དུས་དང་གནས་བབ་ལ་བསྟུན་གལ་ཞུ།
༸ གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་བོད་ཀྱི་བླ་ན་མེད་པའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་གཅིག་པུ་དེ་ཡིན་པ་ཙམ་མ་ཟད་ད་ཆ་འཛམ་གླིང་འགྲོ་བ་མིའི་རིགས་སྤྱི་ཡོངས་ཀྱིས་གུས་བརྩི་ཚད་མེད་ཞུ་བཞིན་པའི་བླ་ན་མེད་པའི་འཛམ་གླིང་གི་༸ དབུ་ཁྲིད་དང་སྤྱི་ནོར་༸ ཞིག་ཡིན།
དེ་འདྲ་སོང་ཙང་ང་ཚོ་བོད་རིགས་གངས་ཅན་པ་ཡིན་ཕྱིན་ཆད་ལ་འཛམ་གླིང་སྤྱི་དང་ལྷག་དོན་དུས་རབས་འདིའི་ཞི་བདེའི་དེད་དཔོན་བླ་ན་མེད་པ་དང་གོང་ན་མེད་པ་ཞིག་ཡོད་པ་དེ་བོད་ཀྱི་མཁྱེན་རླབས་མཚུངས་མེད་༸ གོང་ས་༸ སྐྱབས་མགོན་ཏྰ་ལའི་བླ་མ་མཆོག་ཉིད་ཡིན་སྟབས་བོད་མི་རིགས་ཞེས་ཟེར་དུས་ཚང་མ་འཛམ་གླིང་ས་ཕྱོགས་གང་དུ་སོང་ཡང་དོན་དམ་ངོ་ནོམ་མི་དགོས་པར་སྤོབས་པ་བྱེད་འོས་པ་ཞིག་ཏུ་གྱུར་ཡོད།
དེ་ནི་༸ མགོན་པོ་གང་ཉིད་ཀྱིས་ལམ་སྟོན་དབུ་འཁྲིད་འོག་ཏུ་བོད་མི་རིགས་ཀྱི་སྤུས་ཚད་གཅིག་དང་བོད་མི་རིགས་ཀྱི་འཇིག་རྟེན་ཡ་རབས་ཚུལ་ལུགས་ཀྱི་དྲང་བདེན་དང་འཚེ་བ་མེད་པའི་ཞི་བདེའི་སྟོབས་ཤུགས་གཅིག་ཡིན།
འཛམ་གླིང་ནང་ཆེས་བླ་ན་མེད་པའི་བོད་ཀྱི་༸ དབུ་འཁྲིད་༸ གོང་ས་སྐྱབས་མགོན་ཆེན་པོའི་ལམ་སྟོན་འོག་ལྷག་བསམ་རྣམ་དག་གིས་ཅི་གསུང་བཀའ་བཞིན་སྒྲུབ་མཁན་ནང་ནས་ཆེས་རླབས་ཆེན་གྱི་སྐྱེས་བུ་གཅིག་ནི་མི་དབང་བོད་ཀྱི་བཀའ་ཁྲི་ཟམ་དོང་རིན་ཆེ་གང་ཉིད་ཡིན།
ཟམ་དོང་རིན་པོ་ཆེས་༸ གོང་ས་མཆོག་དང་། བོད་མི་རིགས་འདི་ལ་ཁོང་གི་སྐུ་ཚེ་ཧྲིལ་པོར་སྲི་ཞུ་གཞན་འདྲིངས་མི་འཇོག་པ་ཞིག་གི་མཛད་རྗེས་ཆེན་པོ་བཞག་ཡོད་ལ། ལར་ནས་ཁོང་་གིས་༸ གོང་ས་མཆོག་དང་བོད་མི་རིགས་ལ་གནོད་པའི་བྱ་བ་ཕྲན་ཚེགས་གཅིག་གནང་མྱོང་མེད་སྟབས་ཁོང་གིས་དགོངས་དག་ཞུ་དགོས་པ་དགོས་ཞིག་ག་ལ་སྲིད།
འོན་བཏང་དེ་ལས་ལྡོག་ཏེ། ༸ གོང་ས་མཆོག་དང་ཕྱི་ནང་བོད་རིགས་ཡོངས་ཀྱིས་ཟམ་དོང་རིན་པོ་མཆོག་གི་སྲི་ཞུ་དང་། ལྷག་བསམ། མཛད་རྗེས་བཅས་ལ་བཀའ་དྲིན་ཐུགས་རྗེ་ཆེ་ཞུ་ཅི་ནས་ཀྱང་ཞུ་དགོས་པ་ཞིག་ཆགས་འདུག
གཡུ་རལ་བཀྲ་རྒྱམ། ཁྱོད་ཀྱི་ཚིག་འདི་རྒྱ་ནག་གི་བཤད་རྒྱུ་ལས་བོད་མི་ཞིག་གི་ཁ་ནས་ཨེ་ཡོང་བསམ་སྐྱིད་ཅིག་རེད། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་ཀྱི་རྩ་དོན་ཆེད་ཉིན་མཚན་དུས་དྲུག་ལ་འཇོན་ཚོད་ཀྱིས་ལས་ཀ་བྱེད་ཀྱི་ཡོད་རེད་མ་གཏོགས། ༧རིན་པོ་ཆེའི་སྐུ་ཚེའི་འཕེན་པ་རྫོགས་མིན་ལ་བལྟས་ཡོད་ཅེས་བསྒྲགས་གཏམ་འདི་ཐལ་དྲགས་པ་རེད། རྩ་བའི་གཞོན་ལྷན་གྱི་
ཚིག་འདི་ལ་ཅུང་ཙམ་དོགས་པ་ཆེ་གི
གཤམ་ནས་འགོད་རྒྱུ།
སྤྱིར་གཞོན་ལྷན་སྒྲིག་འཛུགས་ཀྱི་དམིགས་ཡུལ་བཞིའི་དང་པོ་ནི། ༼ གཞིས་བྱེས་བོད་མི་ཡོངས་ཀྱི་བློ་གཏོད་རེ་ཡུལ་གཅིག་ཉིད། ༧གོང་ས་མཆོག་དབུ་ཁྲིད་ལམ་སྟོན་འོག་ཤར་སྐྱོད་བྱ་རྒྱུར་གཞི་རྩར་བཟུང་ཐོག བོད་གཞུང་འབངས་ཀྱི་སྤྱི་དོན་ལ་ལྷག་བསམ་ཁུར་ལེན་ཞུ་རྒྱུར་རྨང་གཞིར་ཁྱེར་བ ༽་ཞེས་པ་འདི་རེད། འོན་ཀྱང་ཁོ་ཚོའི་སྒྲིག་ཁྲིམས་ཡིན་དུས་ཐབས་ཤེས་ཡོད་མ་རེད། རྩ་བའི་ཁོ་ཚོའི་ཀུན་སློང་ལ་སྐྱོན་མེད་ཁཽ་ཐག་ཡིན། ཡིན་ནའང་། སྤྱི་ཚོགས་དང་བསྟུན་རྒྱུའི་ཕྱིར་ཏུ་བཟོས་པ་ཨེ་ཡིན་ན་བསམ་གི
གཡུ་རལ་བཀྲ་རྒྱམ་ཁྱོད་དགྱ་ནག་གཞུང་གི་དངུལ་གྱིས་བསླུས་པའི་མི་སྣ་ཡིན་མིན་མི་ཤེས་ཀྱང་ཁྱོད་ཀྱིས་གཏམ་འཆལ་འདི་རིགས་༼ཐད་ཀར་དུ་བཤད་ན་གཞོན་ལྷན་དང་རྒྱ་ནག་གཞུང་གཉིས་ཕྱོགས་གཉིས་ཀས་༧གོང་ས་མཆོག་གི་སྐུ་རྫོགས་རྒྱུར་སྒུག་ཡོད་པ་གཅིག་མཚུངས་ཡིན།༽དགྱ་ནག་དབུས་གཞུང་ལ་མཁོ་བའི་གཏམ་ཡིན།
དགྱ་དམར་གཞུང་གི་དོག་པ་བྱེད་སའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་དམའ་འབེབས་དེ་ལྟར་བྱེད་དོན་གང་ཡིན་ནམ་ནམ་ནམ།
ང་ཡང་དབུས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་རྣམས་ལ་འདྲི་བ་ཞུ་རྒྱུར།
ཁྱོད་ཚོས་གཞོན་ལྷན་སྒྲིག་འཛུགས་ཀྱི་དམིགས་ཡུལ་བཞི་ཡི་དང་པོའི་ནང་༼༧གོང་ས་མཆོག་དབུ་ཁྲིད་ལམ་སྟོན་འོག་ཤར་སྐྱོད་བྱ་རྒྱུར་གཞི་རྩར་བཟུང་ཐོག ༽ཅེས་པ་ཚིག་དེ་ཁྱོད་ཚོའི་ལས་ཀ་དང་མཐུན་ཨེ་ཡོད། གང་ལ་ཞེ་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་རང་བཙན་རྩོད་མཁན་ཞིག་ཡིན་པས། ༧གོང་ས་མཆོག་གི་ལམ་སྟོན་འོག་ཤར་སྐྱོད་བྱ་ན་རང་བཙན་དོར་དགོས་པ་མ་རེད་དམ། ཁྱེད་ཚོས་༧གོང་ས་མཆོག་དབུ་ཁྲིད་ལམ་སྟོན་འོག་ཤར་སྐྱོད་བྱས་ན་དབུ་མའི་ལམ་ལ་འགྲོ་མི་དགོས་སམ། ལན་ཅིག་གནོངས་རོགས།
བོད་རང་བཙན་རྩོད་མཁན་འཇམ་ནོར་ལྟ་བུ་མི་ཁ་ཤས་ཀྱིས་རྒྱ་གཞུང་ལ་རྩོད་པ་རྒྱག་བཞིན་པ་དགའ་འོས་པ་རེད་དེ་༧གོང་ས་མཆོག་ལ་རྒྱུ་མཚན་མེད་པའི་བསྐུར་འདེབ་སོགས་བྱེད་པ་འདི་མངོན་དབྱིངས་ནས་རྒྱ་གཞུང་གི་རྒྱུག་ཁྱུ་བྱས་པ་མ་ཡིན་ནམ།
ངས་འདི་ལྟར་བལྟ་སྐབས་རང་རེའི་མི་རྣམས་ད་དུང་དམངས་གཙོའི་གནས་ཚད་རྫོགས་པར་སྨིན་པ་ལ་ཐག་རིང་པོ་ཡོད་པ་འདྲ། རྒྱུ་མཚན་ནི་རང་གི་བལྟ་བ་དང་གཞན་གྱི་བལྟ་བའི་བར་ལ་འདུ་ཤེས་འཛིན་ཕྱོགས་འདི་ཚོར་གཅིག་བསམ་སྐབས་གནས་ལུགས་དངོས་རྗེན་མང་པོ་རེ་ཡང་ཇི་མི་སྙམ་པར་གོ་ལོག་གམ་འགྲེལ་ལོག་བྱེད་པ་ལྟར་སྣང་།
རང་གཞན་གྱི་བལྟ་སྟངས་ལ་བཏང་སྙོམས་ཀྱི་གདེངས་འཇོག་བཟུང་བའི་སྒོ་ནས་རང་ཕྱོགས་རིགས་པ་དང་བཅས་ཏེ་འཛིན་མཁན་དཀོན་པའི་ཚོད་དུ་སྣང་། མ་གཞི་ང་རང་འཁྲུལ་བ་ཡིན་སྲིད། ངས་ནི་སྤོབས་པ་མཐའ་ཡས་ཀྱིས་གསུང་དེ་ལ་ཡང་ལྕིད་ཅིག་མེད་དམ་སྙམ།
སྐད་ཆ་འདིའི་འབྱུང་རྐྱེན་དེད་ན་སྐབས་དེར་འཇམ་ནོར་གྱིས་བཀའ་ཁྲིའི་གསུངས་བཤད་དུམ་བུ་བརྒྱད་ལ་གཏུབས་རྗེས་ཚན་པ་གཅིག་ཟུར་བཅད་ཀྱིས་ལུང་འདྲེན་བྱས་ཏེ་རྩོམ་ཡིག་ཅིག་བྲིས་བ་ཕ་ཡུལ་དྲ་རྒྱར་རྒྱུད་འགོད་བྱས་བ་དེ་ནས་རེད། སྐབས་དེར་བོད་དོན་རྒྱབ་སྐྱོར་བའི་ཚོགས་པ་འགའི་ནང་དུའང་འཇམ་ནོར་གྱི་རྩོམ་ཡིག་འདིས་གླེང་སློང་དང་བློ་འཚབ་མི་ཉུང་བ་ཞིག་བསླངས་བ་རེད། དྲང་མོར་བཤད་ན་བཀའ་ཁྲིའི་གསུངས་བཤད་ཀྱི་ཚིག་མདའ་འཕེན་ས་ཡང་འཇར་ནོར་ལྟ་བུ་ཡིན་སྟབས་ཁོས་ན་ཟུག་མ་ཐེགས་པར་ཕྱིར་སྐད་ཆ་མགོ་ལ་རྫོགས་པ་རེད། དྲ་གྲོགས་ཚོས་དྲ་ལམ་ནས་གསུངས་བཤད་དེ་ལ་ཉོན་དང་། བཀའ་ཁྲིས་གསུངས་བ་བདེན་པ་རེད། དེང་སང་འཐབ་སའི་རྒྱ་གུང་ཁྲན་ལ་མི་འཐབ་པར་ཕྱིར་འཁོར་ནས་༧གོང་ས་མཆོག་ལ་ཟ་དང་ཟུར་ནས་ཁྱད་གསོད་དང་དམའ་འབེབས་བྱེད་མཁན་ཇེ་མང་རེད།
གཞོན་ལྷན་གྱིས་འདྲ་ཆགས་པོ་ཅི་བཤད་ཀྱང་༧གོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གི་རྩ་བའི་ལངས་ཕྱོགས་མི་མཐུན་པ་ནི་ཡོངས་གྲགས་རེད། ཐད་ཀར་དུ་བཤད་ན་གཞོན་ལྷན་དང་རྒྱ་ནག་གཞུང་གཉིས་ཀྱི་རྩ་བའི་དམིགས་ཡུལ་མི་གཅིག་རུང་ཕྱོགས་གཉིས་ཀས་༧གོང་ས་མཆོག་གི་སྐུ་རྫོགས་རྒྱུར་སྒུག་ཡོད་པ་གཅིག་མཚུངས་ཡིན།
དབུས་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་རྣམས་ལ་ཞུ་རྒྱུ།
ཁྱོད་ཚོས་གཞོན་ལྷན་སྒྲིག་འཛུགས་ཀྱི་དམིགས་ཡུལ་བཞི་ཡི་དང་པོའི་ནང་༼༧གོང་ས་མཆོག་དབུ་ཁྲིད་ལམ་སྟོན་འོག་ཤར་སྐྱོད་བྱ་རྒྱུར་གཞི་རྩར་བཟུང་ཐོག ༽ཅེས་པ་ཚིག་དེ་ཁྱོད་ཚོའི་ལས་ཀ་དང་ཅུང་མཐུན་པ་ཨེ་ཡོད་དྲན།གང་ལ་ཞེ་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནི་རང་བཙན་རྩོད་མཁན་ཞིག་ཡིན་པའི་༧གོང་ས་མཆོག་གི་ལམ་སྟོན་འོག་ཤར་སྐྱོད་བྱ་ན་རང་བཙན་དོར་དགོས་པ་མ་རེད་དམ།
དགོངས་དག ནོར་བཅོས་བྱས་ཡོད། སྔོན་དེ་བསུབ་རོགས་གནང༌།
འཇམ་ནོར་གྱིས་དང་པོ་གོ་བ་ཁྱོན་ནས་མ་ལོན་པར་གང་བྱུང་བཤད་འདུག ཁག་དང་མེད། ཁོ་པར་བོད་ཡིག་གི་ཤེས་ཚད་ཡག་པོ་ཡོད་པ་མ་རེད། རང་བཙན་དང་མང་གཙོ་ལ་སྙད་དེ་མཚན་སྨད་ཟུར་ཟ་བྱེད་པ་ཞེས་པའི་དོན་རྩ་བ་ནས་གོ་མི་འདུག
དེ་ནས་ཁོ་ལ་དགག་སྒྲུབ་མང་པོ་བྱུང་རྗེས་འཇམ་ནོར་གྱིས་བཤད་སྟངས་བསྒྱུར་འདུག འོན་ཀྱང་ད་དུང་ཧམ་པ་བཤད་ཀྱིན་འདུག མཚན་སྨད་ཟུར་ས་བྱེད་མཁན་སུ་རེད། ཟུར་ཙམ་ཡང་བཤད་མི་འདུག་ཟེར། མང་གཙོ་གཙོ་བོ་རེད་དམ་༸གོང་ས་མཆོག་གཙོ་བོ་རེད། ཅེས་གསར་ལམ་ནང་གདམ་ཁ་བཀོད་པ་དང༌། ༸གོང་ས་མཆོག་མི་མང་མཉམ་སྲང་ལམ་ནང་ཕེབས་དགོས་ལུགས་བཤད་པ་རྣམས། ༸གོང་ས་མཆོག་ལ་ཟུར་ཟ་ཡིན་སྐོར་སྔ་རྗེས་གསུངས་འདུག་ཅིང༌། དེའི་ནང་ནས་གཅིག་ནི་འཇམ་ནོར་རང་ཉིད་རེད།
གུང་ཚོགས་དང་དོལ་ཚོགས་གང་གིས་ཀྱང་བོད་མིའི་རྩ་དོན་གསོད་མི་ཐུབ་པ་དེ་བདེན་པ་རེད། བོད་ཀྱི་རྩ་དོན་འདི་གསོན་ན་བོད་མིས་གསོན་ཤུགས་སྤྲད་དགོས་པ་ཞིག་དང༌། ཤི་ནའང་གསོད་མཁན་དེའང་བོད་མི་རང་ཉིད་ཡིན་པ་དེ་གོ་བར་བྱས་ཡོད།
དགེ་འདུན་པས་མཚུར་ཤིང་འཕངས་ཏེ་དོལ་ཚོགས་དགེ་ལུགས་ཁོངས་ནས་ལོགས་སུ་བཏོན་ཐུབ་མཁན་ཟམ་གདོང་མ་གཏོགས་སུ་ཡང་བྱུང་མེད། ཁོང་དེའི་ཆེད་དུ་སྲོག་གཅིག་ཡོད་པ་གཏོང་རྒྱུའི་གྲ་སྒྲིག་ཡོད་ཅེས་གསུངས་ཡོད། སྐབས་དེར་ཁོང་གི་སྙིང་སྟོབས་ལ་མི་ཚང་མ་ཧང་སང་འདུག ཁོང་མེད་ན་ད་ཆ་དགེ་ལུགས་པ་དེ་དོལ་ཚོགས་ཀྱི་འཇིགས་སྐུལ་དང་དབང་སྒྱུར་འོག་ཡོད་སྲིད།
ད་འོ་ན། ཟམ་གདོང་བླ་མས་དོལ་ཚོགས་ལ་ཅིག་ཅིག་བྱས་མི་འདུག་གསུང་མཁན་དེ་ཚོ་དོལ་ཚོགས་ཀྱི་སྒོ་འགྲམ་ལ་འགྲོ་ནས་དེ་ལྟར་གསུང་ཕོད་དམ། ཕྱི་རྒྱལ་ལ་ཡོད་ཀྱང་རང་མིང་ཙམ་ཡང་བཤད་མི་ཕོད་པར། ད་དུང་ཟམ་གདོང་བླ་མ་ཅིག་ཅིག་བཤད་པ་དེ་དགོད་མོ་ཤོར་ཡ་མ་རེད་དམ།
འཇམ་ནོར་གྱིས་དང་པོ་གོ་བ་ཁྱོན་ནས་མ་ལོན་པར་གང་བྱུང་བཤད་འདུག ཁག་དང་མེད། ཁོ་པར་བོད་ཡིག་གི་ཤེས་ཚད་ཡག་པོ་ཡོད་པ་མ་རེད། རང་བཙན་དང་མང་གཙོ་ལ་སྙད་དེ་མཚན་སྨད་ཟུར་ཟ་བྱེད་པ་ཞེས་པའི་དོན་རྩ་བ་ནས་གོ་མི་འདུག
དེ་ནས་ཁོ་ལ་དགག་སྒྲུབ་མང་པོ་བྱུང་རྗེས་འཇམ་ནོར་གྱིས་བཤད་སྟངས་བསྒྱུར་འདུག འོན་ཀྱང་ད་དུང་ཧམ་པ་བཤད་ཀྱིན་འདུག མཚན་སྨད་ཟུར་ས་བྱེད་མཁན་སུ་རེད། ཟུར་ཙམ་ཡང་བཤད་མི་འདུག་ཟེར། མང་གཙོ་གཙོ་བོ་རེད་དམ་༸གོང་ས་མཆོག་གཙོ་བོ་རེད། ཅེས་གསར་ལམ་ནང་གདམ་ཁ་བཀོད་པ་དང༌། ༸གོང་ས་མཆོག་མི་མང་མཉམ་སྲང་ལམ་ནང་ཕེབས་དགོས་ལུགས་བཤད་པ་རྣམས། ༸གོང་ས་མཆོག་ལ་ཟུར་ཡིན་སྐོར་སྔ་རྗེས་གསུངས་འདུག་ཅིང༌། དེའི་ནང་ནས་གཅིག་ནི་འཇམ་ནོར་རང་ཉིད་ཡིན་པ་རེད།
གུང་ཚོགས་དང་དོལ་ཚོགས་གང་གིས་ཀྱང་བོད་མིའི་རྩ་དོན་གསོད་ཐུབ་པ་དེ་བདེན་པ་རེད། བོད་ཀྱི་རྩ་དོན་འདི་གསོན་ན་བོད་མིས་གསོན་ཤུགས་སྤྲད་དགོས་པ་ཞིག་དང༌། ཤི་ནའང་གསོད་མཁན་དེའང་བོད་མི་རང་ཉིད་ཡིན་པ་དེ་གོ་བར་བྱས་ཡོད།
དགེ་འདུན་པས་མཚུར་ཤིང་འཕངས་ཏེ་དོལ་ཚོགས་དགེ་ལུགས་ཁོང་ནས་ལོགས་སུ་བཏོན་ཐུབ་མཁན་ཟམ་གདོང་མ་གཏོགས་སུ་ཡང་བྱུང་མེད། ཁོང་དེའི་ཆེད་དུ་སྲོག་གཅིག་ཡོད་པ་གཏོང་རྒྱུའི་གྲ་སྒྲིག་ཡོད་ཅེས་གསུངས་ཡོད། སྐབས་དེར་ཁོང་གི་སྙིང་སྟོབས་ལ་མི་ཚང་མ་ཧང་སང་འདུག
དོལ་ཚོགས་ལ་ཅིག་ཅིག་བྱས་མི་འདུག་གསུང་མཁན་དེ་ཚོ་དོལ་ཚོགས་ཀྱི་སྒོ་འགྲམ་འགྲོ་ནས་དེ་ལྟར་གསུང་ཕོད་དམ། ཕྱི་རྒྱལ་ལ་ཡོད་ཀྱང་རང་མིང་ཙམ་ཡང་བཤད་མི་ཕོད་པར། ད་དུང་ཟམ་གདོང་བླ་མ་ཅིག་ཅིག་བཤད་པ་དེ་དགོད་མོ་ཤོར་ཡ་མ་རེད་དམ།
༸གོང་ས་མཆོག་གི་ཐུགས་དགོངས་དཀྲུགས་མཁན་ཕུར་བུ་ཚེ་རིང་མ་རེད། གཞོན་ནུའི་ཚོགས་གཙོ་མགོ་དྲུག་ཁོ་རེད། ཁོ་པས་དེ་ཉིན་༸གོང་ས་མཆོག་ལ་ཟུར་ཟ་དང་བཅས་ངས་རྒྱ་མི་བོད་ནས་ཕྱིར་འབུད་གཏོང་ཐུབ། ངས་བོད་རང་བཙན་ལེན་ཐུབ་ཅེས་འཛེམ་ཟོན་སྤུ་ཙམ་མེད་པར་བཤད་ཡོད། དེར་བརྟེན་༸གོང་ས་མཆོག་གིས་ད་འོ་ན་ཁྱོད་ལ་སྤྲུལ་པ་འདྲ་ཞིག་སྟོན་རྒྱུ་ཡོད་ན་ནི་གང་ཤེས། ཅེས་གསུངས་པ་སོགས་དེ་ཉིན་གྱི་མཇལ་བཅར་བ་ཚང་མས་མཐོས་ཡོད།
མགོ་དྲུག་ཁྱོད་དེ་ཙམ་ཇོན་པོ་ཡོད་ན་སྔོན་ལ་བལ་པོས་འཕྲོགས་པའི་ང་ཚོའི་འོས་སྒམ་དེ་ལེན་པར་སོང་དང་། འོས་སྒམ་ཚུར་ལེན་མ་ཐུབ་ཚེ་ཁྱོད་ངོ་མ་མགོ་དྲུག་རེད། ཉི་མ་དེ་རིང་ནས་བཟུང་ཁྱོད་ཀྱི་ཁྱད་མིང་ལ་ ནང་མགོ ཕྱི་མགོ ཡར་མགོ མར་མགོ ཕར་མགོ ཚུར་མགོ ཞེས་འདོག་ངེས་ཡིན།
དངོས་གནས་གཞོན་ནུ་ཚོགས་པའི་སེམས་པ་བོད་ལ་ཤ་ཞེན་ཡོད་མཁན་ཞིག་ཡིན་ན་གསལ་ངེས་རེད། མི་རེ་ཟུང་གི་བཤད་གཏམ་ལ་རྗེས་སུ་ཚོགས་པའི་མིང་ཐོག་ནས་གསལ་བྱེད་དགོས་པ་མ་རེད། དེ་འདྲ་བྱས་ན་ཇེ་མང་དུ་འགྲོ་གི་རེད། འོན་ཀྱང་རང་བཙན་བརྩད་པ་ཙམ་གྱིས་སྡུག་ཆགས་རེད་ཟེར་ན་དེ་མི་དེའི་སྐྱོན་ལས་ཁོ་ཚོ་ལ་གནོད་རྒྱུ་ཅི་ཡང་མེད། ཡིན་ནའང་། དེང་སང་རང་བཙན་རྩོད་སྟངས་ཁྱད་མཚར་བ་ཡོད་རེད། ཁ་ནས་རང་བཙན་རྩོད་པ། ཁོག་ནས་རྩོད་པ། ༧གོང་ས་མཆོག་གི་ཕྱག་ནས་རྩོད་པ། ཟམ་གདོང་བླ་མའི་མཚན་ཐོག་ནས་རྩོད་པ། སྐད་གྲགས་འགྲོ་བའི་ཕྱིར་ཏུ་རྩོད་པ། གང་ཡིན་འདི་ཡིན་མེད་པར་རྩོད་པ། སོགས་མང་། དེ་བཞིན་དབུ་མའི་ལམ་ལ་ཡང་ཡོད་དེ། སྤྱི་འཐུས་ཀྱི་རྐུབ་སྟེགས་ཐོབ་་ཕྱིར་ཏུ་དགའ་དགའ་བྱེད་པ། དད་པ་ཆེ་མདོག་བྱས་ནས་དགའ་དགའ་བྱེད་པ། དངོས་གནས་ད་ལྟའི་གནས་བབ་ཧ་གོ་ནས་དབུ་མའི་ལམ་ཞེས་ཁ་ཞེ་གཉིས་མེད་ཀྱིས་དགའ་དགའ་བྱེད་པ་སོགས་ཡོད།
མདོར་བསྡུས་ན་གཞོན་ལྷན་དང་བོད་རང་དབང་སློབ་ཕྲུག་ཚོགས་པ་སོགས་ཚོགས་པ་ཁག་ཅིག་གིས་རང་བཙན་རྩོད་པ་ཡག་པོའི་རིགས་རེད། དེ་མིན་འགའ་རེས་རང་བཙན་ཁ་ལ་ཁྱེར་སྟེ་༧གོང་ས་མཆོག་ལ་ནོར་འཁྲུལ་ཡོད་རབས་གླེང་མཁན་དག་ལ་ངོ་རྒོལ་ཡོད། ལྷག་པར་དེའི་རིགས་དུས་ཚད་དང་བསྟུན་ནས་ཐེར་འདོན་བྱ་ངེས་ཡིན། རང་དབང་ལུང་བ་ནས་༧རྒྱལ་བ་རིན་པོ་ཆེ་ཁ་གཏོང་མཁན་དག་ལ་ངོ་ལྐོག་གཉིས་ནས་དགག་རྒྱག་བྱ་རྒྱུ་ཡིན།
མཐར་བོད་ཀྱི་གཞོན་ལྷན་གྱི་ལས་དོན་ཆེ་ཕྲ་ཆུང་གསུམ་གང་ཡིན་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ། བསྟན་འཛིན་བརྩོན་འགྲུས་ལྟ་བུའི་རང་བཙན་རྩོད་མཁན་དག་ལ་སྤྱི་ཚོགས་ནང་དུ་༧གོང་ས་མཆོག་གི་བཀའ་བརྩི་གི་མི་འདུག་ཅེས་མ་ལབ་རོགས།
སྤྱིར་གཞོན་ལྷན་གྱི་སྒྲིག་འཛུགས་ཀྱི་དམིགས་ཡུལ་བཞི་རྩ་ཆེ་ཡིན་རུང་། འདིའིནང་གི་༸གོང་ས་མཆོག་གི་དབུ་འཁྲིད་ལམ་སྟོན་འོག་ཤར་སྐྱོད་བྱ་རྒྱུ་ཞེས་འཁོད་ཡོད་རུང་། ཉེས་དུས་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐོག་༸གོང་ས་སྐྱབས་མགོན་ཆེན་པོས་དབུ་མའི་ལམ་གྱི་དམིགས་ཡུལ་སྒྲུབ་བྱ་གསལ་བཤད་དང་། རང་བཙན་བརྩོད་རྒྱུ་ནི་ཐོབ་ཐང་ཡིན་སྐོར་དང་། སྒྲུབ་རྒྱུ་མེད་པའི་བྱ་བ་ཅིག་ལ་འབད་བརྩོན་བྱས་ན་དུས་ཚོད་འཕྲོ་བརླག་འགྲོ་སྐོར་ལ་གཞོན་ལྷན་སྒྲིག་འཛུགས་སྐྱོངས་མཁན་གྱི་ལས་ཀྱི་སྣེ་མོ་བ་ཚོའི་ངོས་ནས་བསམ་ཤེས་ངེས་གཏན་བཞེས་གལ་ཆེ་བསམ།།
བཀའ་ཁྲིའི་གསུང་ལ་གོ་བ་མ་ལོན་པ་མ་རེད། བཀའ་ཁྲིས་དེ་ག་རང་བཤད་འདུག རྒྱལ་བ་རིན་པོ་ཆེ་དགོངས་པ་འཁྲུགས་ས་དེ་ནུའུ་ཡོག་ས་གནས་གཞིོན་འཐུས་དེ་ཡིན་ནམ་ཟམ་གདོང་སྤྲུལ་སྐུ་ཡིན་ད་དུང་མི་ཤེས། འདིའི་ཁུངས་དེ་ཞིབ་ཞིབ་བྱས་ནས་དེད་ན་ཟམ་གདོང་བླ་མས་དགོངས་དག་ཞུ་མི་དགོས་པའི་ངེས་པ་གཏན་ནས་མི་འདུག