མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བསམ་བློ་བ་ཆེན་མོ་སོ་ཁུརེ་ཚཱི་ཡི་མི་ཚེའི་ལྟ་གྲུབ། བནྡེ་སྐྱབས།

བོད་ཀྱི་དུས་བབ།
༢༠༡༠/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp
བནྡེ་སྐྱབས་ཀྱིས་བསྒྱུར།  
སོ་ཁུརེ་ཚཱི་ Socrates ནི་ཕྱི་ལོ་མ་བྱུང་སྔོན་གྱི་དུས་རབས་ལྔ་བའི་(469BC_399BC) ནང་བྱུང་པའི་མིའི་རིགས་ཀྱི་བསམ་བློ་བ་ཆེན་མོ་ཞིག་ཡིན་ལ། ཁོང་གི་ཆོད་སེམས་བརྟན་པོས་ཡོད་ཚད་རྒྱུ་མཚན་དང་གནས་ལུགས་ལ་གཞི་བཅོལ་བའི་བྱ་སྤྱོད་དེས། མིའི་རིགས་ཁྱོན་ཡོངས་ལ་གནས་ལུགས་འཚོལ་བར་སྙིང་སྟོབས་ཀྱི་ཚེ་སྲོག་སྦྱིན་ཡོད།
བསམ་བློ་བ་ཆེན་མོ་ཁོང་གིས་བདེན་པ་ཞེས་བའི་དོན་འདི་ལ་ངེས་ཤེས་རྙེད་པ་ནས་བཟུང་རང་ཉིད་ཕ་རོལ་བ་ལས་རྣམ་པར་རྒྱལ་རྒྱུ་ཁོ་ན་ཙམ་ལ་རྩོད་ལེན་བྱེད་རྒྱུ་མ་ཡིན་པར་གཙོ་བོ་ཡང་དག་པའི་ཤེས་ཡོན་ཞིག་ལ་འཚོལ་སྙེགས་བྱས་ཤིང་། དོགས་གཅོད་རང་བཞིན་གྱི་བསམ་བློ་དང་བྱ་དངོས་ཀྱི་གནས་ལུགས་ཡང་དག་ལས་ཁས་མི་ལེན་པའི་ཁོང་གི་རྣམ་དཔྱོད་དེས་རང་ཉིད་ལྟ་གྲུབ་རིག་པའི་རྟོག་དཔྱོད་པ་དངོས་ཤིག་ཏུ་གྱུར་ཅིག་པ་རེད།
བསམ་བློ་བ་ཆེན་མོ་འདི་གཏམ་བཤད་དང་བགྲོ་གླེང་ཐད་ཧ་ཅང་མཁས་པས། སྐབས་དེའི་སྤྱི་ཚོགས་ཁྲོད་ཁོང་གི་མཚན་སྙན་གང་སར་གྲགས་ཆེ། འོན་ཀྱང་ཁོང་ལ་ཤུལ་བཞག་གི་བརྩམས་ཆོས་མེད་པར་བརྟེན། ཁོང་གི་རིག་པའི་གཞུང་ལུགས་དང་མི་ཚེའི་གྲུབ་འབྲས་ལ་རྒྱུས་ལོན་བྱ་དགོས་ཚེ།པི་ལེ་ཌོ་ Plato དང་ཛི་ནོ་ཧྥིན་ Zenophon སོགས་ཁོང་གི་སློབ་མ་ཚོའི་བརྩམས་ཆོས་དག་ལས་ཤེས་རྟོགས་བྱ་དགོས།
བསམ་བློ་བ་ཆེན་མོ་འདིས།ལྟ་གྲུབ་དང་གནས་ལུགས་ཀྱི་རྩ་བའི་རྩོད་རྙོག་ནི་འགྲིག་དང་ནོར་ཞེས་པའི་གནད་དོན་སྟེང་ལ་བབ་ཡོད་ཅིང་། དཔེར་ན། ཁག་ཅིག་གིས་སོ་སོའི་སྲིད་གཞུང་གི་སྒྲིག་ཁྲིམས་དང་མཐུན་ན་འགྲིག་པ། དེའི་ས་མཚམས་ལས་བརྒལ་ཚེ་ནོར་བར་བརྩི་ཞིང་། ཡང་རིགས་གཅིག་གིས་དཀོན་མཆོག་གི་དགོངས་པ་ལྟར་སྒྲུབ་ན་འགྲིག་ཅིང་། དཀོན་མཆོག་གི་དགོངས་པར་གོང་བཀུར་མ་བྱེད་པའི་རིགས་ནོར་བའི་ཁུངས་སུ་འཇོག་པར་མ་ཟད། དཀོན་མཆོག་གི་དགོངས་པ་དཀྲུགས་པའི་ཉེས་ཅན་དུ་འདོད་པ་སོགས་རེད། ལྟ་ཚུལ་འདིའི་རིགས་ལ་ཁོང་གིས་དོགས་གཅོད་ཀྱི་སྒོ་ནས་ཐེར་འདོན་བྱས་པའི་ནང་།  དགེ་བ་ལ་དཀོན་མཆོག་དགའ། རྒྱུ་མཚན། དེ་དགེ་བ་ཡིན་པས་རེད་དམ། ཡང་ན། དཀོན་མཆོག་གིས་དགའ་བོ་བྱེད་པས། དེ་དགེ་བ་ཡིན་པ་རེད། གལ་ཏེ།་བྱ་སྤྱོད་འགྲིག་པ་ལ་དཀོན་མཆོག་དགའ་བས་དེ་དགེ་བར་རློམ་ན། མི་གཞི་ཀུན་སྤྱོད་ཀྱི་ལེགས་པའི་ཆ་དེ་ནོར་བ་རེད་དམ།དེ་ལྟར་མིན་པར། དཀོན་མཆོག་དགའ་བོ་བྱེད་པའི་དགེ་བ་དེ་ཐོག་མ་ཉིད་ནས་ཡོད་པ་ཞིག་ཡིན་ཚེ། དཀོན་མཆོག་གི་ཞིང་ཁམས་མ་ཡིན་པའི་དཀར་པོ་དགེ་བའི་རིན་ཐང་གི་འབྱུང་གནས་ཀྱང་གཞན་ཞིག་ངེས་པར་དུ་ཡོད་དགོས་པར་བརྗོད།
གོང་གི་དོགས་གཅོད་ཀྱི་རིགས་པ་དེ་ལས་ཅི་ཞིག་ར་སྤྲོད་པར་འདོད་པ་ནི།  ཁོང་གིས་མིས་བཟོས་ཁྲིམས་ལུགས་དང་ལྷ་ཆོས་གང་ཡིན་རུང་གཙོ་བོ་བྱ་དངོས་ཀྱི་ཆོས་ཉིད་གསལ་བོར་རྟོགས་པའི་ཐོག་ནས་འགྲོ་བ་མིའི་ཀུན་སྤྱོད་དང་བདེན་པའི་རྗེས་སུ་འབྲང་དགོས་པ་དེ་དངོས་ཡོད་རང་བཞིན་གྱི་འཚོ་བ་དང་ཐག་ཉེ་བའི་བདེན་ལུགས་ཤིག་ཡིན་པ་མ་ཟད། གཞན་གྱི་ཟེར་འགྲོས་ལ་མགོ་བོ་མ་བསྒུར་བར། རང་ཉིད་ཀྱི་རྣམ་དཔྱོད་ལ་བརྟེན་ནས་བདེན་རྫུན་དང་ལེགས་ཉེས་ཀྱི་སྤང་བླང་ལ་མ་རྨོངས་པར་བྱ་དགོས་ལུགས་དེ་རེད།
ཟབ་རླིངས་རིགས་པའི་དོགས་གཅོད་ཀྱི་བྱེད་ཐབས་དེས་མིའི་རིགས་ཀྱི་ལྟ་གྲུབ་རིག་པའི་འཕེལ་རྒྱས་ཐད་ནུས་པ་ཆེན་པོ་ཐོན་ཞིང་། རྣམ་དཔྱོད་ཀྱི་བསམ་བློའི་རང་དབང་གི་སྒོ་མོ་ཕྱེ་རྒྱུར་ཚད་ངེས་ཅན་ཞིག་ལ་སྐུལ་འདེད་བྱས་ཡོད།
བསམ་བློ་བ་ཆེན་མོ་འདིའི་བསམ་བློའི་སྟོབས་ཤུགས་དང་ལྟ་གྲུབ་ཀྱི་ལྕི་ཁོག ངར་ལྕགས་རང་བཞིན་གྱི་མི་གཞི་བཅས་ནི་ཁོང་ལ་སྐབས་དེའི་གྷི་རི་སི་སྲིད་གཞུང་གིས་འདྲི་ཞིབ་ཁྲིམས་ཆད་བཏང་བའི་བརྒྱུད་རིམ་ལས་མངོན་པར་གསལ། ཁོང་གིས་སྐབས་དེའི་བླ་ཆེན་དཔོན་ཆེན་ཚོས་གང་སྒྲུབ་ཀྱིན་པ་དང་བཤད་ཀྱིན་པ་ཐམས་ཅད་ཚད་མར་རློམ་པའི་འཁྲུལ་སྣང་གི་ལྟ་ཚུལ་དེར་ཐེར་འདོན་དང་མི་དམངས་ལ་ཁོ་ཚོའི་ལམ་ལུགས་དེ་ནོར་འཛོལ་ཤོར་ཡོད་པར་དོགས་གཅོད་ཀྱི་ལམ་ནས་ར་སྤྲོད་བྱས་ཤིང་། གནས་ལུགས་དང་རྒྱུ་མཚན་གྱི་སྟེང་ནས་ཡོད་ཚད་ལ་དངོས་ཡོད་བདེན་པར་གོ་རྟོགས་སད་ཅིང་དམངས་ལ་རིག་གསར་དོགས་གཅོད་ཐད་ནས་སྐུལ་སློང་བྱས་པར་བརྟེན། གྷི་རི་སི་གཞུང་གིས་ཁོ་འཛིན་བཟུང་བཀག་ཉར་བྱས་པ་རེད།
འཛིན་བཟུང་གི་རྗེས་སུ་གྷི་རི་སི་སྲིད་གཞུང་གིས། ད་སྔ་སྲིད་གཞུང་ལ་སྐྱོན་བརྗོད་དང་དམངས་སེམས་ལ་སྐུལ་སློང་བྱས་པར་དགོངས་གསོལ་ཞུ་དགོས་པ་དང་། ཕྱིན་ཆད་དེ་ལྟར་མི་བྱ་བར་ཁས་ལེན་གྱིས་སོ་སོའི་བསམ་བློར་ཚོད་འཛིན་བྱེད་ན། སྲོག་ཆད་ཀྱི་ཉེས་ཁྲིམས་ལས་གུ་ཡངས་ཡོད་ལུགས་བཤད་ཀྱང་། ཁོང་གིས་མུ་མཐུད་རང་ཉིད་ཀྱི་ལྟ་གྲུབ་ཐད་ཀྱི་རྩོད་ལེན་མཚམས་འཇོག་རྒྱུ་ལས།གནད་དོན་ཡོད་ཚད་ཁྲོད་ནས་བདེན་པ་འཚོལ་བའི་གད་རྒྱངས་མུ་མཐུད་དུ་བསྒྲགས།བསམ་བློ་བ་འདིའི་ངོས་ནས།  དམངས་ཀྱི་མི་ཚེའི་གནད་དོན་དང་འཚོ་བའི་ལེགས་བྱང་སླད་དུ་གླེང་སློང་གིས་རྩོད་ལེན་བྱ་རྒྱུ་ནི་མིའི་རིགས་ཀྱི་མི་ཚེའི་རིན་ཐང་གི་ཆ་ཤས་ཤིག་ཡིན་པས།འཆི་དགོས་རུང་རང་ཉིད་ཀྱི་ལྟ་གྲུབ་བློས་གཏོང་མི་བྱེད་པའི་ཆོད་སེམས་བཟུང་།
སོ་ཁུརེ་ཚཱི་བཙོན་ཁང་དུ་སྲོག་ཐོག་གི་ཁྲིམས་ཆད་ཕོག་ཡོད་རུང་། སྒམ་ཚིགས་ངང་གནས་ལུགས་ཀྱི་དོན་སྙིང་འཚོལ་བའི་བློ་སྟོབས་ལ་ཞིམ་པ་མེད་པའི་བྱ་སྤྱོད་དེས་ཁོང་གི་བཅིངས་གྲོལ་རང་བཞིན་གྱི་མི་ཚེའི་རང་གཤིས་མཚོན་ཡོད་ལ། སྲིད་དབང་སྒེར་སྤྱོད་དང་དྲང་བདེན་མིན་པའི་སྒྲིག་གཞིའི་ཁྲིམས་འོག་ཏུ་ཚུད་ཡོད་ཀྱང་གཞུང་འཛིན་མི་སྣ་ཚོར་ཁོང་གིས་ཁོང་ཁྲོ་དང་སྡང་སེམས་ཀྱི་རྣམ་པ་ཙམ་ཡང་བསྟན་མེད་པ་མ་ཟད། རང་ཉིད་ཀྱི་བློས་ཐུབ་གྲོགས་པོ་འགའ་ཡོང་སྟེ། བསམ་བློ་བ་ཆེན་མོ་ཁོང་གསོན་པོར་གནས་རྒྱུ་དེ་ཕྱོགས་གཅིག་ནས་ཁོ་རང་ཉིད་ཀྱི་མི་ཚེའི་ཕུགས་བསམ་བསྒྲུབ་རྒྱུ་དང་། དེ་བཞིན་གལ་སྲིད་ཁོང་འདི་ལྟར་ཁྲིམས་ཆད་འོག་འཆི་རུ་བཅུག་ན། གཞན་གྱིས་ངེད་གྲོགས་པོ་ཚོར་ལ་རྒྱ་མེད་པར་སྐྱོན་འཛུགས་བྱ་ངེས་ཡིན་པས། ད་ཐེངས་ཅིས་ཀྱང་གཡོ་ཐབས་ཀྱིས་བྲོས་བྱོལ་དུ་འགྲོ་དགོས་པར་སྐུལ་མ་བྱས་མོད།   དེ་ནི་རྩ་བའི་མི་གཞིའི་ཀུན་སྤྱོད་དང་འགལ་ཡོད་པས།བྲོས་བྱོལ་དུ་འགྲོ་རྒྱུ་མིན་ཚུལ་གྱིས། གྲོགས་པོ་ཚོར་སྤང་བླང་གི་གནས་ལུགས་འཆད་ཅིང་། སོ་ཁུརེ་ཚཱི་ཡིས།གྲོགས་པོ་ཚོར་བཟོད་གསོལ་ཞུས་པའི་ནང་། མི་མང་གི་བསམ་ཚུལ་ཙམ་བྱུང་བ་དེ་འཆུག་མེད་བདེན་དོན་དུ་རློམ་མི་རུང། དེ་ལས་གང་ཟག་སྒེར་གཅིག་གི་ངོས་ནས་གནད་དོན་གང་དེའི་དངོས་ཡོད་ལ་ཤེས་རྟོགས་ཟབ་མོ་བྱུང་ཡོད་ཚེ་དེ་ནི་མིའི་བྱ་སྤྱོད་ཐད་ཐག་གཅོད་བྱ་རུང་བའི་གནས་ལུགས་ཀྱི་རྨང་གཞི་ཡིན་ཞིང་། གནས་ལུགས་ཡང་དག་ལ་བརྟེན་རྒྱུ་ནི་བདེན་པའི་གསང་བ་རྟོལ་བའི་ལྡེ་མིག་ཏུ་བསྐུལ།
བསམ་བློ་བ་ཆེ་མོ་ཁོང་གི་མི་གཞིའི་ཀུན་སྤྱོད་ཐད་ཀྱི་རིག་པའི་རྣམ་བཞག
–ནམ་ཡང་ནོར་འཛོལ་ཅན་གྱི་བྱ་བ་བསྒྲུབ་མི་འོས༼མཐའ་ན་གཞན་གྱིས་སོ་སོར་འཁོན་ལན་སློག་དགོས་པའི་ལས་ངན་བསགས་ཀྱང་། ༽
–གནས་སྟངས་ག་འདྲ་ཞིག་གི་འོག་ཏུའང་སོ་སོའི་རྒྱལ་ཁབ་ལ་གོང་བཀུར་མི་བྱེད་པ་དེ་ནམ་ཡང་ནོར་འཁྲུལ་ཡིན།
–རྒྱུ་མཚན་དེ་ཡི་དབང་གིས།སོ་སོའི་རྒྱལ་ཁབ་ལ་ནམ་ཡང་བློ་ལོག་བྱ་མི་རུང་།
གྷི་རི་སི་སྲིད་གཞུང་གི་ཁྲིམས་ཆད་ལས་གཡོལ་ཐབས་བྱ་རྒྱུ་དེ་སོ་སོའི་རྒྱལ་ཁབ་ལ་གོང་བཀུར་མ་བྱས་པའི་བྱ་སྤྱོད་ཅིག་ཡིན་སྟབས། ཁོང་གིས་སྲོག་ཐོག་གི་ཁྲིམས་ཆད་ལས་ཐར་ཐབས་བྱས་མེད་ལ།ལས་དོན་ཅི་སྒྲུབ་རུང་དྲང་བདེན་བྱ་རྒྱུ་ནི་རིན་ཐང་ལྡན་པའི་མི་ཚེ་ཞིག་གི་རྩ་བའི་རྨང་གཞི་ཡིན་སྟབས། སོ་ཁུརེ་ཚཱི་ངོས་ནས་སོ་སོའི་རྒྱལ་ཁབ་ལ་བློ་ལོག་བྱ་མི་རུང་བའི་ཐད་དོན་ཚན་གཉིས་ཀྱི་སྟེང་ནས་རིག་པས་བསྒྲུབས་ཡོད།
དང་པོ།རྒྱལ་ཁབ་ནི་སོ་སོའི་ཕ་མ་ལྟ་བུ་ཡིན་པས། བུ་ཕྲུག་གིས་ཕ་མར་བློ་ལོག་བྱེད་པ་ནི་ནམ་ཡང་ནོར་འཁྲུལ་ཡིན་པས། གང་ཟག་སུ་ཡིན་རུང་སོ་སོའི་རྒྱལ་ཁབ་ལ་བློ་ལོག་གི་བྱ་སྤྱོད་བཟུང་ན་དེ་ནོར་འཁྲུལ་ཡིན་པར་བརྗོད།
གཉིས་པ།སོ་སོའི་ཁ་ཆད་ལས་བརྒལ་ན་དེ་ནོར་འཁྲུལ་ཡིན། རྒྱལ་ཁབ་ཀྱི་རྩ་ཁྲིམས་ནི་སོ་སོའི་ཁ་ཆད་དམ་གྲོས་ཆོད་རེད། ཁ་ཆད་འདི་མི་གཅིག་དང་གཉིས་ཀྱི་འདོད་བློ་ཁེངས་ཡོད་མེད་དེ་རྩ་བའི་གནད་དོན་མིན་པས། རང་ཉིད་རྩ་ཁྲིམས་འདིའི་འོག་མ་ཤི་བར་དུ་གོང་བཀུར་གྱིས་འཚོ་དགོས་པ་བཅས་རེད།
བསམ་བློ་བ་ཆེན་མོ་ཁོང་གིས་སྐབས་དེའི་བླ་ཆེན་དཔོན་ཆེན་ཚོའི་བྱ་སྤྱོད་དང་གྷི་རི་སི་སྲིད་གཞུང་གི་ཁྲིམས་ལུགས་ལ་ཐེར་འདོན་གྱིས་དམངས་ལ་སྐུལ་སློང་བྱས་པ་དེ། སྲིད་གཞུང་ལ་བློ་ལོག་གིས་མགོ་རྟིང་སློག་རྒྱུ་ལས་ལྡོག་ཏེ། ཚང་མར་བདེན་ལུགས་ཀྱི་གོ་རྟོགས་ཡངས་པོར་ཕྱེས་ཤིང་། ནོར་འཛོལ་ཅན་གྱི་སྲིད་གཞུང་གི་ལམ་ལུགས་ལ་སྒྱུར་བཅོས་དང་ལོག་ལམ་དུ་འགྲོ་བཞིན་པའི་དམངས་སེམས་བཀུག་ནས། བདེན་པའི་ལམ་ཞིག་སྟོན་རྒྱུ་དེ་རེད། བསམ་བློ་བ་ཆེན་མོ་ཁོང་ནི་རིག་གསར་བསྐྱར་དར་གྱི་བསམ་བློ་བའི་མེས་པར་བརྩི་ཞིང་། མིའི་རིགས་ཀྱི་དེང་རབས་མང་གཙོའི་བསམ་བློ་བ་ཐོག་མར་འདོད་པ་ཡིན།
སློབ་དཔོན་ཆེ་མོ་སོ་ཁུརེ་ཚཱི་མཆོག་གིས་རང་ཉིད་ཀྱི་རིག་པའི་རྣམ་བཞག་ལ་ཐ་གཅིག་ཏུ་རྒྱུན་འཁྱོང་གིས། བདེན་པ་དང་མི་གཞིའི་ཀུན་སྤྱོད་དར་སྤེལ་གཏོང་བའི་རླབས་ཆེན་གྱི་དགོངས་པ་རྒྱུན་སྐྱོང་བྱ་བར་སོ་སོའི་ཚེ་སྲོག་ལ་བབས་ཀྱང་མདུན་དུ་བསྐྱོད་པ་རེད། །

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 9

  1. རྟུལ་ཕོད། says:
    ལོ་ 16 སྔོན།

    བསྒྱུར་རྩོམ་འདིའི་རིགས་ལ་ང་ཧ་ཅང་འཐད་པས་དགའ་བསུ་ཞུ་རྒྱུ་ཡིན།ཡིན་ནའང་།ལྟ་གྲུབ་དང་རིག་གཞུང་གི་སྐོར་བསྒྱུར་དུས་མིང་ཚིག་རེ་རེ་བཞིན་གསེད་བཀྲོལ་བྱ་རྒྱུ་ཧ་ཅང་གལ་ཆེ་བས་ཚིག་འདིrenaissanceལྟ་བུ་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དང་ངོ་གདོང་གི་ཟབ་ཚད་སོགས་ལ་བསམ་གཞིགས་རྣལ་སྨིན་དང་གོ་བ་གཏིང་ཟབ་རེ་ལོན་དགོས་སྙམ།དེས་ན་རིག་གསར་བསྐྱར་དར་མ་ཡིན་པར་རིག་རྩལ་བསྐྱར་དར་ཞེས་བསྒྱུར་དགོས་འདུག་སྟེ།གནའ་བོའིGreeceཤེས་རིག་དང་བསམ་བློའི་དཔལ་ཡོན་བསྐྱར་དུ་དར་བས་སམ་ཤེས་རིག་དང་སྒྱུ་རྩལ་བསྐྱར་དུ་དར་བས་ཞེས་འགྲེལ་དགོས་པ་ལས།བསྐྱར་དུ་དར་བ་དང་གསར་བ་གཉིས་སྐབས་འདིར་གཞི་གཅིག་ཏུ་ཇི་ལྟར་འདུ་འམ?བོད་ནང་གི་ཚད་ལྡན་རྩོམ་པོ་དག་གིས་ཀྱང’’རིག་རྩལ’’ཞེས་བསྒྱུར་ཡོད།།

    Reply
  2. ཇོ་རུ་ཚེ་རིང་། says:
    ལོ་ 16 སྔོན།

    ཉིན་ཞིག་སློབ་ཕྲུག་འགའི་མཚན་ཉིད་རིག་པ་བ་ཆེན་མོ་སའོ་ཀུ་ར་ཐི་ལགས་ལ། “ག་འདྲ་ཞིག་ལ་མི་ཚེ་ཟེར་རམ། ” ཞེས་དྲི་བ་བཏོན་པ་རེད།
    སྐབས་དེར་སོ་ཀུ་ར་ཐེ་ལགས་ཀྱིས་སློབ་ཕྲུག་ཚང་མ་སིལ་ཏོག་ཀུ་ཤུའི་སྡོང་ར་ཆེན་པོ་ཞིག་འཁྲིས་སུ་ཁྲིད་དེ། ཚང་མས་སྡོང་རའི་ཚུར་མཐའ་འདི་ནས་ཕར་མཐར་སླེབས་རེག་བར་དུ། མི་རེ་རེ་ཡིས་ཆེས་ཆེ་ལ་ཆེས་བཟང་བའི་ཀུ་ཤུ་གཅིག་རེ་བདམས་ཏེ་བཏོགས་དགོས་ཤིང་། ཕར་བརྒལ་རྗེས་ཁ་ཕྱིར་འཁོར་ཏེ་བསྐྱར་དུ་འཚོལ་མི་ཆོག་ལ། ཐེངས་གཅིག་མ་གཏོགས་ཐེངས་གཉིས་ལ་བདམས་མི་ཆོག་པའི་རེ་སྐུལ་གནང་བ་རེད།
    ཀུ་ཤུའི་སིལ་ར་ཆེན་པོ་དེ་བརྒལ་བའི་གོ་རིམ་ཁྲོད། སློབ་ཕྲུག་ཚང་མས་ཧ་ཅང་གཟབ་ནན་དང་ཞིབ་ཚགས་པོའི་སྒོ་ནས་རང་ངོས་ནས་ཆེས་ཆེ་ལ་ལེགས་པར་མཐོང་བའི་ཀུ་ཤུ་དེ་འདེམས་མགོ་བརྩམས་པ་རེད། སློབ་མ་ཚང་མ་ཀུ་ཤུའི་སིལ་ར་ཆེན་པོ་དེའི་ཕར་མཐར་སླེབས་པ་ན། སའོ་ཀུ་ར་ཐི་ལགས་སྔ་མོ་ནས་དེ་གར་འབྱོར་ཏེ་ཁོ་ཚོར་སྒུགས་ནས་བསྡད་ཡོད་པ་རེད།
    ཁོང་གིས་ཞལ་འཛུམ་བཞིན་སློབ་ཕྲུག་རྣམས་ལ་ཁྱོད་ཚོས་རང་ཉིད་ཀྱི་བློ་ཁ་ཚིམས་པའི་ཀུ་ཤུ་དེ་བདམས་ཐུབ་སོང་ངམ་ཞེས་དྲིས་པར། སློབ་མ་ཚོས་ཕན་ཚུན་གྱི་གདོང་ལ་ཕར་བལྟ་ཚུར་བལྟ་བྱེད་པ་ལས་སུས་ཀྱང་ལན་འདེམས་མ་ཐུབ་པ་རེད།
    སའོ་ཀུ་ར་ཐི་ཡིས་མ་ཤེས་པའི་ཁུལ་གྱིས། “ཅི་ཞིག་རེད། ཁྱོད་ཚོ་རང་ཉིད་ཀྱི་བདམས་ཀར་བློ་ཡིད་ཚིམས་མ་སོང་ངམ།” ཞེས་སློབ་ཕྲུག་ཚོར་དྲིས་པ་ན།
    སློབ་མ་གཅིག་གིས “དགེ་རྒན་ལགས། ང་ལ་ཡང་བསྐྱར་ཐེངས་གཅིག་བདམས་ཆོག་པའི་གོ་སྐབས་གནང་རོགས། ང་དེང་ཐོག་སིལ་རར་འཛུལ་བཞིན་པའི་སྐབས་ལ་ཆེས་ཆེ་ལ་ལེགས་པའི་ཀུ་ཤུ་ཞིག་མཐོང་སོང་། ཡིན་ནའང་། ངས་བསམ་པར་དེ་ལས་ཀྱང་ཆེ་ལ་ལེགས་པ་ཞིག་འཚོལ་དགོས་བསམ་བྱུང་། སིལ་རའི་ཕར་མཐའ་འདིར་སླེབས་རྗེས་ངས་གཟོད་ཐོག་དང་པོར་མཐོང་པའི་ཀུ་ཤུ་དེ་ནི་ཆེས་ཆེ་ཞིང་ལེགས་པ་དེ་ཡིན་པ་རྟོགས་བྱུང་།” ཅེས་བཤད་པ་དང་།
    ཡང་སློབ་མ་གཞན་ཞིག་གིས་ཀྱང་། “ང་ནི་ཁོ་དང་ཐ་དད་རེད། ང་སིལ་རར་སླེབས་ནས་ཐག་རིང་པོ་མ་ཕྱིན་པར་ཀུ་ཤུ་ཞིག་བདམས་དེ་བཏོགས་པ་ཡིན། དེ་དུས་ངས་བསམ་པར་ཀུ་ཤུ་དེ་ནི་ཆེས་ཆེ་ལ་ལེགས་པའི་ཀུ་ཤུ་རེད་བསམ་སོང་། ཡིན་ནའང་། དེའི་རྗེས་ལ་ངས་དེ་ལས་ཀྱང་ཆེ་ལ་ལེགས་པའི་ཀུ་ཤུ་ཞིག་མཐོང་བྱུང་། དེར་བརྟེན། ང་རང་བློ་འགྱོད་སྐྱེས་བྱུང་། ” ཅེས་བཤད་པ་རེད།
    དེར་མཐུད་ནས་སློབ་ཕྲུག་ཚང་མས་གཅིག་རྗེས་གཉིས་མཐུད་ཀྱིས། “ དགེ་རྒན་ལགས། ང་ཚོར་ཡང་བསྐྱར་ཐེངས་གཅིག་ལ་བདམས་དུ་འཇུག་རོགས” ཞེས་རེ་འདུན་བཏོན་པ་རེད།
    སའོ་ཀུ་ར་ཐི་ལགས་བཞད་མོ་བཞད་ཀྱིན། གཟབ་ནན་དང་ཐུགས་ཁུར་ཆེན་པོས་སྒོ་ནས། “བྱིས་པ་ཚོ། འདི་ནི་མི་ཚེ་རེད། མི་ཚེ་ནི་ཐེངས་གཅིག་མ་གཏོགས་བསྐྱར་འདེམས་བྱ་ཐབས་བྲལ་བ་རེད།” ཅེས་གསུངས་པ་རེད།
    ཕྱིར་བསློགས་མེད་པའི་མི་ཚེ་བརྒྱུད་རིམ་ཁྲོད་ང་ཚོས་དོན་དག་གསུམ་ཁོ་ན་སྒྲུབ་ཐུབ་ངེས། གཅིག ནན་ཏན་གྱིས་མི་ཚེ་གདམས་ག་གནང་སྟེ་བློ་འགྱོད་མི་ཡོང་བ་ཞིག་ལ་འབད་བརྩོན་བྱེད་དགོས། གཉིས། གལ་སྲིད་བློ་འགྱོད་བྱུང་བ་ཡིན། རིག་པ་ཡང་དག་གི་སྒོ་ནས་དེ་ལ་གདོང་ལེན་གྱིས་བཅོས་བསྒྱུར་ལ་འབད་དགོས། གསུམ། གལ་སྲིད་བཅོས་བསྒྱུར་ཀྱང་བྱ་མི་བཟོད་པ་ཡིན་ན། བློ་སྟོབས་ཆེན་པོས་སྒོ་ནས་དང་ལེན་བྱས་ཏེ་བློ་འགྱོད་མེད་པའི་སྒོ་ནས་མུ་མཐུད་དུ་མདུན་བསྐྱོད་བྱེད་དགོས། འདི་ནི་རིག་པ་སྨྲ་བའི་མཚན་ཉིད་པ་ཆེན་པོ་སའོ་ཀུ་ར་ཐི་ལགས་ཀྱི་གདམས་ངག་ཟབ་མོ་རེད།

    Reply
  3. བནྟེ་སྐྱབས། says:
    ལོ་ 16 སྔོན།

    དྲ་གྲོགས་ལྷོ་ཕྲུག་ལགས། ཉིད་ཀྱིས་དྲན་སྐུལ་བྱས་པར་ཐུགས་རྗེ་ཆེ་ཞུ།

    ངས་གོང་གི་རྩོམ་སྒྱུར་དེ་བསམ་བློ་བ་ཁོང་གི་མི་ཚེའི་ལྟ་གྲུབ་གཙོ་བོར་བཟུང་ནས་བསྒྱུར་ཡོད་པ་ལས་མི་ཚེའི་ལོ་རྒྱུས་གཙོ་འདོན་བྱས་མེད།
    མི་ཚེའི་ལོ་རྒྱུས་གཙོ་འདོན་བྱས་ཚེ་ཁོང་གི་སྐྱེས་འདས་ཀྱི་ལོ་ཚིགས་གལ་ཆེན་རེད་མོད། ངས་ཁོང་གི་མི་ཚེའི་ལྟ་གྲུབ་ཀྱི་ཐད་ནས་གཙོ་འདོན་བྱས་པ་ཡིན་པས། ཁོང་གི་ལྟ་གྲུབ་ཀྱི་བསམ་བློའི་ཤུགས་རྐྱེན་དེ་གཙོ་བོ་དུས་རབས་ལྔ་བའི་ནང་བྱུང་བ་ནས། རིམ་གྱིས་རིག་གསར་བསྐྱར་དར་renaissance དང་དེང་རབས་ནུབ་ཕྱོགས་པའི་བསམ་བློའི་འབྱུང་ཁུངས་སུ་བརྩི་བ་ཡིན།

    རེད། སྐྱེས་འདས་ཀྱི་ཆ་ནས། ཁོང་ཕྱི་ལོའི་སྔོན་གྱི་བརྒྱ་ཕྲག་བཞི་བ་དང་ལྔ་བ་སྟེ། ཡི་ཤུའི་སྟོན་པ་མ་བྱུང་གོང་གི་ ༤༦༩ ལོར་སྐྱེས་ཤིང་ ༣༩༩ ལོར་སྐབས་དེའི་གྷི་རི་སི་གཞུང་གིས་དུག་ཆང་བླུད་དེ་ཁོང་འཆི་རུ་བཅུག་པ་རེད། དུག་ཆང་ཡིན་པ་ཁོ་རང་ཉིད་ཀྱིས་ཤེས་ཡོད།
    ཐུགས་རྗེ་ཆེ།

    Reply
  4. Dawai Shonu says:
    ལོ་ 16 སྔོན།

    ངས་དང་པོ་སོ་ཁུརེ་ཚཱི་བྲིས་པ་མཐོང་དུས་ག་རེ་ཡིན་ནམ་བསམ་སོང།དབྱིན་ཡིག་ནང་Socrates་བྲིས་པ་མཐོང་དུས་གཞི་ནས་སུ་ཡིན་པ་ཤེས་སོང།་ཕྱི་རྒྱལ་མིའི་མིང་བོད་ཡིག་ནང་བྲིས་ཡོང་དུས་མགོ་ཧ་ཅང་ཐོམ་གྱི་འདུག

    Reply
  5. ཀེརིསི་བསོད་ནམས། says:
    ལོ་ 16 སྔོན།

    ཁོང་ནི་རྒྱལ་རབས་ལོ་རྒྱུས་ནང་གི་མི་སྣ་གཙོ་བོ་ཞིག་ཡིན།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 16 སྔོན།

    བོད་སྐད་དུ་བསྒྱུར་བ་འདིས། བོད་ཀྱི་སྐད་ཡིག་ཡར་རྒྱས་ལ། ཤིན་ཏུ་ཕན་ཐོགས་ཆེ།

    Reply
  7. ཁ་བ་ནག་པོ། says:
    ལོ་ 16 སྔོན།

    ང་ཚོའི་དགེ་ཆོས་ནི་ཁོང་ལས་མཁས་པ་ཞིག་སྟེ། སྐབས་དེའི་རྙིང་རུལ་གྱི་སྲིད་གཞུང་ལས་རྒྱལ་བས་སོ། །

    Reply
  8. ལྷོ་ཕྲུག་སྣ་བོ་ཆེ། says:
    ལོ་ 16 སྔོན།

    དུས་རབས་ལྔ་པ་ནི་གྷི་རི་སིའི་དབང་ཤུགས་ཉམས་རྒུད་དུ་འགྲོ་བའི་དུས་སྐབས་རེད། སོ་ཁོ་རེ་ཊིས་ནི་གྷི་རི་སིའི་དབང་ཤུགས་དར་སྒང་སྟེ། ཡེ་ཤུའི་སྔོན་གྱི་བརྒྱ་ཕྲག་བཞི་པ་དང་ལྔ་པའི་[469BC-399BC]ནང་བྱུང་བའི་མི་ཞིག་ཡིན།

    བནྡེ་ནོར་བ་མིན་འགྲོ།

    Reply
  9. ལྗང་གཞོན། says:
    ལོ་ 16 སྔོན།

    ང་ཚོའི་བོད་མིའི་ཁྲོད་ལ་ཁོང་ལྟ་བུའི་རང་ཚུགས་འཕེར་ཞིང་ཆོད་སེམས་ཅན་རེ་བྱུང་ན་ཅི་མ་རུང་། ང་ཚོས་ངེས་བར་དུ་ཁོང་གི་བསམ་བློར་སློབ་སྦྱོང་བྱ་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese