མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤུན་མཆེད་ཐ་ཧྭར་ལ་ལན་དུ་ཕུལ་བ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཉིད་ནས་འདི་ལྟར་གནས་ལུགས་དང་རྒྱུ་མཚན་མི་ཉུང་བ་ཞིག་དྲངས་དེ་གསུངས་འོང་ན་བདེན་པའི་ཆ་ཆེས་མི་ཉུང་བ་ཞིག་ཡོད་པ་ནི། ངས་བཤད་མི་དགོས་པར་ཀློག་མཁན་དག་གིས་གསལ་གསལ་དངས་དངས་ཤེས་ངེས་རེད། ཉིད་ཀྱིས་གསུངས་པ་ལྟར། བདེན་པའི་ཆ་མང་བོ་ཞིག་ཡོད་པ་ནི་བདེན་པ་རེད། བདག་གིས་རྩོམ་ཡིག་དེ་བྲིས་པའི་མཇུག་དུ་རང་རང་གི་མྱོང་ཚོར་གཞིར་བཞག་ནས་འབྲི་རོགས་ཟེར་ནས་འབོད་སྐུལ་ཡང་ཞུས་ཡོད་ལ། དེ་རིང་ཉིད་ནས་ཕྱི་ཡུལ་ནས་རང་དབང་དང་ཐོབ་ཐང་ཡོད་པའི་སྐོར་མི་ཉུང་བ་ཞིག་གླེང་འདུག་ལ། སྤྱི་སྒེར་གང་ཐད་ནས་གྲུབ་འབྲས་ཀྱང་མི་ཉུང་བ་ཞིག་ཡོད་པ་གླེང་འདུག དེ་དག་ཡང་ཉིད་ཀྱི་བསམ་ཚུལ་དང་ཁོར་ཡུག་གི་གནས་བབ་ཡིན་པས་བདེན་ཁ་སྟེར། འོན་ཀྱང་། རྩོད་པ་མིན་ལ། སྐད་ཆ་དྲང་མོ་ཡིན། བོད་དོན་ནི་བོད་མིས་བྱེད་དགོས་པ་ལས། བོད་དོན་ཁྱབ་བསྒྲགས་ནི་མི་ལོ་ལྔ་བཅུའི་རིང་དུ་བཙན་བྱོལ་དུ་ལྕེ་ཐོག་མཁན་མི་ཉུང་བ་དག་གིས་བྱས་པ་རེད་ལ། གྲུབ་འབྲས་ཀྱང་བོད་མི་ཁྱེད་དང་ང་ཡི་གཙོ་བའི་ཚང་མའི་སེམས་ན་གསལ་བོ་རེད། ད་ནི་འུ་ཅག་གིས་ཤེས་དགོས་པ་དེ་ནི་སྒེར་གྱི་ཁེ་ཕན་ལས་སྤྱི་དོན་གྱི་ཤུགས་ལ་རིགས་དང་རྒྱུ་སོགས་ཅི་ལྟར་སྲུང་སྐྱོབས་བྱེད་དགོས་པ་དེ་ཡིན་པ་ལས། ཡག་ཕྱོགས་ཙམ་ལ་མགོ་བོ་འཁོར་ནས་རིགས་ཀྱི་རྩ་བ་རུལ་བ་དང་སྒོར་་མོ་རེ་ཟུང་ཞིག་གསོགས་ཐུབ་པ་དེ་དག་གིས་རང་རང་གི་འཕུར་བསྐྱོད་དང་འགྲུལ་བཞུད་སྟབས་བདེ་སོང་བ་དེ་ཙམ་གྱིས་བོད་རིགས་ཀྱི་མ་འོངས་པ་མཚོན་མི་ཐུབ་ལ། བོད་དོན་གྱི་གྲུབ་འབྲུས་ཀྱང་གཏན་ནས་སོན་ཐུབ་མེད།

ཉིད་ནས་ད་དུང་། འུ་གཉིས་ཀྱིས་རྒྱ་གར་ནས་ཟ་ཁང་ནང་གི་གླ་ཆ་དང་སྐྱབས་བཅོལ་ལག་ཁྱེར་ཡོད་མེད་ཀྱི་གསར་འབྱོར་བ་དག་གི་མྱོང་བཞིན་པའི་དཀའ་ངལ་དག་གླེང་འདུག དེ་དག་ནི་དངོས་ནས་དཀའ་ངལ་མ་རེད་མི་ཟེར་ལ། དཀའ་ངལ་ལས་ཀྱང་རིགས་ཞེན་བོར་ས་དང་རིགས་རུས་ཆད་ས་ཆགས་མེད་པ་ཡིན། དེ་དག་ལ་བསམ་གཞིགས་བྱས་པ་ཡིན་ན། ཕྱི་ནས་གྲོགས་པོའི་བརྩེ་བ་ཡང་ཆུང་དུ་འགྲོ་བཞིན་ཡོད་ལ། དེ་ཡང་དུས་ཚོད་ཀྱིས་དེད་ནས་ཡིན་ལ། དུས་རབས་ཀྱི་མིང་གསར་བའི་ཁྲོད་ཀྱི་བྲེལ་བ་ཟེར་བའི་མིང་དེ་ལ་འཐམ་ནས་མི་ཚེ་ཐུང་ཐུང་དེ་འགྲོ་ཐབས་བྱེད་པ་དེ་ཙམ་ལས་གང་ཡང་མ་རེད།

གང་ལྟར། སྐྱེ་བོ་སྒེར་ལ་སྒེར་གྱི་ལྟ་ཚུལ་དང་སྒེར་གྱི་ཉམས་མྱོང་བཅས་ཡོད་དུས། ངས་ཀྱང་ཉིད་ཀྱི་ལྟ་ཚུལ་ལ་གུས་བཀུར་དང་དགའ་ཞེན་ཡོད་ལ། ཉིད་ཀྱི་འཚོ་བ་ཡང་རང་དབང་དང་ཐོབ་ཐང་ཡོད་པ་ཞིག་སྐྱེ་བཞིན་དེ་ལ་དགའ་བསུ་ཡོད། རེད་དེ། འུ་ཅག་ཟ་ལེ་རྒྱལ་དག་གིས་དཀྲུས་ན་མི་དག་ལ། ཨ་སྒོར་འབུམ་ཕྲག་ཁ་ཤས་ཤིག་བྱིན་ཡང་ཉོ་ཐུབ་མེད་པའི་ནག་ཉེས་ཤིག་བསགས་ཡོད་པ་དེ་ནི། རིགས་རུས་ལ་འགན་མ་བླངས་པ་དེ་ཡིན། ཡོང་སྲིད་པའི་བུ་ཕྲུག་དག་གིས་ཀྱང་བོད་སྐད་མི་ཤེས་ལ། ཤེས་ཀྱང་བོད་ཞེན་ཆུང་བ། བོད་མི་རིགས་ཀྱི་འཆི་གསོན་ལ་འགན་འཁྲི་ཡོད་པ་ཞིག་ཆགས་རྒྱུ་དེ་ནི་དངོས་ནས་ཁག་པོ་་རེད་དམ། དེ་དག་ལ་བསམ་བློ་ཞིབ་མོ་བཏང་དུས། ང་ཚོ་ནི་རང་ཉིད་ཀྱི་མི་རིགས་ཀྱི་ནག་ཅན་པ་ཆགས་ཡོད་པ་རེད།

དེ་ནས་དུས་རབས་གསར་བའི་བྲན་གཡོག་ཟེར་བའི་སྐོར་ལ་ཞུས་ན། ང་ཚོ་ནི་དུས་རབས་གསར་བའི་བྲན་གཡོག་ཆགས་པ་དེ་ནི། ལས་ཀ་ཤེས་མིན་དེ་གཅིག་བུ་མ་ཡིན་པར། རང་དབང་མེད་པའི་མི་རིགས་ཡིན་པ་དང་། རྒྱལ་ཁབ་མེད་པའི་བྲོས་བྱོལ་བ་བཅས་ཡིན་དུས། སུ་ཞིག་ལ་རྒྱལ་ཁབ་མེད་པ་དེ་ནི་དུས་རབས་གསར་བའི་བྲན་གཡོག་དུ་ཆགས་ཡོད་ལ། ཉིད་ཀྱིས་དྲངས་པའི་ཕྱི་རྒྱལ་གྱི་བྲན་གཡོག་དུ་འབོད་པའི་དུས་རབས་དེ་མཇུག་རྫོགས་ཡོད་ཀྱང་། འུ་ཅག་གིས་འགྲིམ་བཞིན་པའི་དུས་རབས་འདི་ནི་བྲན་གཡོག་ཡིན་པ་ངོ་མ་ཡིན། རྒྱུ་མཚན་ནི་ང་ཚོ་བོད་མི་ཡིན་ལ། བོད་མི་ལ་བོད་མིས་ཐོབ་ཐང་མེད། ཐོབ་ཐང་མེད་དུས་ཀྱི་མི་དེ་ནི་བྲན་གཡོག་ཆགས་ཡོད།

ད་རེབས་ཉིད་ལ་ཚིག་རྩོད་བྱས་པ་མིན་ལ། ང་རང་སྒེར་གྱི་ལྟ་ཚུལ་ཙམ་ཞུས་པ་ཡིན། ཉིད་ཀྱིས་གསུངས་པ་དེེར་ངོ་རྒོལ་ཡང་བྱས་མེད། སྤུན་གྱི་འདང་བརྩེ་ལ་ཡང་མ་ཤི་བར་དུ་འགྱུར་བ་འགྲོ་མི་སྲིད། ལྷག་པར་དུ་ཉིན་ནས་དང་དུ་བླངས་དེ་ཉལ་ས་དྲོ་ཡང་སེམས་པ་འཁྱག་ཟེར་བ་དེ་ཡི་སྐོར་ལ་རྩོམ་ཡིག་་བྲིས་པ་དགའ་ནས་ངས་ཀྱང་ཤར་མར་དྲ་ཐོག་ནས་ཁྱེད་ལ་འདི་ལ་སྤྲིངས་པ་ཡིན།

བསམ་ཚུལ་ག་རེ་ཡིན་ཡང་གླེང་ཆོག་པ་དེ་ནི་འུ་གཉིས་ཀྱིས་ལུགས་སྲོལ་ཡིན་དུས། ཁྱེད་རང་གི་སེམས་ལ་མི་གནོད་པ་ང་རང་ཡིད་ཆེས་ཡོད། རྗེས་མར་འདི་ལྟར་ག་རེ་གསུང་རྒྱུ་ཡོད་ན་དགའ་བསུ་གྲངས་མེད་ཞུ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 10

  1. karmadentse says:
    ལོ་ 16 སྔོན།

    བློ་བཟང་ལགས་ཁྱེད་རང་གི་མིང་དེ་དབྱིན་ཇིའི་ནང་ལ་བྲིས་པ་དེས་ང་ལ་དངོས་གནས་མི་གནོད་གི དེ་ཙམ་ཡིན།

    Reply
  2. tseringdhorjee says:
    ལོ་ 16 སྔོན།

    གྲོགས་པོ་ལགས། ངའི་མིང་དེ་ཐོག་མར་དེབ་འགོད་བྱེད་དུས་དབྱིན་མིང་བྲིས་ཡོད་སྟབས་བཟོ་བཅོས་མ་བཏང་བར་རང་དགར་བཞག་པ་དེས་ཁྱོད་དང་མི་རིགས་རིག་གཞུང་དང་བཅས་པར་ཅི་ཡང་མི་གནོད། བསམ་ཚུལ་སུ་ལ་བྲིས་མིན་དང་ཁྱེད་གཉིས་སེམས་ཐག་ཉེ་མིན་ངས་རྩོད་ཀྱི་མེད། གཙོ་བོ་རྩོམ་ཡིག་ཅིག་བཀླགས་པའི་མྱོང་ཚོར་གྱི་མཆན་བུ་ཞིག་ཡིན། ཐུགས་བདེ་བར་བཞུགས།

    Reply
  3. phuntsok says:
    ལོ་ 16 སྔོན།

    ཡུན་དུམ་པ། བགྲོ་གླེང་ཡག་པོ་བྱེད་གི་འདུག དེ་རིང་བར་དུ་མ་མཐོང་བ་ནི་ངའི་གྱོང་རེད་ཡ། ཁྱོད་གཉིས་ཀྱིས་གནད་འགག་གསལ་བོ་ཞིག་ལ་གླེང་མོལ་བྱེད་གི་འདུག མ་ཟད་སེམས་ནས་བཞུར་བའི་སྐད་དག་ལྷུག་ལྷུག་གིས་ཐོན་གྱིན་འདུག ངོ་དགའ་གི་
    འོན་ཀྱང་ང་རང་རྗེས་ལུས་ཚར་བས་བྲོ་བ་ཅང་མི་འདུག་ ཧ ཧ ཧ་

    Reply
  4. kkalsang says:
    ལོ་ 16 སྔོན།

    བཀླགས་ཟིན། ད་མགྱོགས་པོར་ཐ་ཧར་གྱི་ནང་དུ་འགྲོ་གི་ཡིན།

    Reply
  5. karmadentse says:
    ལོ་ 16 སྔོན།

    བློ་བཟང་ལགས་ལ། དང་པོ་ཁྱོད་ཀྱི་མིང་དེ་བོད་ཡིག་གིས་འབྲི་རོགས་གནང་། ངའི་བསམ་ཚུལ་དེ་ཚོ་བོད་ཤ་ཁྲག་ལ་བྲིས་པ་ཡིན། ངེད་གཉིས་སེམས་ཐག་ཧ་ཅང་ཉེ་བོ་ཡོད་པས་ངས་ཚིག་བརྩུབ་མིན་ལ་བསམ་བློ་བཏང་མེད། ངའི་བསམ་ཚུལ་དེ་ཁྱེད་རང་གིས་བཀླགས་པར་ཐུགས་རྗེ་ཆེ། རྗེས་མ་བསམ་ཚུལ་གསལ་བོར་བཟོ་ཐུབ་ན་ལན་རེ་རྒྱག་ཨེ་ཐུབ་བལྟ།

    Reply
  6. tseringdhorjee says:
    ལོ་ 16 སྔོན།

    སྤོབས་པ་མཐའ་ཡས་ལགས་ཁྱེད་ནས་མིའི་རིགས་དང་མི་རིགས་ཞེས་པའི་དོན་དེ་ངོ་མ་རྟོགས་འདོད་ཡོད་ན་སུ་ཏ་ལེན་གྱི་རྩོམ་ཡིག་གཅེས་བསྡུས་ནང་མང་དུ་མཐོང་རྒྱུ་ཡོད། དེར་གཟིགས་རོགས།

    Reply
  7. tseringdhorjee says:
    ལོ་ 16 སྔོན།

    ཐ་ཧྭར་སྐལ་བཟང་དང་སྤོབས་པ་མཐའ་ཡས་གཉིས་ཀྱིས་ཅི་ཞིག་བཤད་ཀྱི་ཡོད། གཅིག་ལ་ཕོག་ཅིང་གཅིག་གིས་དོན་རྟོགས་མི་འདུག་ན་རང་དགར་མགལ་མེའི་འཁོར་ལོ་བཞིན་སྟོང་གཡུག་ཅིག་བྱེད་པ་འདི་ངོ་མ་དུས་ཚོད་སྟོང་གཟད་མིན་ནམ། ཤ་ཁྲག་རུས་གསུམ་གྱིས་མི་རིགས་ཤིག་གི་བདེ་སྡུག་ལ་བསམ་སྟེ་རང་གི་བསམ་ཚུལ་ཙམ་གླེང་བར་ཐ་སྐལ་གྱིས་དང་དུ་ལེན་དགོས་པ་དེ་ཅི་ལ་ཐུག རང་ངོ་ལ་གནོང་ཞིག་ཡོད་ནི་མིན་ན་འཁང་རའི་ཚིག་མདའ་མང་པོ་ཅི་ལ་འཕེན། བོད་པ་སྟོང་ཕྲག་མང་པོ་ཕྱིའི་རྒྱལ་ཁབ་ཁག་ཏུ་འཚོ་སྡོད་བྱེད་བཞིན་པ་རྣམས་རིམ་བཞིན་དེ་དང་དེའི་རིགས་སྲས་སུ་མི་འགྱུར་བ་སུ་གཅིག་གིས་ཀྱང་བཤད་ཚོད་མི་ཐུག་ན། ཤ་ཁྲག་རུས་གསུམ་གྱིས་ཆུ་མ་ཡོང་གོང་གི་ཆུ་རགས་དང་རྐྱེན་མ་འོངས་གོང་གི་བཟློག་བསྒྱུར་གྱི་དཔེ་བཞིན་ཤ་ཚའི་ལྷག་བསམ་གྱིས་མ་བཟོད་པར་ཤ་ཐིམ་རུས་ཐིམ་བྱེད་པའི་གདོང་དམར་བའི་ལས་དབང་ལ་འདང་ཞིག་བརྒྱབས་ནས་རྩོམ་ཡིག་ཅིག་སྤེལ་བ་ཙམ་ཡང་དགའ་འོས་པའི་གཏམ་ཞིག་ཡིན། དེ་མིན་བོད་གཞུང་དང་འབྲེལ་མ་འབྲེལ་གྱི་བོད་མི་མང་པོ་ཕྱིའི་རྒྱལ་ཁབ་ཁག་ཏུ་བསྡད་ཡོད་ནའང་ཧ་ལམ་སུ་གཅིག་གིས་ཀྱང་འདི་འདྲའི་རྩོམ་ཡིག་ཅིག་ཕར་ཟད་རང་ལ་དགོས་མཁོ་མེད་ཚེ་དང་བླང་དཔྱ་དངུལ་དེ་ཡང་ཡག་ཐག་ཆོད་ཅིག་འབུལ་གྱི་ཆད་བསྡད་ཡོད་པ་ལ་བསམ་བློ་ཞིག་ཐོངས་དང་དེས་རང་བཞིན་གྱིས་བོད་ཀྱི་གདོང་འབག་་གྱོན་པ་ཙམ་ལས་དོན་དུ་བོད་ཀྱི་རིགས་ཞེན་མེད་པ་མཚོན་གྱི་ཡོད་པ་མ་ཡིན་ནམ། ད་དུང་ཐ་སྐར་ནས། བོད་དོན་བྱེད་འདོད་ཡོད་ན་གཞུང་སྒེར་གཉིས་ཀྱི་སུ་ཡིན་ན་འགྲིག་གི་མེད་པ་དེ་ཚོའི་རིགས་ཀྱི་སྒང་ལ་བསམ་བློ་ཞེ་དྲག་མ་གཏོང་། གཞུང་སྒེར་གང་ཡིན་ན་འགྲིག་གི་ཡོད་པ་དེའི་སྒང་ལ་ཤུགས་རྒྱག་དགོས་པ་གལ་ཆེན་རེད། ཅེས་པ་དེ་བྲི་ནོར་ཐེབས་པ་མིན་ལས་ཆེ། ཁྱེད་བསམ་བློ་ཁྱོན་ནས་གཏོང་མི་ཤེས་མཁན་ཞིག་ཡིན་རྒྱུ་མ་རེད་བསམ། འགྲིག་གི་ཡོད་པ་དེ་རྒྱུན་བསྲིངས་ནས་བྱེད་རྒྱུ་ཙམ་ལས་གཞན་མེད། འགྲིག་གི་མེད་པ་དེའི་སྒང་ལ་བསམ་ཚུལ་བརྗེ་རེས་ཀྱིས་འགྲིག་པར་བྱེད་དགོས་པ་ཆོས་ཉིད་ཡིན་ཡང་ཁྱེད་ནས་དེ་ཙམ་ཡང་དང་ལེན་མ་ཐུབ་པར་སྤྱི་ཡོངས་ལ་ང་རྒྱལ་གྱི་ཆོ་ངེ་འདེབས་དགོས་དོན་ཨ་ལ་ལ།
    ཕྱིའི་རྒྱལ་ཁབ་ཏུ་སྡོད་པའི་བོད་རིགས་རྣམས་ནས་གཟབ་གཟབ་མ་བྱས་པར་མི་རིགས་ཀྱི་ངོ་བོ་བརླག་པ་ཡིན་ན་བོད་མི་རིགས་ཀྱི་རྐང་འདྲེན་པ་དང་བོད་མི་རིགས་ཀྱི་ལོ་རྒྱུས་ལ་རང་བཞིན་གྱིས་ནག་ཐིག་ཅིག་ཕབ་པ་ཡིན། ༸གོང་ས་མཆོག་གིས་གཟུགས་པོའི་ཕྱི་དབྱིབས་བརྗེས་ཀྱང་ཤ་དང་རུས་པ་བོད་པ་ཡིན་པ་མ་བརྗེད་པ་བྱེད་དགོས་ཞེས་དུས་ནས་དུས་སུ་གསུངས་པ་འདི་ཁྱེད་ནས་ཡིད་ཆེས་མི་བྱེད་པའི་ཚད་དུ་སླེབས་མེད་ཚོད་གདའ། སྤྱོད་འཇུག་གི་ཚིགས་བཅད་གཅིག་དྲང་འདུག་པ་དེས་ཀྱང་གདེང་ཚོད་ཅིག་སླེབས་སོང།
    འོན་ཀྱང་ཁྱེད་ནས། བཅོས་སུ་ཡོད་མེད་བཤད་འདུག་ན་ད་དུང་བོད་མི་རིགས་ཀྱི་ངོ་བོ་བཅོས་སུ་ཡོད་བཞིན་དུ་ཁྱེད་ནས་མེད་པའི་སྒྲུབ་བྱེད་དུ་བཀོད་པ་འདི་ལ་རྟགས་གསལ་ཇི་ལྟར་གཏོང་རྒྱུ་ཡོད་མེད་ཁྱེད་ནས་ཤེས་ངེས་པས་ངས་གསལ་འདོན་མི་བྱེད།
    སྤོབས་པ་མཐའ་ཡས་ནས་དོན་མ་རྟོགས་བཞིན་དུ་ལན་འདེབས་བྱེད་པ་ནི་དམིགས་འབེབས་མ་མཐོང་བར་མདའ་འཕེན་པ་དང་གཅིག་མཚུངས་སུ་གྱུར་འདུག་པས་ལན་འདེབས་རིན་མ་མཐོང།

    Reply
  8. Pobpathaye says:
    ལོ་ 16 སྔོན།

    ཡིག་ནོར་ ཨ རིའི་ཨོ་བྷ་མའི་སྲིད་འཛིན་གྱི་ཕ་མ་གཉིས་ཀ་ཨརི་བ་མིན་མོད

    Reply
  9. Pobpathaye says:
    ལོ་ 16 སྔོན།

    ཤ་ཁྲག་རུས་གསུམ་གྱིས་བཤད་པའི་ནག་ཉེས་དེ་ངས་ངོས་ཟིན་མ་སོང་། ངོ་མ་ཟིན་མ་སོང་། ཤ་ཁྲག་རུས་གསུམ་གྱིས་མི་རིགས་ཟེར་བ་མིའི་གཟུགས་དབྱིབས་ཀྱི་སྟེང་ནས་དབྱེ་བ་ཕྱེས་ནས་ངོས་འཛིན་གྱིན་ཡོད་པ་འདྲ། ཕ་མ་གཉིས་ཀ་བོད་མི་ཡིན་རུང་བོད་སྐད་མི་ཤེས་མཁན་ཧ་ཅང་མང་། ཕ་མ་གཉིས་ཀ་བོད་མི་ཡིན་རུང་ཕྲུ་གུས་ང་བོད་ཡིན་ཟེར་འདོད་མེད་མཁན་དེ་བས་མང་། ཕ་མ་གཉིས་ཀ་བོད་མི་ཡིན་རུང་བོད་ཡུལ་མིག་གིས་མ་མཐོང་བ་ཆེས་ཤིན་དུ་མང་། སྲིད་འཛིན་བྷི་རག་ཨོ་བྷ་མའི་ཕ་མ་གཉིས་ཀ་ཨ་མེ་རི་ཁ་བ་ཡིན་མོད་ཨོ་བྷ་མ་ཨ་མེ་རི་ཁ་བ་མ་རེད་ཟེར་ག་ལ་ཐུབ། དཔེ་དེ་ལྟ་བུ་རེད། བོད་ཀྱི་ལོ་རྒྱུས་ཕལ་མོ་ཆེའི་ནང་དུ་ཁྲི་སྲོང་ལྡེའུ་བཙན་གྱི་མ་ཡང་རྒྱ་མོ་ཡིན་པར་བཤད་ཡོད་པ་རེད། ཚེ་ཏན་ཞབས་དྲུང་དང་གཟན་དཀར་སྤྲུལ་སྐུ་ཐུབ་བསྟན་ཉི་མ་སོགས་བོད་མི་ཡོད་ན་མེད་ན་དེ་ཚོའི་ཀྱང་ཕ་མའི་སྟེང་ནས་བལྟས་ན་རྒྱ་མི་རེད་འདུག ངས་ཐོག་མར་ཁྱེད་ལ་རེ་འདུན་ཞིག་ཞུ་བཞིན་པ་དེ་ནི་མི་རིགས་ཟེར་བ་དེ་ག་འདྲ་ཞིག་ལ་ངོས་འཛིན་གྱིན་ཡོད་མེད་ལ་བསམ་གཞིག་ཅིག་བྱ་རོགས། བོད་གྱི་མཐའ་མཚམས་ཚོ་སྡེ་གློ་བོ་དོལ་བོ་གཉིས་ལ་བསམ་བློ་ཞིག་ཐོངས་དང་། དོན་དུ་མངའ་རིས་ཀྱི་འབྲོག་རྒན་དེ་ཚོ་དང་ཁོ་ཚོའི་བར་ན་ཁྱད་པར་སྤུ་ཙམ་ཡང་མེད་པ་རེད། མེད་ན་ཡང་དེང་སང་གློ་བོ་བ་དང་དོལ་བོ་བ་ཚོས་ང་ཚོ་ནེ་པལ་བ་ཟེར་བ་མ་གཏོགས་ང་ཚོ་བོད་མི་ནམ་ཡང་ལབ་ཀྱིན་མི་འདུག ད་དུང་བཤད་རྒྱུ་ལུང་བ་གང་ཡོད་མོད་དེ་རིང་འདི་ཙམ་ཡིན། བགྲོ་གླེང་ཞིབ་པར་རྗེས་སུ་བྱེད།

    Reply
  10. karmadentse says:
    ལོ་ 16 སྔོན།

    ལན་ཞིག་ལམ་སེང་བྲིས་ཡོད། ཀློག་རོགས་གནང་ཞུ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese