མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁང་ཆུང་ནང་གི་ཁ་བརྡའི་ལན་དུ། སྤུན་མཆེད་ཐ་ཧར་ལ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་ནས་ངས་ས་ལེ་རྒྱ་འཁྲབ་མིན་དེ་ཡང་མི་གཞན་ལ་ཇུས་ཏོག་རྩ་བ་ནས་ཡོད་པ་མ་རེད་བསམ་གྱི་འདུག དེ་བཞིན་ངས་བོད་མི་རིགས་ཀྱི་རིགས་རྒྱུད་ལ་ནག་ཐིག་ཞིག་བཟོས་ཡོད་པ་རྩ་བ་ནས་ཁས་ལེན་བྱེད་ཀྱི་མེད།

སྤྱིར་ན་འུ་སྤུན་གཉིས་ཀྱིས་བསམ་ཚུལ་སྔ་མོ་ནས་གཅིག་ལ་མི་འགྲོ་བ་དེ་ནི་ངེད་གཉིས་ཀྱི་སེམས་སུ་གསལ་བ་དེ་རེད། འོན་ཀྱང་། ཉིད་ནས་གོང་གི་བཤད་མ་ཐག་པའི་ཚིག་དེ་ལ་བལྟས་ན། ད་གཟོད་འུ་གཉིས་ཀྱི་སྐད་ཆའི་གླེང་གཞི་ངོ་མ་དེ་འགྱུར་ཚར་འདུག ངས་བཤད་པ་ནི་བོད་མི་སྐྱེ་བོ་རེ་རེ་ནས་འགོ་བཙུགས་དེ་བོད་ཀྱི་འཆི་གསོན་ལ་འབྲེལ་བ་ཡོད་པ་ར་གླེང་གི་ཡོད་ཀྱང་། ཉིད་ནས་སྐྱེ་བོ་སྒེར་ནི་བོད་ཀྱི་སྤྱི་ཚོགས་དང་འབྲེལ་བ་མེད་པར་གླེང་བ་དེ་ཡིས། ད་གཟོད་འུ་གཉིས་་ཀྱིས་བསམ་ཚུལ་གླེང་ཡང་དགོས་པ་དེ་ཙམ་མཐོང་མ་སོང་།

ལྷག་པར་དུ། རིགས་ཞེན་གྱི་སྙིང་རྩ་མཁྲེགས་ཤིང་། ཤེས་ཡོན་གྱི་གཤོག་རྩལ་རྒྱས་ཤིང་། རྣམ་དཔྱོད་ཀྱི་རིག་པ་རྣོ་བའི་བདག་གི་སྤུན་མཆེད་ཉིད་ལ་ངས་སྔ་མོ་ནས་གདེང་འཇོག་ཆེན་པོ་བྱེད་ཀྱི་ཡོད། རེད་དེ། ད་རེབས་ཀྱི་མི་རིགས་ཤིག་གི་འཆི་གསོན་གྱི་སྐོར་ལ་བོད་མི་སྐྱེ་བོ་སྒེར་ནས་བཟུང་དེ་བོད་ལ་འབྲེལ་བ་མེད་པར་གསུངས་པ་དེ་ཙམ་གྱིས། ད་གཟོད་འུ་གཉིས་ཀྱིས་ཁང་ཆུང་འདི་ནས་སྐད་ཆ་གང་ཞིག་བཤད་ཀྱང་། ཁྱེད་རང་ནི་སྐྱེ་བོ་སྒེར་ཞིག་ཡིན་ལ། བོད་ཀྱི་མི་དང་འབྲེལ་བ་མེད་པར་ཁས་ལེན་ཤོར་ཚར་བ་དེ་རེད།

ད་ནི་མི་རིགས་ཤིག་འཇིག་དགོས་པ་ཡིན་ན། ཇི་ལྟར་འཇུག་དགོས་མིན་དེ་ནི་འཛམ་གླིང་ཡོངས་ཁྱབ་ཀྱི་མཁས་པ་དང་། ཤེས་རམས་པ། སློབ་སྟོན་པ། གཤེས་གཤེན་པ། ཤེས་ཡོན་པའི་སྡེ་སོགས་ནས་ཇི་ལྟར་ཐག་བཅད་ཡོད་མིན་དེ་ཡི་ཐད་དུ་ཉིད་ལ་ལྟ་ཚུལ་གང་ཡོད་ལགས།

དེ་མིན་སྐྱེ་བོ་སོ་སོའི་འཚོ་བ་སྐྱིད་མིན་དེ་ཙམ་གྱིས་འགྲིག་གི་ཡོད་པར་གླེང་བ་དེ་ཙམ་གྱིས་བོད་དོན་ཡང་འཁྱོང་གི་ཡོད་ཟེར་ན། ངས་ཇི་སྲིད་བར་དུ་ཁས་ལེན་མི་བྱེད། རྒྱུ་མཚན་ནི་ང་དང་ཁྱེད། དྲ་ཐོག་གི་སྤུན་ཟླ་ང་ཚོ་ཚང་མ་ད་ལྟ་གང་དུ་ཡོད་མེད་ལ་མ་བལྟས་པར་རྒྱལ་ཁབ་ཤོར་བའི་སྐྱབས་བཅོལ་བ་ཤ་སྟག་ཡིན།

ཞོར་དུ། དྲ་ཐོག་གི་སྤུན་ཟླ་མི་ཉུང་བ་ཞིག་གིས་ངེད་གཉིས་ཀྱི་ཁ་བརྡ་འདིས་ཆ་ཤས་བླངས་པ་དེར་དགའ་ནས་ཡོད་ལ། ཞོར་དུ་བསམ་ཚུལ་གསུངས་པ་དེ་དག་ཡང་ཀློག་ཡོད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 10

  1. karmadentse says:
    ལོ་ 16 སྔོན།

    བློ་བཟང་ལགས་ཀྱིས་ཡང་བསྐྱར་བསམ་ཚུལ་བཏོན་པར་ཐུགས་རྗེ་ཆེ། སྤོབས་པ་མཐའ་ཡས་ལགས་ཀྱི་ནེ་ཞོན་༼antion༽ཟེར་བའི་ནང་ལ་རིགས་འདྲ་མིན་ཡོད་ཆོག་གི་འདུག་ཟེར་བའི་དཔེ་དེ་ངའི་སྣང་བ་འགྲོ་སོང་། དེ་ཁྱེད་རང་གི་བསམ་ཚུལ་དང་མི་མཐུན་ན་ང་ལ་ཐབས་ཤེས་བྲལ། ཁྱེད་རང་གི་མིང་དབྱིན་ཡིག་ནང་ལ་བྲིས་པ་དེ་ངས་སྣང་བ་ཞེ་དྲག་འགྲོ་སོང་།

    Reply
  2. tseringdhorjee says:
    ལོ་ 16 སྔོན།

    དྲ་གྲོགས་ཐ་སྐར་ལགས། སྤོབས་པ་མཐའ་ཡས་ནས་རྐུན་རྒྱབ་ཇག་ལངས་བྱས་པར་རྗེས་སུ་ཡི་རང་བྱས་པ་ནི། སྤྲེལ་རྒན་རྣམས་ཀྱིས་མི་བཟུང་ནས། །མཇུག་མ་མེད་ཅེས་བགད་ལ་ལྟོས། །ཞེས་པའི་དོན་དུ་འགྱུར་ལ། སྤོབས་པ་མཐའ་ཡས་ནས་ཀྱང་ཡང་སྤྲུལ་ག་གེ་མོ་རེ་རྒྱ་རིགས་སུ་འཁྲུངས་པ་མི་རིགས་ལ་ཁྱད་པར་མེད་ཚུལ་བཀོད་པ་ནི་བསྒྲུབ་བྱ་སྒྲུབ་བྱེད་དུ་མི་འགྲོ་ནའང་ཁྱོད་ནས་ད་དུང་དཔེ་ཡག་པོ་ཞིག་བཀོད་འདུག་ཅེས་བརྗོད་པ་ནི་ཁྱོད་རང་གི་རང་མཚང་རེ་ཕྱི་རུ་བཏོན་པ་ཅིའི་ཕྱིར་མི་འགྱུར། སྤོབས་པ་མཐའ་ཡས་ཟེར་བ་དེས་སྐབས་འགར་རྩོམ་ཡིག་ལེགས་པོ་བྲི་ཞིང་སྐབས་འགར་ཅི་ཞིག་བཤད་ཀྱི་ཡོད་མེད་མི་ཤེས་པའི་ཚོག་ཉོག་ཅན་མང་དུ་བྲི་གི་འདུག སྤོབས་པ་མཐའ་ཡས་ཀྱིས་ཁ་སང་བཤད་པའི་དཔེ་དེ་ནི་ནང་པའི་ཆོས་གཞུང་ནང་མི་རིགས་དབྱེ་བ་མེད་པར་སྤྲུལ་སྐུ་ངོས་འཛིན་ཞུ་ཆོག་པའི་སྒྲུབ་བྱེད་ཅིག་ལས་གཞན་དུ་ཅི། བསམ་བློ་ཞིབ་ཏུ་ཐོངས།

    Reply
  3. karmadentse says:
    ལོ་ 16 སྔོན།

    བརྗོད་བྱ་འདིའི་སྒང་གི་ཆེས་མཐའ་མིའི་མཆན། ང་བོད་པ་ཡིན་པ་ངོས་འཛིན་བྱས་པ་ཐུགས་རྗེ་ཆེ། ང་བོད་པ་ཡིན་པས་ངའི་ཕྲུ་གུ་དེ་ཚོ་ཡང་བོད་པ་རེད། ཁྱེད་རང་གིས་བོད་མི་རིགས་ཡིན་མིན་གྱི་ས་མཚམས་ལ་ཐིག་ཞིག་འཐེན་འདོད་ཡོད་ན། སྤོབས་པ་མཐའ་ཡས་ལགས་ཀྱི་ངའི་ཟིན་བྲིས་ནང་ལ་དཔེ་ཡག་པོ་ཞིག་བཞག་འདུག་པས་དེ་ལ་ཐེངས་གཅིག་གཟིགས་རོགས། ད་ཁྱོད་ཀྱི་རྨི་ལམ་ཟེར་བའི་རྩོམ་ཡིག་ལ་མཆན་ཞིག་འབྲི་རུ་འགྲོ་འདོད་ཡོད་པས་བརྗོད་བྱ་འདི་བསྐྱུར་རྒྱུ་ཡིན།

    Reply
  4. sha tak ri sim says:
    ལོ་ 16 སྔོན།

    ཁྱེད་རང་མ་ཤི་བར་དུ་བོད་པ་མ་རེད་ཟེར་མཁན་གཏན་ནས་ཡོང་མ་རེད་ལགས། འོན་ཀྱང་། ཁྱེད་རང་ལ་ཡོང་སྲིད་པའི་ཕྲུ་གུ་དེ་དག་བོད་མི་ཡིན་མིན་གྱི་སྐད་ཆ་ཞིག་ཡོང་སྲིད་པ་ཡིན་དུས། དེ་ཡི་ཐད་དུ་ཉིད་ནས་བསམ་གཞིག་རླབས་ཆེན་གནོང་རོགས་ཞུ། ད་དུང་། ཉིད་ནས་གསུངས་མ་ཐག་པ་བཞིན། ཉིད་ཀྱིས་བསམ་ཚུལ་དང་ཉིད་ཀྱི་མི་ཚེ་བསྐྱེལ་སྟངས་བོད་རིགས་སྐྱེ་བོ་གཞན་དག་དང་སྐྱིད་སྡུག་མཉམ་གླེང་བྱེད་མིན་དེ་ཡང་སྐུ་ཉིད་ལ་དབང་བའི་ཐོབ་ཐང་ཡིན་ལ། ཐོབ་ཐང་དེ་ཡང་ཁྱེད་རང་མ་ཤི་བར་དུ་བོད་མི་རིགས་དང་འབྲེལ་ཡོད་པ་ཐུགས་སུ་འཇག་པར་ཞུ། བདག་གི་སྙིང་ནས་བརྩེ་བ་ཟབ་པའི་སྤུན་མཆེད་ཐ་ཧྭར་ལགས།

    Reply
  5. karmadentse says:
    ལོ་ 16 སྔོན།

    སྙིང་ཉེ་བའི་སྤུན་གྲོགས་ལགས། ད་རེས་ཀྱི་གཏམ་འདི་འུ་གཉིས་ཀྱི་བརྗོད་བྱ་འདིའི་སྒང་གི་གཏམ་མཐའ་མ་དེ་ཡིན་པའི་རེ་བ་ཡོད། གོང་གི་ལྗང་མདོག་ནང་གི་ཚིག་རྐང་དེ་གཉིས་ངས་བྲིས་པ་ཡིན་པ་ངོས་ཟིན་སོང་། ཚིག་རྐང་དེ་གཉིས་ཀྱིས་བོད་མི་རིགས་ཀྱིས་ང་བསྐྱུར་བཏང་བ་འདྲ་བོ་དང་ངས་བོད་མི་རིགས་བཞག་ནས་བྲོས་འགྲོ་བ་འདྲ་བོ་གང་ཡང་སྟོན་གྱི་མེད། ཚིག་རྐང་དེ་གཉིས་ཀྱིས་ག་རེ་སྟོན་གྱི་ཡོད་པ་རེད་ཟེར་ན་ང་རང་སྒེར་གྱི་མི་ཚེ་དེ་སུ་ལ་ཡང་འགྲེལ་བཤད་རྒྱག་དགོས་པར་མཐོང་གི་མེད་པ་དང་བོད་སྤྱི་བའི་དོན་ལ་སྦྱར་དགོས་པ་ཡང་མཐོང་གི་མེད་པ་སྟོན་གྱི་ཡོད། གལ་སྲིད་ཁྱེད་རང་གིས་སོ་སོ་སྒེར་གྱི་མི་ཚེ་དེ་སྐྱེས་བུ་གཞན་ལ་བཤད་འདོད་ཡོད་པ་དང་བོད་སྤྱི་བའི་ལས་དོན་དང་ལྷན་དུ་བསྲེས་འདོད་ཡོད་ན། ངས་དེ་ལ་རྒྱབ་སྐྱོར་བྱེད་པ་ལས་གཞན་ཅི་ཡང་མེད། ལྷག་པར་དུ་ངས་བོད་སྤྱི་བའི་ལས་དོན་ཅི་ཞིག་བྱེད་ཀྱི་ཡོད་མེད་དང་བོད་མི་རིགས་ལ་ཤ་ཞེན་ག་ཚོད་ཡོད་མེད་སོགས་མི་གཞན་ལ་འགྲེལ་བཤད་འདྲ་རྒྱག་དགོས་པ་རེད་བསམ་གྱི་མེད། མཐའ་མཇུག་ཚིག་ཅིག་ཡོད་པ་དེ་ང་བོད་ཡིན་ཟེར་བ་དེ་ཡིན།

    Reply
  6. sha tak ri sim says:
    ལོ་ 16 སྔོན།

    སྒང་གི་ལྗང་འདོག་ལྡན་པའི་ཡི་གེ་དེ་དག་ནི། ཉིད་ནས་བདག་ལ་ལན་དུ་བྲིས་པའི་སྐད་ཆ་རེད། ངས་ཁྱེད་རང་ལ་དམིགས་བསལ་གྱིས་བཀའ་ལོག་འདྲ་གང་ཡང་ཞུས་མེད། ཁྱེད་རང་གིས་ང་ལ་བྲིས་པའི་སྐད་ཆ་དེ་དག་གི་ཁྲོད་དུ་ཞིབ་མོ་ཞིག་གཟིགས་ནས་ད་གཟོད།ངས་བཤད་པའི་སྐད་ཆ་དེ་དག་ལ་ལན་ཞིག་གནོང་དང་། ད་གཟོད་བཤད་རེས་ཉན་རེས་རེད་ཡ་་་

    Reply
  7. karmadentse says:
    ལོ་ 16 སྔོན།

    ཁྱོད་ཀྱིས་ང་སྒེར་ཡིན་བོད་མི་རིགས་དང་འབྲེལ་བ་མེད་པའི་བཟོད་འདྲ་བོ་ཞིག་བྲིས་འདུག ངས་དེའི་རྒྱུ་མཚན་གསལ་བོ་ཞིག་ཤེས་མ་སོང་། སྟབས་ཀ་འགྲིག་ན་ལན་ཞིག་རྒྱག་རོགས།

    Reply
  8. karmadentse says:
    ལོ་ 16 སྔོན།

    ངས་དྲ་ཐོག་གི་སྤུན་ཟླ་ཚོས་འུ་གཉིས་ཀྱི་ཉོག་གཏམ་ལ་ཉན་འདོད་ཡོད་པ་ཡེ་ནས་ཤེས་མ་སོང་། འུ་གཉིས་ཀྱི་ཁ་བརྡའི་ནང་ན་ཆ་ཤས་ལེན་དགོས་པའི་གནད་དོན་འདྲ་ཡོད་པར་མ་བསམ།

    Reply
  9. sha tak ri sim says:
    ལོ་ 16 སྔོན།

    བསམ་ཚུལ་རིང་བོ་དེ་བོར་ནས་ཐུང་ཐུང་ཞིག་འདི་རུ་ཤར་རྒྱགས་ཤིག་གིས་བྲིས་འདུག དགའ་ནས་ཡོད། བསམ་ཚུལ་ག་ལེར་ཤོད་དང་། ཁང་ཆུང་ནང་དུ་འུ་གཉིས་མ་གཏོགས་ཉན་མཁན་ཡང་མི་ཉུང་བ་ཞིག་འདུག ཁོང་ཚོས་ཀྱང་ཁ་བརྡའི་གོ་སྐབས་དེ་ལེན་འདོད་ཡོད་རབས་ཡང་ཡང་གསུང་གི་འདུག ད་ནི་འུ་གཉིས་ཀྱིས་དྲ་ཐོག་གི་སྤུན་ཟླ་དག་གི་དྲི་བ་དྲི་ལན་དག་ལ་ཡང་ལན་རེ་བཏབ་ན་འོས་པོ་འདུག་པར་སྙམ་ལགས།

    Reply
  10. karmadentse says:
    ལོ་ 16 སྔོན།

    ངས་ལན་རིང་ཐག་ཆོད་གཅིག་བྲིས་ཡོད་མོད་ད་ལྟ་རང་བརླགས་སོང་བས། ཡང་བསྐྱར་འབྲི་འདོད་མི་འདུག ང་རང་སྐྱེ་བོ་སྒེར་རེད་བོད་མི་འབྲེལ་བ་མེད་པར་ཁས་ལེན་ཚར་བ་རེད་ཟེར། ངས་ཇོ་བོ་རིན་པོ་འདིའི་གོ་དོན་རྟོགས་མ་སོང་། ངས་གོང་གི་བསམ་ཚུལ་གཉིས་ཀྱི་ནང་ལ་རྩལ་དུ་བཏོན་ནས་༼བཤད་སྟངས་ཞིག་མཁྱེན་ཡོད་ཤག་ཡིན་༽ག་རེ་བཤད་ཡོད་ཟེར་ན་ང་བོད་པ་ཡིན་ངས་བོད་པའི་སྤྱི་དོན་བྱེད་དགོས་པ་རེད་ཟེར་ནས་བྲིས་ཡོད།
    ཡང་བསྐྱར་འུ་གཉིས་བསམ་ཚུལ་གཉིས་ཡོད་པ་དེ་དགའ་འོས་པ་རེད། གང་ཡིན་ཟེར་ན་དེས་འུ་གཉིས་ལ་རང་དབང་གི་མགོ་གཉིས་ཡོད་པ་སྟོན་གྱི་འདུག དེ་ཙམ་བྱ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese