རྩོམ་པ་པོ་ཞོགས་དུང་ངམ་བཀྲ་རྒྱ་ལགས་ཁ་སང་ཕྱི་དྲོར་གློད་བཀྲོལ་བཏང་ཡོད་འདུག
དེ་རིང་ཕྱི་ཚེས་ ༡༥ ཉིན་གྱི་ཞོགས་པར་རྩོམ་པ་པོ་འོད་ཟེར་ལགས་ཀྱི་དྲ་ཚིགས་སྟེང་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོ་ཕྱི་ཟླ་ ༤ བའི་ནང་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་བཙོན་འཇུག་བྱས་པའི་རྩོམ་པ་པོ་ཞོགས་དུང་ལགས། ཁ་སང་ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོར་བཙོན་ཁང་ནས་གློད་གྲོལ་བཏང་ཡོད་ཚུལ་ཁོང་གི་ཁྲིམས་རྩོད་པ་ལིས་ཧྥང་ཕེན་གྱིས་བརྗོད་འདུག་ལ། ད་ལྟའི་ཆར་ཁོང་གི་གཟུགས་གཞིའི་གནས་སྟངས་བདེ་ཐང་ཡིན་ཚུལ་ཡང་འགྲེལ་བརྗོད་གནང་འདུག
འདི་ལོའི་ཕྱི་ཟླ་བདུན་པའི་ཟླ་དཀྱིལ་དུ་འབྲེལ་ཡོད་ཚན་པས་ཁོང་གི་ནང་མི་དང་ཁྲིམས་རྩོད་པར་ཁོང་མྱུར་ཏུ་ལྟ་ཞིབ་ཁང་ཞིག་ཏུ་མངགས་གཏོང་བྱ་རྒྱུ་ཡིན་ཚུལ་བརྗོད་ཡོད་ཀྱང་། ཐེངས་འདིར་གློ་བུར་དུ་ཁོང་གློད་གྲོལ་བཏང་བ་དེ་གལ་གནད་ཆེ་བའི་སྲིད་ཇུས་ཤིག་གི་འགྱུར་བ་ལ་བརྟེན་ནས་བྱུང་བ་ཡིན་ཚུལ་དང་། ད་ལྟའི་ཆར་ཁོང་གློད་གྲོལ་གཏོང་དགོས་པའི་རྒྱུ་མཚན་ལ་གསལ་ཁ་མེད་པའི་གནས་ཚུལ་བཀོད་འདུག
གསར་འགོད་པ། དོན་གོ།
རིག་ཤེས་ཀུན་གྲོལ་གྱི་བོད་རིགས་དཔའ་བོ་དེ་རྩོམ་པ་པོ་ཞོགས་པའི་དུང་སྒྲ་གསལ་ལེར་འབུད་མཁན་དང་། གཞོན་སྐྱེས་དང་། རྒན་རབས་པའི་བར་གྱི་བསམ་བློའི་འགལ་ཟླ་སེལ་མཁན་གྱི་དེང་དུས་དཔྱད་བརྗོད་རིག་པའི་གཞི་རྐང་སྲ་བརྟན་དུ་བཙུགས་ཡོད་པའི་དཔའ་བོ་ཤེས་རབ་ཅན་ཁོང་དགྱ་ནག་པོའི་བཙོན་འོག་ནས་ཀློད་གྲོལ་ཐོབ་པའི་དྲ་ཚིགས་གསར་བསྒྲགས་རྣ་བས་ཐོས་མ་ཐག་སེམས་ཀྱི་གཏིང་ནས་དགའ་པའི་ལག་ཟུང་ཐལ་མོ་སྦྱོར་དགོས་པར་གྱུར།
ཡག་པོ་རེད། ཡིན་ནའང་དགྱ་ནག་གི་ཁྲིམས་ལུགས་དེ་ལྭ་བ་སྣུམ་གྱིས་ཟོས་པ་བཞིན་ཅི་ཡིན་འདི་ཡིན་མེད་པར་ཁྲེལ་མེད་ལུགས་མེད་ཀྱི་བྱ་སྤྱོད་སྤེལ་འོང་གི་རེད།
ཁོང་ཚོ་དེ་འདྲའི་བྱ་སྤྱོད་སྤེལ་བ་ལ་ཞེད་སྣང་ཡོད་པ་མ་རེད་ལ། ངོ་ཚ་དེ་བས་ཡོད་པ་མ་རེད། དེ་འདྲ་ཡིན་དུས། ད་རེ་རྩོམ་པ་པོ་ཁོང་ཀློད་གྲོལ་བཏང་བ་དེ་ལ་ཡང་སྲིད་ཇུས་ཐབས་རྡུགས་ཤིག་བཏང་ཡོད་ངེས་རེད།
བཀུར་འོས་པའི་སྐུ་ཞབས་ཞོགས་པའི་དུང་སྒྲ་བཙོན་གྲོལ་ཐོབ་པར་སྙིང་ཐག་པ་ནས་དགའ་བསུ་ཡོད། ཁྱེད་དང་ཁྱེད་ཀྱི་སྙིང་སྟོབས་གཉིས་ཀྱི་སྐུ་ཚེ་བསྐལ་བར་བརྟན་པའི་སྨོན་འདུན་ཞུ།
སྐུ་ཞབས་ཞོགས་དུང་ཀློད་གྲོལ་ཐོབ་པ་ཡག་པོ་རེད། ད་རེས་རྒྱ་གཞུང་དབྱིན་གཞུང་གིས་སྣ་ཟུག་མ་ཐེག་པ་མ་ཡིན་ནམ། གང་ལྟར་ཞོགས་དུང་ལ་མཚོན་ན་རྒྱལ་ཁ་ཆེན་པོ་ཞིག་ཐོབ་པ་རེད། སྐུ་ཞབས་ཞོགས་དུང་རྒྱལ་སྤྱིའི་སྤྱི་ཚོགས་གཙོ་བོར་གྱུར་བའི་བོད་ཕྱི་ནང་གཉིས་ཀྱིས་ངོ་གསལ་བོ་ཞིག་ཤེས་སོང་བ་ཡིན།
ཁོང་ཉིད་གློད་གྲོལ་བཏང་བ་དེ་དངོས་བདེན་ཡིན་ན་ངོ་མ་སྐྱིད་པ་ལ། ཡིན་ཡང་དོན་དམ་གྱི་གློད་གྲོལ་ཞིག་ཡིན་པའི་རེ་བ་ཆེན་པོ་ཡོད།འདི་བ་སང་གི་ཆབ་སྲིད་ནི་བཤད་མི་ཤེས་བའི་ལྷ་སྒྲུང་ལྟ་བའི་ཡིན་པས་ད་དུང་བློ་བདེ་ཆོག་ཆོག་མེད་ཡ།ཡིན་ན་ཡང་ང་ཚོ་གནས་སྐབས་རིང་དགའ་ཆོག་ཆོག་རེད་འདུག
སྐུ་ཞབས་བཀྲ་རྒྱ་གློད་གྲོལ་བཏང་ཡང་། གློད་གྲོལ་གྲོལ་གཏོང་དགོས་པའི་རྒྱུ་མཚན་ཅི་ཡང་བཀོད་མི་འདུག་པས། ད་དུང་བློ་བདེ་བོ་ཞིག་ཆགས་དཀའ།
སྐུ་ཞབས་བཀྲ་རྒྱལ་ཁོང་བཙོན་གྲོལ་ཐོབ་པར་སེམས་གཏིང་ནས་་རྟེན་འབྲེལ་ཞུ་བ་དང། ཁོང་གི་འདོད་དོན་ཐམས་ཅད་འགྲུབ་པའི་རེ་མདུན་ཞུ།
སྐུ་ཞབས་ཞོགས་དུང་ལགས་ལ་བཀྲ་ཤིས་ལེགས་ཞུ།གང་ཡིན་ཟེར་ན་ང་ཡང་བོད་མི་ཡིན་པས་ཆ་ནས་ངེད་ཅག་གི་ཆེད་དུ་ཡིན་པས་སོ་
སྐུ་ཞབས་ཞོགས་དུང་གློད་གྲོལ་བཏང་བར་འཚམས་འདྲི་ཞུ་རྒྱུ་དང།་་་་་་ད་ལམ་རྒྱ་དམར་གཞུང་གིས་ཁོང་གློད་གྲོལ་བཏང་བ་ནི་འཆི་ཁའི་ངལ་ཙམ་ཞིག་བསྐྱར་འཛིན་བྱ་རྒྱུ་ཡིན་པ་ངེས་པ་ཞིག་རེད།་་་ངས་བལྟས་ན་ཁོང་གློ་བུར་བཙོན་གྲོལ་གཏོང་དོན་ནི་སྤྱི་ཚོགས་ཐོག་ཁོང་དང་འབྲེལ་འདྲིས་ཆེ་ཞིང་ཁོང་གི་ལྟ་བར་རྒྱབ་སྐྱོར་གནང་མཁན་རིགས་རྩད་གཅོད་གནང་ཐབས་ཤིག་མིན་ནམ་སྙམ།་བྱུས་ཙང་་་གང་མྱུར་ཉེན་ཡོལ་བྱ་ཐུབ་ན་བཟང་སྙམ
སྐུ་ཞབས་ཞོགས་དུང་ལགས་བཀྲ་ཤིས་བདེ་ལེགས།
འོན་ཀྱང་རྗེས་སུ་བཟབ་བཟབ་གནང་རོགས།
སྐུ་ཞབས་ཞོགས་དུང་ཁོང་ལ་སྙིང་སྟོབས་འདུག་ག ཁོང་ཉིད་གློད་གྲོལ་ཡོངས་བ་དེར་ལྟོས་ན་རྒྱ་གཞུང་གིས་《གནམ་ས་གོ་འབྱེད་》ལ་རིན་ཐང་ཞིག་བཞག་ཡོད་པ་རེད། གནམ་ས་གོ་འབྱེད་མིང་དོན་མཚུངས་པའི་རྩོམ་ཡིག དུས་རབས་འདི་ཡི་སྙིང་སྟོབས་གསར་པ་ལེ་ཚན། ཁོང་ཉིད་ལ་བར་ཆད་མེད་པ་ཤོགས།
ཞོགས་དུང་རྒྱ་གར་གྱིས་བཙོན་འཇུག་བྱས་ནས་རྒྱ་ནག་གིས་གློད་གྲོལ་བཏང་ན་ང་ཚོས་གུང་ཁྲན་ཏང་ལ་ཐུགས་རྗེ་ཆེ་ཞུ་དགོས།
ཞོགས་དུང་འཛིན་བཟུང་བྱེད་མཁན་རྒྱ་ནག་ཡིན་ལ་གློད་མཁན་ཡང་རྒྱ་གུང་ཁྲན་ཡིནགསྟབས་ང་ཚོས་དགའ་དགོས་པ་དང་། ང་ཚོས་ཐུགས་རྗེ་ཆེ་ཞུ་དགོས་དོན་མེད།
རྒྱ་ནག་གུང་ཁྲན་ཏང་གི་སྲིད་དོན་དེ་མངར་ན་བུ་རམ་གྱི་རོ་ལས་མངར་བ་ཡོད་སྟབས། རོ་དེ་ལ་ཞེན་དྲགས་ན་བུང་བའི་ཁྱུ་ཚོགས་ཚང་ནས་འཆི་ཉེན་ཡོད།
རྒྱ་ནག་གུང་ཏང་གིས་ཆབ་སྲིད་དེ་རྩུབ་ན་རྣོ་ལྕགས་འཚེར་མ་ལས་རྣོ་བ་ཡོད་སྟབས་བཅར་དྲགས་ན་ལུས་ལ་རྩུབ་རེག་གིས་འབྲད་ཉེན་ཡོད།
མདོར་ན་ཞོགས་དུང་བཟུང་ཙམ་བྱས་ནས་བལྟ་བཞིན་ཡོད་ལ་ཞོགས་དུང་གློད་ཙམ་བྱས་ནས་བལྟ་བཞིན་ཡོད། དེ་ཚོ་ཚང་མ་རྒྱ་ལ་དགོས་གལ་ཡོད་པར་བརྟེན་རྒྱ་མིས་མི་བུ་དག་བེད་སྤྱད་བཞིན་ཡོད། བློ་རིག་དངྭས་མོ་བྱོས།
ཁོང་གློད་བཀྲོལ་བཏང་བ་ཡག་པོ་རེད་འདིའི་རྒྱབ་ཏུ་སྲིད་དོན་ཀྱི་གནད་དོན་གཞན་ཡོད་པ་ངས་མཐོང་གི་མེད་། གལ་ཏེ་དེ་འདྲ་ཡོད་པ་དང་དེ་འདྲ་ཡོད་པ་འགྲེལ་བཤད་ཁ་གསལ་དགོས་པ་ལས་དོན་མེད་དོགས་མེད་ཁོག་སློང་གནང་ན་འགྲིག་གི་མ་རེད་སྙམ།
སྐུ་ཞབས་ཞོགས་དུང་ལགས་ལ་རྟེན་འབྲེལ་གྲངས་མེད་ཞུ།
སྐུ་ཞབས་བཀྲ་རྒྱལ་ཁོང་བཙོན་གྲོལ་བཏང་ཡོད་ན་རྟེན་འབྲེལ་ཞུ། ཡིན་ན་ཡང་ཕྱིའི་བཙོན་གྲོལ་ལས་ནང་གི་བཙོན་གྲོལ་དེ་གལ་ཆེ་བ་འདི་ཡང་ཁོང་གིས་མཁྱེན་ཐུབ་པའི་རེ་བ་ཡོད།
རྩོམ་པ་པོ་སྐུ་ཞབས་ཞོགས་དུང་ལགས་གློད་གྲོལ་ཐོབ་པ་འདི་དངོས་གནས་གཏམ་བཟང་རེད་བཀྲ་ཤིས་བདེ་ལེགས།
སྐུ་ཞབས་ཞོགས་དུང་ལགས་ལ་བཀྲ་ཤིས་ལེགས་ཞུ།
ཞོག་དུང་ཀློད་གྲོལ་ཐོབ་པ་ནི་གཏམ་བཟང་ངོ་མ་ཞིག་རེད།་འོན་ཀྱང་ད་དུང་བཟབ་བཟབ་མ་བྱས་ན་རྒྱ་ནག་ནི་གང་འདྲ་ཞིག་ཡིན་པ་ནི་ང་ཚོས་ཤེས་གསལ་
རེད།
གློར་བུ་དུ་ཀློད་གྲོལ་ཐོབ་པ་ནི་ཡག་རྟག་ཞིག་ཨེ་ཡིན་ན།།།།།
རྩོམ་པ་པོ་ཁོང་གློལ་པར་དགའ་སྐྱོ་ཟུང་འབྲེལ་ཞིག་གིས་སེམས་ཁམས་གཡོགས་སོང་། ངོ་མ་ཡ་མཚན་རེད། ཁོང་ལ་ཁྲིམས་གཅོད་ཐག་གཅོད་ཀྱི་དུས་མཚམས་ལ་སླེབས་མ་ཐག་འདི་ལྟར་གློལ་ན་ཡིད་མི་ཆེས་བ་ཞིག་རེད།
ངོ་མ་དགའ་འོས་པའི་གསར་འགྱུར་གསོན་པོ་ཞིག་རེད་ལ།ཁོང་ལྟ་བུའི་མི་བུ་གསོན་པོ་དག་ནམ་ཡང་རྒྱལ་གྱུར་ཅིག
ཁོང་ལྟ་བུའི་འུ་ཚང་མི་བུ་རྣམས་མྱུར་དུ་གློད་གྲོལ་ཐོབ་བར་ཤོག
རྩོམ་པ་པོ་གྲགས་ཅན་སྐུ་ཞབས་ཞོགས་དུང་ངམ་བཀྲ་རྒྱ་ལགས་དགྲ་ནག་པོའི་བཙོན་ར་ནས་ཐར་ཏེ། རང་ཁྱིམ་དྲོན་མོར་ཕེབས་ཐུབ་པར་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ།
ཞོགས་དུང་མ་དགོས་བོད་ཀྱི་བཙོན་མ་སུ་ཞིག་བཙོན་གྲོལ་ཐོབ་ན་མི་དགའ་ཞིག་ཡོད་མ་རེད། ཞོགས་དུང་ནི་ཞོགས་དུང་འབུད་མཁན་ཡིན་པས་དེ་ལྟར་ཚང་མ་དགའ་ངེས་རེད་ལ། བོད་ནང་གི་དྲ་ཚིགས་སུ་ཁོང་ལ་བསྟོད་ར་འཐེན་མཁན་ཇེ་མང་རེད། འོན་ཀྱང་བོད་གཞིས་བྱེས་གཉིས་ཀྱིས་ཞོགས་དུང་ལ་བསྟོད་ར་འཐེན་པའི་དུས་མ་རེད། གཙོ་བོ་ཞོགས་དུང་གི་བདེན་འཇགས་ལ་བསམ་བློ་གཏོང་རྒྱུ་གལ་ཆེན་རེད། དེའི་ཕྱིར་ན་ཡོད་ཚད་ཀྱིས་ཟང་ཟིང་བྱས་ནས་ཁོ་སླར་ཡང་བཙོན་དུ་མ་སྐྱིལ་རོགས་ཞེས་འབོད་སྐུལ་ཞུས་པ་ཡིན།
རྒྱ་ནག་རྒྱབ་ཁབ་ཀྱིས་ཀྱང་རྒྱལ་སྤྱིའི་གནས་བབ་ལ་བསམ་བློ་བཏང་བར་ངོས་འཛིན་གྱི་སྒོ་ནས་ཞོགས་དུང་གློག་གྲོལ་བཏང་བ་རྒྱ་ནག་ལ་ཐུགས་རྗེ་ཆེ་ཞུ།
ད་ནི་སྐུ་ཞབས་ཞོགས་དུང་གློད་དཀྲོལ་གཏོང་བ་དེ་ནི་ཏན་ཏན་རྒྱ་ནག་གི་གཡོ་ཇུས་ཤིག་ཡིན་པ་འུ་ཚོར་སྨོས་ཅི།་་་ ཡིན་ན་ཡང་དེ་རེས་ཁོང་གློད་དཀྲོལ་གཏོང་བའི་བསྐལ་བ་དུས་བཟང་འདིར།་དེ་རིང་སང་ཉིན་གནའ་མཁར་ཟི་ལིང་ཁུལ་དུ་ཡོད་པའི་བོད་ཀྱི་ལས་བྱེད་དང་ཚོང་བ།སློབ་ཆེན་་སློབ་མ་སོགས་ཀྱི་འཚམས་འདྲའི་ཁ་བཏགས་འབུལ་རྒྱུ་དང་།དེའི་རྗེས་སུ་མུ་མཐུད་དུ་བོད་ཁམས་ཡོངས་ཀྱི་དགོན་པ་དང་ལུང་པ་ཤོག་སྡེ་བྱེད་ནས་ཁོང་ལ་འཚམས་འདྲིའི་ཁ་བཏགས་འབུལ་རྒྱུའི་རེ་བ་སྙིང་ནས་ཞུ་རྒྱུ། གུས་པོ་ངོས་ནས་ལས་དོན་འདི་འདྲ་སྤེལ་རྒྱུར་བོད་ནང་ཤུགས་རྒྱག་རྒྱུར་ཚང་མའི་འབོད་སྐུལ་བྱེད་རོགས།
རེད་ལ། མི་ཁག་ཅིག་གིས་ཞོགས་དུང་གློད་པའི་རྒྱུ་མཚན་གྱིས། རྒྱ་དམར་གཞུང་ལ་དགའ་བསུ་བྱེད་གྲབ་འདུག དེ་འདྲ་ཞིག་གཏན་ནས་མ་རེད། རྒྱ་རོ་ཚང་གིས་ཁོང་ངན་བྱུས་འབའ་ཞིག་ལམ་འགྲོ་ཡོང་ཆེད་འཛིན་བཟུང་བྱས་པ་ནང་བཞིན། ངན་བྱུས་འབབ་ཞིག་འགྲུབ་ཆེད་གློད་པའམ། རེ་ཞིག་གློད་པའི་ཚུལ་གྱི་འཁྲབ་སྟོན་བྱས་པ་ནི་བཤད་ན་དགོས་པ་ཞིག་རེད། དེ་བས་ང་ཚོས་རྒྱ་གཞུང་གིས་ཁོང་དང་ཁོང་ནང་བཞིན་གྱི་མི་སྣ་ཚོ་ཁྲིམས་ལུགས་མེད་ཀྱིས་འཛིན་བཟུང་བཙོན་འཇུག་བྱས་པའི་སྙིང་ནད་ཅིས་ཀྱང་རྩོད་དགོས་ལ། དགྲ་ཤ་ཅེས་ཀྱང་ལེན་དགོས་པ་ལས། ད་ཞོགས་དུང་གློད་པའི་རྒྱུ་མཚན་གྱིས། རྒྱ་འདི་བ་ཚང་ཡག་པོ་རེད་འདྲ་བོ་ལབ་ཁུལ་བྱས་ན་མགོ་ཆག་གི་སྐད་ཆ་རང་རེད་་་་་
སོ་སོའི་བསམ་ཚུལ་རེ་བཤད་ན
ཁོ་མ་འོངས་བར་ལོའུ་ཞོ་པོ་གཉིས་པ་དེ་གྱུར་རྒྱུ་རེད་བསམ་ནས་བཙོན་གྲོལ་བཏང་བ་ལོས་ཡིན།
བདེ་སྐྱིད་ནི་རང་དབང་གི་འབྲས་བུ་ཡིན་ལ། རང་དབང་ནི་དཔའ་སྤོབས་ཀྱི་འབྲས་བུ་ཡིན་ནོ།
ཞོགས་དུང་གློད་ཀྱི་རེད་ཟེར་བ་ཞིག་ཉེ་ཆར་ནས་གླེང་གྲག་འདུག་སྟེ། འདི་ལྟར་གསལ་ཁ་གང་ཡང་མེད་པར་གློད་གྲོལ་གཏོང་བར་སུ་གང་གིས་ཚོད་དཔག་ཐུབ་ཡོད་པ་མ་རེད། རྒྱལ་ཁབ་ཁ བྲལ་གྱི་ཉེས་མིང་འོག་ནས་ཡར་བཅུག ད་ལྟ་འགྲེལ་བཤད་ཁ་གསལ་གང་ཡང་མེད་པར་མར་གློད་པ་རེད། བོད་ནང་གི་ཤེས་ཡོན་པ་ཁག་ཅིག་གི་ལྟ་སྟངས་ལ། ད་ལྟ་ང་ཚོས་། ད་ནི་རྩོམ་ཡིག་བྲིས་པར་ཉེས་མིང་སྣ་ཚོགས་བཏགས་ནས་བཙོན་དུ་ཡོད་མཁན་གཞན་དག་དེ་ཚོ་གློད་གྲོལ་གཏོང་དང་མི་གཏོང་ལ་བལྟ་རྒྱུ་དང་སྒུག་རྒྱུ་ཞིག་ཡོད་པ་རེད། གཅིག་བྱས་ན། ད་ནི་རེ་རེ་བཞིན་གློད་གྲོལ་གཏོང་སྲིད་པ་དང་། བཙོན་ཁང་ནས་མར་གློད་དེ་ཕྱི་ཚུལ་ནས་བཀག་སྡོམ་གྱི་རྣམ་པ་མེད་པར། དོན་ངོ་མར་རང་དབང་གང་ཡང་མེད་པར་འཇོག་པའི་སྲིད་བྱུས་གསར་པ་ཞིག་ལ་ཁ་ཕྱོགས་ཀྱི་ཡོད་མེད་བལྟ་དགོས་པ་རེད་ཅེས་ལྟ་ཚུལ་བཏོན་ཡོང་གི་ཡོད་པ་འདིར་བསམ་བློ་གཏོང་རྒྱུ་ཏན་ཏན་འདུག
ད་ཐེངས་ཀྱི་འཛྀན་བཟུང་དང་། ད་ཐེངས་ཀྱི་གློད་གྲོལ་གཉིས་ནི་ཆ་འགྲིག་ཡང་འགྲིག་ཅིག་མ་རེད། ཡིན་ནའང་། ད་ལྟ་ཁོང་དངོས་སུ་གློད་ནས་སྔོན་གྱི་འདུག་མལ་དེར་སླེབས་ཡོད། དེར་ཟི་ལིང་ཡར་མར་གྱི་མཁས་པ་རྒན་གཞོན་མང་པོ་དང་། དོ་སྣང་ཅན་མང་པོས་དགའ་བསུའི་འཚམས་འདྲི་ཞུ་ཡི་འདུག་ཟེར།
མདོར་བསྡུས་ན། ཁོང་གློད་གྲོལ་ཐོབ་པར་དགའ་གུས་དང་ཆབས་ཅིག་བྱ་བ་ལམ་ལྷོངས་ཡོང་བའི་སྨོན་ལམ་འདེབས།
མི་རིགས་ཀྱི་དཔའ་ངོ་མ་སྐུ་ཞབས་ཞོགས་དུང་ལགས་བཙོན་གྲོལ་ཐོབ་པ་ཧ་ཅང་དགའ་འོས་བའི་གཏམ་བཟང་ལ་བཀྲ་ཤིས་བདེ་ལེགས་་ཞུ་ཞུ།
དྲིན་ཆེ་ཚོ། བཤད་ཤེས་ནོས་ཤོད། མི་ཤེས་ནི་ཚོས་ཁ་ཚུམས། ཤེས་ལ་མ་ཤེས་བ་མང་པོ་མ་བཤད། རང་གི་མགོ་ལ་རང་གིས་མ་རྒྱགས།
སྐུ་ཞབས་ཞོགས་དུང་ལགས་བཙོན་གྲོལ་ཐོབ་པ་ཧ་ཅང་དགའ་འོས་མོད།
གནས་ཚུལ་འདི་ནི་རྒྱ་ནག་གི་སྤྱོད་སྟངས་དང་ཁྱོན་ནས་མི་མཐུན་པས།རྒྱུ་མཚན་རྙེད་དཀའ་མོ་རེད།
ཉིན་མཚན་དུས་དྲུག་ལ་རེ་སྒུག་བྱེད་བཞིན་པའི། རྩོམ་པ་པོ་སྐུ་ཞབས་ཞོགས་དུང་ལགས་གློད་གྲོལ་ཐོབ་པར་དགའ་བ་འབུམ་གྱི་བསུ། ཞར་ལ་རྒྱ་ནག་ཀོང་ཁྲན་ཏང་གིས་དབུ་ཁྲིད་པའི་དམར་གཞུང་ལ་ཡང་ཁོང་གློད་གྲོལ་བཏང་བར་ཐུགས་རྗེ་བླ་མེད་དུ་ཆེ་ཞེས་ཞུ་རྒྱུ་དང་། ང་ཚོ་བོད་རིགས་ཀྱང་བཟང་ངན་གྱི་དབྱེ་བ་འབྱེད་ཤེས་པའི་ཕུལ་བྱུང་མི་རིགས་ཡིན་སྟབས། འཆམ་མཐུན་གྱི་སྤྱི་ཚོགས་ཤིག་བསྐྲུན་ན་རྨིང་གཞི་འདི་འདྲ་ཞིག་གི་ཐོག་ནས་ཡོང་དགོས་གཤིས། ཁྱེད་དམར་གཞུང་གིས་ཞི་བདེའི་ས་བོན་སྐྲུན་པར་རྗེས་སུ་ཡི་རིང་ཡོད། དེ་བཞིན་དུ་རྩོམ་པ་པོ་བཀྲ་ཤིས་རབ་བརྟན་སོགས་ཀྱིས་མཚོན། ཆབ་སྲིད་བཙོན་པ་ཡོངས་གློད་གྲོལ་ཡོང་བའི་རེ་འབོད་གྲངས་མེད་བཅས།
གསར་འགྱུར་འདི་གོ་བས་དངོས་གནས་སྐྱིད་པོ་བྱུང་སོང་ལ། སེམས་ཁྲལ་ད་དུང་སྔར་མུས་སུ་འདུག རྒྱུ་མཚན་ནི་འདི་ཚོས་མ་སྨྲོས་ཁོང་གནག་ཅིག་གི་འཆར་གཞི་ཏན་ཏན་ཡོད་ངེས་རེད།
ཤེས་ཡོན་པ་ཞིག་བཙོན་གྲོལ་ཐོབ་པར་དགའ་བ་སྒོམ་དགོས་པ་རེད། དེ་དང་ལྷན་དུ་བོད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བློས་བཏང་བའི་རྒྱལ་གཅེས་པ་ཉམ་ཆུང་ཚོ་ཡང་དྲན་དགོས་པ་རེད། མདོར་ན། ཤ་ཁྲག་རུས་གསུམ་བོད་པ་ཡིན་ཞིང་། སེམས་དང་བསམ་པ་བོད་ལ་ཕྱོགས་མཁན་སུ་ཞིག་ཡིན་རུང་ང་ཚོས་སྐྱོབ་དགོས་པ་རེད།
འོ་ཡག་པོ་རེད། རྒད་པོས་དཀའ་སྡུག་མྱང་སོང་ལ། དམིགས་ཡུལ་ཀྱང་འགྲུབ་ཡོད་པས་ད་རང་ཁྱིམ་གྱི་ཕུག་ནས་རང་རློམ་གྱིས་འགྱིང་ཆོག ད་ཐེངས་ཁོང་གནམ་ས་གོ་འབྱེད་ལ་ཞེ་འདང་ཆེ་རུ་ཕྱིན་ཡོད་ངེས་ལ་བག་ཆགས་དོང་སྦུག་དང་རྨོངས་སྐྲན་འཇོམས་པའི་གཏར་ཁ་སོགས་ཅི་ཡང་མིན་པ་ཤེས་ཡོད་ངེས།
སྔར་བྱས་ཀྱི་ནོར་འཁྲུལ་ལ་ངོས་ལེན་བྱས་ན་ཏང་གི་སྲིད་ཇུས་གུ་ཡངས་དང་། ཀླད་རྙིང་མཁྲེགས་བཟུང་བྱས་ན་མུ་མཐུད་རྡུང་འདེགས་ཚ་ནན་གཏོང་རྒྱུ་ཡིན།
ཞེས་གུང་ཁྲན་ཏང་གིས་༡༩༥༩ ལོར་ནས་ད་བར་བོད་ཐོག་འཛིན་པའི་སྲིད་ཇུས་འདི་ལ་འགྱུར་བ་མེད་པར་ལག་ལེན་བསྟར་གྱིན་ཡོད།
གུང་ཁྲན་ཏང་གི་སྲིད་ཇུས་དེ་ཚ་ན་མེ་དབལ་ལས་རྣོ་བ་དང་གྲང་ན་འཁྱགས་རོམ་ལས་ངར་བ་ཡོད། བློ་རིག་དངྭས་མོ་བྱེད་དགོས།
སྐྱེས་བུ་ཁོང་གློད་གྲོལ་གཏོང་དོན་སོགས་ཀྱི་སྐོར་ལ་གསལ་ཁ་གང་ཡང་མེད་པ་འདི་ཡང་བཟང་རྟགས་ཤིག་ཨེ་ཡིན་མི་ཤེས་ཀི ཁྲི་མུན་དུ་འཇུག་པ་ལས་ནང་དུ་བཟང་བཙོན་ལྟ་བུ་ཞིག་བྱས་ཀྱང་མི་སྐྱོན་མོད། གང་ལྟར་ཁོང་གི་བཟའ་ཟླའི་ཚོང་ཁང་སྒོ་གཏན་པ་དང་ཁོང་གི་སྔོན་མའི་ལས་གནས་མ་སྤྲད་ཚེ། འཚོ་བའི་ཐད་ནས་དཀའ་ངལ་ཞིག་ཏན་ཏན་མྱོང་གི་རེད།
གང་ལྟར་ཁོང་གི་གཟི་བརྗིད་དེ་ད་དུང་བོད་མི་རིགས་ཀྱི་སེམས་ཁོང་ལ་ཆེམ་ཆེམ་འཕྲོ་བཞིན་ཡོད།
ང་ཚོ་གཞིས་བྱེས་གཉིས་ཀྱིས་དགའ་བསུ་རྒྱ་ཆེན་བྱེད་འོས་པ་རེད་ལ། དེ་ལྟར་བྱེད་དགོས་ངེས་རེད། རྩོམ་པ་བོ་ཚོས་ཞོགས་དུང་ལ་དགའ་བསུའི་སྙན་ངག་གང་མང་བྲིས་ན་རེད།
ང་ཚོ་གཞིས་བྱེས་གཉིས་ཀྱིས་དགའ་བསུ་རྒྱ་ཆེན་བྱེད་འོས་པ་རེད་ལ། དེ་ལྟར་བྱེད་དགོས་ངེས་རེད། རྩོམ་པ་བོ་ཚོས་ཞོགས་དུང་ལ་དགའ་བསུའི་སྙན་ངག་གང་མང་བྲིས་ན་རེད།
དངོས་གནས་གསར་འགྱུར་སྙན་པོ་འདུག་་་་་ཤེས་ཡོན་པ་གཅིག་ཡོད་པ་་་ང་ཚོའི་མི་རིགས་ལ་ཕན་ཐོག་ཡོད་པ་རེད་་་་་འོད་ཟེར་ལགས་ཀྱང་གཟབ་གཟབ་མ་བྱས་ན་འདི་ལྟར་དཀའ་ངལ་འཕྲད་ཡོང་་་་་
སྐུ་ཞབས་ཞུགས་དུང་ལགས་ནས་མུ་མཐུད་བོད་དོན་ཐད་ལ་ཐབས་མཁས་པོའི་ཞབས་འདེགས་སྔར་ལས་ལྷག་པ་ཞུ་ཐུབ་པའི་སྨོན་འདུན་ཞུ།
གློད་གྲོལ་བཏང་བ་དང་། ཁག་ཐེག་པ་བཙལ་ནས་ཞུ་བ་ལེན་རྒྱུར་བསྒུགས་པའམ་ཁག་ཐེག་འགན་ལེན་གྱིས་ཁྲིམས་བཤེར་ངང་སྒུག་ཞེས་པ་གཉིས་ལ་ཁྱད་པར་ཡོད་པ་འདྲ།
དེ་ནི་དགྱ་ནག་གི་ཆབ་སྲིད་ཅིག་ཡིན་པ་རེད། དགྱ་ནག་གི་རྩོམ་པ་པོ་ལོའུ་ཞའོ་པོ་ལ་ཞི་བདེའི་གཟེངས་རྟགས་ཐོབ་པ་ལྟར་ཞོགས་དུང་ལ་ཡང་དེ་ལྟར་ལྡོག་ཕྱོགས་ཀྱི་ནུས་པ་ཞིག་ཐོན་འགྲོ་བར་ཚོད་དཔག་བྱས་པ་འདྲ། དེ་ལྟར་རྒྱལ་སྤྱིའི་ནུས་པ་ཞིག་ཞོགས་དུང་ལ་ཐོན་ན་དགྱ་ནག་རང་ལ་ཁ་གྲག་རྒྱུ་མེད་པའི་རིག་པ་དེ་རྙེད་པ་རེད།
ང་ཚོའི་ངོས་ནས་བཤད་ན་ཞོགས་དུང་གློད་པ་ནི་དགའ་འོས་མོད། ཁོང་གི་ལས་གནས་དང་མ་འོངས་པའི་འཚོ་བའི་ཐད་ནས་སྔོན་མ་རང་འཇགས་ཡིན་ནམ། གང་ལྟར་རླབས་ཆེ་བའི་སྐྱེས་བུ་དམ་པ་ཁོང་གི་སྐུ་གཟུགས་བདེ་ཐང་ཡིན་པ་གོ་ནས་དགའ་སོང་།
ཤེས་ཡོན་པ་གཅིག་བོར་སོང་པ་ཡིན་ན་་་བོད་མི་རིགས་ཀྱི་མིག་ཡ་གཅིག་བོར་སོང་པ་ཡིན་པས་་་་དེ་རིང་ཤེས་ཡོན་པ་ཞོགས་དུང་་་་་བརྩོན་ནས་གློད་པ་འདི་་་་དངོས་གནས་དགའ་འོས་པ་ཞིག་རེད་་་་་་་་ཡང་ཉིན་ཞིག་་་་ཤེས་ཡོན་པ་འོད་ཟེར་ལ་ཡང་་་ཞོགས་དུང་བཞིན་་་་་་མི་ཡོང་པའི་ངེས་པ་མེད་་་་
ཞོག་དུང་ཁོང་ད་ལན་རྒྱ་གཞུང་གིས་གློད་གྲོལ་བཏང་བ་ལ་ཁོང་དང་ཁོང་གི་ནང་མི་བཅས་ལ་འཚམས་འདྲི་ཞུ་བ་ཡིན། ཁོང་གི་བརྩམས་པས་གནམ་ས་གོ་འབྱེད་དངོས་གནས་འགྲོ་བ་མི་ཐོབ་ཐང་ཐད་ལ་ཡག་པོ་ཞེ་དྲག་བྲིས་འདུག
ངོ་མ་དགའ་འོས་པའི་གསར་འགྱུར་ཞིག་རེད་འདུག དུས་ཐོག་ཏུ་བཀོད་པར་ཐུགས་རྗེ་ཆེ།
འདི་ནི་ཤུན་ཏུ་རབ་ཏུ་དགའ་འོས་པ་ཞིག་རེད། རང་དབང་ཁྲི་ལོ་ཤོག ཞོགས་དུང་ཁྲི་ལོ་ཤོག
གསར་འགྱུར་སྙན་མོ་ཟེར་ན་དེ་རེད་ཡ། སྐྱིད་པོ་ཟིག་རེད། ཧ་ཅང་ཧྲ་གི
སྟག་ནགས་ལ་བཏང་དང་ཟིག་པ
གང་ལྟར་རྩོམ་པ་པོ་ཞོགས་དུང་ལགས་གློད་ཡོད་པ་བདེན་པ་ཡིན་རྐྱེན། དགའ་བསུ་དང་ཡང་བསྐྱར་རྒྱ་གཞུང་གིས་ལྐོག་གཡོ་ཞིག་མི་འཁྲབ་པའི་སྨོན་ལམ་འདེབས།