མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་སྐད་ཡིག་འདི་ཅི་ཞིག་ཡིན། – འཇམ་མགོན།

བོད་ཀྱི་དུས་བབ།
༢༠༡༠/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྐད་ཡིག་དོན་དངོས་ཐོག་ཅི་ཞིག་ཡིན་ནམ།

བོད་གངས་ཅན་གྱི་རིག་གནས་འདི་ལོ་ངོ་སྟོང་ཕྲག་ལྷག་གི་ལོ་རྒྱུས་ཡོད་ལ། འདི་ནི་རིན་ཐང་ཆེ་ཞིང་གཏིང་དཔག་དཀའ་བའི་ཤེས་རིག་གི་བང་མཛོད་ལྟ་བུ་ཞིག་ཡིན་སྟབས། ང་ཚོ་མི་རིགས་འདིའི་ངོམ་སོ་དང་སྤོབས་ལ་རྒྱ་བཅས་ཀྱང་མཚོན། དེང་སྐབས་གཞན་མི་རིགས་མང་པོ་ཞིག་གིས་བོད་ཀྱི་རིག་གནས་དང་། ལྷག་དོན་བསམ་པའི་འདུ་ཤེས་ལས་འཁྲུངས་པའི་གཤིས་སྤྱོད་དང་། ཀུན་ཕན་གྱི་བློ་སྟེ་རང་རྒྱལ་གཞན་ཕམ་གྱི་བསམ་བློ་ཞིག་མེད་པ་དེ་ལ་རྒྱུས་མངའ་དང་སྦྱང་བརྩོན་བྱེད་བཞིན་ཡོད། ཡིན་ཡང་། རང་སེམས་དྲོན་མོ་འཁྱག་གིས་བདམ།། ལ་རྒྱའི་བུ་ཆུང་རྙི་ལ་ཤོར།། ཞེས་པ་ལྟར་བོད་ནང་དང་ཕྱི་ཡུལ་དུ་ཡོད་པའི་བོད་མི་ཚོའི་རང་སྐད་བཞག་ནས་གཞན་སྐད་ལ་ཤི་འཐམ་རོ་འཐམ་བྱེད་བཞིན་པ་དང་། ཕ་མེས་ཡང་མེས་རིང་ནས་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི་ཕ་སྐད་གཙང་མ་གཡུག་ནས་གཞན་སྐད་འཁྱར་མ་འཁྱོར་ཞིག་ལ་བརྟེན་ནས་སློབ་ཁྲིད་ཀྱི་ལས་ལ་ཞུགས་ཁུལ་བྱེད་བཞིན་པ་ནི། ལོ་ཆུང་བྱིས་པ་རྣམས་ལ་རང་སྐད་དང་རང་གི་ལོ་རྒྱུས་ཤེས་འདོད་མེད་པའི་འགག་རྡོ་རུ་འགྱུར་བཞིན་ཡོད། ད་དུང་ལ་རྒྱ་དབེན་པའི་དགེ་རྒན་མིང་ཅན་ཁ་ཤས་ནས་བོད་ཡིག་ནི་ཁ་འདོན་དགེ་སྦྱོར་ཙམ་ལས་ཕུགས་མདུན་ལ་ཅང་མི་ཕན་པའི་བསླབ་བྱ་ངན་པ་རྒྱག་བཞིན་ཡོད། དེ་ནི་རང་ཉིད་ཀྱིས་བསླབ་བཞིན་པའི་སློབ་ཚན་དེའི་སྦྱང་འབྲས་ཡག་པོ་ཞིག་བྱུང་བའི་ཆེད་དུ་ཡིན་ལ། དེ་ཡག་པོ་བྱུང་ན་རང་ཉིད་ལ་གོང་རིམ་གྱིས་གཟིགས་གསོལ་དང་མཐོང་ཕྱོགས་ཡག་པོ་ཞིག་ཡོང་བའི་ཆེད་དུ་ཡིན་པ་ལས། དོན་གྱིས་ཕྲུ་གུ་དེ་ལ་བསམ་བློ་བཏང་བ་ཞིག་གཏན་ནས་མིན། འདི་ལྟ་བུའི་སློབ་གསོ་རྒྱག་མཁན་ཚོ་ནི་ང་ཚོའི་དགྲ་བོ་དངོས་གནས་བ་དེ་ཡིན་ལ། བོད་ཀྱི་རིགས་གཞུང་དང་སྐད་ཡིག་གི་སྐེ་ནས་བགེགས་མཁན་གྱི་གཏེ་བོ་དེ་ཡང་ཡིན།

ལྷག་དོན་འདི་ལྟ་བུའི་སྐད་ངན་འབྱིན་མཁན་བཙན་བྱོལ་དུ་གནས་བའི་བོད་ཀྱི་སློབ་གྲྭ་ཁག་གི་ནང་དེ་བས་མང་། འདི་ ལྟར་བྱས་རྐྱེན་ཕྲུ་གུའི་སྣང་ངོར་དེ་བཞིན་གྱི་ལོག་རྟོག་སྐྱེས་ནས་བོད་ཡིག་དང་ བོད་སྐད་ལ་དེ་ཙམ་གྱི་ཡིད་འཇོག་མི་བྱེད་པར་མཚམས་རེར་བོད་དགེ་རྣམས་ལ་སྣང་ཆུང་གིས་འདིའི་ངའི་མི་ཚེ་ལ་མི་ཕན་པའི་ཁ་རྩོད་བྱེད་མཁན་ཡང་བྱུང་མྱོང་ཡོད། འདི་ནི་རང་ཉིད་བོད་པ་ཞིག་ཡིན་པའི་གོ་མ་ཆོད་པ་ཡིན་ལ་ལྷག་དོན་དགེ་རྒན་ཞིག་ཡིན་པའི་མཚན་ཉིད་དེ་བས་ཀྱང་མ་ཚང་བ་རེད།

འཛམ་གླིང་གི་གཙུག་རྒྱན་ལྟ་བུའི་བོད་འདི་ཡང་མི་རིགས་གཞན་དང་གཅིག་མཚུངས་བཞིན་སྐད་དང་ཡི་གེ ཡུལ་སྲོལ་གོམས་གཤིས། སྡོད་གནས། ཐུན་མོང་གི་གོ་སྤྱོད་དང་བསམ་པའི་གོ་རྟོགས་སོགས་འཛོམས་ཡོད་པའི་མི་རིགས་ཤིག་ཡིན་པར་མ་ཟད། ལོ་རྒྱུས་གཏིང་ཟབ་ཞིང་ཕུན་སུམ་ཚོགས་མི་རིགས་ཤིག་ཀྱང་ཡིན། མི་རིགས་ཤིག་གི་ཁྱད་ཆོས་ཚང་བ་འདི་དག་ལས་སྐད་དང་ཡི་གེ་ནི་མི་རིགས་སུ་ཡིན་རུང་བླ་སྲོག་ལྟ་བུ་ཡིན་སྟབས། དེ་གཅེས་འཛིན་དང་སྲུང་སྐྱོབ་བྱེད་རྒྱུ་གལ་གནད་ཆེ་བ་ལས་མཐོང་ཆུང་དང་ཁྱད་གསོད་བྱས་ན་དེ་བས་ཀྱང་མི་རུང་སེམས། ལྷག་ དོན་རང་ཉིད་ཀྱིས་རང་གི་རིག་གཞུང་རྣམ་དག་མི་ཚུད་དང་ཕན་མེད་བེམ་རོ་ཞིག་ཏུ་ བརྩི་བ་ནི་དེ་བས་ཀྱང་ཡ་ཆད་གོ་ལྡོག་གི་གནས་སུ་ལྷུང་བའི་མི་ཞིག་ཡིན། བཙན་བྱོལ་དང་བོད་ནང་གི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནས་བོད་ཡིག་སྦྱངས་ནས་ སློབ་མཐར་ཕྱིན་པའི་ལས་བྱེད་པ་མང་ཆེ་བས། རང་ཉིད་ཀྱི་ལས་གནས་ཐོག་བོད་ཡིག་མི་བཀོལ་བར་གཞན་གྱི་སྐད་ཡིག་བཀོད་སྤྱོད་བདེ་ ཤོས་ཡིན་ཚུལ་དང་། བོད་ཡིག་རྙོག་འཛིང་ཆེ་བའི་རྒྱུ་རྐྱེན་ངན་བརྗོད་བྱེད་བཞིན་པ་ནི་ཤིན་ཏུ་བློ་ ཕམ་གྱི་གནས་ཤིག་ཡིན། ལྷག་དོན་དེང་གི་འཆར་ས་རཱ་བོད་ཀྱི་མཐོ་སློབ་དང་ཝ་ཎ་མཐོ་སློབ་ཁག་ནས་བོད་ཡིག་ སྦྱངས་ནས་མཐར་གསོན་པ་རྣམས་ལ། གཞན་སྐད་ཀྱི་ཕྱོགས་ནས་ཀྱང་ལྟ་སོ་མེད་ལ་རང་སྐད་ཀྱི་ཕྱོགས་ནས་ཀྱང་ཧ་ཅང་ཇེ་ཞན་ དང་། ཡིད་སྐྱོ་བའི་གནས་ཤིག་ཏུ་གྱུར་ཡོད་པ་ཇི་ཙམ་བལྟས་ན་དེ་ཙམ་གྱི་བློ་ཁོང་དུ་ ཆུད་པ་ཞིག་ཏུ་འགྱུར་བཞིན་འདུག གནད་དོན་དེ་གང་དུ་ལྷག་མིན་རྩ་ཞིབ་བྱེད་དགོས་ལ། དོན་ཕན་གང་ཞིག་ཏུ་འཁྱོག་ལམ་དུ་འདེད་བཞིན་ཡོད་པ་རྙེད་ཐུབ་བྱེད་དགོས་པ་འདུག དེ་མིན་མིང་གི་དབེན་པའི་ལག་འཁྱེར་རྫིག་པོ་ཞིག་བཟུང་ནས་དོན་གྱི་དབུལ་བ་ཞིག་ བྱས་ན་སྐད་ཡིག་དང་རིག་གཞུང་ལ་ཞབས་འདེགས་ལས་ཞབས་འདྲེན་ཞུ་ཡུལ་ཞིག་ཏུ་འགྱུར་ བ་འདུག

འདིར་བརྡ་ཆད་སྐལ་ཆད་ཀྱི་དུས་ཤིག་ང་ཚོ་ལ་ཤར་ཉེན་ཆེ་ ལ་འདི་ལྟ་བུའི་ལམ་བུ་ཆུང་ཆུང་ཞིག་བཙལ་བཞིན་ཡོད་པ་ལྟ་བུའི་ཚོར་སྣང་ཡང་ངང་ངམ་ གྱི་སྐྱེ་ཡོང་། དོན་དངོས་ནས་སློབ་གྲྭ་ཁག་གི་བོད་ཡིག་བཀོལ་སྤྱོད་ཐད་མགོ་ལས་ནས་གལ་ཆེན་དང་ དོན་ཆེན་དུ་བཟུང་ནས། བོད་དགེ་རྣམས་ཀྱི་ཕྲག་སྟེང་ལ་ལས་འགུལ་ལྕི་མོ་ཞིག་འགེལ་དགོས་ལ། དེ་ལྟར་ལས་འགན་སྤྲད་པ་ནང་བཞིན་སློབ་ཕྲུག་རྣམས་ལ་ཡང་སྐུལ་སློང་དང་། གལ་ཆེན་ཡིན་པའི་ཁོར་ཡུག་བསྐྲུན་ཐབས་བྱེད་དགོས། དགེ་རྒན་གཞན་རྣམས་ལ་ཡང་བོད་ཡིག་གལ་ཆེན་ཡིན་པའི་ངེས་ཤེས་རྙེད་ཕྱིར་བོད་ཡིག་ སྦྱོང་དུ་འཇུག་རྒྱུ་དང་། ལོ་རེར་བོད་གི་ཡིག་རྒྱུགས་ཐེངས་རེར་བཏང་ནས་ཡིག་རྒྱུགས་ལ་གཞིག་ནས་ཞབས་ལོ་ འཕར་རིམ་བཟོ་དགོས་པ་འདུག དེ་མིན་ཕྱོགས་གཅིག་ནས་རམ་འདེགས་བྱེད་པ་དང་ཕྱོགས་གཞན་ཞིག་ནས་སྣང་མེད་ངང་བཞག་ ནས་འགྲོ་ན་མཉམ་རུབ་ཀྱི་ནུས་བ་འདོན་ཐུབ་ཀྱི་མེད་པ་རེད། ལྷག་དོན་བོད་ཡིག་དགེ་རྒན་ དག་ཐེར་ནན་གཟབ་བྱེད་དགོས་ལ། ད་ཡོན་དགེ་རྒན་ལས་བོད་ཡིག་དགེ་རྒན་གཙང་སེལ་བྱེད་པ་དང་། མཐོ་སློབ་ཁག་ནས་ཐོན་བཞིན་པ་དང་སྦྱོང་བཞིན་པ་དག་དང་སྤུས་གཙང་དང་ཞིབ་དཔྱོད་ གཟབ་ནན་བྱེད་དགོས་པ་འདུག དེ་མིན་བོད་ཀྱི་སྐད་ཡིག་དོན་དངོས་ཅི་ཞིག་ཡིན་མིན་ཡང་ཁ་མཚོན་གཅོད་དཀའ་བའི་རང་བཞིན་ཞིག་ཏུ་གནས།

 

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༥ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

ཆུ་ཚོད་ ༦ སྔོན་ལ།
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

ཆུ་ཚོད་ ༩ སྔོན་ལ།
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

མཆན། 23

  1. རླུང་རྟ་རྒྱལ། says:
    ལོ་ 15 སྔོན།

    འཇམ་མགོན་ལགས་ཀྱི་དཔྱད་གཏམ་ལ་བསྟོད་ཚིག་གི་མེ་ཏོག་སྟོར་བ་ལས་དགག་གཞག་གི་ལམ་ནས་གཉིད་མ་སད་པ་དེ་ཚོ་ལ་ཞོགས་དུང་འབུད་དུ་མི་འཇུག་པ་འདི་ཅི་ཞིག་ཡིན།རང་གིས་རང་ལ་འུར་བསྟོད་བྱས་ནས་ཡིད་ཚིམ་པོ་བྱེད་པ་འདི་ནི་བག་ཆགས་རྣྙིང་བས་བོད་ལ་རྐང་སྒྲོག་བརྒྱབ་པ་རེད།ལྟ་བ་མི་མཐུན་པ་བརྗེ་རེས་ཀྱི་བརྒྱུད་རིམ་ཁྲོད་འགལ་ཟླ་འབྱུང་བ་དང་དེ་ལས་སྲེག་བཅད་བརྡར་གསུམ་བྱས་པའི་འབྲས་བུར་ཡེ་ཤེས་ཀྱི་སྤྱན་ཇེ་གསལ་དུ་འགྲོ་ངེས། རང་གིས་རང་ལ་མཐེ་བོང་བསྒྲེངས་མཁན་ནི་བླུན་པོ་ཉིད་ལས་མ་འདས་སོ།

    Reply
  2. པད་བསྟན། says:
    ལོ་ 15 སྔོན།

    རྒན་འཇམ་མགོན་ལགས་སྐུ་ཁམས་བཟང། དེ་ཐེངས་དངོས་ནས་ཡག་པོ་ཞིག་བྲིས་འདུག་ལ་མ་འོངས་པར་ཡང་དེ་འདྲ་མང་པོ་འབྲི་བའི་སྨོན་འདུན་ཡོད། རྩོམ་ཡིག་འདི་བསྐྱར་དཔར་བརྒྱབ་ཏེ་སློབ་གྲོགས་གཞན་ལ་བཀྲམ་ངེས་ཡིན།

    Reply
  3. དཀར་མཚོ་སྐྱིད། says:
    ལོ་ 15 སྔོན།

    སྤྱིར་བོད་ཀྱི་རིག་གཞུང་དང་མིའི་རྒྱུད་དང་སེམས་ཁམས་རྣམས་བོད་ཕྱི་ནང་གཉིས་ཀར་ཉམས་རྒུད་དུ་འགྲོ་བཞིན་པར་བོད་རིགས་རྒན་གཞོན་ཚང་མས་གླེང་མོལ་བྱེད་མུས་སུ་མཆིས་ནའང་ལག་ལེན་ཁྲོད་དུ་ཁ་བཤད་ཆུ་ཡི་ལྦུ་བ་ལྟར་དོན་ཐོག་ཏུ་ཁེལ་ཐུབ་ཀྱི་མེད་པ་ནི་བོད་རིགས་ཚང་མའི་ལས་དབང་རེད།

    Reply
  4. དཔའ་རྩལ་སྟོང་འབར། says:
    ལོ་ 15 སྔོན།

    ད་ཐེངས་རྒན་འཇམ་མགོན་ལགས་ཀྱིས་ཡུན་རིང་ཉེར་བའི་ན་ཟུག་ཅིག་དྲ་གྲོགས་ཚོའི་མིག་ལམ་ལ་ཕུལ་བ་འདི་དངོས་ནས་ཡག་པོ་རེད། འོན་ཀྱང་ང་ཚོས་རང་ཉིད་དང་རང་ཉིད་ཀྱི་འཁོར་ཡུག་ནས་འགོ་འཛུགས་དགོས་སྟབས། ཁྱེད་ཀྱི་བསམ་ཚུལ་འདི་ཡང་ཁྱེད་རང་གནས་སའི་སློབ་གྲྭ་དེའི་སྦྱར་པང་སྟེང་ལ་སྦྱར་ཏེ་བོད་དགེ་ཡིན་ཡང་བོད་ཡིག་བེད་མེད་དུ་འདོད་པའི་ཁྱེད་རང་གི་ལས་གྲོགས་ཚོར་དྲན་སྐུལ་ཞིག་བཏང་ན་ཡག་པོ་འདུག ཡིན་ཡང་ཁྱོད་བློ་ཁོག་དེ་ཡོད་མེད་ངས་མི་ཤེས།

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    འཇམ་མགོན་འདི་ངས་ཤེས་པའི་དགེ་རྒན་འཇམ་མགོན་ཡིན་ས་རེད་པ། དངོས་གནས་ཡག་པོ་འདུག བཙན་བྱོལ་ནང་ན་དགེ་རྒན་རྩོམ་འབྲི་བ་ཨ་སུ་རི་ཡི་ཚེ་རིང་ལྷ་མོ་ཡིན་ནམ་ཡང་ན་ཚེ་དབང་ལྷ་མོ་ཟེར། ཁོ་གཉིས་ལས་གཞན་སུ་ཡོད་པ་རེད། དགེ་རྒན་ཚོས་རང་སྡོད་སའི་སློབ་གྲྭའི་བོད་སྐད་ཡིག་གི་གནས་སྟངས་དང་། དགེ་སློབ་དབར་གྱི་བོད་སྐད་ཡིག་གི་འབྲེལ་འདྲིས་སོགས་དངོས་ཡོད་གནས་ཚུལ་ཅི་ཡིན་དངོས་འབྲིའི་ལམ་ནས་ངོ་སྤྲོད་དང་། ལེགས་སྤེལ་ཉེས་འགོག་གི་རྩོམ་ཡིག་མང་ཙམ་འབྲི་ཐུབ་ན་བཟང་གི དེ་མིན་བཙན་བྱོལ་ནང་གི་སློབ་གྲྭ་གནས་ཚུལ་མང་ཆེ་བ་བཙན་བྱོལ་གྱི་གཞི་རིམ་སློབ་གྲྭར་སོང་མ་མྱོང་བ་དང་། རྒྱུས་མེད་ཟེར་སྒྲས་ལ་གཞི་བཅོལ་ནས་བྲིས་པ་རེད་འདུག དེ་བས་འདིའི་ཕྱོགས་ནས་གཞི་རིམ་སློབ་དགེ་ཚོས་དངོས་བྱུང་གི་གནས་ཚུལ་ཅི་ཡོད་མང་ཙམ་བྲི་ཐུབ་པའི་རེ་བ་ཧ་ཅང་ཆེ།

    Reply
  6. མཁས་ཚང་ཤེས་རབ་དབང་རྒྱལ། says:
    ལོ་ 15 སྔོན།

    རྩོམ་འདིར་དངོས་གནས་ཡག་པོ་ཞིག་བྲིས་ འདུག་ཐུགས་རྗེ་ཆེ་མ་ཟད་གོང་དུ་འཆན་འདེད་པ་ཚོ་གསུང་པ་སྟེ་བདེན་པ་རེད་བོད་མི་རིགས་ཀྱི་སྐད་བོད་རང་གི་སྲོག་རྩ་ལྟའུ་ཞིག་ཆགསཡོད་པ་རེད།

    Reply
  7. སྡེ་དགེ་ཚེ་དབང་མགོན་པོ། says:
    ལོ་ 15 སྔོན།

    འཇམ་འགོན་གྱིས་བོད་ཀྱི་སྐད་ཡིག་གི་གནས་བབ་སྐོར་ལ་་གླེང་བ་ཐུགས་རྗེ་ཆེ་ཞུ།་་སྤྱིར་ང་ཚོའི་སྤྱི་ཚོགས་འདི་ད་ལྟ་རྒྱ་མིན་བོད་མིན་ཞིག་དང་ར་མ་ལུག་གི་སྐད་ཆ་བཤད་མཁན་ཞིག་ཏུ་འགྱུར་འགྲོ་བཞིན་ཡོད་པ་དང་།་འདི་དག་རྒྱུ་རྐྱེན་གཙོ་བོ་ཁོར་ཡུག་བཀོལ་སྤྱོད་བྱེད་ས་ཡག་པོ་མེད་པའམ་སྐྲུམ་མ་ཐུབ་པའི་རྐྱེན་གྱིས་རེད་འདུག་སྙམ།
    མ་ཚད་ཕྱི་རྒྱལ་ཁག་ནས་ཡོད་པའི་བོད་མི་རྣམས་ལ་བོད་ཡིག་དང་བོད་སྐད་གང་འདྲ་ཞིག་ཡོད་མེད་བཤད་མི་དགོས་པ་ཞིག་ཡིན་པ་དང་བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་བོད་ཡིག་དང་བོད་སྐད་ལ་མཐོང་ཆེན་གང་འདྲ་ཞིག་ཡོད་མེད་དེ་ནི་ད་ལྟའི་བོད་ཡིག་ཉམས་ཆག་འགྲོ་བའི་རྐྱེན་འདི་ལས་ཤེས་ཐུབ།
    ཁ་ནས་བོད་སྐད་རྩ་ཆེན་ཡིན་ཚུལ་དང་སྦྱོང་དགོས་ཚུལ་བཤད་མཁན་སྐུ་ངོ་དང་ལས་བྱེད་་་་་་་་་་་་་མཐོ་རིམ་མི་སྣ་དག་གི་བུ་ཕྲུག་དག་ཚང་མ་ཕྱི་རྒྱལ་དུ་ཡོད་ལ་ཧ་ལམ་བོད་སྐད་དང་བོད་ཡིག་ཅུང་ཙམ་ཡང་མི་ཤེས་མཁན་ཞིག་ཏུ་གྱུར་ཡོད།
    བོད་ནང་དུ་མཚོན་ན་ཡང་དགོན་སྡེ་ཁག་དང་མཚཽ་སྔོན་ཕྱོགས་ནས་ཡོད་པའི་མཐོ་སློབ་ཁག་གཅིག་དང་བོད་ལྗོངས་དང་དར་མདོ་སོགས་ལ་ཡོད་པའི་མཐོ་སློབ་ཁ་ཤས་ཞིག་མ་གཏོགས་ཧ་ལམ་གཞན་རེ་བ་བྱེད་ས་མེད་པ་ལྟ་བུ་ཞིག་ཏུ་གྱུར་ཡོད།
    དེར་བརྟེན་ང་ཚོས་མི་རིགས་ཞིག་གི་སྲོག་རྩ་བོད་སྐད་བོད་ཡིག་འདི་ཉིད་ནད་ཡུན་རིང་བའི་བརྒྱད་ཅུའི་རྒན་པོ་ལྟ་བུ་ཞིག་ཏུ་གྱུར་ཡོད་པས་ཁོ་བོས་བསམ་བློ་གང་འདྲ་ཞིག་བཏང་ཡང་ཡང་དག་པའི་ཐབ་ལམ་ཞིག་མ་རྙེད།
    དེར་བརྟེན་དྲ་གྲོགས་ཚོས་བསམ་ཚུལ་འདྲ་ཡོད་ན་ཕན་ཐོགས་ཆེ།།།།

    Reply
  8. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    འདིར་རྒན་མི་ནག་ཚང་ལུང་རིགས་རྒྱལ་ལགས་ཀྱི་མཆན་བུ་འོས་མཚམས་ཤིག་དང་། ཞིབ་དཔྱོད་བྱེད་རིན་ཡོད་པའི་སྐད་ཆ་གསོན་པོ་ཞིག་བཤད་ཡོད་པ་ནི་༼དེང་སྐབས་དྲ་ཐོག་ན་བོད་ཡིག་འབྲི་མཁན་དང་། དྲ་ཐོག་ལ་བོད་ཡིག་འབྲི་སའི་ཁོར་ཡུག་སྐྲུན་མཁན། གཞི་རིམ་ནས་བོད་ཡིག་སློབ་ཁྲིད་བྱེད་མཁན། རྩོམ་ཡིག་འབྲི་མཁན། རྩོམ་ཡིག་ཀློག་མཁན། རྩོམ་ཡིག་གླེང་མཁན། རྩོམ་སྒྲིག་བྱེད་མཁན། བོད་ཡིག་གི་ཆེད་དུ་རང་སྲོག་འབེན་ལ་འཇོག་ལ་ཁལ་བྱེད་ཀྱིན་པ་འདི་དག་ཕལ་ཆེ་བ་ཞིག་ ༧༠ དོན་གྲངས་ནང་གི་བྱིས་པ་སྣབ་ལུག་དེ་ཚོ་རེད་འདོད།༽འདི་རེད། ངོ་མ་བསམ་ཞིབ་ཐུང་ངུ་ཞིག་གི་ནང་ནས་ཀྱང་འདི་འདྲ་ཞིག་རྟོགས་ཐུབ་པ་འདུག ༡༩༧༠ནང་དུ་སྐྱེས་པའི་དར་མ་ཚོའི་བོད་འདི་བསམ་ཕྱོགས་གཅིག་དང་། སྣེ་འཁྲིད་གཅིག་གི་ལམ་བུ་ཞིག་བརྒྱུད་ཐུབ་པ་འདུག་ཞེས་བཤད་ན་ཡང་ནོར་མི་འདུག་བསམ། དཔེར་མཚོན་ཙམ་བཞག་ན་བོད་གཞུང་ལས་བྱེད་ཁག་དང་། ཚོགས་སྡེ་ཁག་གི་ལས་བྱེད། སློབ་གྲྭ་ཁག་གི་ནང་དེ་མིན་རང་སྒེར་གྱི་ལས་གནས་གང་གི་ཕྱོགས་ནས་ལྟོས་ཀྱང་དེ་འདྲ་ཞིག་ལོ་ཚོད་དང་དུས་སྐབས་གང་ནས་དེད་དེ་ལྟོས་ཀྱང་བདེན་ཤེས་ཆེ། གཅིག་བྱས་ན་དུས་རབས་ཀྱི་འཕེལ་འགྲིམ་ལས་བརྒྱུད་སྤྲོད་ཞེས་པ་དེ་འདྲ་ཞིག་ཡིན་ཡང་སྲིད། གང་ལྟར་འཇམ་མགོན་གྱི་གླེང་སློང་ལས་འཕྲོས་དོན་འདི་འདྲ་ཞིག་རེད་བསམ།

    Reply
  9. འཇམ་མགོན། says:
    ལོ་ 15 སྔོན།

    འདིར་ཕེབས་ནས་ཕྲན་ལ་གསལ་འདེབས་དང་རྒྱབ་སྐྱོར་གནང་མཁན་ཚང་མ་ལ་ཐུགས་རྗེ་ཆེ་ཞུ། རེ་རེ་བཞིན་རང་ཉིད་ལ་ཆ་རྐྱེན་མེད་སྟབས་མཆན་འགྲེལ་བྱེད་ཁོམ་མ་བྱུང་བས་དགོངས་དག་ཞུ།

    Reply
  10. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    འཇམ་མགོན་ལགས།
    ཁྱེད་ཀྱིས་གསུངས་པའི་དགེ་རྒན་དགེ་ཕྲུག་བར་གྱི་རྩོད་པ་འདི་འདྲ་ཞིག་ང་དང་ངའི་བུའི་བར་དུ་ཡོད། ངས་རང་གི་བུ་ལ་བོད་ཡིག་སློབ་དུས་ཁོས་ང་ལ་དྲི་བ་མང་པོ་བཏང་གི་རེད།
    དང་པོ། ངའི་བུ་ཡིས་བོད་ཡིག་འདིའི་ང་ལ་ཕན་ག་རེ་ཐོགས་ཀྱི་རེད་དམ་ཟེར་བའི་དྲི་བ་ཞིག་བསླེབས་ཡོང་དུས། ངས་ཅི་ལབ་འདི་ལབ་མེད་པར་ཁྱེད་རང་བོད་པ་མིན་པས་ཟེར་བ་དང་བོད་མི་ཡིན་པའི་རྗེས་སུ་བོད་ཡིག་ངེས་པ་ཏུ་ཤེས་དགོས་རེད་ཞེས་ལབ་པ་མ་གཏོགས་ཁག་པོ་འདུག
    བོད་ཡིག་གིས་མི་ཚེ་སྐྱེལ་དུས་ཕན་འདིར་ཐོགས་ཀྱི་རེད་ཞེས་ལབ་ཁག་པོ་འདུག་པས་ལམ་སྟོན་རེ་གནང་རོགས་ཞུ།
    གཅིག་ནས་ང་རང་ཚོ་ལ་རྒྱལ་ཁབ་མེད་པ་དང་གཉིས་ནས་བོད་ཀྱི་སྐད་ཡིག་ནང་དུ་དེང་རབས་གསར་པའི་ལག་ཤེས་རིག་གནས་མེད་པས་བོད་ཡིག་ནས་ནང་ཆོས་འདྲ་སློབ་སྦྱོང་བྱེད་ཀྱི་དང་གསར་འགྱུར་འདྲ་ལྟ་ཐུབ་ཙམ་ལས་གཞན་མེད་པར་དངོས་ཡོད་གནས་ཚུལ་རེད།

    དཔེར་ན། དེང་རབས་གསར་པའི་རིག་གནས་ཆུང་ཆུང་ཞིག་བོད་ཡིག་ཐོག་ནས་སློབ་སྦྱོང་བྱེད་ཐུབ་ཀྱི་མེད་དུས། ཕྲུ་གུ་ཚོ་ལ་བོད་ཡིག་སྦྱོང་དགོས་ཞེས་ལབ་བསྡད་པ་ཡིན་ནའང་མ་འགྲིག་འདྲ་ཅིག་འདུག་སྙམ།

    Reply
  11. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    བོད་ཀྱི་སྐད་ཡིག་འདི་ཆོས་ལུགས་ཅན་ཞིག་ཡིན་ཀྱང་ལྟ་གོས་ཅན་ཞིག་མིན་པས་མ་འོང་སོན་རྩ་རྣམས་ཀྱིས་འབད་བརྩོན་བྱེད་ཐུབ་མེད་པ་རེད། བོད་མི་རིགས་འདིས་བདེ་བ་འདོད་སྟངས་ལ་དབྱེ་ན་གཉིས་ཡོད། གཅིག་ནི་ལྐོག་ཏུ་གྱུར་པའི་སྐྱེ་བ་ཕྱི་མ་ཐར་པ་དང་ཐམས་ཅན་མཁྱེན་པའི་གོ་འཕང་ཟེར་བ་འདིར་རེད།

    གཉིས་པ་ནི་མི་ཚེ་འདིའི་བདེ་སྐྱིད་རེད། མི་ཚེ་འདིའི་བདེ་སྐྱིད་དང་འཚོ་བའི་དཔལ་འབྱོར་བར་རུ་འབྲེལ་བ་ཆེ་བ་དང་མི་རྣམས་ཀྱིས་དུས་རྒྱུན་དུ་དཔལ་འབྱོར་ཆེད་དུ་འབད་བརྩོན་བྱས་དང་བྱེད་བཞིན་པ་རེད། དེར་བརྟེན་འཛམ་གླིང་ཐོག་ཏུ་སློབ་གྲྭ་བ་རྣམས་ཀྱིས་སློབ་སྦྱོང་ལ་འབད་བརྩོན་བྱེད་པ་འདི་ནི་སྐྱེ་བ་ཕྱི་མ་ལ་ཕན་པའི་བྱ་བ་མིན་པ་ཐམས་ཅད་ཚེ་འདིའི་བདེ་སྐྱིད་ཐོབ་ཆེད་དུ་རེད།

    ཚེ་འདིའི་བདེ་སྐྱིད་ཐོབ་པ་ལ་རང་ཉིད་ཀྱི་འཚོ་བ་ཡག་པོ་ཞིག་ཡོང་ཐབས་ལ་འབད་དགོས་པ་དང་འཚོ་བ་ཡག་པོ་ཞིག་འགྲུབ་ཐུབ་པའི་ཆེད་དུ་ *ལས་དོན་* occupation. Professional.*སློབ་སྦྱོང་བྱེད་དགོས།

    ལས་དོན་སློབ་སྦྱོང་བྱེད་པར་སྐད་ཡིག་གཅིག་བརྟེན་ནས་བསླབ་དགོས་པ་དང་དེ་འདྲ་ཡིན་དུས་རང་གི་བསླབ་པའི་སྐད་ཡིག་དེའི་ནང་དུ་ལས་དོན་སྡེ་ཚན་རྣམས་ཡོད་དགོས། བོད་ཀྱི་སྐད་ཡིག་ནང་དུ་ལས་དོན་སྡེ་ཚན་མེད་དུས་བོད་ཀྱི་སྐད་ཡིག་ལ་བསྟེན་ནས་ལས་དོན་སློབ་སྦྱོང་བྱེད་ཐུབ་ཀྱི་མེད་པས་མ་འོང་སོན་རྩ་རྣམས་ཀྱིས་བོད་ཡིག་སློབ་སྦྱོང་ཡག་པོ་བྱེད་ཀྱི་མེད་པ་རེད་འདོད།

    གལ་སྲིད་བོད་ཡིག་ལ་བརྟེན་ནས་དེང་རབས་གསར་པའི་ལས་དོན་སྡེ་ཚན་ཁག་བསླབ་ཐུབ་པ་དང་དེར་བརྟེན་དཔལ་འབྱོར་ཡོང་ཁུངས་ཞིག་ཡོད་ན་རྒད་མགོ་དཀར་མན་ཆད་དང་ཆུང་སོ་དཀར་ཡན་ཆད་ཀྱིས་ཉིན་མཚན་མེད་པར་འབད་བརྩོན་བྱེད་ངེས་རེད།

    དཔེར་ན། བལ་ཡུལ་སྤོར་ར་གཞི་ཆགས་ཁག་གི་བོད་མི་རྒད་པོ་རྒད་མོ་ཚོས་སྐད་རིགས་སྣ་མ་སྣ་ཚོགས་ཤེས་ཀྱི་ཡོད། ཁོང་རྣམ་པའི་འཚོ་བའི་ཆེད་དུ་ཡུལ་སྐོར་སྤྲོ་འཁྱམ་པའི་མཉམ་དུ་ཚོང་ལས་ལ་བརྟེན་ནས་འཚོ་བ་སྒྲུབ་དགོས་པས་རེད།

    ཚེ་འདིའི་འཚོ་བ་སྒྲུབ་ཐུབ་པའི་སྐད་ཡིག་ཅིག་ཡིན་ན་སྐད་ཡིག་དེ་ལ་འབད་བརྩོན་བྱེད་མཁན་ཡོད་ཡོད་པ་རེད། དེར་མེད་ན་ཆོས་གཅིག་པོ་བྱེད་ཐུབ་ཙམ་གྱི་སྐད་ཡིག་ཞིག་ལ་ཁ་ནས་རྩ་བ་ཆེན་པོ་རེད་ཞེས་བཤད་ཀྱང་དོན་དངོས་ཐོག་འབད་བརྩོན་ཅི་ཙམ་ཡོད་མེད་ང་རང་ཚོའི་བཙན་བྱོལ་བོད་ཕྲུག་རྣམས་ལ་གཟིགས་དང།

    བོད་ཡིག་ཡག་པོ་ཤེས་ཀྱི་མེད་པ་དང་དབྱིན་ཡིག་ཡག་པོ་ཤེས་པ་དང་འབད་བརྩོན་གཙོ་བོ་དབྱིན་ཡིག་ཐོག་ཏུ་བྱེད་ཀྱི་ཡོད། བོད་ཀྱི་སྐད་ཡིག་འདི་ཡུན་རིང་གནས་དགོས་ན་འདི་ལ་སློབ་སྦྱོང་བྱེད་མཁན་དགོས་ཀྱི་རེད།བོད་ཡིག་ལ་སློབ་སྦྱོང་བྱེད་མཁན་དགོས་ན་བོད་ཡིག་ནང་དུ་ལས་དོན་སྡེ་ཚན་བསྒྱུར་དགོས་པ་མཐོང།

    རྨེའུ་དཀོན་རྒྱམ་གྱིས་དྲི་བ་༥》 དེང་དུས་ཀྱི་རིག་གནས་དང་རྒྱུན་ཤེས་གང་མང་ཞིག་བོད་ཡིག་ཏུ་བསྒྱུར་ཐབས་སུ། བྱ་ཐབས་ག་འདྲ་ཞིག་འདོན་དགོས་པ་རེད་དམ།

    ལན།

    དེང་དུས་ཀྱི་ལས་དོན་སྡེ་ཚན་གྱི་རིག་གནས་བོད་ཀྱི་སྐད་ཡིག་ནང་དུ་བསྒྱུར་པར་ཆ་རྐྱེན་མང་པོ་ཞིག་དགོས་ཀྱི་རེད་སྙམ། དཔེར་ན་འཛམ་གླིང་ཐོག་ཏུ་དེང་དུས་ཀྱི་ལས་དོན་སྡེ་ཚན་མང་པོ་ཡོད་པའི་ནང་ནས་ང་ཅོ་རིས་ཤེས་པ་ནི་མ་ཆེན་གྱི་ལས་དོན་ཡིན་པས་ཟས་ཀྱི་རིག་གནས་སྐོར་རུ་མྱོང་བ་ཅང་ཟད་ཡོད་པས་མ་ཆེན་ལས་དོན་བོད་ཡིག་ནང་དུ་བསྒྱུར་སྟངས་བཤད་ན།

    དང་པོ་ཐ་སྙད་ཀྱི་མ་འདང་བའི་དཀའ་ངལ་ཆེ་ཤོས་རེད། ཟས་ཀྱི་རིགས་མི་འདྲ་ཧ་ཅང་མང་པོ་ཡོད་པ་དང་དེ་འདྲའི་རིགས་རྣམས་ཐ་སྙད་འདི་དང་འདི་བེད་སྤྱོད་བྱ་དགོས་མིན་ཁ་ཚོན་གཅད་མ་ནུས་པ་དང་ག་སྲིད་ཐག་གཅོད་ནས་བྲིས་པ་ཡིན་ན་གཞན་གྱིས་གོ་མི་ཐུབ་པའི་དཀའ་ངལ་འདི་ནི་སྡུག་ཤོས་འདུག

    དཔེར་ན་Pizza ལྟ་བུ་བཟོ་སྟངས་བོད་ཡིག་ནང་དུ་བསྒྱུར་དགོས་དུས་དང་པོ་pizzaཞེས་པ་འདི་ལ་མིང་ཞིག་འབྲི་དགོས་པས་སྒྲ་སོར་བཞག་བྱེད་ནས་གོ་སླ་ཡང་དེང་སང་སྤྱི་ཚོགས་ནང་དུ་སྒྲ་སོར་བཞག་པ་རྣམས་ལ་ངོས་ལེན་མེད་གསུངས་མཁན་མང་པོ་རེད།

    བོད་མང་གི་མཁས་དབང་ཚོས་བོད་སྒྱུར་བྱས་པའི་ཚིག་མཛོད་རེ་གཉིས་ཡོད་ཀྱང་ལས་དོན་སྡེ་ཚན་ཞིག་བོད་ཡིག་ནང་དུ་བསྒྱུར་པ་ལ་ཕན་ནུས་ཆ་ཚང་བ་ཡོད་པ་གཅིག་ཀྱང་མེད། ལས་དོན་རིག་གནས་ཤེས་མཁས་ཚོས་བོད་ནས་བཏགས་པའི་ཐ་སྙད་གསར་པ་རྣམས་མ་ཤེས་པ་དང་བྱ་དངོས་གསར་པ་རྣམས་ལ་མིང་ལྷག་གཏགས་མཁན་ཚོས་ལས་དོན་རིག་གནས་མ་ཤེས། གལ་སྲིད་བྱ་དངོས་གསར་རྣམས་ལ་བོད་མིང་ཡིན་ཟེར་ནས་ཅིག་འདོགས་ཁུལ་བྱེད་པ་ཡིན་ན་ལས་དོན་རིག་གནས་བོད་ཡིག་ནང་དུ་བསྒྱུར་ཐུབ་པ་ཁག་པོ་རེད་འདུག

    བཙན་བྱོལ་བོད་གཞུང་གིས་ངོས་ནས་ཐ་སྙད་གསར་པ་གཏན་འབེབས་ཀྱི་ཚིག་མཛོད་རྩ་བ་བརྟེན་ས་ཞིག་དང་ཆ་ཚང་བ་ཞིག་བཟོ་ཐུབ་པ་ཡིན་ན་ལས་དོན་སྡེ་ཚན་ཁག་བོད་ཡིག་ནང་དུ་བསྒྱུར་ཐུབ་སྙམ།

    དེང་དུས་ཀྱི་ལས་དོན་རིག་གནས་བོད་ཡིག་ནང་དུ་བསྒྱུར་མཁན་ཞིག་གི་ངོས་ནས་ཚང་དགོས་པའི་ཆ་རྐྱེན་དང་པོ་རང་ཉིད་ཀྱི་ལས་དོན་རིག་གནས་དེར་ཤེས་དགོས། གཉིས་པ་སྐད་ཡིག་གཉིས་ཤེས་དགོས་ཀྱི་རེད་སྙམ།

    Pizza བཟོ་ཤེས་པའི་མ་ཆེན་ལག་ཤེས་པ་ཞིག་ཡིན་ན་ཡུང་རོ་རྒྱལ་ཁབ་ཁག་གི་ནང་དུ་ལས་ཀ་མི་རག་པའི་སེམས་མེད། གཞན་རྒྱ་གར་བལ་ཡུལ་ནང་དུ་མཐོ་སློབ་ཕྱིན་པ་ཡིིན་ཟེར་མཁན་ཚོས་ལས་ཀ་གཙང་མ་བཟོ་ཡ་དང་སྡེར་མ་ཁྲིས་ཡ་ལས་ཀ་མ་གཏོགས་ཁག་པོ་རེད། མདོ་ན་དེང་དུས་ཀྱི་ལས་དོན་རིག་གནས་མེད་པའི་མི་ཞིག་གི་འཚོ་བ་པོ་ཞིག་ཡོང་བ་ཁག་པོ་རེད།

    Reply
  12. མི་ནག་ཚང་ལུང་རིགས་རྒྱལ། says:
    ལོ་ 15 སྔོན།

    བརྩེ་བའི་རྒན་འཇམ་མགོན་ལགས། བདེ་མོ་ཡིན་ནམ།

    ངའི་ཚོར་སྣང་ཞིག་ལ་ད་ནི་ ༡༩༧༠ དོན་གྲངས་ནང་གི་བྱིས་པ་ཚོས་སྐད་རྒྱག་གི་ཡོད་པའི་སྣང་བ་ཞིག་ཤར་གི་འདུག ཁྱོད་བདུན་ཅུ་ག་དུས་ཤིག་ལ་སྐྱེས་པ་རེད་དམ། ཕྱིར་འདང་མང་པོ་ཞིག་རྒྱག་དགོས་འཁེལ་གི་འདུག

    དེང་སྐབས་དྲ་ཐོག་ན་བོད་ཡིག་འབྲི་མཁན་དང་། དྲ་ཐོག་ལ་བོད་ཡིག་འབྲི་སའི་ཁོར་ཡུག་སྐྲུན་མཁན། གཞི་རིམ་ནས་བོད་ཡིག་སློབ་ཁྲིད་བྱེད་མཁན། རྩོམ་ཡིག་འབྲི་མཁན། རྩོམ་ཡིག་ཀློག་མཁན། རྩོམ་ཡིག་གླེང་མཁན། རྩོམ་སྒྲིག་བྱེད་མཁན། བོད་ཡིག་གི་ཆེད་དུ་རང་སྲོག་འབེན་ལ་འཇོག་ལ་ཁལ་བྱེད་ཀྱིན་པ་འདི་དག་ཕལ་ཆེ་བ་ཞིག་ ༧༠ དོན་གྲངས་ནང་གི་བྱིས་པ་སྣབ་ལུག་དེ་ཚོ་རེད་འདོད།

    ང་ཚོ་གད་པ་དང་ནེའུ་གསིང་། ནགས་མཐའ། རྡོ་ར་བཅས་ཀྱི་ནང་དུ་རྩེད་མོ་རྩེས་སྐབས་འདི་ཚོ་གང་ནས་དྲན། ངས་ཚོད་ཚོད་མེད་པར་འདི་འདྲ་ཡང་དྲན་ཡོང་གི་འདུག

    དེ་ནས་་་་་་དེང་སྐབས་གྲྭ་ས་ཁག་ནའང་ ༧༠ དོན་གྲངས་ནང་གི་མི་རབས་དེ་ཚོ་ཤུགས་ཆེ་ཤོས་མིན་འགྲོ། ཕལ་ཆེར་ཡིན་འགྲོ།

    མི་རིགས་ཀྱི་གནད་དོན་ཞེས་པ་འདི་མི་རབས་ནས་མི་རབས་བར་དུ་རྩོད་དགོས་པའི་དབང་དུ་བཏང་ན། དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་གི་དར་མ་དང་ཤེད་ཤུགས་གཙོ་བོ་དེ་བདུན་ཅུ་དོན་གྲངས་ནང་གི་མི་རབས་དེ་ཚོ་ཡིན་ས་རེད།

    ཁྱོས་དེ་རུ་མུ་མཐུད་ནས་སྐད་རྒྱག་གི་ཡོད་པ་འདི་གོ་ནས་ཧ་ཅང་དགའ་ཡོད། ཁྱོད་རང་ང་ཚོའི་ཚབ་མཚོན་ཡིན། ངས་བལྟས་ན་ཁྱོའི་མཐའ་འཁོར་དང་། དྲ་ངོས་ན་ད་སྐབས་ང་ཚོའི་མི་རབས་དེས་ཁེངས་བསྡད་འདུག ང་ཚོས་མུ་མཐུད་ནས་སྐད་རྒྱག

    Reply
  13. གཞིས་ཆགས་བུ། says:
    ལོ་ 15 སྔོན།

    དང་ཐོག་ངས་རྒན་འཇམ་མགོན་ལགས་ལ་རྩོམ་ཡིག་འདི་འདྲ་ཞིག་སྤེལ་བར་ཐུགས་རྗེ་ཆེ། དེ་ནི་ངོ་མ་གནད་དོན་གལ་ཆེན་ཞིག་རེད་ལ། ང་ཚོས་ཀྱང་བརྗེད་རྒྱུ་མེད་རེད། སྐད་ཡིག་ཤི་སོང་ན། རིག་གཞུང་ཟེར་བ་དེ་བདག་གཅེས་སམ་གནས་ཐུབ་རྒྱུ་ནི་ཉིན་མོའི་སྐར་མ་བཞིན་མི་སྲིད་པའི་ཤེས་བྱ་རུ་འགྱུར་ངེས་པས། ཤེས་ལྡན་པ་རྣམས་ཀྱི་དེའི་ཐོག་བསམ་གཞིགས་ནན་མོ་བྱས་ནས། ལས་འགུལ་ཆེ་འབྲིང་ཆུང་གསུམ་སྤེལ་དགོས་པ་ཡིན།

    Reply
  14. དྲང་སྲོང་། says:
    ལོ་ 15 སྔོན།

    འཇམ་མགོན་ལགས། ཁྱེད་ཀྱིས་བོད་ཀྱི་སྐད་ཡིག་དང་། རིག་གཞུང་། ཡུལ་སྲོལ་གོམས་གཤེས་བཅས་ལ་བསྟོད་བསྔགས་དང་། མཐོང་ཆེན་བྱས་པ་འདི་ནི། དངོས་གནས་བོད་མི་རིགས་ལ་ཤ་ཞེན་ཆེ་བ་དང་། བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱས་ཡོད་པའི་རྟགས་ཞིག་རེད། མ་ཟད་གོས་ས་མཆོག་གིས་ཀྱང་བོད་མི་རིགས་འདི་ནི། འཚེ་མེད་ཞི་བ་དང་། གཞན་ཕན་གཞུང་དྲང་། ཁྲེལ་དང་ངོ་ཚ་ཡོད་མཁན་ཞིག་ཡིན་ཞེས་ཕྱིའི་རྒྱལ་ཁབ་ཁག་ཏུ་འུར་འུར་བསྒྲགས་ཀྱིན་ཡོད་ལ། རྒྱ་ཆེའི་སྤྱི་ཚོགས་ཀྱིས་ཀྱང་དེ་ལ་ཡིད་ཆེས་བྱེད་མྱོངས།
    འོན་ཀྱང་དོན་དངོས་ཐོག་ནས་བཤད་ན་ད་ལྟའི་བོད་མི་ཕར་ཆེ་བའི་ཀུན་སྤྱོད་ནི་གོས་དུ་བཤད་པ་དང་དངོས་འགལ་དུ་གྱུར་ཚར་ཡོད་པ་མངོན་གསལ་རེད། དཔེར་ན་རྒྱ་བལ་ན་ཡོད་པའི་བོད་རིགས་དང་། མ་ཟད་སྤྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་ཀྱི་བྱ་སྤྱོད་ནི་ནང་ཕན་ཚུན་བར་ལ་ཕྲག་དོག་ཧ་ཅིང་ཆེ་བས་བརྩོད་ལེན་ཤིན་ཏུ་མང་བ་དང་།
    མ་ཟད་རྒྱ་ནག་དང་ཐེ་ཝན་སོགས་ན་ཡོད་པའི་བོད་ཀྱི་བླ་སྤྲུལ་གྲགས་ཅན་ཚོས་ཕན་ཚུན་དགྲ་ལྟར་དུ་མཐོང་བ་དང་། གལ་སྲིད་བླ་སྤྲུལ་་གསར་པ་ཞིག་འབྱོར་ན་རོགས་རམ་ཕར་ཞོག དེའི་མདུན་ལམ་ལ་སྔོན་འགོག་ཅི་ཐུབ་བྱ་བ་སོགས་ངོ་ཚ་འོས་པ་དང་ཡིད་ཆད་རུང་བའི་གནས་ཤིན་ཏུ་མང་པོ་དངོས་སུ་ཐོན་ཚར་ལ། ད་དུང་ཡང་ཆུ་བོའི་རྒྱུན་བཞིན་འབྱུང་དང་འབྱུངས་བཞིན་པ་རེད།
    གནས་ཚུལ་འདི་རིགས་ལ་བརྒྱུར་བཅོས་དང་ཡར་རྒྱས་འོངས་ཐབས་གང་ཡོད་མེད་ཐད་ལ་བགྲོ་གླེང་དང་ཐུགས་བསམ་བཞེས་རོགས།
    གལ་སྲིད་མུ་མཐུད་ནས་འདི་ལྟར་བྱས་བསྡན་ན། འབྱུང་འགྱུར་ལོ་བཅུ་ནང་ལོག་ནས་བོད་མི་རིགས་ཞེས་པ་དེ་འཛམ་གླིང་གི་མི་རིགས་ཐ་མ་ཉིད་དུ་ཆགས་རྒྱུར་ངེས་ཅན་རེད། བོད་མི་ཕོན་ཆེན་གནས་པའི་སྤྱི་རྒྱལ་ཁག་གི་ས་གནས་སོགས་ལ་ད་ནས་བོད་མི་ཞེས་པ་དེ། འོ་དེ་ཙམ་རེད་སྙམས་པའི་ལྟ་བ་སེམས་ལ་ཆགས་བཞིན་ཡོད།

    Reply
  15. སྣང་རྒྱལ་ཤེར་དགེ says:
    ལོ་ 15 སྔོན།

    བོད་ཀྱི་སྐད་ཡིག་ལ་བརྟེན་ནས་ཕྱི་ལོག་གི་ས་སྒོ་ཆེན་པོ་ཞིག་མི་ཆོད་པ་དངོས་བདེན་རེད། དོན་དངོས་འདི་ང་ཚོས་ངོས་ལེན་མི་བྱེད་རང་བྱེད་རེད། འོན་ཀྱང་རྒྱུ་མཚན་དེ་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་མི་འོས། ཅིའི་ཕྱིར་ཞེ་ན་ས་སྒོ་མི་ཆོད་པའི་གནད་དོན་འདི་མིའི་ནུས་ཤུགས་ཀྱི་གནད་དོན་ཡིན་པ་ལས་སྐད་ཡིག་རང་ངོས་ཀྱི་གནད་དོན་ཞིག་མ་རེད། སྐད་ཡིག་རང་ངོས་ནས་བཤད་ན་རྒྱ་ཡིག་ལས་ལྡབ་འགྱུར་གྱིས་བོད་ཡིག་གི་ནུས་པ་ཆེ་བ་དང་བཀོལ་སྤྱོད་བདེ་བ་ཡོད། དེང་འཛམ་གླིང་སྤྱིའི་སྐད་ཡིག་ཏུ་འབོད་པའི་དབྱིན་ཡིག་འདི་ཡང་རང་ངོས་ཀྱི་ནུས་པ་བོད་ཡིག་ལས་ལྷག་ཅིག་མེད། དབྱིན་ཇི་བས་མིའི་ནུས་ཤུགས་ཚན་རྩལ་དང་དཔལ་འབྱོར་གྱི་ཐོག་ཏུ་ཕུད་པའི་རྐྱེན་གྱིས་དེའི་ཕྱོགས་ཀྱི་ཐ་སྙད་ཧ་ཅང་ཕྱུག་པ་དང་། བོད་ཀྱིས་མིའི་ནུས་ཤུགས་ཆོས་གཞུང་གྱི་ཐོག་ཏུ་ཕུད་པས་དེའི་ཕྱོགས་ཀྱི་ཐ་སྙད་དབྱིན་ཇི་བ་ལས་ཕྱུག་པའི་སྣང་ཚུལ་དེས་གནད་འགག་གི་གསལ་བཤད་ཆེན་པོ་ཞིག་བྱས་ཡོད།

    Reply
  16. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    Dawai Shonu ཁོ་རས་ཁྱོད་འདིར་ལྟོས་དང་།
    དེ་ཡང་རྣམ་དཔྱོད་ཀྱི་གཟིགས་པ་རྣོ་བའི་འཛམ་གླིང་གི་མཁས་པའི་ སྐྱེ་བོ་ཚང་མས། སྐད་ཡིག་རིག་གནས་ནི་མི་རིགས་ཤིག་ཏུ་འགྱུར་བའི་རྒྱུ་རྐྱེན་དང་རྟགས་མཚན་ཉག་ གཅིག་ཡིན་པ་དང་། མི་རིགས་རང་གི་སྐད་ཡིག་གཙིགས་ཆེར་བྱེད་པ་མི་རིགས་དེའི་མི་མང་གི་གོ་རྟོགས་ སད་རྟགས་དང་། མི་རིགས་ཀྱི་འདུ་ཤེས་དང་རིག་གནས་ཀྱི་འདུ་ཤེས་རྒྱས་རྟགས་ཡིན་ཞེས་སྨྲས་ཤིང་། སྐད་ཡིག་རིག་གནས་ལ་གཙིགས་ཆེར་མི་བྱེད་པ་ནི་བསམ་བློ་རྗེས་ལུས་ནོར་འཁྲུལ་གྱི་ རྟགས་དང་། མི་རིགས་ཉམས་རྒུད་དུ་སོང་བའི་ཐན་རྟགས་སུ་འཛིན་གྱི་ཡོད། གལ་ཏེ་རྒྱལ་ཁབ་ཅིག་དང་མི་རིགས་ཤིག་གིས་རིག་གནས་སློབ་གསོ་གཙིགས་འཛིན་མི་ བྱེད་པ་ཡིན་ན། དེ་ལྟ་བུའི་རྒྱལ་ཁབ་དང་མི་རིགས་དེ་ནི་ལོག་ལམ་དུ་འཕྱན་པ་ཡིན་ལ། གཞི་ནས་རེ་བ་མེད་པའི་ས་ལ་ལྷུང་བ་ཡིན་པར་སྔོན་བྱོན་དང་ད་ལྟར་གྱི་གནས་ཚུལ་ལས་ ཤེས་སོ།། རང་རེ་བོད་མི་རིགས་ལ་མཚོན་ན། དེང་རབས་ཀྱི་བཟོ་ལས་ཚོང་ལས་དངོས་རྫས་སྐྲུན་པའི་ཚན་རིག་ལག་རྩལ་སོགས་ཀྱི་ཐད་ ནས་རྗེས་ལུས་ཡིན་པ་ནི་ཉམས་འཇོག་བྱ་དགོས་པའི་ཕྱོགས་གཅིག་ཡིན་ཀྱང་། རླབས་ཆེན་གཟི་བརྗིད་དང་ལྡན་པའི་རིག་གནས་ཀྱི་བང་མཛོད་རྒྱ་ཆེན་པོ་ཡོད་པས། ལོ་རྒྱུས་རིག་གནས་དང་བསམ་བློ་ཀུན་སྤྱོད་ཕྱོགས་ནས་ནམ་ཡང་དབུལ་བོའི་གྲལ་དུ་ ལྷུང་དོགས་མེད། བོད་རིགས་ནི་བསམ་བློ་རིག་གནས་ཀྱི་ཆ་ནས་མི་རིགས་ཆེན་པོ་དང་མི་རིགས་ཕྱུག་པོ་ ཡིན་ཞེས་ཁོ་བོས་མགྲིན་པ་གཟེངས་སུ་བསྟོད་ནས་སྨྲ་བར་སྤོབས། དེང་སང་ལྟ་བ་དང་འདུ་ཤེས་ལོག་པ་ཁ་ཤས་ཀྱིས་མི་རིགས་ལ་ཤ་ཚ་ཁུལ་དང་བསམ་བློ་ བཅིངས་འགྲོལ་ཡིན་ཁུལ་གྱིས། མི་རིགས་རང་གི་རིག་གནས་ལ་ཁབ་འགྲོ་འབིགས་འགྲོའི་ཚུལ་གྱིས་སྐྱོན་འཚོལ་བ་དང་། མི་རིགས་གཞན་པའི་དུག་རྫས་ཕྱགས་ལུད་ཡན་ཆད་སྡུད་ལེན་བྱེད་པ་ལ་མཛངས་པར་རློམ་པ་ ནི་ཤེས་རྒྱ་ཆུང་བའི་རང་མཚང་སྟོན་པ་ལས། གཞན་ཇི་སྲིད་འཛམ་གླིང་གི་མི་རིགས་གང་གི་རིག་གནས་ལའང་ཡོན་ཏན་ཡོད་ལ། སྐྱོན་གྱི་ཆེར་འགྱུར་བའི་རིགས་ཀྱང་མེད་མི་སྲིད་མོད། སྐྱོན་ཡོན་གང་ཡང་འཇིག་རྟེན་ན་འཇལ་བྱེད་ཚད་མ་གཅིག་མཐུན་མེད་པས་ཅིག་ཤོས་ཀྱིས་ སྐྱོན་དུ་མཐོང་བའི་མི་ཚང་མར་སྐྱོན་དུ་འགྲོ་བ་ག་ལ་སྲིད། དེའི་སྟབས་ཀྱིས་རིག་གནས་གང་ཡང་རིག་གནས་དེ་བསྐྲུན་ཅིང་བེད་སྤྱོད་པའི་མི་ རིགས་དེའི་འཚོ་བའི་གནས་ཚུལ་དང་མཐུན་ཞིང་འདོད་པའི་རེ་བ་སྐོང་ཐུབ་པ་ཡིན་པས། མི་རིགས་རང་རང་གི་བསམ་བློ་ལྟ་སྤྱོད་མཚོན་པ་ཞིག་ལས་ལག་རྩལ་ལྟར་སྔོན་ཐོན་དང་ རྗེས་ལུས་ཀྱི་ཁྱད་པར་མེད་པ་འཛམ་གླིང་མཁས་པའི་ཁྲོད་དུ་རླུང་ལྟར་གྲགས་པ་ཡིན་ མོད། ཐོས་ཆུང་རྐྱལ་སྟོང་རྣམས་ལ་ཅི་ཆ། མཁས་དབང་ལུའུ་ཞུན་ནས་ཀྱང་བྱིས་པ་བཀྲུས་པའི་ཆུ་འཕོ་འདོད་ནས། མི་ཁ་ཤས་ཀྱི་བྱིས་པ་ཡང་ཐང་ལ་འཕོ་བར་བྱས་ཞེས་སྨྲས་པ་དེ་ཤིན་ཏུ་གནད་ཆེ། ཕྱོགས་གཞན་ཞིག་ནས་བཤད་ན། དེང་སང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བོད་ཀྱི་ནང་བསྟན་རིག་གནས་དང་ལོ་རྒྱུས་རིག་ གནས་ཀུན་ལ་མཐོང་རྩིས་ཞིབ་འཇུག་བྱེད་མཁན་ལོ་རེར་ཟླ་རེར་ཇེ་མང་དུ་འགྲོ་ཀིན་ ཡོད་ལ། དུས་རབས་ཉེར་གཅིག་པ་ནི་བོད་ཀྱི་རིག་གནས་ཞིབ་འཇུག་གི་དུས་རབས་ཡིན་ཞེས་རྒྱལ་ ཁབ་ཕྱི་ནང་ཀུན་ཏུ་གྲགས་ཤིང་། བོད་ཀྱི་ནང་བསྟན་དང་བོད་སྨན་ས་ཁྱད་ཏུ་དར་བ་ཡང་དེའི་བདེན་རྟགས་གཅིག་རེད། རྒྱལ་ཁབ་ཕྱི་ནང་གི་མི་རིགས་གཞན་པས་ཀྱང་བོད་ཀྱི་སྐད་ཡིག་རིག་གནས་ལ་དགའ་བ་དང་ དང་བ་སྐྱེས་ཤིང་གཙིགས་ཆེར་བྱེད་པའི་དུས་འདིར་མི་རིགས་རང་གིས་དེ་ལ་ལྷག་པར་ རྩིས་མཐོང་བྱེད་པ་དང་། ཁྱབ་བརྡལ་དུ་གཏོང་དགོས་པ་ནི་སྨོས་མ་དགོས་སོ།། བྱ་བ་འདི་འདྲའི་སྟེང་ན་སྒྲིམ་པ་ནི་བསྟོད་བསྔགས་ཀྱི་མེ་ཏོག་གཏོད་ས་ཡིན་ནོ།།

    Reply
  17. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    འཇམ་མགོན་ལགས་
    གསུངས་པ་ཤིན་ཏུ་བདེན་པ་འདུག འོན་ཀྱང་ཁ་ཆུང་དཔང་ཆུང་ཚོའི་སྐད་ངན་རེ་བསྒྲོགས། ཞེན་ཆགས་རེ་བྱས་ སྐད་ཡིག་འདི་རྩ་ཆེན་ཡིད་སྐད་རེ་བསྒྲགས
    ད་དུང་དེའི་ཆེད་དུ་ཅི་ཞིག་བྱས་ཀྱང་། བོད་ཀྱི་སྐད་ཡིག་གིའི་ངོ་བོ་གནས་པ་དང་འཕེལ་བསྐྱེད་སོགས་ལ་ཕན་པ་ཆེར་མི་འདུག་ཉམས། རྒྱུ་མཚན་གཉིས་བཤད་ན
    རྒྱ་ཡིག་མི་ཤེས་ན་རྒྱ་གཞུང་ལས་བྱེད་ལ་རེ་བ་མེད ལས་བྱེད་ཞིག་མ་ཉན་ན་ཡོན་ཏན་སྦྱང་བ་དོན་མེད་དུ་སེམ་བཞིན་ཡོད། སྐྱབས་བཅོལ་གཞུང་གིས་ལས་བྱེད་ཞིག་བྱེད་འདོད་ན་དབྱིན་ཡིག་ཤེས་དགོས་།་དེ་མ་ཤེས་ན ཁྱོད་ཀྱི་བོད་ཡིག་་གྱིས་གུང་ཚད་ཀྱི་གཞུང་ཞབས་ཀྱིས་རྐུབ་བཅག་ཉོ་མི་ཐུབ། བོད་ཡིག་ལ་མཐོང་བྱེད་མཁན་དང་དེའི་དགོས་མཁོ་ཡོད་པས་གཞུང་ལས་ཁང་ཞིག་མེད་པས་ ་་་་་ད་ཁྱེད་ཀྱི་དབྱིན་ཡིག་སྦྱོང་་། ཁ་ནས་བཤད་ན་འགོ་བཀའ་ཁྲི་ནས་སྐད་ཡིག་སྐད་ཡིག་ཞེས་བཤད་གིན་ཡོད་མོད དོན་ལ་ངའི་བཤད་པ་འདི་ལག་ལེན་རེད་། ་ མ་རེད་དམ་།

    Reply
  18. Dawai Shonu says:
    ལོ་ 15 སྔོན།

    འཇམ་དགོན་ལགས།
    ཁྱེད་རང་གིས་བོད་ཀྱི་སྐད་ཡིག་ཐོག་ལ་བསམ་ཚུལ་བཏོན་པ་ལེགས། འོན་ཀྱང་བོད་ཡིག་ལ་དེ་ཙམ་དོ་སྣང་མ་བྱེད་མཁན་ཚོར་ཁ་བརྡུང་དྲག་པོ་གཏོང་བ་ནི་ཡག་པོ་རང་མ་རེད།ཁྱེད་རང་སྐད་ཡིག་མ་ཤེས་པའི་ངར་རྒྱལ་ཡིན་སྲིད། སློབ་ཕྲུག་ཚང་མར་སོ་སོ་སོའི་ཁམས་དང་མོས་པར་མཐུན་པའི་སློབ་མཚན་ཞིག་ཡོད་པ་རེད། ཁོང་ཚོར་སོ་སོར་རང་གི་དགའ་བའི་སློབ་མཚན་དེ་ལ་ཤུགས་རྒྱགས་རྒྱུུའི་རང་དབང་ཡོད་པ་རེད། སློབ་གྲྭ་དང་མཐོ་སློབ་ནང་སློབ་མཚན་མི་འདྲ་བ་མང་པོ་ཡོད། བོད་ཡིག་ཀྱང་ཀྱང་བྱང་བསྡད་ན་སློབ་མཚན་གཞན་དག་སུས་སྦྱང་གི་རེད།
    རྟག་པར་རིག་གཞུང་དང་སྐད་ཡིག་ཀྱང་ཀྱང་སྐོར་བཤད་ཡ་མ་གཏོགས་གཞན་ཡོད་པ་མ་རེད་པས། རིག་གནས་གསར་པའི་སྐོར་ལ་མིན་འདུག་གས། ལྷག་པར་དུ་ངའི་སྐད་ཡིག་དང་ང་ཚོའི་རིག་གཞུང་ཞེས་བློ་ཆུང་བྱེད་མི་རིགས། ཁྱེད་རང་སྐད་ཡིག་ག་ར་བེད་སྤྱོད་བྱེད་ན་འགྲིག སུས་ཀྱང་གང་ཡང་ལབ་ཀྱི་མ་རེད། ཁྱེད་རང་དབྱིན་སྐད་ཤེས་ཀྱི་ཡོད་ན་དབྱིན་སྐད་བེད་སྤྱོད་བྱེད་ཆོག ཇར་མན་སྐད་ཡིག་ཤེས་ཀྱི་ཡོད་ན་དེ་བེད་སྤྱོད་བྱེད་ན་འགྲིག གནས་སྟངས་དང་མཐུན་པའི་ཐོག་ནས་སོ་སོས་སྐད་ཡིག་སྦྱང་དགོས་པ་རེད། རྒྱ་གར་ནང་ཡིན་ན་ཧིན་སྐད་དང་དབྱིན་ཇི་གཙོ་བོ་རེད།་་དེ་མིན་དཀའ་ངལ་འཕྲད་རྒྱུ་རེད

    Reply
  19. tashi says:
    ལོ་ 15 སྔོན།

    རེད་རེད། བོད་དགེ་རྣམས་ཀྱི་ནོར་རེད་ལ། ཤེས་རིག་ལས་བྱེད་ཚོ་ནས་ཀྱང་ནོར་བ་རེད། འོ་ན་སུ་འགྲིག་པ་རེད་བརྗོད་ན། འཇམ་མགོན་ཁྱེར་རང་གཅིག་པུ་འགྲིག་པ་རེད། ང་ཚོའི་བཙན་བྱོལ་སྤྱི་ཚོགས་ཆུང་ངུ་འདིའི་ནང་ཕན་ཚུན་སྐྱོན་འཛུགས་རང་བྱེད་པ་ལས། མིང་དོན་མཚུངས་པའི་ཐབས་ལམ་ཡང་དག་པ་རེ་འདོན་མཁན་ཞེ་དྲག་གི་ཉུང་ཉུང་རེད་འདུག འཇམ་མགོན་ལགས། རྩོམ་རྗེས་མའི་ནང་གོང་དུ་གསལ་བའི་སྐྱོན་བརྗོད་ཚབ་ལས་ཐབས་ལམ་འདོན་པའི་རེ་བ་ཡོད།

    Reply
  20. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    འཇམ་མགོན་ལགས་ཁྱེད་ཀྱིས་གསུངས་པ་དེ་དེ་བཞིན་རེད།
    ཤེས་རིག་གི་ལས་བྱེད་མིང་འཛིན་པ་ཚོས་ཤེས་ཡོན་གྱི་ཁ་ཕྱོགས་གསལ་པོ་ཞིག་སྟོན་མི་ཐུབ་པའི་ཉེ་ལེན་ལ་བརྟེན་ནས་ད་ལྟ་བར་བཙན་བྱོལ་ནང་ནས་རང་གི་རིག་གཞུང་ཐོག་རང་སྐྱ་འཕེལ་བའི་མི་ཞིག་གསོ་སྐྱོང་བྱེད་ཐུབ་མེད།

    Reply
  21. ཀླུ་མཁར་བྱམས། says:
    ལོ་ 15 སྔོན།

    རེད་་་རེད་་ གཙོ་བོ་ཁྱོད་ཚོ་བོད་དགེ་རྣམ་པའི་ཤུགས་ཅིག་རྒྱོབས་དང་་་མ་གཞི་
    གོ་ལ་གཅིག་གྱུར་གྱི་འུར་ཟིང་ཁྲོད་ནས་སྐད་ཡིག་ཆུང་ཆུང་ཚང་མ་ཁག་པོ་ཆགས་འདུག་་ཡིན་ན་་་་

    Reply
  22. བོད་ཀྱི་སེམས་པ། says:
    ལོ་ 15 སྔོན།

    འཇམ་མགོན་ལགས་ནས་དངོས་གནས་རྩོམ་ཡག་པོ་འདི་བདེན་པ་རེད། དེ་བདེན་པ་འདུག་བསམ་པ་རྐྱང་རྐྱང་གསུངས་འདུག ཕལ་ཆེར་ལོ་མང་རིང་ཉམས་མྱོང་བསགས་པ་ལས་བྱུང་བའི་ངག་ཡིན་པ་གོར་མ་ཆག་ཀྱང་ངའི་བལྟས་ན་ཁྱེད་ཀྱི་འདིར་རྩོམ་ཐུང་རེ་ལྷག་བསམ་གྱི་བྲིས་པ་བཟང་ཡང་། དོན་དངོས་ཐོག་ད་དུང་བོད་ཡིག་འདི་སྤྱི་ཚོགས་ནང་ཁྱབ་བརྡལ་སྤུས་གཙང་ཞིག་འགྲོ་བ་ལ་སྐུ་ཉིད་ནས་ཐབས་ལམ་མང་པོ་ཞིག་ནས་དེའི་ཐོག་ཤུགས་སྣོན་གནང་རྒྱུ་ཧ་ཅང་གལ་ཆེ་སྙམ། དཔེར་ན། སྐབས་རེ་སྤྱི་འཐུས་ཀྱི་རྒྱུན་ལས་དང་ཤེས་རིག་ལས་ཁུངས་དེ་བཞིན་འབྲེལ་ཡོད་ཁག་ལ་དུས་དང་དུས་སུ་དེའི་སྐོར་རྩོམ་དང་ཡིག་ངག་གཉིས་ཐོག་ནས་དྲན་གསོ་དང་འབོད་སྐུལ་ཆུ་བོའི་རྒྱུན་བཞིན་བྱས་གལ་ཆེའོ།

    Reply
  23. ལྷ་ཆབ་སྦྱིན་པ། says:
    ལོ་ 15 སྔོན།

    ལོ་མང་རིང་དགེ་རྒན་གྱི་ཉམས་མྱོང་གི་སྟེང་ནས་འདི་འདྲའི་རྒྱུས་ཡོད་ཀྱི་བསླབ་བྱ་གནང་བར་ཐུགས་རྗེ་ཆེ། རྒན་འཇམ་མགོན་གྱིས་ལོ་ངོ་དུ་མོར་གཞི་རིམ་གྱི་སློབ་མ་ཚོར་གསེར་ཆུ་དང་དངུལ་ཆུ་ལུད་པ་རེད། དེའི་སྟབས་ཀྱིས་གོང་གི་རྩོམ་ཡིག་དེ་ཡང་ཁོང་གི་འདས་པའི་ཉམས་མྱོང་ལས་བྱུང་བ་འབའ་ཞིག་ཡིན་པས་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese