མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོས་ལས་རྒྱུ་འབྲས་བརྩི་དགོས་པ་རེད།

བོད་ཀྱི་དུས་བབ།
༢༠༡༠/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ལོ་ཤས་ནས་ཡུ་རོབ་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་བོད་རིགས་ཚོགས་པ་ཁག་གི་བར་ལས་དོན་མཉམ་རུབ་ཡོང་མི་ཐུབ་པའི་དཀའ་ངལ་ཞིག་འཕྲད་ཡོད་ལ། དེ་དོན་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་ཅིག་གིས་ཡིག་ངག་ཅི་རིགས་ནས་བོད་གཞུང་སྐུ་ཚབ་དོན་གཅོད་ལ་སྙན་གསེང་ཀྱང་ཕུལ་ཡོད། འདི་ག་གསར་ཁང་གིས་དེའི་སྐོར་ཆེད་དུ་ཡུ་རོབ་སྐུ་ཚབ་དོན་གཅོད་བཀྲ་ཤིས་དབང་འདུས་ལགས་སུ་བཅར་འདྲི་བྱས་པ་ཡིན།

བོད་ཀྱི་དུས་བབ། ད་ལྟའི་ཆར་ཡུ་རོབ་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ག་ཚོད་ཅིག་ཡོད་པ་རེད།
སྐུ་ཚབ་དོན་གཅོད། འདིའི་སྐོར་ང་ལ་ཁ་གསལ་གྱི་གྲངས་ཀ་ཏག་ཏག་ཅིག་བཤད་རྒྱུ་མེད། ཕལ་ཆེར་སུམ་བརྒྱ་ཙམ་མེད་འགྲོ། པོ་ལན་ཌི་གཙོས་པའི་ཤར་ཡུ་རོབ་ནང་ལ་རྒྱབ་སྐྱོར་ཚོགས་པ་གང་ལ་གང་འཚམ་ཞིག་ཡོད་པ་རེད། གང་ལྟར་ཧྥ་རན་སིའི་ནང་མང་ཤོས་འདྲ་བོ་རེད། ཕལ་ཆེར་ཡུ་རོབ་ཚང་མའི་ནང་ལ་ཉིས་བརྒྱ་ནས་སུམ་བརྒྱ་མ་ཟིན་ཙམ་ཡོད་པ་རེད།

བོད་ཀྱི་དུས་བབ། ཡུ་རོབ་ནང་ཡོད་པའི་ས་གནས་ཁག་གི་བོད་རིགས་ཚོགས་པ་དང་། གནས་ཡུལ་རྒྱལ་ཁབ་ཁག་ནང་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་གི་འབྲེལ་ལམ་གྱི་གནས་སྟངས་དེ་གང་འདྲ་ཡིན་ནམ།
སྐུ་ཚབ་དོན་གཅོད། ས་གནས་སོ་སོའི་ནང་འདྲ་མི་འདྲ་རེད་འདུག ནོར་ཝེ་ལྟ་བུ་ཡིན་ན་ཧ་ལས་པའི་འབྲེལ་ལམ་ཡག་པོ་འདུག ཧྥ་རན་སིའི་ནང་ལྟ་བུ་ལ་མཚོན་ན་བོད་དོན་རྒྱབ་སྐྱོར་ཚོགས་པ་མང་པོ་ཡོད་པ་རེད། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁོང་ཚོའི་ནང་ལའང་ནང་ཁུལ་ཕན་ཚུན་མ་འཆམ་པ་དེ་འདྲ་འདུག དེའི་སྒང་ལ་ཁོང་ཚོས་ས་གནས་བོད་རིགས་ཚོགས་པས་འབྲེལ་ལམ་ཡག་པོ་གནང་གི་མི་འདུག་ཅེས་སྐད་ཆ་གང་ལ་གང་འཚམ་ཞིག་ཚུར་ལབ་ཡོང་གི་འདུག དོན་གཅོད་ལས་ཁུངས་ནང་ལའང་དེ་འདྲའི་བློ་ཕམ་དང་བསམ་ཚུལ་བཤད་མཁན་མང་ནས་མང་དུ་ཡོང་གི་འདུག ངའི་ཚོར་སྣང་ལ་བར་སྐབས་ཤིག་ནས་འབྲེལ་ལམ་དེ་ཐག་རིང་ནས་རིང་དུ་འགྲོ་གི་ཡོད་པའི་ཟོལ་ཞིག་འདུག དེ་ཡག་པོ་ཞིག་ཏུ་མཐོང་མ་སོང་།

བོད་ཀྱི་དུས་བབ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོའི་ངོས་ནས་བོད་རིགས་ཚོགས་པ་ཁག་དང་འབྲེལ་ལམ་ཡག་པོ་མི་ཡོང་བའི་དཀའ་ངལ་ཆེ་ཤོས་ག་རེ་སྒང་ལ་བཤད་ཡོང་གི་འདུག
སྐུ་ཚབ་དོན་གཅོད། གཙོ་བོ་མཉམ་རུབ་ཡོང་གི་མི་འདུག་ཟེར་བ་དེ་རེད། ང་ཚོས་ནུས་ཤུགས་དང་དུས་ཚོད་བཏང་ནས་ལས་འགུལ་སྤེལ་སྐབས་བོད་པ་ཚོ་ཡོང་གི་མི་འདུག ལས་འགུལ་སྐབས་བོད་རིགས་ཚོགས་པ་ཁག་ལ་དུས་ཐོག་ཡིག་འབྲེལ་བྱས་ནའང་ཚུར་ཡིག་ལན་ཙམ་ཡང་ཡོང་གི་མི་འདུག ང་ཚོས་ལས་འགུལ་གང་སྤེལ་བ་དེ་བོད་པ་ཚོའི་ཆེད་དུ་ཡིན་ཟེར་བ་འདྲ་བོ་མང་པོ་ཞིག་ལབ་ཡོང་གི་འདུག ཁོང་རང་ཚོས་བཤད་པ་དེ་དངོས་ཡོད་གནས་ཚུལ་རང་རེད། བློ་ཕམ་དང་བསམ་ཚུལ་འདི་རིགས་ཧྥ་རན་སི་གཅིག་པུའི་ནང་མིན་པར་བོད་དོན་རྒྱབ་སྐྱོར་ཚོགས་པ་གང་འཚམ་ཡོད་པའི་ལུང་པ་ཁག་གི་ནང་གཅིག་མཚུངས་འདྲ་བོ་བྱས་ནས་ཡོང་གི་འདུག

བོད་ཀྱི་དུས་བབ། བོད་རིགས་ཚོགས་པ་ཚོས་དཀའ་ངལ་ཆེ་ཤོས་ག་རེ་སྒང་ནས་བཤད་ཡོང་གི་འདུག
སྐུ་ཚབ་དོན་གཅོད། བོད་རིགས་ཚོགས་པ་ཁ་ཤས་ཀྱིས་འདི་འདྲ་བཤད་ཡོང་གི་འདུག རྒྱབ་སྐྱོར་ཚོགས་པ་ཁོ་ཚོ་ནང་ཁུལ་འཆམ་པོ་མི་འདུག ཚོགས་པ་འདི་དང་འདིས་དངུལ་བཟོ་བའི་ཆེད་དུ་ལས་ཀ་བྱེད་གི་ཡོད་པ་རེད། ཡང་ཚོགས་པ་འདི་དང་འདིས་ཆབ་སྲིད་ཀྱི་ལྟ་བ་དང་ལངས་ཕྱོགས་ཡག་པོ་མི་འདུག དེ་འདྲའི་རིགས་ལ་འབྲེལ་ལམ་འཛིན་རྒྱུར་དཀའ་ལས་འདུག ཕལ་ཆེ་བ་ཚོས་དེ་འདྲ་བཤད་ཡོང་གི་འདུག

བོད་ཀྱི་དུས་བབ། སྐུ་ཚབ་དོན་གཅོད་ཁྱེད་རང་གི་ངོས་ནས་ཕྱོགས་གཉིས་ཀའི་དཀའ་ངལ་དེ་ག་འདྲ་ཞིག་ལ་ངོས་འཛིན་གནང་གི་ཡོད།
སྐུ་ཚབ་དོན་གཅོད། དཀའ་ངལ་གཙོ་བོ་དེ་དུས་རྒྱུན་ནས་ཕྱོགས་གཉིས་ལ་འབྲེལ་ལམ་མེད་པ་དེ་རེད། ལས་འགུལ་གཅིག་པུའི་སྐབས་མིན་པར་ནམ་རྒྱུན་ནས་བོད་པ་ཚོས་ལོ་གསར་དང་། འཁྲུངས་སྐར་དུས་ཆེན། གང་ལྟར་མཛད་སྒོ་འདྲ་བོ་དེ་འདྲའི་སྐབས་ལ་བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཚོ་ལ་མགྲོན་ཤོག་ཕུལ་ནས་འབྲེལ་བ་བཟུང་བསྡད་པ་ཡིན་ན་དཀའ་ངལ་འདི་རིགས་ཡོང་གི་མ་རེད་བསམ། ཁོ་རང་ཚོས་ལོ་མང་པོའི་རིང་ལ་བོད་ལ་རྒྱབ་སྐྱོར་གྱི་ཕྱག་ལས་གནང་བ་རེད། ང་ཚོ་བོད་པ་ཚོས་དེ་ལ་དགའ་ཚོར་དང་ཐུགས་རྗེ་ཆེ་ཞེས་པའི་རྣམ་པ་ཞིག་བསྟན་པ་ཡིན་ན་ཕར་ཕྱོགས་དེ་ཡང་མི་ཡིན་དུས་བསམ་བློ་ཞིག་ཏན་ཏན་འཁོར་གི་རེད། འདི་གཅིག་རེད། ལོ་བཅུ་བཅོ་ལྔའི་སྔོན་ལ་ཡིན་ན་ལས་འགུལ་ག་རེ་ཡིན་ནའང་མང་ཤོས་དེ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོས་འགན་གཙོ་བོ་བཞེས་ནས་གནང་བསྡད་ཡོད་པ་རེད། ད་ལྟ་ཡིན་ན་ས་གནས་ཚང་མར་བོད་པ་མང་དུ་སོང་ཡོད་དུས་ལས་འགུལ་ཡིན་ན་རེད། ག་རེ་སྒང་ལ་ཡིན་ན་བོད་པ་ཚོས་འགན་ཤུགས་ཆེན་པོ་འཁུར་ཡོང་གི་ཡོད་པ་རེད། དེ་ལ་རྒྱབ་སྐྱོར་ཚོགས་པ་དེ་ཚོར་ལྟ་སྣང་མཐོང་ཚུལ་འདྲ་ཡོང་གི་ཡོད་ས་རེད། འདི་ཡང་ཁོ་ཚོའི་བར་གྱི་དཀའ་ངལ་འདྲ་བོ་ཞིག་རེད། ལས་འགུལ་ནང་མཉམ་ཞུགས་བྱེད་སྐབས་གཅིག་གཅིག་གི་གདོང་ལ་ཐོན་མ་ཐོན་པའི་གནས་སྟངས་ཐོག་ནས་ཕན་ཚུན་མཐུན་ལམ་རིང་དུ་འགྲོ་གི་ཡོད་ས་རེད། དེ་མིན་ཁོ་རང་ཚོས་བཤད་པ་ལྟར་རེད།

བོད་ཀྱི་དུས་བབ། ད་ལྟ་ཕྱོགས་གཉིས་ཀས་ལས་འགུལ་མཉམ་རུབ་ཡོང་གི་མི་འདུག་ཟེར་གི་ཡོད་པ་རེད། ཁྱེད་ཀྱི་དགོངས་ཚུལ་བྱས་ན་ལས་འགུལ་མཉམ་རུབ་ཡོང་སའི་ཕྱོགས་གང་དག་འདུག
སྐུ་ཚབ་དོན་གཅོད། ནམ་རྒྱུན་ལས་འགུལ་མ་སྤེལ་བའི་སྔོན་ནས་ཕན་ཚུན་གཉིས་ཀས་གོ་བསྡུར་ཡག་པོ་བྱས་ནས་སོང་བ་ཡིན་ན་དཀའ་ངལ་འཕྲད་ཀི་མ་རེད། དེ་མིན་ང་ཚོས་རང་བཙན་རྩོད་གི་ཡོད་ཟེར་བ་དང་། ང་ཚོ་དབུ་མའི་ལམ་ལ་འགྲོ་གི་ཡོད་ཟེར་བ་འདྲ་བོ་བརྩད་བསྡད་ན་ཡོང་རྒྱུ་ཡོད་པ་མ་རེད། གསུམ་བཅུའི་དུས་དྲན་དང་། དམངས་གཙོའི་དུས་ཆེན། དེ་དང་ནང་བཞིན་རྒྱ་ནག་གི་དཔོན་རིགས་ཚོ་ཡོང་སྐབས་ཡིན་ན་རེད། འགྲོ་བ་མིའི་ཐོབ་ཐང་དང་། ད་ལྟའི་ཆ་ལ་བོད་ནང་དམ་དྲག་ཆེན་པོ་རེད། རྒྱ་ནག་གཞུང་གིས་༧རྒྱལ་བ་རིན་པོ་ཆེ་དང་བཀའ་མོལ་གནང་དགོས་ཞེས་ལས་འགུལ་ག་ཚོད་ཅིག་སྤེལ་བ་ཡིན་ནའང་མཉམ་རུབ་དང་མཉམ་ཞུགས་ཡོང་མི་ཐུབ་པའི་དཀའ་ངལ་ཞིག་ངས་མཐོང་གི་མི་འདུག འདི་དག་མཉམ་རུབ་ཡོང་སའི་ཕྱོགས་འདྲ་བོ་རེད། མཚམས་ལ་ལར་བོད་པ་རང་གིས་སྤེལ་དགོས་པའི་ལས་འགུལ་ཡོད་པ་རེད། བོད་པ་ལས་རྒྱབ་སྐྱོར་བ་ཚོས་སྤེལ་བ་ཡིན་ན་ལས་འགུལ་གྱི་ཤུགས་ཆེ་རུ་འགྲོ་བ་དེ་འདྲ་ཡང་ཡོད་པ་རེད། དེ་འདྲའི་རིགས་ཡིན་གཅིག་མིན་གཉིས་མཉམ་རུབ་གནང་དགོས་དོན་ཡོད་མ་རེད།

བོད་ཀྱི་དུས་བབ། ཁྱེད་རང་གི་དགོངས་ཚུལ་བྱས་ན་དཀའ་ངལ་འདི་རིགས་སེལ་ཐབས་ཀྱི་ལམ་ཁ་ག་རེ་ཡོད་པ་རེད།
སྐུ་ཚབ་དོན་གཅོད། བོད་རིགས་ཚོགས་པ་ཚོར་མཚོན་ན་ད་ལྟ་ད་དུང་བུ་གུ་ཆུང་ཆུང་ནང་བཞིན་གོམ་པ་ཐ་རེ་ཐོ་རེ་བརྒྱབ་བསྡད་པའི་སྒང་རེད། ཚོགས་པའི་ནང་ལས་ཀ་བྱེད་མཁན་ཡིན་ནའང་ལུང་བ་གསར་པ་ཞིག་གི་ནང་སླེབས་ཡོང་དུས་དང་པོ་སོ་སོའི་ལས་ཀ་དང་ལྟོ་གོས་གནས་སྟངས་འགྲིག་མ་འགྲིག་ཡོད་པ་རེད། སོ་སོའི་ནང་མི་ལ་ལྟ་རྟོག་བྱེད་དགོས་ཀྱི་ཡོད་པ་རེད། དེ་འདྲའི་ཞོར་ལ་ཚོགས་པའི་ལས་ཀ་བྱས་ཡོང་དུས། བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་དང་ཡུལ་མི་ཚོ་ནང་བཞིན་དུས་ཚོད་ཏག་ཏག་སྒང་ལ་ཡོང་ཐུབ་རྒྱུ་གནས་སྟངས་ཁག་པོ་རེད། ངས་དུས་རྒྱུན་ནས་རྒྱབ་སྐྱོར་ཚོགས་པ་ཚོར་ག་རེ་ལབ་གི་ཡོད་ཟེར་ན། ད་ལྟ་ཡུ་རོབ་ནང་ལ མཚོན་ན་བོད་པ་སླེབས་ནས་དུས་ཚོད་ཞེ་དྲག་མ་རེད། བོད་པ་ཚོ་གསར་བ་སོང་ཙང་སྒྲིག་འཛུགས་ལྷིང་ལ་འཇགས་དགོས་པའི་གནས་སྟངས་ཤིག་གི་སྒང་ནས་འགྲོ་གི་ཡོད་པ་རེད། གནས་སྟངས་འདི་འདྲ་ཞིག་གི་སྒང་ལ་ཕར་བོད་པ་ཚོར་འབྲེལ་བ་གནང་ཡོང་དུས་ཁྱེད་རང་ཚོའི་རེ་བ་ནང་བཞིན་མ་ཡོང་བ་རེད་མ་གཏོགས་རྐྱེན་གཞན་པ་ཡོད་པ་མ་རེད་ཅེས་ཞུས་སྡོད་ཀྱི་ཡོད། ཅེས་དང་།

དེ་ག་ནང་བཞིན་ཁོང་ཚོ་ལ། ཁྱེད་རང་ཚོས་བོད་པའི་དོན་དག་ལ་རྒྱབ་སྐྱོར་གནང་གི་ཡོད་པ་རེད། བོད་པའི་བསམ་ཚུལ་དང་བོད་པའི་རེ་འདུན་དེ་ཚོ་མཁྱེན་པ་བྱས་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད། དེ་འདྲ་སོང་ཙང་ལས་འགུལ་གཅིག་པུའི་སྐབས་མིན་པར་དུས་རྒྱུན་ནས་བོད་པ་ཚོར་འབྲེལ་བ་གནང་རྒྱུ་གལ་ཆེན་པོ་རེད་ཅེས་ཞུས་སྡོད་ཀྱི་ཡོད། དེ་ནས་བོད་པ་ཚོར། བོད་དོན་རྒྱབ་སྐྱོར་ཚོགས་པ་ཚོར་མཚོན་ན་ལོ་མང་པོའི་སྔོན་ནས་བོད་དོན་ཐོག་ལ་དཀའ་ལས་མང་པོ་བརྒྱབ་ཚར་བ་རེད། དེ་ཚོ་སྣང་མེད་བྱས་ནས་མ་བཞག་པར་ཕར་གུས་བརྩི་ཞུ་དགོས་པ་རེད། ཁོང་ཚོ་ཁ་ཤས་ཀྱིས་དངུལ་བཟོ་གི་ཡོད་ན་རེད། ལྟོ་གོས་ཀྱི་ཆེད་དུ་ལས་འགུལ་སྤེལ་གི་ཡོད་ན་རེད། ནང་ཁུལ་ལྟ་བ་མཐུན་མི་མཐུན་དང་། ལངས་ཕྱོགས་ཡག་མི་ཡག་གང་ཡིན་ཡང་དེ་གལ་ཆེན་པོ་མ་རེད་ལ། ང་ཚོ་ལ་ཁྱད་པར་ཡང་འགྲོ་གི་མ་རེད།  ཁོང་ཚོས་བོད་དོན་ཐོག་སེམས་ཁུར་བླངས་ནས་རྒྱབ་སྐྱོར་གནང་གི་ཡོད་པ་རེད། བོད་དོན་ཐོག་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ན་ལྟ་བ་གཡས་ལ་ཕྱོགས་ཡོད་ན་རེད། གཡོན་ལ་ཕྱོགས་ན་རེད། དངུལ་དང་ལྟོ་གོས་ཆེད་ཡིན་ན་རེད། བོད་དོན་དེ་བདེན་པའི་འཐབ་རྩོད་རེད། རྒྱ་ནག་གིས་ད་ལྟ་བོད་ལ་བཟུང་བའི་སྲིད་བྱུས་དེ་དྲང་བདེན་མ་རེད་ཅེས་བསམ་ཚུལ་བཤད་མཁན་དང་རྒྱབ་སྐྱོར་གནང་མཁན་ཡོད་ན། ང་ཚོས་རྒྱབ་སྐྱོར་བ་ཚང་མར་གཅིག་གྱུར་གྱི་ལྟ་སྟངས་དང་འབྲེལ་ལམ་འཛིན་དགོས་པ་གལ་ཆེན་པོ་རེད་ཅེས་ཞུས་བསྡད་ཡོད། འདི་ངས་བོད་པ་ཚོར་ཁ་གང་མཁས་བྱས་ནས་ཞུས་མེད། ང་རང་གིས་མྱངས་པའི་དངོས་ཡོད་གནས་ཚུལ་ཐོག་ནས་ཞུ་གི་ཡོད། ཅེས་གསུངས་སོང།

ཁོང་གིས་མུ་མཐུད་དུ་གསུངས་དོན། ཡུ་རོབ་ནང་ང་ལ་ཆ་རྒྱུས་ཡོད། སྔོན་མ་ང་རང་གཞོན་དུས་སློབ་སྦྱོང་ཡུ་རོབ་ནང་བྱས་པ་རེད། བོད་དོན་ཆེད་གཞུང་དང་ཚོགས་པ་དེ་འདྲ་ལ་འབྲེལ་བ་བཟུང་བ་རེད། སྔོན་མ་ང་ཧྥ་རན་སི་ནང་ཐེངས་དང་པོར་ཡོང་སྐབས་ཕྱི་སྲིད་ལས་ཁུངས་དེ་འདྲའི་སྒོ་ནང་ལ་འཛུལ་ས་ག་བ་ཡོད་པ་རེད། ཕྱི་སྲིད་ལས་ཁུངས་ཀྱི་གཤམ་འོག་གཤམ་འོག་གི་ལས་ཁུངས་ཤིག་གི་ལས་བྱེད་ཅིག་ལ་ཐུག་དགོས་ནའང་། ཟ་ཁང་དེ་འདྲའི་ནང་ཐུག་དགོས་གི་རེད། དེ་ཡང་དུས་ཚོད་བཟོས་པ་ལྟར་ཁོ་རང་སྔོན་ལ་ཟ་ཁང་ནང་ལ་ཡོང་། ཐུག་ཚར་རྗེས་ཡང་ཁོ་རང་སྔོན་ལ་ཐོན་གི་རེད། ཐོན་ཁར་ཚུར་ཁྱོད་ད་དུང་མར་མ་ཐོན་རོགས་ཞེས་བཤད་གི་རེད། ང་རང་ཡིན་ནའང་ཁོ་རང་ཐོན་ནས་གང་འཚམ་རྗེས་ལ་མ་གཏོགས་ཐོན་གི་མེད། དེ་འདྲ་རེད། དེང་སང་དེ་འདྲའི་དཀའ་ངལ་མེད་པར་ལས་ཁུངས་མཐོ་རུ་མཐོ་ཚད་དང་མི་སྣ་ཆེ་རུ་ཆེ་ཚད་ཚང་མར་ཐུག་ཆོག་ཆོག་ཅིག་ཡོད་པ་རེད། དེ་སུའི་བཀའ་དྲིན་ལས་བྱུང་བ་རེད། བོད་དོན་རྒྱབ་སྐྱོར་ཚོགས་པ་དེ་ཚོ་ལ་བརྟེན་ནས་བྱུང་བ་རེད། ང་ཚོས་ལས་རྒྱུ་འབྲས་བརྩི་དགོས་པ་རེད། སོང་ཙང་ཕན་ཚུན་གཉིས་བར་གུ་ཡངས་དང་བསམ་ཤེས། རྒྱུས་ལོན་ཐུབ་པའི་ཐོག་ནས་ནམ་རྒྱུན་གྱི་འབྲེལ་བ་ཡག་ཏུ་གཏོང་ཐུབ་པ་ཡིན་ན་དཀའ་ངལ་དེ་རིགས་ག་ལེ་ག་ལེར་སེལ་འགྲོ་གི་རེད།

གསར་འགོད་པ། ཟླ་བ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

ཆུ་ཚོད་ ༡༧ སྔོན་ལ།
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

ཆུ་ཚོད་ ༡༨ སྔོན་ལ།
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

ཆུ་ཚོད་ ༢༡ སྔོན་ལ།
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

མཆན། 8

  1. འཇིག་རྟེན་ says:
    ལོ་ 15 སྔོན།

    བོད་དོན་རྒྱབ་སྐྱོར་བ་དང་བོད་དོན་ལ་ཐུགས་འཁུར་གནང་བའི་ཕྱི་གླིང་གི་མི་རིགས་དག་ལ་ངས་ནམ་ཡང་སྨོན་ལམ་དང་རེ་བ་ཞུ་།

    Reply
  2. རླུང་རྟ་རྒྱལ། says:
    ལོ་ 15 སྔོན།

    ཡོ་རོབ་ཕྱོགས་ཀྱི་བོད་དོན་ཚོགས་མི་རྣམས་ལ་ཕྲན་གྱིས་སྣྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།ཁྱེད་ཚོས་དཀའ་ལས་མྱངས་སོང་།
    ལས་དོན་མ་འཁྱོངས་པ་དེའང་ཁོ་ཚོ་རྐྱང་པ་ལ་ངན་ཁག་དཀྲི་རྒྱུ་ག་ལ་ཡོད།བོད་དོན་རྒྱབ་སྐྱོར་ཚོགས་པ་ནི་ཤིང་དྲང་མོ་བཞིན་སྐྱོན་མེད་མི་ཏག་ཏག་རེད་སྲིད་དམ།ཡིན་དུ་ཆུག་ཀྱང་ཁོ་ཚོས་ནམ་རྒྱུན་ལས་ཀ་ཡག་པོ་སྒྲུབ་ཐུབ་ཅེས་སུ་ཡིས་སྨྲ་ཕོད།ད་ལྟ་འུ་ཅག་གིས་བོད་དོན་ཚོགས་མི་ཁོ་ཚོ་ལ་ལ་མཛུབ་མོས་ཀེར་ནས་སྐྱོན་བརྗོད་བྱེད་པ་ལས་ཕྱོགས་གང་ཅིའི་ཐད་ནས་རྒྱབ་སྐྱོར་དང་སྐུལ་སློང་བྱེད་པར་རིགས།
    ཡོ་རབ་བོད་དོན་ཚོགས་པའི་འཕྲིན་ལས་ཡུན་ནས་ཡུན་དུ་བརྟན་པར་ཤོག

    Reply
  3. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    ཡོ་རོབ་་སྐུ་དངོས་དོན་གཅོད་ལགས་ནས།
    ཡོ་རོབ་ནང་ལ་བོད་དོན་རྒྱབ་སྐྱོར་གནང་མཁན་གྱི་ཚོགས་པ་ཆེན་ཆུང་ག་ཚོད་མེད་མི་ཤེས་
    ་པ་ནི་ཡ་མཚན་ཞིག་མ་རེད་དམ།
    ཡོ་རོབ་དོན་གཅོད་ཀྱིས་ཕྱག་ལས་གནང་སྒོ་ཁག་མང་པོ་ཞིག་ཡོད་ཀྱང་བོད་
    དོན་ཆེད་དུ་ཕྱག་ལས་གནང་སྐབས་ངེས་པར་དུ་བོད་དོན་རྒྱབ་སྐྱོར་ཚོགས་པ་རྣམས་དང་
    འབྲེལ་བ་བྱེད་དགོས་པ་དང་
    ་ཚོགས་པ་ཡོད་པ་རྣམས་དང་འབྲེལ་ལམ་བཟང་དུ་གཏོང་དགོས་པ་དང་རྒྱབ་སྐྱོར་ཚོགས་པ་
    གསར་འཛུག་གང་མང་ཡོང་ཐབས་སུ་ཕྱག་ལས་གནང་དགོས་པ་ཡིན་ན་ཡང་སྐུ་དངོས་དོན་བཅོད་ཀྱི་གསུང་ལ་གཞིགས་ན་ཡོ་རོབ་ནང་ཆ་རྒྱུས་མེད་པ་དང་འཆར་གཞི་མེད་པ་ལས་མྱོང་མེད་པ་ལྟ་བུའི་ཚོར་སྣང་བྱུང་དེ་འདྲ་ཡིན་ནམ་200་ནས་300་བར་ཡོད་རེད་ཟེར་ཧཧཧཧཧ

    Reply
  4. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    1.རྒྱ་བོད་་མཛའ་མཐུན་ཚོགས་པ་མང་རེ་མང་རེ། བོད་དོན་རྒྱབ་སྐྱོར་ཚོགས་པ་ཉུང་རེ་ཉུང་རེ།
    2.སྐར་ལྔའི་དར་དམར་འཕྱར་མཁན་མང་རེ་མང་རེ། སེང་གེའི་རྒྱལ་དར་ཁུར་མཁན་ཉུང་རེ་ཉུང་རེ།
    3.རྒྱ་མིའི་ཆ་ཤས་ལབ་མཁན་མང་རེ་མང་རེ། བཙན་བྱོལ་བོད་གཞུང་ལབ་མཁན་ཉུང་རེ་ཉུང་རེ།
    4.རྒྱ་འཁྱམ་གྲོགས་སུ་བརྟེན་མཁན་མང་རེ་མང་རེ། བོད་མི་བདག་པོ་བརྒྱབ་མཁན་ཉུང་རེ་ཉུང་རེ།
    5.དགྲ་གཉེན་དབྱེ་བ་མེད་མཁན་མང་རེ་མང་རེ། ཕ་མེས་དགྲ་ཤ་བསམ་མཁན་ཉུང་རེ་ཉུང་རེ།
    6.ངོ་དགའ་སྤྲེལ་ལག་འཁྲབ་མཁན་མང་རེ་མང་རེ། དྲང་བདེན་གནད་ལུགས་བཤད་མཁན་ཉུང་རེ་ཉུང་རེ།

    Reply
  5. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    གཞན་གྱིས་འདི་ལྟར་གནང་ན་ང་ཚོའི་ལས་ཀ་དེ་ང་ཚོས་མ་བྱེད་ན་སུས་བྱེད་དགོས་སམ།

    Reply
  6. Nyima says:
    ལོ་ 15 སྔོན།

    བཅར་འདྲ་ཡག་པོ་བྱས་འདུག ཐུགས་རྗེ་ཆེ་ཞུ།

    Reply
  7. ནད་པ says:
    ལོ་ 15 སྔོན།

    ལས་རྒྱུ་འབྲས་ཟེར་བའི་ཚིག་འདི་བོད་མི་རིགས་ཀྱི་ངོས་ནས་བཤད་ན་ཆེས་རྩ་ཆེའི་བླ་སྲོག་ལྟ་བུ་ཞིག་ཡིན། དེ་ནི་ནང་བསྟན་ཆོས་ལུགས་ཀྱི་བསླབ་བྱ་རྩ་ཆེ་ཤོས་ཞིག་ཡིན་ལ་བོད་རིགས་མི་དམངས་ཚོར་མཚོན་ན་ཆེས་བྱམས་བརྩེ་དང་། ཡ་རབས། སྤྱོད་བཟང་། དྲང་བདེན། འདྲ་མཉམ། འཚེ་བ་མེད་པ། སྙིང་རྗེ་བཅས་གནད་ལུགས་འདི་ལ་བརྟེན་ནས་བྱུང་བ་ཞིག་རེད།

    ང་ཚོས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་དོན་རྒྱབ་སྐྱོར་ཚོགས་པ་ཆེ་ཕྲ་ཆུང་གསུམ་ཚང་མར་བོད་མིའི་ཡ་རབས་དང་བཟང་སྤྱོད་ཟེར་བ་དེ་གཞི་རྩར་བཟུང་ནས་ཁོང་ཚོར་སྔ་ཕྱི་བར་གསུམ་དུ་འབྲེལ་ལམ་དམ་ཟབ་འཛིན་དགོས།

    གཅིག་ཏུ་༸ གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་བཀའ་དྲིན་གསོ་ཕྱིར་མི་རེ་ངོ་རེས་འགན་རེ་བླངས་ནས་བསམ་བློ་ཡག་པོ་གཏོང་དགོས།

    གཉིས་སུ་བཙན་བྱོལ་བོད་གཞུང་དང་ཕྱི་ནང་བོད་རིགས་མི་དམངས་ས་ཡ་དྲུག་གི་རྩ་དོན་ལ་རང་ཉིད་བོད་རིགས་ཡིན་པའི་ངོས་ནས་གང་ཐུབ་ཀྱིས་འགན་འཁུར་དང་ཤ་ཚ་གཅིག་ངེས་པར་དུ་བྱེད་དགོས།

    གསུམ་དུ་ནང་པ་སངས་རྒྱས་པའི་ཆོས་དང་ཕ་མེས་ཀྱི་ཡ་རབས་དང་བཟང་སྤྱོད་ཟེར་བའི་བོད་རིགས་ཀྱི་ལ་རྒྱ་དམ་པོར་བཟུང་ནས་འགྲོ་བ་མི་རིགས་ཀྱི་བདེ་སྐྱིད་སླད་དུ་རང་ཉིད་གང་དུ་སྡོད་སའི་སྤྱི་ཚོགས་དེར་རྒྱུན་དུ་སེམས་འཁུར་བླངས་དགོས།

    དེ་ནི་ང་ཚོས་སྒྲུབ་དགོས་པ་དང་བསྒྲུབ་འོས་པའི་རླབས་ཆེན་གྱི་བྱ་གཞག་བཟང་པོ་གཅིག་ཡིན།

    Reply
  8. གཅན་བཟོད་རྒྱམ། says:
    ལོ་ 15 སྔོན།

    བཅར་འདྲ་ཡག་པོ་བྱས་འདུག ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese