ད་ལོ་ནས་བཟུང་བོད་སྐད་ཡིག་ཟུར་ཁྲིད་ཙམ་ལས་ མེད་པའི་སྲིད་བྱུས་དྲིལ་སྒྲོག་བྱས་རྐྱེན། ཕྱི་ལོ་༢༠༡༠ ༡༠ ༢༠ ཉིན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཐོ་རིམ་སློབ་འབྲིང་དང་པོ་དང་། ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་༼འཕྲོད་བསྟེན་སློབ་གྲྭ་༽གཉིས་ཀྱི་ཁྱོན་སློབ་མ་ ༢༠༠༠ ལྷག་གིས་གཙོ་བོ་༼བོད་ཡིག་དགོས་༽༼བོད་སྐད་ཡིག་སློབ་ཁྲིད་རྒྱུན་འཁྱོང་དགོས་༽ཞེས་དང་། ཞོར་དུ་༼མི་རིགས་འདྲ་མཉམ་དང་མཐུན་སྒྲིལ་དགོས་༽ཞེས་པའི་འབོད་ཚིག་སྒྲོག་བཞིན་ སྔ་དྲོ་དུས་ཚོད་༦:༠༠-༡༠:༠༠ བར་ཞི་བའི་ཁྲོམ་སྐོར་དང་ཉིན་དེའི་ནངས་དགོང་གཉིས་ལ་ཟས་བཅད་ངོ་རྒོལ་བྱས་པ་དང་། ཚེས་ ༡༩ ཉིན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། ཚེས་ ༢༠ ཉིན་ཁྲི་ཀ་རྫོང་དང་། གཅན་ཚ་རྫོང་། བྲག་དཀར་༼དར་མཚོ་༽རྫོང་སོགས་ནས་ཀྱང་དེ་བཞིན་ཁྲོམ་སྐོར་དང་ཟས་བཅད་ངོ་རྒོལ་ བྱས་འདུག
གསར་འགྱུར་མཁོ་སྤྲོད་གནང་མཁན། བྷེལ་ཇིམ་དུ་གནས་སྡོད་དམ་ཆོས་ཡིན།
ཀྱེ་མི་རིགས་ཀྱི་སྲོག་རྩ་དང་མི་རིགས་ཀྱི་བླ་གནས་ཁྱེད་བཅག་ཀྱིས་ཡང་འཛམ་གླེང་ནང་བོད་མི་རིགས་ནི་་ཅི་འདྲ་ཞིག་ཡིན་མིན་ཉི་མའི་ཟེར་ལ་སྐུར་སོང་བས་ངས་བཙན་བྱོལ་བོད་མི་ཡོངས་ཀྱི་ངོ་ཚབ་བྱས་ནས་ཐུགས་བརྗེ་ཆེ་དང་ཁྱེད་རྣམ་པའི་སྨོན་འདུན་ཡོངས་ལྷུན་སྒྲུབས་ཡོང་བའི་སམོན་འདུན་ཞུ་།