སི་ཁྲོན་ཁྲིན་ཏུའུ་ལྷོ་ནུབ་མི་རིགས་སློབ་ཆེན་གྱིས་གདན་ཞུ་གནང་བ་ལྟར། རྒྱལ་སྤྱིའི་བོད་རིག་པའི་མཁས་པ་མཁར་རྨེའུ་བསམ་གཏན་མཆོག་གིས་ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གྱི་ཕྱི་དྲོར་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་ཚོགས་ཁང་ཆེན་མོ་རུ་༼ བོད་ཀྱི་ཆོས་ལུགས་རྣམས་སུ་ཡོད་པའི་རིས་མེད་ཀྱི་འདུ་ཤེས ༽ ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་ཅིག་གནང་ཡོད་འདུག
དཔྱད་གླེང་དེའི་ཐོག་ལྷོ་ནུབ་མི་རིགས་སློབ་གླིང་གི་བོད་རིགས་དགེ་སློབ་རྣམས་དང་། སྡེ་ཁག་གཞན་གྱི་བོད་རིག་པར་དགའ་ཞེན་ཡོད་པའི་མི་རིགས་ཁག དེ་བཞིན། ལས་ཁུངས་གཞན་དང་ས་གནས་གཞན་ནས་ཕེབས་པའི་སློབ་མ་དང་བོད་རིགས་ལས་བྱེད་བཅས་མི་ཧ་ཅང་མང་པོ་ཞིག་འདུ་འཛོམས་བྱུང་ཡོད་འདུག
གཏམ་བཤད་ཀྱི་མཇུག་ཏུ་ཚོགས་ཞུགས་པ་དག་གིས་མཁར་རྨེའུ་བསམ་གཏན་ལགས་ལ། གནའ་དེང་གི་བོད་རིག་གནས་གཙོས་པའི་འཛམ་གླིང་ཤར་ནུབ་ཀྱི་སྲིད་འབྱོར་རིག་གསུམ་སོགས་གནད་དོན་མང་པོ་ཞིག་གི་ཐོག་དྲི་བ་བཏོན་པར་རེ་རེ་བཞིན་ལན་འདེབས་གནང་ཡོད་འདུག་ལ། ལྷག་པར་དུ་གཡུང་དྲུང་བོན་གྱི་གཞུང་ལུགས་དང་འབྲེལ་ཏེ། བོད་ཀྱི་གནའ་རབས་ལོ་རྒྱུས་ཐད་ཀྱི་དྲིས་ལན་ཁག་ལ་དགའ་བསུ་དང་ཆེན་པོ་ཐོབ་ཡོད་འདུག
ཁོང་གི་ལོ་རྒྱུས་མདོར་བསྡུས་ཞིག་གསུང་རོགས་གནང་ཞུ།།