མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཀར་ནག་གི་གྲོས་མོལ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དབུས་ཁྲིམས་སྲིད་ལྷན་ཁང་གི་རྒྱུན་ལས་མགོ་གཙོ་ཀྲུག་ཡོང་ཁཱང་གཙོས་པའི་དཔོན་རིགས་ཁག་ཅིག་ཕྱི་ཟླ་ ༡༠ པའི་ཚེས་ ༣༡ ཉིན་ཉིན་གསུམ་རིང་གི་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྒྱལ་དོན་འཚམས་གཟིགས་སུ་འབྱོར་ཡོད་ཅིང་། ཐེངས་འདིར་རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིན་གཙོས། ཀེང་རེ་སི་ཚོགས་པའི་ཚོགས་གཙོ་སཱོ་ནེ་ཡ་གྷན་དྷི་དང་། བྷེ་རྗེ་བྷེ་ཚོགས་པའི་ཚོགས་གཙོ་ནེ་ཌིན་གྷ་ཁ་རེ། དེ་བཞིན་རྒྱ་གྱི་སྲིད་དོན་ཚོགས་པ་ཁག་གི་འབྲེལ་ཡོད་མི་སྣ་བཅས་ལ་ཐུག་འཕྲད་བྱས་ཡོད་པ་རེད།

ཕྱི་ཚེས་ ༡ ཉིན་ལྡི་ལི་ས་གནས་གཞོན་ནུའི་གོ་སྒྲིག་འོག ངོ་རྒོལ་སྐད་འབོད་ཤུགས་ཆེན་བྱས་ཡོད་ཅིང་། སྐབས་དེར་ས་གནས་ཉེན་རྟོག་པ་འབོར་ཆེན་ཞིག་ཡོང་སྟེ། ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་དབང་ཕྱུག་དང་རྩིས་པ་བཀྲ་ཤིས་ཉི་མ། ཕྱི་འབྲེལ་འགན་འཛིན་སྐལ་བཟང་གཡུ་སྒྲོན་སོགས་བུ་ལྔ་དང་བུ་མོ་གཅིག་བཅས་འཛིན་བཟུང་བྱས་ཡོད་པ་མ་ཟད། ཉིན་དེའི་ཕྱི་དྲོ་ལྡི་ལིའི་བཙོན་ཁང་ཆེ་ཤོས་དེར་ཁྲིད་དེ་ད་ཆར་མུ་མཐུད་བཀག་ཉར་བྱས་ཡོད་འདུག ལྡི་ལི་ས་གནས་གཞོན་ནུས་ཐེངས་འདིའི་ངོ་རྒོལ་སྐོར་ལ། རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་ས་མཚམས་ཐོག་ཚོགས་འདུ་འཚོགས་བཞིན་པ་དེར་ང་ཚོ་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱིན་ཡོད། རྒྱ་ནག་གིས་བོད་བཙན་འཛུལ་བྱས་ཏེ་ལོ་དྲུག་ཅུ་ཙམ་འགྲོ་བཞིན་ཡོད། རྒྱ་གར་གྱི་ས་མཚམས་ལ་སྐད་ཆ་ཞིག་བཤད་དགོས་པ་ཡིན་ན། བོད་དང་རྒྱ་གར་བར་བཤད་དགོས་པ་ལས་རྒྱ་དཀར་ནག་གཉིས་བར་གྲོས་མོལ་ཡོད་པ་མ་རེད། ཅེས་བརྗོད་འདུག

 

ཐེངས་འདིའི་ཀྲུག་ཡོང་ཁཱང་གི་སྐོར་སྐྱོད་ཐད་རྒྱ་ནག་ཞིན་ཧྭ་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཀྲུག་ཡོང་ཁཱང་གིས་ཁོ་རང་ཐེངས་འདིར་རྒྱ་གར་དུ་ཡོང་དོན་གཙོ་བོ་ནི་རྒྱ་ནག་དམར་ཤོག་ཚོགས་པ་དང་རྒྱ་གར་སྲིད་དོན་ཚོགས་པ་ཁག་མཉམ་འབྲེལ་ཐོག་བསྒྲུབ་པའི་རྒྱ་གར་ནག་གི་འབྲེལ་མོལ་ཐེངས་གཉིས་པའི་ཆེད་ཡིན་ཚུལ་དང་། འདས་པའི་ལོ་ ༥ རིང་རྒྱལ་ཁབ་གཉིས་ཀྱིས་སྤྱི་མོས་ཐོག་གཏན་འབེབས་བྱས་པའི་༼ མཐའ་མཚམས་གནད་དོན་ཀྱི་ཆབ་སྲིད་ཐག་གཅོད་ལམ་སྟོན༽ གཞིར་བཟུང་ནས་མཐའ་མཚམས་གནད་དོན་ཐག་གཅོད་ཀྱི་སྒྲོམ་གཞིར་གླེང་མོལ་གཏིང་ཟབ་བྱས་ཡོད། བོད་ཀྱི་གནད་དོན་ནི་རྒྱ་ནག་གི་གཞི་རྩའི་ཁེ་ཕན་གྱི་གནད་དོན་ཞིག་ཡིན་སྟབས། རྒྱ་གཞུང་གི་ངོས་ནས་རྒྱ་གར་གྱི་ལངས་ཕྱོགས་ལ་བསྟོད་བསྔགས་ཡོད་པ་མ་ཟད། པེ་ཅིན་ཨོ་རྩེད་དང་ཧྲང་ཧེ་འཛམ་གླིང་དངོས་མང་འགྲེམས་སྟོན་ལེགས་འགྲུབ་འབྱུང་བའི་ཐད་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་སྐོར་སོགས་བཀོད་འདུག

གནས་ཚུལ་དེར་མུ་མཐུད་དུ་བསྟན་དོན། རྒྱ་གར་གྱི་སྲིད་བློན་མན་མོ་ཧན་སིན་ Manmohan Singh གྱིས་ཀྱང་། གླེང་མོལ་གྱི་གནད་དོན་ཚང་མ་ཚད་ངེས་ཅན་གྱི་ཐད་ནས་གཅིག་གྱུར་བྱུང་བར་དགའ་སྤྲོ་བྱུང་ཚུལ་དང་། རྒྱ་གཞུང་གི་ཕྱོགས་ནས་མུ་མཐུད་དུ་མཐའ་མཚམས་གནད་དོན་ཐག་གཅོད་ལས་དོན་རྒྱུན་མཐུད་དགོས་ལུགས། བོད་རང་སྐྱོང་ལྗོངས་ནི་རྒྱ་ནག་མངའ་ཁོངས་ཀྱི་ཆ་ཤས་ཞིག་ཡིན་པ་དང་། རྒྱ་གར་གཞུང་གིས་རྒྱ་གར་ནང་ཁུལ་གྱི་བོད་མི་ཚོས་རྒྱ་ནག་ལ་ངོ་རྒོལ་གྱི་བྱ་འགུལ་སྤེལ་རྒྱུར་མོས་མཐུན་གནང་གི་མེད་སྐོར་བརྗོད་ཡོད་རབས་བཀོད་འདུག་ཀྱང་། རྒྱལ་སྤྱིའི་སྲིད་དོན་དབྱེ་ཞིབ་པ་ཁག་ཅིག་གིས། ད་བར་ རྒྱ་དཀར་ནག་བར་ས་མཚམས་ཐད་གྲོས་མོལ་ཐེངས་མང་བྱས་ཀྱང་གྲུབ་འབྲས་ཐོན་མེད་ལ། ཐེངས་འདིར་ཡང་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཁེ་ཕན་དང་ཚོང་ཟོག་བརྗེ་རེས་ཐད་གྲུབ་འབྲས་ཆེན་པོ་འབྱུང་སྲིད་ལ། ལྷག་པར་དུ་ས་མཚམས་ཁུལ་གྱི་ཚོང་ལམ་སྒོ་འབྱེད་ཐད་བཀའ་མོལ་མང་ཙམ་ཡོང་སྲིད་པ་རེད། དེ་མིན་ལོ་རྒྱུས་ཐོག་གི་ས་མཚམས་རྩོད་ཉོག་དེར་གྲུབ་འབྲས་གང་ཡང་སོན་ཐབས་མེད་སྐོར་བརྗོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

 

 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༢༠ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༡ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 5

  1. ཇོ་རུ་ཚེ་རིང་། says:
    ལོ་ 15 སྔོན།

    ཀྲུང་ཡོང་ཁཱང་རྒྱ་གར་དུ་མ་སླེབས་པའི་སྔ་རོལ་དུ། རྒྱ་ནག་གི་གཞུང་འབྲེལ་བ་དྲ་ཤིན་ཧྭ་དྲ་བའི་མདུན་ངོས་སུ་རྒྱ་གར་གྱི་ཡུལ་སྲོལ་གོམས་གཤིས་དང་རིག་གནས། ལོ་རྒྱུས་སོགས་ངོ་སྤྲོད་ཀྱི་ཚ་རླབས་ཤིག་འཕྱུར་སོང་། མདུན་ངོས་ཀྱི་པར་རིས་ཕལ་ཆེ་བའང་རྒྱ་གར་གྱི་གདོང་ལ་ཚོན་བརྩི་བྱུགས་པའི་༼ ཧོ་ལེ ༽ དང་། རྒྱ་གར་གྱི་ལོ་སར་༼ རྡེ་བ་ལེ ༽ སོགས་དུས་སྟོན་སྣ་ཚོགས་མཚམས་སྦྱོར་གྱི་ཚ་རླབས་ཤིག་ཀྱང་འཕྱུར་ཡོད་པ་རེད། ཡིན་ནའང་། ཀྲུག་ཡོང་ཁཱང་རྒྱ་གར་ཏུ་རྒྱལ་དོན་ཕྱོགས་བསྐྱོད་ཚར་དེ་ཕྱིར་རྒྱ་ནག་ཏུ་ལོག་པའི་རྗེས། དྲ་ངོས་ཀྱི་ཚ་རླབས་དེའང་འཇགས་པ་དང་། གྲགས་ཆེན་པོ་མེད་པར་གྱུར་འདུག
    ཡིན་ནའང་། ད་ལོའི་སྟོན་དུས་ཤིག་ལ་བོད་ཁུལ་གྱི་གངས་རི་ཤིག་གི་ཉེ་འདབས་སུ། རྒྱ་ནག་གི་མཁའ་དམག་དང་སྐམ་དམག་མཉམ་འབྲེལ་གྱི་དེང་རབས་ཀྱི་གློག་རྡུལ་ཇུས་ཀྱི་མ་ལག་ཚང་བའི་དམག་སྦྱོང་ཞིག་བྱས་ཡོད་པ་དང་། དེ་ནི་ད་ལྟའི་བར་བོད་ཁུལ་དམག་སྦྱོང་བྱས་པ་ཆེས་ཆེ་ཤོས་དེ་ཆགས་ཡོད་འདུག ད་དུང་ཉམས་ཞིབ་པ་དག་གིས་འགྲེལ་བརྗོད་བྱས་པ་ལྟར་ན། ཁུ་ནི་རི་རྒྱུད་དམ་སྐུ་ལྷ་དར་མདུང་གི་ཁུལ་དུ་རྒྱ་ནག་གིས་ལས་གཞི་རྣམ་གྲངས་འདྲ་མིན་ཞིག་མགོ་རྩོམ་བཞིན་ཡོད་པ་བརྗོད་ཀྱིན་འདུག

    Reply
  2. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    གཞོན་ནུ་ཚོགས་པ་ནས་དུས་དང་མཚམས་པའི་ལས་འགུལ་སྤེལ་བ་ལ་བསྔགས་བརྗོད་ཡོད་ འདིས་ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་རིགས་རྣམས་ཀྱིས་བོད་ཀྱི་རྩ་དོན་རྩོད་རྒྱུར་དུས་ནམསེམས་ཤུགས་ཆག་མི་སྲིད་པའི་བརྡ་ལན་སླར་ཡང་སྤྲོད་ཡོད་

    Reply
  3. སྒོ་བུ་གྲགས་པ། says:
    ལོ་ 15 སྔོན།

    ས་མཚམས་ཀྱི་རྕོད་གཞི་འདི་ལ་རྒྱ་དཀར་ནག་གཉིས་ལ་ཇུས་ཏོག་ཡོད་པ་མ་རེད། ཇུས་ཏོག ཇུས་ཏོག ཇུས་ཏོག

    Reply
  4. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    བྱུས་མེད་བྱས་ཏོག་རང་རེད

    Reply
  5. ནད་པ says:
    ལོ་ 15 སྔོན།

    བོད་ཀྱི་བོད་ཀྱི་བདག་དབང་ཐད་རྒྱ་དཀར་ནག་སུ་ཞིག་གནད་དོན་དེར་ཐག་གཅོད་བྱེད་རྒྱུའི་ཐོབ་ཐང་མེད།

    བོད་ཀྱི་བདག་དབང་ཐད་ཀྱི་གནད་དོན་དེར་ཐག་གཅོད་ཇི་ལྟར་བྱེད་མིན་དེ་བོད་མི་རིགས་ཀྱི་ཐོབ་ཐང་ཡིན་ལ་བོད་མི་རིགས་ཀྱིས་ཇི་སྲིད་བསྐལ་པར་ཐུག་ཀྱང་འཐབ་རྩོད་དེ་ནམ་ཡང་མཚམས་འཇོག་བྱེད་མི་སྲིད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese