མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙལ་ཡང་མ་རྙེད་པའི་བརྩེ་དུང་། གསུམ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༡༡/༡༢
Share on FacebookShare on TwitterShare on EmailShare on Whatsapp

                                                                         གསུམ།

ཕ་མ་གཉིས་ནི་ང་རང་གྲོང་ཁྱེར་དུ་གནས་སྤོར་བྱེད་རྒྱུའི་ཕྱོགས་སུ་འདོད་པ་གཏན་ནས་མེད་ལ། ང་ཁོ་གཉིས་དང་ཁ་གྱེས་ནས་ཐག་རིང་དུ་ཞིག་ལ་འགྲོ་རྒྱུར་དེ་བས་ཀྱང་འདོད་པ་མེད་ཀྱང་། ཆུང་ཆུང་གི་སྣང་བ་ཟེར་ན་རེད། ཚེ་རིང་དོན་འགྲུབ་ཀྱིས་སྙིང་ཉེ་བའི་སྐད་ཆ་དེ་དག་ལ་ཡིད་ཆེས་པ་ཟེར་ན་འགྲིག ང་རང་གི་ངོ་ཤེས་ཚོས་བཤད་པའི་སྐད་ཆ་ལ་ཉན་ནས་ཟེར་ན་རེད། ང་རང་གསང་སྟབས་ཀྱིས་ཕ་མ་གཉིས་ལ་མ་བཤད་པར། ཚེ་རིང་དོན་འགྲུབ་ཀྱི་རྗེས་སུ་དེད་ནས་རྫོང་མཁར་དུ་འགྲོ་བའི་ལོ་དེར་ང་རང་མོ་ལོ་བཅོ་ལྔ་ཏག་ཏག་ཡིན། བསམ་བློ་ཞིབ་མོ་ཞིག་གང་ལ་གཏོང་ཤེས། རང་ལ་བྱམས་ཤིང་དུངས་པའི་ངང་ཚུལ་གྱིས་ཚུར་ལག་པ་བསྲིངས་པའི་ཚེ་རིང་དོན་འགྲུབ་ལས་བསམ་རྒྱུ་མེད་པར་ཆགས། ཁོ་བོས་བཤད་པའི་སྐད་ཆ་ནི་དངོས་ནས་ང་རང་གོ་ན་དགའ་བ་རྐྱང་རྐྱང་ཡིན་ལ། སྔོན་ཆད་རྩྭ་ཐང་་གི་ཕོ་གསར་ང་དང་ལྷན་དུ་ཉལ་བོ་བསྟེན་མཁན་སུས་ཀྱང་བཤད་མ་མྱོང་རྐྱང་རྐྱང་ཡིན།

ངེད་གཉིས་རྫོང་མཁར་དུ་གནས་སྤོར་བྱས་དེ་ཟླ་ངོ་ཁ་ཤས་རིང་ལ་ང་དངོས་ནས་སྐྱིད་པོ་བྱུང་། ཁོ་རང་གིས་ཟླ་ངོ་རེ་ལ་ངའི་ཕ་མ་གཉིས་ལ་སྒོར་རྡོག་ཁ་ཤས་རེ་མི་ལག་བརྒྱུད་དེ་སྐུར་བ་ངས་མཐོང་ཐེངས་རེར། དེ་བས་ཀྱང་རང་ཁོ་རང་ལ་སྙིང་ནས་བརྩེ་བ་ཟབ་པའི་ཚེ་གྲོགས་ཤིག་དུ་གྱུར་སོང་། ཁོ་རང་ལ་རྫོང་མཁར་དུ་ཆང་ཁང་ཆུང་ཆུང་ཞིག་འདུག་ལ། ཁོ་བོས་ང་རང་དེ་རུ་འགྲོ་མི་དགོས། ནང་དུ་བསྡོད། ངས་མི་རིང་བ་ཁྱེད་རང་ལ་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་ཞིག་བཙལ། རྫོང་མཁར་ནས་མི་ཚེ་བསྐྱལ་བ་ཡིན་ན། ཡི་གེ་མགོ་སྔ་ཞིག་མ་ཤེས་ཐབས་མེད་ཡིན་པ་རེད་ཅེས་བཤད།

ཉིན་ཞིག་ཁོ་རང་གིས་ཕོ་གསར་ཞིག་ཁྲིད་ནས་སླེབས་སོང་། མི་དེས་མིང་ལ་འབྲུག་འབུམ་རྒྱལ་ཟེར། ཁོ་རང་ནི་རྫོང་མཁར་འདིའི་ནང་གི་སློབ་ཆུང་ཞིག་གི་དགེ་རྒན་དང་། ཁོ་རང་གཟའ་འཁོར་རེ་ལ་ཉིན་གཉིས་ལ་ཁྱེད་རང་ལ་སློབ་ཁྲིད་བྱེད་དུ་ཡོང་གི་རེད། ད་ནས་བཟུང་། འབྲུག་འབུམ་རྒྱལ་ཁྱེད་རང་གི་དགེ་རྒན་རེད་ཟེར་ནས་ཁོ་རང་གི་ཁྲིད་ཡོང་བའི་ཕོ་གསར་དེ་ང་རང་ལ་ངོ་སྤྲོད་བྱས་སོང་། ངས་ཀྱང་རང་ཉིད་ཆུང་དུས་ནས་བཟུང་ཡིག་རྨོངས་དུ་གྱུར་ནས་དེ་རིང་གཞི་ནས་ཡིག་རྨོངས་ཀྱི་དཀའ་ངལ་ལས་གྲོལ་བའི་ལམ་སྣེ་ཟིན་པ་རེད་འང་སྙམ་ནས་དངོས་ནས་སེམས་གཏིང་ནས་དགའ་བོ་བྱུང་། གཟའ་སྤེན་པའི་ཕྱི་དྲོ་དང་། གཟའ་ཉི་མའི་ཉིན་བཅས་ལ་ང་རང་ལ་འབྲུག་འབུམ་རྒྱལ་གྱིས་བོད་ཡིག་འབྲི་ཀློག་འགོ་བཙུགས་པ་ལྟར། ངས་ཀྱང་ཤུ་རེ་བྱས་དེ་སྤྱངས་པ་ཡིན། སྐབས་དེ་འདྲ་ཞིག་ལ་ང་རང་ལ་བུད་མེད་སྤྱི་ལ་བྱུང་བའི་གནས་ཚུལ་གཅིག་བྱུང་བ་རེད། དེ་ནི་བཟའ་ཚང་ཞིག་ལ་མཚོན་ན་དགའ་འོས་པའི་དོན་དག་ཞིག་ཡིན་ལ། ཚེ་རིང་དོན་འགྲུབ་ཀྱིས་ཀྱང་གཏམ་བཟང་དེ་གོ་ནས་དེ་བས་འཛུམ་མདངས་དང་བཅས། ད་ནི་དངོས་ནས་བཟང་གི བྱིས་པ་དེ་སྐྱེ་རག་བར་དུ་ཁྱེད་རང་གིས་བོད་ཡིག་གི་འབྲི་ཀློག་ཡང་ཤེས་ཐུབ་ཁོ་ཐག་རེད། བྱིས་པ་སྐྱེ་རྗེས་སུ། གཞི་ནས་འུ་གཉིས་ཀྱིས་བྱིས་པ་ཁྲིད་དེ་ཁྱེད་རང་གི་ཕ་མ་གཉིས་ལ་ལྟ་སྐོར་ཞིག་བྱེད་དུ་འགྲོ དེ་དུས་ཁོ་གཉིས་ཀྱིས་ཀྱང་འུ་གཉིས་ལ་འཁོན་འཛིན་བྱེད་མི་སྲིད་ཟེར།

ངས་ཀྱང་དེ་ནས་བཟུང་། ཧུར་ཐག་གིས་དགེ་རྒན་འབྲུག་འབུམ་རྒྱལ་གྱི་ས་ནས་བོད་ཡིག་གི་འབྲི་ཀློག་སྤྱངས་པ་དང་ཞོར་དུ་རྒྱ་ཡིག་ཡང་སྤྱངས། མ་བསམ་ས་ནས་ང་རང་གིས་འབྲི་ཀློག་གི་ཤེས་ཚད་དངོས་ནས་མགྱོགས་པོ་བྱུང་བ་མ་ཟད། ཟླ་བ་ཁ་ཤས་ཀྱི་རྗེས་སུ་ངས་བོད་ཡིག་གི་དེབ་རེ་ཟུང་ག་ལེར་ཀློག་ཐུབ་པ་བྱུང་། རྒྱ་ཡིག་ཡང་ཡར་རྒྱས་གང་ཙམ་ཞིག་འགྲོ་བཞིན་འདུག་པའི་ངང་ཚུལ་བཅས་ཚེ་རིང་དོན་འགྲུབ་ཀྱིས་མཐོང་ཐེངས་རེར་ཁོ་རང་ཡང་དངོས་ནས་སེམས་གཏིང་ནས་དགའ་བཞིན་འདུག་པ་དེ་དག་ནི་དངོས་ནས་བཤད་མི་ཤེས་པའི་ཚོར་བ་ཞིག་དང་། ནམ་ཡང་རྗེས་དྲན་བྱེད་ཆོག་པའི་གཏམ་རྒྱུད་ཅིག་ཡིན།

སྐབས་དེ་དུས་ཀྱི་སྣང་བ་དེ་ནི་དངོས་ནས་རང་གི་ཕ་མ་གཉིས་ལ་ཁྲེལ་མེད་བྱས་པ་ལས། འཇིག་རྟེན་གནམ་འོག་ན་རྒྱུ་འབྲས་ཟེར་བ་ཞིག་དང་། རང་གི་ཕ་མས་ཁ་ལ་ཉན་པ་དེ་ལས་གལ་ཆེ་བ་ཞིག་ཡོད་པ་དངོས་ནས་ཚོར་གྱི་མེད་ལ། དེ་ཡི་སྐོར་ལ་བསམ་བློ་ཡང་གཏན་ནས་གཏོང་ཐུབ་ཀྱི་མེད། ལྷག་པར་དུ་རྒྱུ་འབྲས་ཟེར་བ་ཞིག་མིག་གི་རིག་ས་དང་རྣ་བའི་གོ་ས་ནས་མཐོང་རྒྱུ་དང་ཐོས་རྒྱུ་ཡོད་པ་ཞིག་ལ་གཏན་ནས་བསམ་ཐུབ་ཀྱི་མེད། གང་ལྟར། ང་རང་གིས་ཤེས་ཚད་ནི་ཉིན་ལས་ཡར་རྒྱས་འགྲོ་བཞིན་ཡོད་ལ། དགེ་རྒན་འབྲུག་འབུལ་རྒྱལ་གྱི་ང་ལ་བཅིངས་པའི་དགེ་སློབ་ཀྱི་བརྩེ་བ་ཡང་ཟབ་དུ་འགྲོ་བཞིན་ཡོད། ཚེ་རིང་དོན་འགྲུབ་ཀྱི་ཆང་ཁང་ཆུང་ཆུང་ནང་གི་ཚོང་དེ་ཡང་དངོས་ནས་ཡར་རྒྱས་འགྲོ་བཞིན་སྒང་ཞིག་ཆགས་པ་རེད། ཁོ་རང་ནང་དུ་འཕྱི་བོ་སླེབས་པ་དང་། ཞོགས་པ་སྔ་བོ་ནས་བུད་འགྲོ་བ་ཡིན། མཚམས་ལན་རེར་ངེད་གཉིས་ལ་ཁ་བརྡ་ལྷོད་ལྷོད་ཅིག་བྱེད་ཁོམ་མེད་པ་ཆགས་པ་རེད།

 

མུ་འགོད།

འབྲེལ་ཡོད་གསར་འགྱུར།

རྒྱ་གཞུང་གིས་ཉེས་ཆད་བཅད་པའི་དྲ་དམངས། པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
Mobile App

རྒྱ་གཞུང་གིས་དྲ་ལམ་དུ་ས་ཡོམ་དང་འབྲེལ་བའི་གནས་ཚུལ་སྤེལ་མི་ཆོག་ཟེར།

ཆུ་ཚོད་ ༡༤ སྔོན་ལ།
རྒྱལ་སྤྱིའི་དགེ་ལྡན་ལྷན་ཚོགས་ཀྱི་གྲོས་ཆོད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱལ་སྤྱིའི་དགེ་ལྷན་ཁྱབ་ཁོངས་ཀྱི་དགེ་འདུན་པ་རྣམས་སྤྱི་འཐུས་ཀྱི་འོས་མིར་བཞེངས་མི་ཆོག་པའི་ཐག་གཅོད་གནང་། 

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བོད་ཕྲུག་ཁྱིམ་སྡེ་དབུ་བརྙེས་ནས་ལོ་ངོ་ ༦༦ འཁོར་བའི་དུས་དྲན་སྲུང་གཙི་ཞུས་སོང་།

༢༠༢༦/༡༠/༢༣
ས་ཡོམ་ཁྲོད་གས་ཆག་ཤོར་བའི་ཁང་པ་ཞིག པར་དྲ་ལམ་ནས་བླངས།
Mobile App

བོད་ནག་ཆུ་ཁུལ་དུ་ཚད་རིམ་ ༧.༠ ཅན་གྱི་ས་ཡོམ་བྱུང་འདུག

༢༠༢༦/༡༠/༢༣
བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཤེས་རིག་བཀའ་བློན་མཆོག་གིས་ལྷོ་བྱང་གི་བོད་མིའི་གཞིས་ཆགས་དང་སློབ་གྲྭ་ཁག་ཅིག་ཏུ་འཚམས་གཟིགས་གནང་།

༢༠༢༦/༡༠/༢༢
Mobile App

སྐུ་ཚབ་དོན་གཅོད་གཉིས་བསྐོ་གཞག་གནང་། 

༢༠༢༦/༡༠/༢༢

མཆན། 5

  1. sha tak ri sim says:
    ལོ་ 16 སྔོན།

    ཁྱེད་ཅག་ཕེབས་པ་དགའ་ནས་ཡོད།

    Reply
  2. jar_thang says:
    ལོ་ 16 སྔོན།

    བཀླགས་ཡོད།

    Reply
  3. karmadentse says:
    ལོ་ 16 སྔོན།

    བཀླགས་ཡོད། གནས་སྐབས་རིང་ཅི་ཞིག་བཤད་ཚོད་མ་ཐུག་ཐལ། ངའི་ཟིན་བྲིས་ནང་ན་དཔར་ཁ་ཤས་ཡོད་པ་དང་ཁོམ་པ་ཡོད་ན་བལྟ་རོགས་གནང་།

    Reply
  4. jamdrak says:
    ལོ་ 16 སྔོན།

    ལྷུག་རྩོམ་ཤིན་ཏུ་སྙན། ཚིགས་བཅད་དེ་ཚོ་དབྱུག་ལ་ཞོགས།

    Reply
  5. chok zyl says:
    ལོ་ 16 སྔོན།

    དྲ་གྲོགས་ལགས་བརྩེ་བ་ནི་འཇིག་རྟེན་ལ་བསྙོམ་དུ་མེད་པ་ཞིག་ཡིན་པ་མ་ཟད།
    ཆེས་ཟབ་པའི་ཚོར་བ་དང་ཧ་ཅང་བདེ་བ་ལ་བརྩེ་བའི་ཕལ་ཆེར་མ་ཟིན་པ་མེད་ལ།
    བརྩེ་བ་ནི་ཡང་རྩེ་ཡང་ལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese