མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨོན་ལམ་ཚིག་མཛོད་ལེཊ་འགྲུབ་དང་རིན་མེད་འགྲེམས་སྤེལ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཚིག་མཛོད་འདིར་མ་ཚིག་འབུམ་གཉིས་དང་ཡིག་འབྲུ་ས་ཡ་དྲུག་ལས་བརྒལ་བ་དང་། དེ་ལས་བོད་ཡིག་ཚིག་མཛོད་ནི། དེ་སྔ་ཁྱབ་ཆེ་བའི་བོད་རྒྱ་ཚིག་མཛོད་ཆེན་མོ་དང་། དག་ཡིག་གསར་བསྒྲིགས་རྨང་གཞིར་བཞག་ནས་གྲུབ་ཡོད། དབྱིན་བོད་ཚིག་མཛོད་ནི་སྐུ་ཞབས་ཀརྨ་སྨོན་ལམ་གྱི་དབྱིན་བོད་ཚིག་མཛོད་གསར་མ་ཞེས་པ་རྨང་གཞིར་བཟུང་ཐོག་ཐ་སྙད་གསར་པའི་འགྲེལ་བཤད་གལ་ཆེ་བ་མང་དག་ཅིག་ཁ་སྣོན་བྱས་ཡོད་སྐོར་བསྟན་འདུག

དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་པའི་སྟེང་། གངས་སྐྱིད་བོད་གཞུང་དཔེ་མཛོད་ཚོགས་ཁང་དུ་གློག་ཀླད་ཆེད་མཁས་པ་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་༼ སྨོན་ལམ་ཚིག་མཛོད ༽ལེགས་གྲུབ་བྱུང་བའི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་ཅིང་། ཐེངས་འདུའི་གསར་འགོད་ལྷན་ཚོགས་ཐོག་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་ཆུང་ཚེ་རིང་ལགས་དང་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱི་ལས་རོགས་རྭ་རྒྱ་བློ་དབང་བཅས་ཕེབས་འདུག གྲྭ་བློ་བཟང་སྨོན་ལམ་ལགས་གཙོས་པའི་ལས་རོགས་ཁག་ཅིག་མཉམ་རུབ་ཐོག་ལོ་ཡི་འཁོར་མོ་ཧྲིལ་བོ་གཅིག་རིང་དཀའ་སྤྱད་འབད་འབུངས་ལྷོད་མེད་བརྒྱུད་ད་ཆར་སྨོན་ལམ་ཚིག་མཛོད་ལེགས་པར་གྲུབ་སྟེ། རིན་མེད་ཐོག་སྤྱི་ཚོགས་ནང་དངོས་སུ་འགྲེམས་སྤེལ་བྱས་ཡོད་ཅིང་། ཚིག་མཛོད་དེར་མིང་ཚིག་ཉིས་འབུམ་ལྷག་བསྡུ་སྒྲིག་བྱས་ཏེ། བོད་ཡིག་ཚིག་མཛོད་དང་དབྱིན་ཡིག་ཚིག་མཛོད། བོད་དབྱིན་ཚིག་མཛོད། གསར་བྱུང་མང་མཛོད་བཅས་སྡེ་ཚན་བཞིར་དབྱེ་ཡོད། འདི་ནི་ཚིག་མཛོད་ཙམ་དུ་མ་ཟད། བོད་དབྱིན་གཉིས་ཀ་འབྲི་ཀློག་སྦྱོང་གསུམ་གང་བྱེད་ཀྱང་ཚིག་མཛོད་འདིས་རམ་འདེགས་བྱེད་ཐུབ་ལ། གློག་ཀླད་སྒེའུ་ཁུང་ xp དང་ vista སོགས་ལ་ཁྱད་མེད་བཀོལ་ཆོག གསར་བྱུང་ཚིག་མཛོད་འདི་ཕབ་ལེན་བྱ་འདོད་ཡོད་རིགས་ཚོས་འབྲེལ་ཐག་ http://www.4shared.com/get/0o_FOTWt/Monlam_Dictionary.html འདི་བརྒྱུད་དེ་ལེན་ཆོག

ཐེངས་འདིའི་གསར་འགོད་གསལ་བསྒྲགས་ནང་བསྟན་དོན། རང་རེའི་མི་རིགས་ནིི་ཤེས་རིག་གི་དར་རྒྱུན་རིང་ཞིང་། རིག་གནས་ཀྱི་ལྷུ་ལག་ཡོངས་སུ་རྫོགས་པའི་མི་རིགས་ཁྱད་ཆོས་ཅན་ཞིག་ཡིན། འདས་པའི་བྱུང་རབས་ཁྲོད་རང་རེའི་རིག་གནས་ཀྱིས་འཛམ་གླིང་དུ་ཤུགས་རྐྱེན་མི་དམན་པ་ཐེབས་མྱོང་ཞིང་། ལོ་ངོ་སྟོང་ཕྲག་རིང་མཁས་གྲུབ་གོང་མ་རྣམས་ཀྱིས་སྐུ་ངལ་དཔག་དཀའ་བས་འཛིན་སྐྱོང་སྤེལ་གསུམ་མཛད་པའི་རང་རེའི་གཙུག་ལག་རིག་པའི་གནས་ནི། དཔལ་ཡོན་ལྡན་པའི་རྒྱལ་ཁབ་དང་མི་རིགས་སུས་ཀྱང་བསྐྲུན་དཀའ་བའི་སྤུས་ཚད་དང་རིན་ཐང་ལྡན་པར་མ་ཟད། རིག་གནས་ཀྱི་སྒོ་མོ་སྣ་ཚོགས་ཆར་ཤུལ་གྱི་མྱུ་གུ་ལྟར་འབུས་པའི་དེང་གི་དུས་འདིར་ཡང་གནའ་རབས་ནས་བརྒྱུད་པའི་བོད་ཀྱི་རིག་གནས་ལ་བེད་སྤྱོད་དང་ཁྱབ་ཚད་ཀྱི་རིན་ཐང་སྔར་མུས་བཞིན་གསལ་ལ། དཔལ་འབྱོར་གྱི་མཐོ་རླབས་དྲག་ཏུ་འཕྱུར་བའི་ཟང་ཟིང་གི་ཀློང་རིམ་འདིར་མིའི་སྤྱི་ཚོགས་ཁྱོན་ཡོངས་ལ་གཞན་དྲིང་མི་འཇོག་པའི་ཞབས་འདེགས་བསྒྲུབ་ངེས་ཡིན། ཞེས་བཀོད་འདུག  

 

གསལ་བསྒྲགས་དེར་བོད་སྐད་ཡིག་གནས་བབ་ལས་འཕྲོས་ཏེ་མུ་མཐུད་དུ་བསྟན་དོན། དེ་ལྟའི་རིག་གནས་ཀྱི་རྩ་བ་དང་རང་རེའི་མི་རིགས་ཀྱི་སྲོག་ཟུངས་ནི་བོད་ཀྱི་སྐད་ཡིག་ལས་མ་འདས་ཤིང་། སྐད་ཡིག་གི་སྤུས་ཚད་མཐོར་འདེགས་དང་བེད་སྤྱོད་ཇེ་ཆེ། ཁྱབ་ཚད་ཇེ་རྒྱས་སུ་གཏོང་རྒྱུ་ནི་བོད་མི་ཚོར་ལོ་རྒྱུས་ཀྱི་བསྩལ་བའི་འགན་འཁྲི་ལྡོག་དཀའ་བ་དེ་ཡིན་པས། གུས་པ་རང་ཉིད་ཀྱང་མི་རིགས་འདིའི་བུ་ཕྲུག་ཅིག་ཏུ་སྐྱེས་པའི་རང་རྟགས་དང་། ད་ལྟའི་བར་ལུས་སེམས་གསོ་སྐྱོང་མཛད་པའི་དྲིན་ཅན་དག་ལ་དྲིན་བཟོ་ཙམ་དུ་དམིགས་ཏེ། སྔ་ཕྱིར་སྨོན་ལམ་བོད་ཡིག་དང་པོ་དང་གཉིས་པ། གསུམ་པ། སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་བཅས་བཟོ་བསྐྲུན་འགྲེམས་སྤེལ་ཞུས་ཟིན་པ་དང་། བོད་ཀྱི་སྤྱི་ཚོགས་དང་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པོ་དག་ལ་ཕན་ཐོགས་མི་དམན་པ་བྱུང་བར་མ་ཟད། སྤྱི་ཚོགས་ཐོག་བསྔགས་བརྗོད་དང་རྒྱབ་སྐྱོར་རམ་འདེགས་ཀྱི་དགོངས་ཚུལ་མང་དུ་བསྟན་པར་སྤྲོ་བས་བརྟས་ཡོད། ཅེས་དང་།

 

ཡང་ཚིག་མཛོད་སྒྲིག་སྟངས་དང་དེའི་ཁྱབ་ཁོངས་སྐོར་ལ། དུས་ཀྱི་འགྱུར་བ་ཧ་ཅང་སྐྱེན་པའི་སྣང་ཚུལ་འོག་རང་རེའི་མི་རབས་གསར་པའི་འཁུར་དགོས་ངེས་ཀྱི་འགན་འཁྲི་མང་པོ་ཞིག་བདག་མེད་དུ་ལུས་ཡོད། སྐད་ཡིག་རིག་གནས་ཀྱི་དར་རྒུད་ཀྱང་བློ་འཚབ་སེམས་ངལ་སྐྱེ་བའི་རང་བཞིན་དུ་གནས་པ་དང་། ལྷག་པར་དུ་དེང་དུས་ལག་རྩལ་གྱི་ཐོན་འབྲས་ཁྲོད་ལྷག་པའི་རང་རེའི་སྐད་ཡིག་གི་སྟོང་ཆ་ནི་བསུབ་དཀའ་བའི་ཚད་དུ་ལྷུང་ཡོད་སྟབས། གུས་པས་རང་ནུས་འདོན་འཇལ་གྱིས་སྟབས་བདེའི་ཚིག་མཛོད་ཅིག་བཟོ་མགོ་བརྩམས་ཤིང་། ལོ་ངོ་ཧྲིལ་པོ་གཅིག་ལྷག་ལ་གཉིད་བཅག་ཟས་བརྗེད་ཀྱི་ངལ་བ་བསྟུད་མར་བརྒྱུད་ད་ལྟ་ཡོངས་སུ་ལེགས་གྲུབ་བྱུང་ཡོད། ཅེས་བཀོད་འདུག

 

ཡང་གསལ་བསྒྲགས་དེའི་ནང་ཚིག་མཛོད་དེའི་གྲུབ་ཆའི་སྐོར་བསྟན་དོན། ཚིག་མཛོད་འདིར་མ་ཚིག་འབུམ་གཉིས་ ༢༠༠༠༠༠ དང་ཡིག་འབྲུ་ས་ཡ་དྲུག་ ༦༠༠༠༠༠༠ ལས་བརྒལ་བ་དང་། དེ་ལས་བོད་ཡིག་ཚིག་མཛོད་ནི། དེ་སྔ་ཁྱབ་ཆེ་བའི་༼ བོད་རྒྱ་ཚིག་མཛོད་ཆེན་མོ ༽་དང་། ༼ དག་ཡིག་གསར་བསྒྲིགས ༽ རྨང་གཞིར་བཞག་ནས་གྲུབ་ཡོད་ཅིང་། དབྱིན་བོད་ཚིག་མཛོད་ནི་སྐུ་ཞབས་ཀརྨ་སྨོན་ལམ་གྱི་༼ དབྱིན་བོད་ཚིག་མཛོད་གསར་མ༽ཞེས་པ་རྨང་གཞིར་བཟུང་ཐོག་ཐ་སྙད་གསར་པའི་འགྲེལ་བཤད་གལ་ཆེ་བ་མང་དག་ཅིག་ཁ་སྣོན་བྱས་པ་དང་། བོད་དབྱིན་ཚིག་མཛོད་ལ་མ་ཚིག་གི་རྣམས་གྲངས་ ༩༠༠༠༠ ལྷག་ཡོད་པ་དང་། དེ་ཡང་བོད་དབྱིན་ཚིག་མཛོད་སྣ་ཚོགས་ལས་བཏུས་ཏེ་བོད་ཀྱི་རིག་གནས་ཀྱི་གལ་ཆེ་ས་དང་ཁྱབ་ཡངས་ས་ཤ་སྟག་གིས་གྲུབ་ཡོད། བོད་རྒྱ་དབྱིན་གསུམ་གྱི་རྒྱུན་བཀོལ་གསར་བྱུང་མིང་མཛོད་ལ་སྣོན་འཕྲི་གང་ཡང་མེད་པར་རང་སོར་བཞག་ཡོད། ཚིག་མཛོད་འདིར་སྤྱིར་བཏང་གི་ཐ་སྙད་ཕལ་མོ་ཆེར་ཡིག་སྒྱུར་གྱི་ཆ་རྐྱེན་ཡང་འཐུས་ཚང་དུ་ཡོད་སྟབས། བོད་དབྱིན་འབྲི་ཀློག་སྦྱོང་གསུམ་དང་། ཡིག་སྒྱུར་བཅས་ལ་ཕན་ཐོགས་མི་དམན་པ་འབྱུང་ངེས་ཤིང་། རྩོམ་སྒྲིག་ཚན་པ་དང་། ཡུལ་སྐོར་རང་བཞིན་གྱི་རིག་གནས་ལས་རིག་པ་དག་ལ་སྟབས་བདེ་ཞིང་ཆ་རྐྱེན་འཛོམས་པའི་ཞབས་འདེགས་ཆེན་པོ་ཞུ་ཐུབ་ངེས་ཡིན། དེ་སྔ་ཚིག་མཛོད་འདིའི་ཐད་མཁས་པའི་བགྲོ་གླེང་སྐོང་ཚོགས་ཐོག་སྤྱན་འབུལ་གྱིས་བསམ་ཚུལ་བསྡུ་ལེན་དང་། ཤེས་ལྡན་པ་མང་པོ་ཞིག་དང་ལྷན་དུ་གྲོས་བསྡུར་རིམ་པར་བྱས་ཡོད། ཅེས་མདོ་བསྡུས་སུ་བཀོད་འདུག  

 

གཞན་ཡང་ཐེངས་འདིའི་གསར་འགོད་གསལ་བསྒྲགས་དང་སྟབས་བསྟུན་ཏེ། སྨོན་ལམ་ཡིག་གཟུགས་ཀྱི་འགྱུར་ལྡོག་སྐོར་ངོ་སྤྲོད་བྱས་དོན། སྨོན་ལམ་བོད་ཡིག་ ༣༌༡ ནི་དེ་སྔའིོ་སྨོན་ལམ་བོད་ཡིག་གསུམ་པར་བསྐྱར་བཅོས་དང་ཁ་སྣོན་བྱས་ཡོད་པར་མ་ཟད། ཟླ་ཤས་གོང་དེའི་ཐད་བགྲོ་གླེང་སྐོང་ཚོགས་དང་འབྲེལ་སྔགས་ཡིག་དང་། དབུ་མེད་ཚུགས་རིང་ཐུང་གི་དབྱངས་དང་འདོགས་ཅན་བཅས་སྟབས་བདེར་བཟོས་ཡོད་ལ། གཙོ་བོར་བོད་ཡིག་གི་འབྲི་ཚུལ་ཆ་ཚང་བ་ཞིག་ཡོང་བར་འབད་བརྩོན་གནང་ཡོད། ཅེས་དང་།

མཐར་མར་ཁོང་གིས་འབོད་སྐུལ་དང་སྦྲགས་བརྗོད་དོན། ལས་རིམ་འདི་བསྒྲུབས་པའི་སྔ་ཕྱིར་བརྩེ་བའི་གྲོགས་པོ་དང་ལས་རོགས་བཅས་ཀྱིས་དཀའ་སྡུག་མཉམ་མྱོང་གི་བརྩོན་པ་རྒྱུན་བསྐྱེད་སྟབས། ཡིག་འབྲུ་ས་ཡ་འགའི་ཚིག་མཛོད་འདི་བཞིན་དུས་འགྱངས་མ་བྱུང་བར་སྤྱི་ཚོགས་ཐོག་འགྲེམས་སྤེལ་བྱེད་ཐུབ་བྱུང་། ཚིག་མཛོད་འདི་རིན་མེད་ཐོག་འགྲེམས་སྤེལ་ཞུ་རྒྱུ་ཡིན་པས་སྤྱི་ཚོགས་སྟེང་གི་ཤེས་ཡོན་ཅན་དང་དང་གསར་འགོད་པ་རྣམས་ཀྱིས་ཚིག་མཛོད་གཙོས་སྐད་ཡིག་དང་འབྲེལ་བའི་མཉེན་ཆས་འདི་དག་འགྲེམས་སྤེལ་དང་། བེད་སྤྱོད་གཏོང་ཕྱོགས་ཐད་མང་ཚོགས་ལ་ངོ་སྤྲོད་གནང་རོགས་ཞེས་བརྗོད་བྱུང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 63

  1. རྭ་རྒྱ་བློ་དབང་། says:
    ལོ་ 14 སྔོན།

    སྤྱིར་བཏང་བཤད་ན། Win 7 དང Vista གཉིས་ཀར་དཀའ་ངལ་མེད་ཚོད་རེད། གལ་ཏེ་Windows XP ནང་ལ་འཇུག་སྐབས་དཀའ་ངལ་བྱུང་ན། http://www.lobsangmonlam.org དྲ་རྒྱ་འདིའི་་ནང་ལྟོས་དང་མཉེན་ཆས་ཤིག་ཕབ་ལེན་བྱ་རྒྱུ་ཡོད། དེ་ཕབ་ལེན་དང་ནང་འཇུག་བྱས་ན་ཁྱེད་ཀྱི་དཀའ་ངལ་སེམས་ཐུབ་ངེས་ཡིན།

    Reply
  2. སངས་རྒྱས་རྡོ་རྗེ། says:
    ལོ་ 14 སྔོན།

    སྐུ་ཞབས་སྨོན་ལམ་མཆོག་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
    མཆོག་ཉིད་ཀྱིས་སྐུ་ངལ་འཛེམ་མེད་ལ་མ་ལྟོས་པར་ལྷག་བསམ་ལྡན་པའི་སྒོ་ནས་རང་མི་རིགས་ཀྱི་རིགས་གཞུང་དེ་གོ་ལ་འདིའི་ཐོག་ནས་མི་རིགས་ག༷༷ཞན་པའི་ཡར་ཐོན་ཅན་གྱི་རྒྱལ་ཁབས་དང་ལྷན་དུ་འགྲོ་ཐུབ་པ་དེ་མཆོག་ཉིད་ཀྱིས་ཐུགས་རྗེ་བཀའ་དྲིན་ཁོ་ན་ཡིན་པས་སྙིང་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
    འོན་ཀྱང་མཆོག་ཉིད་ཀྱིས་ཚིག་མཛོད་དེ་ཀུ་ཤི་རྟག་ཅན་གྱི་རྩེས་འཕྲུལ་ལ་བེད་སྤྱོད་གང་འདྲ་གཏོང་དགོས་མིན་ཧ་གོ་མ་བྱུང་བས་བས་མཆོག་ཉིད་ཀྱིད་དེ་ལ་གསལ་བཤད་གསལ་བོ་ཞིག་གནང་བར་ཐུགས་རྗེ་མ་ཆུང་ཞུ་བ་ཡིན།

    Reply
  3. རྒྱལ་བསྟན། says:
    ལོ་ 14 སྔོན།

    སྐུ་ཞབས་སྨོན་ལམ་ལགས། ཐུགས་རྗེ་གཟིགས། ཚིག་མཛོད་འདི་གློག་ཀླད་ནང་ཇི་འདྲ་བྱས་ནས་ཤུ་དགོས་མིན་དང་། བཤུས་བསྒྲུབས་རྗེས་གློག་ནང་ཇི་ལྟར་འཇུག་དགོས་པའི་ལམ་སྟོན་གསལ་པོ་ཞིག་གནང་རོགས་མཁྱེན།
    དེ་རིང་ངོས་ཀྱི་དྲ་འབྱེད་གཉེན་ཆས་མི་འདྲ་བ་ཁག་གསུམ་ནས་ཐེང་རེ་རེ་བྱས་བསྡོམས་ཐེང་གསུམ་བཤུས་པ་ཡིན། འོན་ཀྱང་དེ་རྣམས་གློག་ཀླད་ནང་ཙ་ནས་བླུག་ཐུབ་ཀྱི་མི་འདུག
    ཁྱེད་ནས་ལམ་སྟོན་གསལ་པོ་ཞིག་གནང་རོགས་ཞུ།

    Reply
  4. གསེར་སྦྲང་། says:
    ལོ་ 14 སྔོན།

    སྐུ་ཞབས་སྨོན་ལམ་ལགས་སྙིང་ནས་ཐུགས་བརྗེ་ཞུ་
    འདི་ནི་ང་ཚོའི་སྐད་ཡིག་ཡར་རྒྱས་འགྲོ་བྱེད་ཀྱི་ཕྱག་ལས་ཞིག་རེད་ལ་ཅི་འདྲའི་དགའ་བ་ལ

    Reply
  5. མགར་ནེ་ཙོ། says:
    ལོ་ 14 སྔོན།

    སྐུ་ཞབས་བློ་བཟང་སྨོན་ལམ་ལགས་ལ་ཞུ་རྒྱུར། ཐོག་མར་བདག་གིས་སྨོན་ལམ་ཚིག་མཛོད་ཀྱི་མ་ལག་བླངས་པ་མ་ཟད། ཆ་ཚང་གློག་ཀླད་དུ་བླུགས་ཐུབ་པ་བེད་སྤྱོད་ཡང་གཏོང་ཐུབ་པ་བྱུང། རྗེས་ནས་གློག་ཀླད་དུ་འཇུག་སྐབས་བརྡ་འདི་ལྟ་བུ་ཞིག་མངོན་གྱི་འདུག་པས། ག་འདྲ་བྱས་ནས་གློག་ཀླད་དུ་འཇུག་དགོས་པ་ལམ་སྟོན་ཞིག་གནང་རོགས།
    ( An error occurred while installing system components for Monlam Dictionary.Setup can’t continue until all system components have been successfully installed.) འདིའི་སྐབས་སུ་གློག་ཀླད་དུ་ག་འདྲ་བྱས་ཏེ་འཇུག་དགོས་སམ། ཐུགས་རྗེ་ཆེ།

    Reply
  6. རྩེ། ཆུ་མིག says:
    ལོ་ 14 སྔོན།

    འདི་ནི་ཧ་ཅང་ཡར་རྒྱས་དང་མདུན་བསྐྱོད་ཀྱི་རྣམ་པ་ཞིག་རེད་ལ་ཅི་འདྲའི་དགའ་བ་ལ།
    རྗེས་སུ་ཡི་རངས་ཞུ། ཡིན་ན་འང་ཀུ་ཤུ་རྟགས་ཅན་གྱི་གློག་གླད་ནང་དུ་ཡོང་གི་མི་འདུག་པས་ཀུ་ཤུ་རྟགས་ཅན་གྱི་གློག་གླད་ནང་དུའང་ཡོང་ན་ཡག་ཐོག་ལ་ཡག་རེད།

    Reply
  7. རྒྱལ་བསྟན། says:
    ལོ་ 14 སྔོན།

    རྒན་བློ་བཟང་སྨོན་ལམ་ལགས་ནས་ཚིག་མཛོད་བཟོས་པ་དང་རིན་མེད་ཐོག་གནང་བར་སྙིང་ནས་ཐུགས་རྗེ་ཆེ།
    ཚིག་མཛོད་དེ་ལག་ཐོག་ཁ་པར་ཐོག་བེད་སྤྱོད་ཡོད་པ་བཟོ་ཐུབ་ན་བེད་སྤྱོད་བྱེད་མཁན་མང་བས་ཕན་པ་དེ་བས་ཆེ་བ་ཡོད་པ་སྨོས་མེད་རེད། དེ་ལྟར་བཟོ་ཐུབ་པའི་རེ་བ་རྒྱབ་བཞིན།
    ཁྱེད་ཀྱི་ལས་དོན་གང་འདྲ་ཞིག་གནང་ཡང་ལམ་སློང་ཡོང་བའི་སྨོན་འདུན་ཡོད།

    Reply
  8. རོ་བདག says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ་གྲྭ་སྨོན་ལམ་ལགས ངོ་མ་སྙིང་ཁོང་རུས་པའི་གཏིང་ནས་ཐུགས་རྗེ་ཆེ།

    Reply
  9. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    བཀྲ་ཤིས་བདེ་ལེགས། ཐུགས་རྗེ་བླ་མེད་ཆེ། གྲུབ་འབྲས་རླབས་ཆེན་ཐོན་འདུག
    ལས་དོན་དེ་མུ་མཐུད་ཡར་རྒྱས་གཏོང་བའི་སྨོན་འདུན་ཞུ། ངས་ཤར་མར་ཚོད་བལྟ་ཞིག་བྱས་པས་འདི་དག་མཐོང་བྱུང་། དཔེར་ན་བོད་དབྱིན་ཚིག་མཛོད་དུ་ དེ་རིང་ གི་ཚིག་འགྲེལ་མི་འདུག དབྱིན་བོད་ཚིག་མཛོད་དུ་ counterproductive གི་ཚིག་འགྲེལ་མི་འདུག བོད་ཡིག་ཚིག་མཛོད་དུ་ དྲན་ཤིང་ གི་ཚིག་འགྲེལ་མི་འདུག གསར་བྱུང་རྒྱུན་བཀོལ་མིང་མཛོད་དུ་ ཡི་གེ་བཏགས་པ ་ཡི་ཚིག་འགྲེལ་མི་འདུག རྒྱ་ཡིག་ལ་ནི་བལྟ་མི་ཤེས། ད་དུང་རིམ་བཞིན་ཡར་རྒྱས་གཏོང་འཆར་ལོས་མོད་རི་མོ་དང་སྒྲ་གདངས་ཡང་ཡོད་པ་བཟོས་ན་ཧ་ཅང་ལེགས།

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བཀའ་ཁྲིའི་ཕྱག་ལས་བཟང་བ་རང་གཞན་གཉིས་ཕན་རེད། རྗེས་སུ་ཡི་རང་ངོ་། །

    Reply
  11. དྲང་བདེན་གི་གཏམ་ says:
    ལོ་ 14 སྔོན།

    སྐུ་ཞབས་སྨོན་ལམ་ལགས་སུ་བཀྲ་ཤིས་སྨོན་འདུན་དང་ཆབ་ཅིག་བཀའ་དྲི་བཞུ་རྒྱུར་ཚིག་མཛོད་འདི་བཞིན་ཀུ་ཤུའི་གློག་ཀླད་ནང་ག་དུས་ཐོན་ཐུབ་བམ་ ཁྱེད་ཀྱི་གནང་བའི་ཡིག་གཟུགས་གསུམ་པ་དེ་ཡང་གུས་པ་བེད་སྤྱོད་གཏོང་བཞིན་ཡོད་པས་ཧ་ཅང་ཕན་པ་འདུག་པས་ཐུགས་རྗེ་ཆེ་། སླད་ཁྱེད་བྱ་བ་ལེགས་འགྲུབ་ཡོང་བའི་སྨོན་འདུན་བཞུ།།

    Reply
  12. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 14 སྔོན།

    མཁྱེན་རླབས་མཚུངས་མེད་ལགས་ནས་སྐུ་ངལ་དུ་མ་ཞིག་ཁྱད་དུ་བསད་ནས་ད་བཟོད་རིན་ཐང་ཆེ་བའི་ཚིག་མཛོད་ཞིག་གསར་སྐྲུན་གནང་བ་མངགས་བརྗོད་དང་ཐུགས་རྗེ་ཆེ། ཚིག་མཛོད་དེ་བཞིན་བདེ་བླག་ངང་ངའི་གློག་ཀླད་དུ་བཅུག་སྟེ་སྟེབས་བདེའི་ངང་ལས་ཀ་བྱེད་མུས་ཡིན།

    འོན་ཀྱང་ཡིག་གཟུགས་༣་༡ཅན་དེ་ཉིད་སྔར་བཞིན་CorelDRAW X4དང་Adobe Photoshop CS3ནང་བེད་སྤྱོད་སྐབས་འཐོར་བཞིན་འདུག་པས་ནང་འཇུག་བྱེད་སྟངས་ལ་ཁྱད་པར་འདྲ་ཡོད་ན་སློབ་སྟོན་གནང་རོགས།

    Reply
  13. བློ་བཟང་ཕུན་ཚོགས། says:
    ལོ་ 14 སྔོན།

    གྲྭ་སྨོན་ལམ་ལགས་བཀྲ་ཤིས་བདེ་ལེགས་སེམས་གཏིང་ནས་ཞུ། སྨོན་ལམ་ལགས་ཁྱོད་ལྟ་བུའི་གསར་བཏོད་ཀྱི་དཔའ་བོ་འགའ་བོད་མི་རིགས་ཀྱི་ནང་དུ་ཡོད་ཀྱི་ན།
    རྗེས་ལས་ཀྱི་ཞ་མོ་རྙིང་པ་རང་མི་རིགས་ཀྱི་གོན་དགོས་ཀྱི་མ་རེད། མཐར་ཁྱོད་དང་ཁྱོད་ཀྱི་ལས་རོགས་རྣམས་ཀྱི་སྐུ་ཚེ་ཡུན་རིང་དུ་བརྟན་པའི་སྨོན་འདུན་ཡང་སེམས་གཏིང་་ནས་་ཞུ།-

    Reply
  14. རྡོ་རྗེ་ཚེ་རིང་། says:
    ལོ་ 14 སྔོན།

    སྐུ་ཞབས་སྨོན་ལམ་ལགས་ཐུགས་བརྗེ་ཆེ་ཞུ་རྒྱུ་ཡིན།
    འོན་ཀྱང་ཚིག་མཛོད་དེའི་ལྗིད་ཚད་ཆེ་ཙམ་འདུག་པས་ད་དུང་ཕབ་ལེན་ཐུབ་མ་སོང་། 

    Reply
  15. ལངས་གཉིད། says:
    ལོ་ 14 སྔོན།

    བཀུར་འོས་བློ་བཟང་སྨོན་ལམ་མཆོག་ལ།

    ངས་ཚིག་མཛོད་ད་དུང་ཕབ་ལེན་བྱེད་བཞིན་པ་ཡིན། ཁྱེད་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

    Reply
  16. ཧེ་ར་བཀྲ་ཤིས། says:
    ལོ་ 14 སྔོན།

    ཐོག་མར་གྲྭ་སྨོན་ལམ་ལགས་ལ་ཐུགས་རྗེ་ཆེ་ཞུ།
    སྤྱིར་ང་ཚོས་སྐད་ཡིག་སྲུང་སྐྱོབ་ཅེས་ཁ་ནས་མ་ནིའི་བཞིན་སྐྱོར་ཡང་དོན་དག་སྐད་ཡིག་འདི་དེང་རབས་དང་མཐུན་པའི་མིའི་ཉིན་རེའི་འཚོ་བའི་དགོས་མཁོ་སྐོང་ཐུབ་པའི་སྟབས་བདེ་ཕྱོགས་ལ་འདི་ལྟ་བུར་ཁ་ཕྱོགས་ན་གཞི་ནས་སྐད་ཡིག་སྲུང་སྐྱོབ་ཅེས་ནམ་རྒྱུན་སྐྱོར་བཞིན་པའི་ཞལ་འདོན་དེ་ཡང་ཡང་སྐྱོར་མི་དགོས།
    གྲྭ་སྨོན་ལམ་ལགས་ཀྱིས་མུ་མཐུད་དེ་ཡིག་བསྒྱུར་ཚིག་མཛོད་ཅིག་བཟོ་ཐབས་ལ་འབད་འབུངས་ལྷོད་མེད་གནང་རོགས།
    དེ་འདྲའི་ཡིག་བསྒྱུར་ཚིག་མཛོད་ཅིག་བཟོ་ཐུབ་སོང་ན་གཞི་ནས་གཞན་སྐད་གྱི་སྒང་ན་ཡོད་པའི་ཤེས་བྱ་མང་པོ་ཞིག་གཞན་སྐད་ལ་བརྟེན་མི་དགོས་པར་བོད་ཡིག་རང་གི་སྒང་ནས་བོད་ཡིག་ཤེས་མྱི་ཞིག་ཡིན་ཕྱིན་བསྒྱུར་ཀློག་ཐུབ་པའི་དུས་སྐབས་ཤིག་ཤར་སོང་ན་སྐད་ཡིག་རང་བཞིན་གྱི་བེད་སྦྱོད་ཀྱི་ཁོར་ཡུག་ཆེ་རུ་འགྲོ་བར་ངེས།

    Reply
  17. ཤག་སྒང་ཟིན་བྲིས། says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ། སྨོན་ལམ་ལགས། ལས་རིམ་འདི་ལས་ཁྱད་དུ་འཕགས་ཤིང་དུས་རབས་ཀྱི་དགོས་མཁོ་དང་འཚམ་བའི་བྱ་བ་ཞིག་གཏན་ནས་མེད་པས་ཐུགས་རྗེ་ཆེ།

    Reply
  18. ནེ་ཤོད་གྲུ་ཁ། says:
    ལོ་ 14 སྔོན།

    གློག་ཀླད་ཆེད་མཁས་པ་སེར་སྨད་གྲྭ་བློ་བཟང་སྨོན་ལམ་མཆོག་ལ་འཚམས་འདྲི་དང་སྨོན་ལམ་ཚིག་མཛོད་ལེགས་གྲུབ་བྱུང་བས་མ་ཚད་རིན་མེད་ཐོག་འགྲེམས་སྤེལ་བྱེད་པ་ལ་བཅོས་མིན་གྱི་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད། འདི་ནི་དུས་ཀྱི་འགྱུས་འགྲོས་དང་འཚམས་ཞིང་ཁ་ཡོད་ལག་ཡོད་ཀྱི་དགོས་ངེས་ཞིག་ཏུ་མཐོང་བས་བོད་གཞིས་བྱེས་གཉིས་སུ་རང་མི་རིགས་ཀྱི་སྐད་ཡིག་འདི་ཉིད་འཛམ་གླིང་གང་སར་ཁྱབ་ཚད་ཇེ་རྒྱས་ཐུབ་པའི་དམིགས་བསལ་གྱི་ཕན་རླབས་ཆེན་པོའི་ནུས་པ་ལྡན་ཡོད། སྐུ་ཉིད་ཀྱིས་སྨོན་ལམ་དང་པོ་འགོ་བརྩམས་ནས་ད་བར་གཉིད་བཅག་ཟས་བརྗེད་ཀྱི་ངལ་བ་བསྟུད་མར་བྱེད་འབྲས་སུ་དུས་ད་ཆ་སྨོན་ལམ་བོད་ཡིག་དང་གཉིས་གསུམ་དང་ཚིག་མཛོད་སོགས་མཇུག་ཡོངས་སུ་གྲུབ་ཡོད་པ་འདིའི་བོད་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཆེད་ཁ་ཚ་དགོས་བཏུགས་ཀྱི་རྒྱབ་སྐྱོར་ཞིག་དུ་འགྱུར་ཡོད་པས་མ་ཚད་ཉིད་ཀྱིས་མི་ཚེའི་རླབས་ཆེན་གྱི་བྱས་རྗེས་དྲུད་ཤུལ་ཞིག་ཀྱང་ཡིན་ལགས།

    Reply
  19. བཀྲ་ཤིས། says:
    ལོ་ 14 སྔོན།

    སྨོན་ལམ་ལགས བཀྲ་ཤིས་བདེ་ལེགས་ཡོད།

    Reply
  20. འཇམ་དཔལ་རྣོན་པོ། says:
    ལོ་ 14 སྔོན།

    སྨོན་ལམ་མཆོག་ལ་བཀྲ་ཤིས་བདེ་ལེགས་ཡོད། ཁྱེད་ཀྱིས་བོད་རྒྱ་ཚིག་མཛོད་གཞི་ལ་བཞག་པར་བརྟེན་ཁྱེད་ལ་རྒྱབ་སྐྱོར་ཡོད། ཁྱེད་ཚིག་མཛོད་འདིས་བོད་འགྲོ་བ་ཡོངས་ཕན་ཐོགས་རླབས་ཆེན་ཞིག་ཡོང་རྒྱུ་ཡིན།

    Reply
  21. དཀར་མཚོ་སྐྱིད། says:
    ལོ་ 14 སྔོན།

    མཁྱེན་ཟབ་ཡངས་པའི་བློ་སྨོན་ལགས་ཀྱིས་གསར་དུ་བཏོད་པའི་སྨོན་ལམ་ཚིག་མཛོད་ལེགས་གྲུབ་བྱུང་བར་རྗེས་སུ་ཡི་རང་དང་འདི་ནི་དེང་རབས་སྤྱི་ཚོགས་གསར་བའི་ཁྱད་ཆོས་དང་མཐུན་པའི་ཚིག་མཛོད་ཅིག་དང་ཡུན་རིང་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་སྐད་ཡིག་གཉིས་ཀྱི་བང་མཛོད་ཀྱི་ཆ་ཤས་ཤིག་ཏུ་གྱུར་ཡོད་པས་བོད་ཀྱི་སྐད་ཡིག་རྒྱལ་སྤྱི་ཅན་དུ་འགྱུར་བར་ཕན་རླབས་ཆེ་ཞིང་རང་རེའི་སྐད་ཡིག་ལ་དུངས་ཞེན་ཆེ་བའི་ཕྱི་ནང་གི་ལས་རིགས་མང་བོའི་དགོས་མཁོའི་རེ་འདུན་བསྐང་ཐུབ་ངེས་ལགས།

    Reply
  22. སོག་ནག་ཚང་། says:
    ལོ་ 14 སྔོན།

    གློག་ཀླད་ཆེད་མཁས་པ་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་དཀའ་སྤྱད་སྡུག་རུས་ལ་བརྟེན་ནས་གསར་གཏོད་ཀྱི་རང་བཞིན་ཅན་གྱི་སྨོན་ལམ་ཚིག་མཛོད་རིན་མེད་ཐོག་འགྲེམས་སྤེལ་ཞུ་བཞིན་ཡོད། ཁོང་གི་ཐུགས་རེ་ལ་ཚོང་བསྒྱུར་མི་བྱེད་པར་བོད་ཕྱི་ནང་ཡོངས་སུ་འགྲེམས་སྤེལ་རྒྱ་ཆེར་ཡོང་པར་འབོད་སྐུལ་ཞུ་བཞིན་ཡོད། འདི་ནི་ཁོང་གིས་བོད་མི་རིགས་དང་རིག་གཞུང་ལ་བཅིངས་པའི་རླབས་ཆེན་གྱི་བསམ་གཞིགས་གཏོང་སྟངས་ཤིག་རེད། ཚིག་མཛོད་འདིས་བོད་ཕྱི་ནང་ཀུན་ནས་རང་གི་རིག་གཞུང་ལ་ཞབས་འདེགས་རླབས་ཆེན་བསྒྲུབ་ཐུབ་པ་མ་ཟད། རླབས་ཆེན་གྱི་ལས་དོན་འདིས་བོད་མི་རིགས་ཀྱི་རིག་གཞུང་གི་སྟོང་ཆ་ཆེན་པོ་ཞིག་ཁ་གསུབ་བྱས་ཡོད་པ་མ་ཟད་དེང་རབས་དང་མཐུན་པའི་གོམ་སྟབས་ཆེན་པོ་ཞིག་ཁོང་གི་བཀའ་དྲིན་ལ་བརྟེན་ནས་ང་ཚོ་སྤོ་ཐུབ་ཡོད་པ་རེ། ཁོང་གིས་ད་དུང་མུ་མཐུད་ནས་བོད་ཀྱི་བརྡ་སྤྲོད་དང་མཐུན་པའི་ཚིག་མཛོད་ཆེན་མོ་ཞིག་བསྡུ་སྒྲིག་གནང་རྒྱུའི་ཐུགས་རེ་གནང་བཞིན་ཡོད་འདུག བྱ་བ་ལམ་ལྷོང་ཡོང་བའི་སྨོན་འདུན་དང་བཅས། ཁ་བྲོ་བཀྲ་ཤིས།

    Reply
  23. སོག་ནག་ཚང་། says:
    ལོ་ 14 སྔོན།

    གློག་ཀླད་མཁན་པོ་གྲྭ་བློ་བཟང་སྨོན་ལམ་ལགས་ནི་བོད་མི་རིགས་ཀྱི་སྤྱི་ཚོགས་ཁྲོད་དུ་དེ་སྔ་བྱུང་མ་མྱོང་བའི་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་རྒྱུན་བསྲིངས་དང་དེང་རབས་ཅན་དུ་བསྒྱུར་མཁན་གྱི་ཆེད་མཁས་པ་ཉག་གཅིག་པོ་ཡིན། ཁོང་གི་བཀའ་དྲིན་ལ་བརྟེན་ནས་བོད་མི་རིགས་ཀྱི་སྐད་ཡིག་འདིས་དུས་རབས་ཀྱི་རྗེས་ཟིན་བཞིན་ཡོད་ལ། བོད་མི་ཀྱི་སྐད་ཡིག་འདིའི་འཐུས་སྒོ་ཇེ་ཚང་དུ་འགྲོ་བཞིན་ཡོད། སྨོན་ལམ་ཚིག་མཛོད་ངོ་མ་ཡག་པོ་བཟོས་འདུག བེད་སྤྱོད་གཏོང་སྟངས་ཧ་ཅང་གི་སྟབས་བདེ་པོ་འདུག དབྱིན་བོད་དང་བོད་དབྱིན་སོགས་གང་དགོས་ཀྱང་འཚོལ་སྟངས་ཞེ་དྲགས་སྟབས་བདེ་བོ་འདུག འདིས་བོད་ཡིག་སྦྱོང་མཁན་གཅིག་བུ་ཙམ་མ་ཟད་དབྱིན་ཡིག་སྦྱོང་མཁན་ཚོར་ཡང་ཕན་ཐོགས་ཆེན་པོ་འདུག སྐུ་ཞབས་སྨོན་ལམ་ལགས་ལ་སླར་ཡང་ཐུགས་རྗེ་ཆེ་ཞེས་ཞུ།

    Reply
  24. སོག་ནག་ཚང་། says:
    ལོ་ 14 སྔོན།

    ཀློག་ཀླད་མཁན་པོ་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་སྨོན་ལམ་ཚིག་མཛོད་ལེགས་འགྲུབ་བྱུང་སྟེ་རིན་མེད་ཐོག་འགྲེམས་སྤེལ་ཞུས་པར་བོད་ཕྱི་ནང་གཉིས་ཀའི་ཚབ་བྱས་ནས་བཅོས་མིན་གྱི་ཐུགས་རྗེ་ཆེ་ཞེས་ཞུ་བཞིན་ཡོད།

    Reply
  25. ལངས་གཉིད། says:
    ལོ་ 14 སྔོན།

    ཚིག་མཛོད་ཕབ་ལེན་བྱེད་ཐུབ་ཀྱི་མི་འདུག་པས་ལམ་སྟོན་གནང་རོགས།

    The file link that you requested is not valid.ཟེར་བ་འདི་ཐོན་གྱི་འདུག།
    དྲ་བ་དེར་དེབ་སྐྱེལ་སོགས་དགོས་ངེས་ཚང་མ་བྱས་ཀྱང་ཕབ་ལེན་བྱེད་ཐུབ་མ་སོང་།

    Reply
  26. ཁྲ་གླག་སྤྱང་གསུམ། says:
    ལོ་ 14 སྔོན།

    སྐུ་ཞབས་བློ་བཟང་སྨོམ་ལམ་ལ་བསྟོད་བསྔགས་འབུལ། རིན་མེད་གནང་བར་ཐུགས་རྗེ་ཆེ། སྔོན་མ་རྡ་ས་དེ་བར་དང༌། ཚོགས་པ་འགའ་རེས་བོད་ཡིག་གི་ཡིག་གཟུགས་འགའ་རེ་བཟོས། ཕལ་ཆེར་སམ་བྷོ་ཊ་དང་གཡུ་མཚོ་དང་ད་དུང་འགའ་ཞིག་ཡོད། ཁོང་ཚོས་གསེར་ནང་བཞིན་རིན་གོང་མཐོན་པོ་མ་སྤྲད་ན་མི་ཚོང༌། ཚོང་དང་ཁེ་སང་རང་གི་བསམ་བློ་ལས་བོད་ཀྱི་སྐད་ཡིག་དར་སྤེལ་ཟེར་བ་དེ་ཚོའི་ཀླད་པ་ནང་གཏན་ནས་མེད། དེ་ཚོ་དྲན་སྐབས་སྐུ་ཉིད་ལ་ལྷག་ཡང་བཀའ་དྲན་ཆེ་ཞེས་བརྗོད་འདོད་བྱུང༌།

    Reply
  27. འཇམ་དབྱངས། says:
    ལོ་ 14 སྔོན།

    སྨོན་ལམ་ལགས། སྐུ་ཉིད་ཀྱིས་ངལ་བ་ཁྱད་དུ་བསད་དེ་བོད་མི་རིགས་ཀྱི་རིག་གཞུང་དེང་རབས་དང་མཐུན་པ་ཞིག་ཡོང་བར་འབད་བརྩོན་ལྷོད་མེད་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ལགས།

    Reply
  28. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    ཡེས་ཤེས་ཆོས་ལུགས་པ་ཞིག་ཡིན་ན་བློ་སྨོན་ལགས་དཀོན་མཆོག་གིས་ཆེད་དུ་བཏང་བ་རེད་ཟེར་རྒྱུ་རེད།
    སྟབས་བདེ་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོག་པ་ཞིག་འདུག་པས་ཡི་རིང་དང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
    དེ་མིན་་་་མི་་ཞེས་པའི་འབུ་ཆུང་ལ་ཞུ་རྒྱུར་་་་་ས་བོན་རུལ་བ་ལ་འབྲས་བུ་མེད་མེད་པ་རེད་ཞུ་རྒྱུ་ཡིན
    འདིའི་སྐོར་ལ་རྩོམ་རེ་འབྲི་གིན་ཡོད་ན་བཟང་གི ་་་་་་ཞུ་རྒྱུ་ཞིག་ལ་་་་་ཁྱེད་ཀྱི་རྩོམ་དེ་བྲིས་ནས་དེབ་གཟུགས་སུ་བཀོད་སྐབས་་་་འདི་ལྟར་བྱོས་་་་་་ནག་ཚ་ཉོས་དེ་ཤོག་བུའི་རྒང་ལ་ལག་པའི་བྲིས་་་་དེ་ནས་ཅོ་ཤིང་ཞིག་ཉོས་ནས་ཡིག་འབྲི་རེ་རེ་བཞིན་རྐོས་རྒྱོབ་་་་་དེ་ནས་ཤོག་བུ་རེ་རེ་བཞིན་པར་དུ་བཤོས་་་་་་་་་་འཚམས་དེ་ནས་ཁྱེད་ཀྱི་ཀློག་ཀླད་དང་བློ་སྨོན་ཀྱི་ཐོག་མཐའ་བར་གསུམ་གྱི་བྱ་བཞག་སོགས་ལ་དད་པ་སྐྱེ་ངེས་་་་་་ཧ་ཧ་་་་་་་

    Reply
  29. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    རྡ་སའི་བཙན་བྱོལ་སྒྲུག་འཛུགས་ཀྱིས་ཐ་སྙད་གསར་པའི་ཚིག་མཛོད་རིན་མེད་ཐོག་བོད་མི་རྣམས་ལ་མ་སྤྲད་ཀྱང་ཨ་ཁུ་སྨོན་ལམ་སྒེར་ངོས་ནས་ཚིག་མཛོད་ཤིག་རིན་མེད་ཐོག་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

    ཁྱེད་ལྟ་བུའི་མི་བུ་བཅུ་ཙམ་ཡོད་ན་བོད་ཀྱི་སྐད་ཡིག་འདི་དེང་རབས་ཀྱི་གློག་ཀླད་ནང་དུ་ཁྱིམ་གཞི་རྩ་བ་བཙུགས་ཐུབ་པའི་རེ་བ་ཆེན་ཙམ་འདུག

    ཁྱེད་ཀྱི་བཀའ་དྲིན་བོད་མི་རྒྱལ་ཞེན་པ་ཚོས་ནམ་བརྗེད་མི་སྲིད། རྒྱལ་ཁབ་མཁོ་བའི་མི་རྣམས་ལ་སྐད་ཡིག་ངེས་པ་ཏུ་མཁོ། སྐད་ཡིག་བདག་པོ་མི་བརྒྱབ་མཁན་ཚོ་ལ་རྒྱལ་ཁབ་མི་མཁོ་བའི་རྟགས་རེད།

    སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་རེད་ཞེས་གོ་མྱོང་ཡོད།
    མི་རིགས་ནི་རྒྱལ་ཁབ་ཀྱི་སྲོག་རྩ་རེད་ཞེས་ཐོས་མྱོང་ཡོད།

    མི་རིགས་ཀྱི་བླ་སྲོག་སྲུང་སྐྱོབ་བྱས་པར་བཀའ་དྲིན་ཆེན་ཞེས་ཁ་སྟོང་པའི་བརྗོད་དགོས་ནའང་ངོ་ཚ་ཡོང་བ་འདྲ་ཞིག་རེད་འདུག་ལགས།

    ཁྱེད་ཀྱི་ཚིག་མཛོད་ཕབ་ལེན་བྱས་ནས་ལྟ་བཞིན་པ་ཡིན།

    Reply
  30. འཇམ་གྲགས says:
    ལོ་ 14 སྔོན།

    སྨོན་ལམ་ལགས་ལ་བསྔག་བརྗོད་ཡོད། སོ་སོའི་སྐད་ཡིག་སོ་སོའི་འཛིན་ཐུབ་རྒྱུ་གལ་ཆེ། གཞན་ལ་སྐད་ཅོར་བརྒྱབ་པས་རང་གི་སྐད་ཡིག་འཛིན་མི་ནུས།

    Reply
  31. རྭ་རྒྱ་བློ་དབང་། says:
    ལོ་ 14 སྔོན།

    དྲ་གྲོགས་རྣམ་པར་ཞུ་རྒྱུ་ལ། སྐུ་ཞབས་ཆུང་ཚེ་རིང་ལགས་ནི། གསར་འགོད་གསལ་བསྒྲགས་ཀྱི་འདུ་འཛོམས་སར་རྒྱབ་སྐྱོར་རམ་འདེགས་ཀྱི་སླད་དུ་ཕེབས་པ་ལས། ཁོང་ནི་རྒན་བློ་བཟང་སྨོན་ལམ་གྱི་ལས་རོགས་མ་རེད། དེ་ལུགས་གསལ་བོར་མཁྱེན་རྟོགས་ཡོང་བ་ཞུ།

    Reply
  32. དཔའ་ཆེན་དོན་གྲུབ། says:
    ལོ་ 14 སྔོན།

    རྗེས་སུ་ཡི་རངས་བྱེད་འོས་པ་འདུག ཡིན་ཡང་། གསར་འགོད་པ་འདིས་ཀྱང་གངས་སྐྱིད་ནས་བོད་གཞུང་དཔེ་མཛོད་ཅིག་རེག་འདུག གུས་ལོ་ངོ་བཅུ་གྲངས་རིང་གངས་ཅན་སྐྱིད་ལྔོངས་སུ་བསྡད་རིང་བོད་ཀྱི་དཔེ་མཛོད་ཁང་ཞེས་པ་ལས་བོད་གཞུང་དཔེ་མཛོད་ཁང་ཞེས་པ་མཐོང་ཐོས་ཀྱི་ཡུལ་དུ་མ་གྱར།

    Reply
  33. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 14 སྔོན།

    བཀུར་འོས་བའི་རྒན་བློ་བཟང་སྨོན་ལམ་ལགས་ཉིད་ཀྱིས་འབད་པ་ལྷུར་ལེན་ངང་མི་རིགས་ཀྱི་མིག་འམ་ཡང་ན་ལྡེ་མིག་ཞིག་གསར་བ་ཞིག་བསྐྱར་དུ་བཟོས་ཟིན་པས་སྟོང་ལ་ཉེ་བའི་རང་མི་རིགས་འདིའི་བླ་སྲོག་ཁོ་ན་ཞིག་ཏུ་འགྱུར་ཐུབ་པའི་རེ་བ་དང་ཡིད་ཆེས་གཙང་མ་ཡོད།
    ཐུགས་རྗེ་བླ་ལྷག་ཏུ་ཆེའོ།
    དེ་མིན་ལས་རོགས་གཙོ་བོ་རྭ་བློ་དབང་དང་ཆུང་ཚེ་རིང་གཉིས་ལ་ཡང་དམིགས་གསལ་བཀའ་དྲིན་ཆེ།

    Reply
  34. མདོ་ལའི་འཁྱམས་པོ། says:
    ལོ་ 14 སྔོན།

    ལྷག་བསམ་གྱིས་ཕྱུགས་ཤིང་རིག་རྒོལ་གྱི་སྐྱེས་མཆོག་དམ་པ། གློག་ཀླད་ཆེད་ལས་མཁས་དབང་ཨ་ཁུ་སྨོན་ལམ་ལགས་ཀྱིས་ཚིག་མཛོད་ལེགས་གྲུབ་བྱུང་པར་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབ་ཅིག་ཁྱེད་ཀྱི་དོན་དོན་ཐམས་ཅད་འགྲུབ་པའི་སྨོན་མདུན་ཡོད། ཐུགས་རྗེ་དང་བཀའ་དྲིན་ཤུན་ཏུ་ཆེ། འདི་མི་ང་ཚོའི་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་སྲོག་རྩ་རེད་ཞེས་ཞུས་ནའང་མ་ཆོག་མི་འདུག

    Reply
  35. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ངོ་མ་དགའ་འོས་པཔའི་གཏམ་ཞིག་ཡིན་ བློ་སྨོན་ལགས་ལ་ཐུགས་རྗེ་ཆེ་ཞུ། བོད་མི་རྣམས་ནི་དབྱིན་ཇི་དང་རྒྱ་རིགས་ལགས་ནས་རོགས་རམ་ལེན་པ་ལ་གོམས་ཆེས་ནས་རིན་མེད་ལ་ཐུགས་མཉེས་མཁན་ཞིག་ཏུ་འགྱུར་ཡོད་ འདི་ནི་འགྱུར་བ་གཏོང་དགོས་པའི་ང་ཚོའི་གོམས་གཤིས་ཤིག་ཡིན་ ཕྱིའི་མི་ལ་ལག་པ་བརྐྱངས་ནས་ལོ་ཇི་ཙམ་འཚོ་བ་རྐྱལ་རྒྱུ་ཡིན་ནམ་

    Reply
  36. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    རྒན་བློ་བཟང་སྨོན་ལམ་དང་གྲོགས་བློ་དབང་གཉིས་ལ་བཀའ་དྲིན་ཆེ་ཞུ། འདི་ལ་བརྟེན་ནས་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་ཇེ་བརྟན་དུ་འགྲོ་ངེས་རེད་ལ། དྲ་བའི་རིག་གནས་དར་ཁྱབ་འགྲོ་རྒྱུ་ལ་ཕན་པས་དགའ་ཡོད།

    Reply
  37. འཇམ་ཚུལ། says:
    ལོ་ 14 སྔོན།

    ཕར་ཆེར་འབྲི་བཞིན་པའི་རྩོམ་དེ་ལ་རེ་བ་བྱེད་མཁན་ཞིག་ཉིན་སྐར་ཙམ། བརྒྱ་ལ་ཡོད་ན་འབྲས་ལྡན་གྱི་རྩོམ་དེ་ལྕགས་སྒྲོག་གྲོལ་བྱེད་ཅིག་ཡིན་ངེས། འོན་ཏེ་ལྕགས་སྒྲོག་འདི་གྲོལ་མ་ཐུབ་ཀྱང་སྐྱོན་མི་འདུག མུན་ནག་ནང་ཏུ་མ་གཞུག་རང་གི་སྒེར་སེམས་ལ་དབང་ཆ་མི་སྤྲད་པར་སྤྱི་བའི་གོ་རྒྱུ་ཞིག་གལ་ཆེ།

    Reply
  38. སྨར་དྷཱིཿཟེར། says:
    ལོ་ 14 སྔོན།

    རྒན་བློ་བཟང་སྨོན་ལམ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ།

    Reply
  39. མི་ says:
    ལོ་ 14 སྔོན།

    སྐུ་ཞབས་སྨོན་ལམ་ལ་རེ་ཞིག་བརྒྱབས་པ་ཡིན། ཡིན་ནའང་རེ་བ་འབྲས་མེད་རེད།
    རྒྱུ་མཚན།
    བོད་རྒྱ་ཚིག་མཛོད་ཆེན་མོ་དང་དག་ཡིག་གསར་བསྒྲིགས་གཉིས་ནི་བོད་ཀྱི་རིགས་གནས་ཀྱི་རྐང་ལག་སྡོམ་བྱེད་ཀྱི་ལྕགས་སྒྲོག་གཉིས་ཡིན་པའི་ཕྱིར།
    འདི་སྐོར་ལ་རྩོམ་རེ་འབྲི་བཞིན་ཡོད།

    Reply
  40. རྭ་རྒྱ་བློ་དབང་། says:
    ལོ་ 14 སྔོན།

    http://www.4shared.com/get/IFsD-IqP/Monlam_Dictionary.html
    སྨོན་ལམ་ཚིག་མཛོད་ཕབ་ལེན་བྱེད་འདོད་ཡོད་པ་རྣམས་ཀྱིས་གནས་སྐབས་གོང་གི་སྦྲེལ་ཐག་འདིའི་སྟེང་མནན་ན་ཕབ་ལེན་བྱ་ཐུབ། རྩོམ་སྒྲིག་པ་ལགས་ནས་སྦྲེལ་ཐག་འདི་གསར་འགྱུར་ནང་འགོད་པའི་རེ་བ་ཞུ།

    Reply
  41. ལྷ་ཐོག་ཁྲོ་ཆུ། says:
    ལོ་ 14 སྔོན།

    སྐུ་ཞབས་སྨོན་ལམ་ལགས་ཀྱི་ཚིག་མཛོད་ལེགས་གྲུབ་བྱུང་བར་དགའ་སྤྲོ་ཆེན་པོས་འཚམས་འདྲི་ཞུ།བོད་ཀྱི་སྐད་ཡིག་གཅིག་གྱུར་གྱི་ཐད་ཐུགས་བསམ་ཆེ་བཞེས་གནང་ཡོད་པའི་སྨོན་འདུན་ཞུ།

    Reply
  42. འབྲོག་རུ་ཆོས་གྲགས། says:
    ལོ་ 14 སྔོན།

    དངོས་གནས་དྲང་གནས་ཐུགས་རྗེ་ཆེ་ཞུ།
    གང་མགྱོགས་ཚིག་མཛོད་དེ་བེད་སྤྱོད་དང་ཁྱབ་སྤེལ་བྱ་རྒྱུ་ཡིན།

    Reply
  43. གོང་དཀར་ངག་རྣམ། says:
    ལོ་ 14 སྔོན།

    སྨོན་ལམ་ལགས་ཀྱིས་ཡང་ང་ཚོར་སྟབས་བདེ་ཞིག་བསྐྲུན་སོང་།
    ཐུགས་རྗེ་ཆེ།

    Reply
  44. འདྲེ་རྣམ་རྒྱལ། says:
    ལོ་ 14 སྔོན།

    བཀའ་དྲིན་ཆེ་གྲྭ་བློ་བཟང་སྨོན་ལམ་ལགས།
    འཆི་ལ་ཉེ་བའི་ང་ཚོའི་སྐད་ཡིག་གཤིན་རྗེའི་ཁ་ནས་སྐྱབས་པ་བཀའ་དྲིན་ཆེ།
    བདག་མེད་དུ་ལུས་ང་བའི་ང་ཚོའི་སྐད་ཡིག་ལ་བདག་སྐྱོང་གནང་བ་བཀའ་དྲིན་ཆེ།
    ད་དུང་ཁྱེད་དང་ཁྱེད་ཀྱི་ལས་རོགས་བཀའ་དྲིན་ཆེ།
    མི་འཐུད་བཀའ་དྲིན་གྱིས་སྐྱངས་རོགས།

    Reply
  45. རྨ་དུག་ལྕེ། says:
    ལོ་ 14 སྔོན།

    བྱ་བ་ལེགས་གྲུབ་ཡོང་བར་རྟེན་འབྲེལ་ཞུ། ཕྱི་རྒྱལ་ཡུལ་གྲུ་ཁག་ནས་མཉེན་ཆས་དེ་ཅི་ལྟར་རེག་ཐུབ་བམ།

    Reply
  46. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    བཀུས་འོས་བློ་བཟང་སྨོན་ལམ་ལགས་ཀྱི་དཀའ་སྤྱད་འབད་བརྩོན་གྱིས་འདི་ལྟར་རིམ་པ་བཞིན་བོད་སྐད་ཡིག་གི་ལས་ཡར་རྒྱས་གོང་སྤེལ་དང་བོད་ཀྱི་རིག་གནས་ལ་བླ་ལྷག་ཏུ་ཕན་པའི་ལས་དོན་རིམ་པར་སྤེལ་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས་པ་དང་། ཁོང་གི་འབྱུང་འགྱུར་གྱི་ལས་དོན་རྣམས་ལའང་བགེགས་བར་ཕྲ་མོ་ཙམ་ཡང་མེད་པར་བདེ་ལེགས་ངང་འགྲུབ་པའི་རེ་བ་སྨོན་ལམ་འདེབས།

    Reply
  47. མགར་ནེ་ཙོ། says:
    ལོ་ 14 སྔོན།

    ‘འདིར་ཐོག་མར་གློག་ཀླད་ཆེད་མཁས་པ་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་ཚིག་མཛོད་ལེགས་འགྲུབ་ཐུབ་པར་བཀྲི་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་འདི་ལྟ་བུའི་ཚིག་མཛོད་ཆེན་པོ་ཞིག་གསར་བསྐྲུན་པ་མ་ཟད།་ རིན་མེད་ངང་འགྲེམས་སྤེལ་བྱས་བ་ལ་སྙིང་ཐག་པ་ནས་འདིར་བོད་རིགས་སྤུན་ཟླ་ཡོངས་ཀྱི་ཚབ་བྱས་ཏེ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་དུང་བོད་མི་རིགས་ལ་བཅངས་བའི་ལྷག་བསམ་དྭངས་མར་རྗེས་སུ་ཡི་རངས་དང་། ད་དུང་ཡང་འདི་ལྟ་བུའི་བྱས་རྗེས་མི་ཉུང་བ་ཞིག་འཇོག་པར་རེ་སྐུལ་ཞུ་ཞུ།

    Reply
  48. འཇམ་ཚུལ། says:
    ལོ་ 14 སྔོན།

    གྲོགས་མཆོག་དམ་པ།
    ཁྱེད་ཀྱིས་དཀའ་སྡུག་གི་རྔུལ་ཁྲག་དང་ལུས་བཏང་གི་བྱ་བཞག་ཁྲོད་ནས་ཁྱད་དུ་འཕགས་པའི་གྲུབ་འབྲས་འདི་ལ་ངས་སྙིང་ཐག་པ་ནས་བཀྲ་ཤིས་བདེ་ལེགས་ཞུ།
    མ་ཟད་ཁྱེད་དང་ཁྱེད་ལྟ་བུ་མི་རིགས་འདིའི་ཚེ་སྲོག་གི་དྭངས་མར་གྲུབ་པའི་སྐད་དང་ཡི་གེ་ལ་དུས་རབས་དང་སྟུན་པའི་ཚེ་སྲིག་སྐྲུན་པའི་ལས་ལ་བྲེལ་བའི་ལས་རོགས་ཚོ་ལ་ཡང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ཐང་གི་གྲུབ་འབྲས་འདིས་གཞིས་ལོས་མང་ཚོགས་སྤྱི་དང་ལྷག་དོན་དུ་སློབ་ཕྲུག་ཚོ་ལ་སེམས་ཤུགས་གསར་བ་ཞིག་དང་སྐུལ་ལྕག་སྣོན་མ་ཞིག་བྱེད་ཐུབ་པར་མ་ཟད། རང་གི་སྐད་ཡིག་ནུས་མེད་དུ་འདོད་མཁན་དང་ཁ་སེམས་ཡ་བྲལ་དུ་སོང་བའི་སྐུ་ངོ་ཚོ་ལ་ཡང་བསམ་བློ་གསར་བ་ཞིག་ཀྱང་བསྐྲན་ངེས་རེད། ཐུགས་རྗེ་ཆེ་་་་་་་་་་།

    Reply
  49. ཧོར་བུ་ཡེ་ཤེས says:
    ལོ་ 14 སྔོན།

    སྐུ་ཞབས་སྨོན་ལམ་ལགས་ཁྱེད་ནི་ང་ཚོ་བོད་ཀྱི་དུས་རབས་གསར་པའི་ལམ་ཁྲིད་པ་ཞིག་རང་རེད།ཐུགས་ཆེ་ཞུ།ད་རིང་ཡང་སྨོན་ལམ་ཚིག་འཛོད་ལེགས་གྲུབ་བྱུང་བ་བཀྲ་ཤིས་བདེ་ལེགས་དང་དེ་ཡང་རིན་མེད་ཐོག་སྤྱི་ཚོགས་ནང་དུ་འགྲེམས་སྤེལ་གནང་རྒྱུ་ཡིན་པ་ནི་ངོ་མ་སྐུ་ཞབས་ཁྱེད་ལ་ག་འདྲ་བྱེད་དེ་ཐུགས་ཆེ་ཞུ་དགོས་པ་ཡང་ཤེས་ཀྱིན་མི་འདུག།
    ངས་ལག་ཟུང་སྙིང་ཁ་སྦྱར་དེ་སྐུ་ཞབས་ཁྱེད་ལ་ཐུགས་ཆེ་ཞུ་རྒྱུ་དང་ཉིད་ཀྱི་སྐུ་ཚེར་བར་ཆད་མེད་པའི་སྨོན་ལམ་དང་བཅས་ཞུ་རྒྱུ་ཡིན།

    Reply
  50. ཧོར་བུ་ཡེ་ཤེས says:
    ལོ་ 14 སྔོན།

    སྐུ་ཞབས་སྨོན་ལམ་ལགས་ཁྱེད་ནི་ང་ཚོ་བོད་ཀྱི་དུས་རབས་གསར་པའི་ལམ་ཁྲིད་པ་ཞིག་རང་རེད།ཐུགས་ཆེ་ཞུ།ད་རིང་ཡང་སྨོན་ལམ་ཚིག་འཛོད་ལེགས་གྲུབ་བྱུང་བ་བཀྲ་ཤིས་བདེ་ལེགས་དང་དེ་ཡང་རིན་མེད་ཐོག་སྤྱི་ཚོགས་ནང་དུ་འགྲེམས་སྤེལ་གནང་རྒྱུ་ཡིན་པ་ནི་ངོ་མ་སྐུ་ཞབས་ཁྱེད་ལ་ག་འདྲ་བྱེད་དེ་ཐུགས་ཆེ་ཞུ་དགོས་པ་ཡང་ཤེས་ཀྱིན་མི་འདུག།
    ངས་ལག་ཟུང་སྙིང་ཁ་སྦྱར་དེ་སྐུ་ཞབས་ཁྱེད་ལ་ཐུགས་ཆེ་ཞུ་རྒྱུ་དང་ཉིད་ཀྱི་སྐུ་ཚེར་བར་ཆད་མེད་པའི་སྨོན་ལམ་དང་བཅས་ཞུ་རྒྱུ་ཡིན།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese