མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨོན་ལམ་ཚིག་མཛོད་ལེཊ་འགྲུབ་དང་རིན་མེད་འགྲེམས་སྤེལ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཚིག་མཛོད་འདིར་མ་ཚིག་འབུམ་གཉིས་དང་ཡིག་འབྲུ་ས་ཡ་དྲུག་ལས་བརྒལ་བ་དང་། དེ་ལས་བོད་ཡིག་ཚིག་མཛོད་ནི། དེ་སྔ་ཁྱབ་ཆེ་བའི་བོད་རྒྱ་ཚིག་མཛོད་ཆེན་མོ་དང་། དག་ཡིག་གསར་བསྒྲིགས་རྨང་གཞིར་བཞག་ནས་གྲུབ་ཡོད། དབྱིན་བོད་ཚིག་མཛོད་ནི་སྐུ་ཞབས་ཀརྨ་སྨོན་ལམ་གྱི་དབྱིན་བོད་ཚིག་མཛོད་གསར་མ་ཞེས་པ་རྨང་གཞིར་བཟུང་ཐོག་ཐ་སྙད་གསར་པའི་འགྲེལ་བཤད་གལ་ཆེ་བ་མང་དག་ཅིག་ཁ་སྣོན་བྱས་ཡོད་སྐོར་བསྟན་འདུག

དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་པའི་སྟེང་། གངས་སྐྱིད་བོད་གཞུང་དཔེ་མཛོད་ཚོགས་ཁང་དུ་གློག་ཀླད་ཆེད་མཁས་པ་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱིས་༼ སྨོན་ལམ་ཚིག་མཛོད ༽ལེགས་གྲུབ་བྱུང་བའི་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཡོད་ཅིང་། ཐེངས་འདུའི་གསར་འགོད་ལྷན་ཚོགས་ཐོག་བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་པ་ཆུང་ཚེ་རིང་ལགས་དང་གྲྭ་བློ་བཟང་སྨོན་ལམ་ལགས་ཀྱི་ལས་རོགས་རྭ་རྒྱ་བློ་དབང་བཅས་ཕེབས་འདུག གྲྭ་བློ་བཟང་སྨོན་ལམ་ལགས་གཙོས་པའི་ལས་རོགས་ཁག་ཅིག་མཉམ་རུབ་ཐོག་ལོ་ཡི་འཁོར་མོ་ཧྲིལ་བོ་གཅིག་རིང་དཀའ་སྤྱད་འབད་འབུངས་ལྷོད་མེད་བརྒྱུད་ད་ཆར་སྨོན་ལམ་ཚིག་མཛོད་ལེགས་པར་གྲུབ་སྟེ། རིན་མེད་ཐོག་སྤྱི་ཚོགས་ནང་དངོས་སུ་འགྲེམས་སྤེལ་བྱས་ཡོད་ཅིང་། ཚིག་མཛོད་དེར་མིང་ཚིག་ཉིས་འབུམ་ལྷག་བསྡུ་སྒྲིག་བྱས་ཏེ། བོད་ཡིག་ཚིག་མཛོད་དང་དབྱིན་ཡིག་ཚིག་མཛོད། བོད་དབྱིན་ཚིག་མཛོད། གསར་བྱུང་མང་མཛོད་བཅས་སྡེ་ཚན་བཞིར་དབྱེ་ཡོད། འདི་ནི་ཚིག་མཛོད་ཙམ་དུ་མ་ཟད། བོད་དབྱིན་གཉིས་ཀ་འབྲི་ཀློག་སྦྱོང་གསུམ་གང་བྱེད་ཀྱང་ཚིག་མཛོད་འདིས་རམ་འདེགས་བྱེད་ཐུབ་ལ། གློག་ཀླད་སྒེའུ་ཁུང་ xp དང་ vista སོགས་ལ་ཁྱད་མེད་བཀོལ་ཆོག གསར་བྱུང་ཚིག་མཛོད་འདི་ཕབ་ལེན་བྱ་འདོད་ཡོད་རིགས་ཚོས་འབྲེལ་ཐག་ http://www.4shared.com/get/0o_FOTWt/Monlam_Dictionary.html འདི་བརྒྱུད་དེ་ལེན་ཆོག

ཐེངས་འདིའི་གསར་འགོད་གསལ་བསྒྲགས་ནང་བསྟན་དོན། རང་རེའི་མི་རིགས་ནིི་ཤེས་རིག་གི་དར་རྒྱུན་རིང་ཞིང་། རིག་གནས་ཀྱི་ལྷུ་ལག་ཡོངས་སུ་རྫོགས་པའི་མི་རིགས་ཁྱད་ཆོས་ཅན་ཞིག་ཡིན། འདས་པའི་བྱུང་རབས་ཁྲོད་རང་རེའི་རིག་གནས་ཀྱིས་འཛམ་གླིང་དུ་ཤུགས་རྐྱེན་མི་དམན་པ་ཐེབས་མྱོང་ཞིང་། ལོ་ངོ་སྟོང་ཕྲག་རིང་མཁས་གྲུབ་གོང་མ་རྣམས་ཀྱིས་སྐུ་ངལ་དཔག་དཀའ་བས་འཛིན་སྐྱོང་སྤེལ་གསུམ་མཛད་པའི་རང་རེའི་གཙུག་ལག་རིག་པའི་གནས་ནི། དཔལ་ཡོན་ལྡན་པའི་རྒྱལ་ཁབ་དང་མི་རིགས་སུས་ཀྱང་བསྐྲུན་དཀའ་བའི་སྤུས་ཚད་དང་རིན་ཐང་ལྡན་པར་མ་ཟད། རིག་གནས་ཀྱི་སྒོ་མོ་སྣ་ཚོགས་ཆར་ཤུལ་གྱི་མྱུ་གུ་ལྟར་འབུས་པའི་དེང་གི་དུས་འདིར་ཡང་གནའ་རབས་ནས་བརྒྱུད་པའི་བོད་ཀྱི་རིག་གནས་ལ་བེད་སྤྱོད་དང་ཁྱབ་ཚད་ཀྱི་རིན་ཐང་སྔར་མུས་བཞིན་གསལ་ལ། དཔལ་འབྱོར་གྱི་མཐོ་རླབས་དྲག་ཏུ་འཕྱུར་བའི་ཟང་ཟིང་གི་ཀློང་རིམ་འདིར་མིའི་སྤྱི་ཚོགས་ཁྱོན་ཡོངས་ལ་གཞན་དྲིང་མི་འཇོག་པའི་ཞབས་འདེགས་བསྒྲུབ་ངེས་ཡིན། ཞེས་བཀོད་འདུག  

 

གསལ་བསྒྲགས་དེར་བོད་སྐད་ཡིག་གནས་བབ་ལས་འཕྲོས་ཏེ་མུ་མཐུད་དུ་བསྟན་དོན། དེ་ལྟའི་རིག་གནས་ཀྱི་རྩ་བ་དང་རང་རེའི་མི་རིགས་ཀྱི་སྲོག་ཟུངས་ནི་བོད་ཀྱི་སྐད་ཡིག་ལས་མ་འདས་ཤིང་། སྐད་ཡིག་གི་སྤུས་ཚད་མཐོར་འདེགས་དང་བེད་སྤྱོད་ཇེ་ཆེ། ཁྱབ་ཚད་ཇེ་རྒྱས་སུ་གཏོང་རྒྱུ་ནི་བོད་མི་ཚོར་ལོ་རྒྱུས་ཀྱི་བསྩལ་བའི་འགན་འཁྲི་ལྡོག་དཀའ་བ་དེ་ཡིན་པས། གུས་པ་རང་ཉིད་ཀྱང་མི་རིགས་འདིའི་བུ་ཕྲུག་ཅིག་ཏུ་སྐྱེས་པའི་རང་རྟགས་དང་། ད་ལྟའི་བར་ལུས་སེམས་གསོ་སྐྱོང་མཛད་པའི་དྲིན་ཅན་དག་ལ་དྲིན་བཟོ་ཙམ་དུ་དམིགས་ཏེ། སྔ་ཕྱིར་སྨོན་ལམ་བོད་ཡིག་དང་པོ་དང་གཉིས་པ། གསུམ་པ། སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་བཅས་བཟོ་བསྐྲུན་འགྲེམས་སྤེལ་ཞུས་ཟིན་པ་དང་། བོད་ཀྱི་སྤྱི་ཚོགས་དང་བོད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པོ་དག་ལ་ཕན་ཐོགས་མི་དམན་པ་བྱུང་བར་མ་ཟད། སྤྱི་ཚོགས་ཐོག་བསྔགས་བརྗོད་དང་རྒྱབ་སྐྱོར་རམ་འདེགས་ཀྱི་དགོངས་ཚུལ་མང་དུ་བསྟན་པར་སྤྲོ་བས་བརྟས་ཡོད། ཅེས་དང་།

 

ཡང་ཚིག་མཛོད་སྒྲིག་སྟངས་དང་དེའི་ཁྱབ་ཁོངས་སྐོར་ལ། དུས་ཀྱི་འགྱུར་བ་ཧ་ཅང་སྐྱེན་པའི་སྣང་ཚུལ་འོག་རང་རེའི་མི་རབས་གསར་པའི་འཁུར་དགོས་ངེས་ཀྱི་འགན་འཁྲི་མང་པོ་ཞིག་བདག་མེད་དུ་ལུས་ཡོད། སྐད་ཡིག་རིག་གནས་ཀྱི་དར་རྒུད་ཀྱང་བློ་འཚབ་སེམས་ངལ་སྐྱེ་བའི་རང་བཞིན་དུ་གནས་པ་དང་། ལྷག་པར་དུ་དེང་དུས་ལག་རྩལ་གྱི་ཐོན་འབྲས་ཁྲོད་ལྷག་པའི་རང་རེའི་སྐད་ཡིག་གི་སྟོང་ཆ་ནི་བསུབ་དཀའ་བའི་ཚད་དུ་ལྷུང་ཡོད་སྟབས། གུས་པས་རང་ནུས་འདོན་འཇལ་གྱིས་སྟབས་བདེའི་ཚིག་མཛོད་ཅིག་བཟོ་མགོ་བརྩམས་ཤིང་། ལོ་ངོ་ཧྲིལ་པོ་གཅིག་ལྷག་ལ་གཉིད་བཅག་ཟས་བརྗེད་ཀྱི་ངལ་བ་བསྟུད་མར་བརྒྱུད་ད་ལྟ་ཡོངས་སུ་ལེགས་གྲུབ་བྱུང་ཡོད། ཅེས་བཀོད་འདུག

 

ཡང་གསལ་བསྒྲགས་དེའི་ནང་ཚིག་མཛོད་དེའི་གྲུབ་ཆའི་སྐོར་བསྟན་དོན། ཚིག་མཛོད་འདིར་མ་ཚིག་འབུམ་གཉིས་ ༢༠༠༠༠༠ དང་ཡིག་འབྲུ་ས་ཡ་དྲུག་ ༦༠༠༠༠༠༠ ལས་བརྒལ་བ་དང་། དེ་ལས་བོད་ཡིག་ཚིག་མཛོད་ནི། དེ་སྔ་ཁྱབ་ཆེ་བའི་༼ བོད་རྒྱ་ཚིག་མཛོད་ཆེན་མོ ༽་དང་། ༼ དག་ཡིག་གསར་བསྒྲིགས ༽ རྨང་གཞིར་བཞག་ནས་གྲུབ་ཡོད་ཅིང་། དབྱིན་བོད་ཚིག་མཛོད་ནི་སྐུ་ཞབས་ཀརྨ་སྨོན་ལམ་གྱི་༼ དབྱིན་བོད་ཚིག་མཛོད་གསར་མ༽ཞེས་པ་རྨང་གཞིར་བཟུང་ཐོག་ཐ་སྙད་གསར་པའི་འགྲེལ་བཤད་གལ་ཆེ་བ་མང་དག་ཅིག་ཁ་སྣོན་བྱས་པ་དང་། བོད་དབྱིན་ཚིག་མཛོད་ལ་མ་ཚིག་གི་རྣམས་གྲངས་ ༩༠༠༠༠ ལྷག་ཡོད་པ་དང་། དེ་ཡང་བོད་དབྱིན་ཚིག་མཛོད་སྣ་ཚོགས་ལས་བཏུས་ཏེ་བོད་ཀྱི་རིག་གནས་ཀྱི་གལ་ཆེ་ས་དང་ཁྱབ་ཡངས་ས་ཤ་སྟག་གིས་གྲུབ་ཡོད། བོད་རྒྱ་དབྱིན་གསུམ་གྱི་རྒྱུན་བཀོལ་གསར་བྱུང་མིང་མཛོད་ལ་སྣོན་འཕྲི་གང་ཡང་མེད་པར་རང་སོར་བཞག་ཡོད། ཚིག་མཛོད་འདིར་སྤྱིར་བཏང་གི་ཐ་སྙད་ཕལ་མོ་ཆེར་ཡིག་སྒྱུར་གྱི་ཆ་རྐྱེན་ཡང་འཐུས་ཚང་དུ་ཡོད་སྟབས། བོད་དབྱིན་འབྲི་ཀློག་སྦྱོང་གསུམ་དང་། ཡིག་སྒྱུར་བཅས་ལ་ཕན་ཐོགས་མི་དམན་པ་འབྱུང་ངེས་ཤིང་། རྩོམ་སྒྲིག་ཚན་པ་དང་། ཡུལ་སྐོར་རང་བཞིན་གྱི་རིག་གནས་ལས་རིག་པ་དག་ལ་སྟབས་བདེ་ཞིང་ཆ་རྐྱེན་འཛོམས་པའི་ཞབས་འདེགས་ཆེན་པོ་ཞུ་ཐུབ་ངེས་ཡིན། དེ་སྔ་ཚིག་མཛོད་འདིའི་ཐད་མཁས་པའི་བགྲོ་གླེང་སྐོང་ཚོགས་ཐོག་སྤྱན་འབུལ་གྱིས་བསམ་ཚུལ་བསྡུ་ལེན་དང་། ཤེས་ལྡན་པ་མང་པོ་ཞིག་དང་ལྷན་དུ་གྲོས་བསྡུར་རིམ་པར་བྱས་ཡོད། ཅེས་མདོ་བསྡུས་སུ་བཀོད་འདུག  

 

གཞན་ཡང་ཐེངས་འདིའི་གསར་འགོད་གསལ་བསྒྲགས་དང་སྟབས་བསྟུན་ཏེ། སྨོན་ལམ་ཡིག་གཟུགས་ཀྱི་འགྱུར་ལྡོག་སྐོར་ངོ་སྤྲོད་བྱས་དོན། སྨོན་ལམ་བོད་ཡིག་ ༣༌༡ ནི་དེ་སྔའིོ་སྨོན་ལམ་བོད་ཡིག་གསུམ་པར་བསྐྱར་བཅོས་དང་ཁ་སྣོན་བྱས་ཡོད་པར་མ་ཟད། ཟླ་ཤས་གོང་དེའི་ཐད་བགྲོ་གླེང་སྐོང་ཚོགས་དང་འབྲེལ་སྔགས་ཡིག་དང་། དབུ་མེད་ཚུགས་རིང་ཐུང་གི་དབྱངས་དང་འདོགས་ཅན་བཅས་སྟབས་བདེར་བཟོས་ཡོད་ལ། གཙོ་བོར་བོད་ཡིག་གི་འབྲི་ཚུལ་ཆ་ཚང་བ་ཞིག་ཡོང་བར་འབད་བརྩོན་གནང་ཡོད། ཅེས་དང་།

མཐར་མར་ཁོང་གིས་འབོད་སྐུལ་དང་སྦྲགས་བརྗོད་དོན། ལས་རིམ་འདི་བསྒྲུབས་པའི་སྔ་ཕྱིར་བརྩེ་བའི་གྲོགས་པོ་དང་ལས་རོགས་བཅས་ཀྱིས་དཀའ་སྡུག་མཉམ་མྱོང་གི་བརྩོན་པ་རྒྱུན་བསྐྱེད་སྟབས། ཡིག་འབྲུ་ས་ཡ་འགའི་ཚིག་མཛོད་འདི་བཞིན་དུས་འགྱངས་མ་བྱུང་བར་སྤྱི་ཚོགས་ཐོག་འགྲེམས་སྤེལ་བྱེད་ཐུབ་བྱུང་། ཚིག་མཛོད་འདི་རིན་མེད་ཐོག་འགྲེམས་སྤེལ་ཞུ་རྒྱུ་ཡིན་པས་སྤྱི་ཚོགས་སྟེང་གི་ཤེས་ཡོན་ཅན་དང་དང་གསར་འགོད་པ་རྣམས་ཀྱིས་ཚིག་མཛོད་གཙོས་སྐད་ཡིག་དང་འབྲེལ་བའི་མཉེན་ཆས་འདི་དག་འགྲེམས་སྤེལ་དང་། བེད་སྤྱོད་གཏོང་ཕྱོགས་ཐད་མང་ཚོགས་ལ་ངོ་སྤྲོད་གནང་རོགས་ཞེས་བརྗོད་བྱུང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 63

  1. མགར་ནེ་ཙོ། says:
    ལོ་ 14 སྔོན།

    འདིར་ཨ་ཁུ་སྨོན་ལམ་ལགས་གཙོས། ཡང་ན་གྲོགས་པོ་སུ་ཡིན་ཡང་དྲི་བ་ཞིག་ལ།   སྐབས་རེ་སྨོན་ལམ་ཚིག་མཛོད་གློག་ཀླད་དུ་འཇུག་སྐབས་སུ། ཁོའི་གཉེན་ཆས་ཀྱི་མ་ལག་ཆ་ཚང་ཡོད་ནའང་གློག་ཀླད་ཁ་ཤས་ནང་འཛུལ་མི་ཐུབ་པ་མ་ཟད། དེ་རྗེས་ནས་བཟུང་ ( control panel ) སོང་སྟེ་( Add remove program ) ནང་དུ་གློག་ཀླད་ནང་ནས་གཉེན་ཆས་རིགས་ཕྱིར་བཏོན་དགོས་ཚེ་( Add remove program )་འདིར་ཁ་ཁྱོན་འབྱེད་མི་ཐུབ་པས་ན། འདིས་སྐབས་སུ་འགྲོ་སྟངས་གཞན་ནམ་དཀའ་ངལ་འདི་ག་འདྲ་བྱས་ནས་སེལ་དགོས་སམ།
    ཐུགས་རྗེ་ཆེ་ཞུ།

    Reply
  2. གངས་རིའི་བུ says:
    ལོ་ 14 སྔོན།

    རིག་པའི་རལ་གྲི་ལགས་ཁྱེད་ཀྱིས་ཁ་སང་སྨོན་ལམ་ལ་འཚམ་འདྲི་ཞུ་བ་དེའི་ནང་འདི་འདྲ་ཞིག་བཀོད་འདུག་་་་་་་་ངས་བོད་ཀྱི་མ་འོང་པའི་སྐད་ཡིག་སོགས་ལ་མ་བསམ་པ་བྱེད།
    ངའི་བསམ་པ་ལ་དེ་ཡིག་ནོར་མིན་ནོ་དྲན་གྱིས་འདུག

    Reply
  3. རིག་པའི་རལ་གྲི། says:
    ལོ་ 14 སྔོན།

    སྐུ་ཞབས་གྲྭ་སྨོན་ལམ་མཐར་ཕྱིན་ལ། ངས་བོད་ཀྱི་མ་འོང་པའི་སྐད་ཡིག་སོགས་ལ་མ་བསམ་པ་བྱེད། ང་རང་སྒེར་གཅིག་པུའི་ཕན་ནུས་ལ་བསམ་ན། ཁྱེད་ནི་བྱང་ཆུབ་སེམས་པ་དངོས་གནས་རེད། བྱང་ཆུབ་སེམས་པས་འགྲོ་བ་ལ་ཕན་འདོགས་པའི་ལམ་འགགས་འདི་འདྲ་ཡང་ཡོད་འདུག་བསམ་ནས་ཡིད་སྨོན་ཤོར་བཞིན་ཡོད། བཀའ་དྲིན་ཤིན་ཏུ་ཆེ་རྒན་ལགས

    Reply
  4. གངས་རིའི་བུ says:
    ལོ་ 14 སྔོན།

    མཁྱེནརྒྱ་ཆེ་བའི་སྐུ་ཞབས་སྨིན་ལམ་ལགས།ཁྱེད་ཀྱིས་ང་ཚོ་ལ་དམིགས་ཏེ་ཚིག་མཛོད་འདི་རིན་མེད་དུ་ཕུལ་བ་ཐུགས་རྗེ་ཆེ་ཞུ་བ་དང་ཆབས་གཅིག་མ་འོངས་པར་ཡང་དེ་བཞིན་སེམས་ཤུགས་བརྒྱབ་རོགས་གནང་།

    Reply
  5. ཀུན་དགའ། says:
    ལོ་ 14 སྔོན།

    ཆེས་གུས་བཀུར་ཞུ་འོས་པའི་སྐུ་ཞབས་བློ་བཟང་སྨོན་ལམ་ལགས་སུ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞེས་ཞུ་བ་ཡིན།
    ངས་སྐུ་ཉིད་ཀྱི་ཚིག་མཛོད་མར་ཕབས་ཏེ་རྩིས་འཁོར་དུ་ནང་འཇུག་བྱས་ནས་བཀོལ་སྤྱོད་བྱེད་བཞིན་ཡོད།  དངོས་གནས་ངོ་མ་ཡག་པོ་རེད།   མུ་མཐུད་དུ་ཚིག་མཛོད་འདི་ཡར་རྒྱས་དང་།   ལྷག་པར་ཀུ་ཤུ་རྟགས་ཅན་ནང་དུ་བཀོལ་སྤྱོད་ཐུབ་པའི་ཚིག་མཛོད་དེ་ནམ་ཐོན་ལ་སྐོམ་པའི་ཆུ་ལ་རེ་བ་ལྟར་སྒུག་ཡོད་པས།   དེ་དོན་དགོངས་དབྱངས་སུ་མངའ་བ་མཁྱེན།   

    Reply
  6. ཡར་འཕེལ། says:
    ལོ་ 14 སྔོན།

    སྐུ་ཞབས་བཀྲ་ཤིས་དོན་འགྲུབ་ལགས། ཁྱོད་ཀྱི་བཤད་པ་དེ་བདེན་པ་རེད་སྒྲིག་འཇུག་བྱས་ནས་ཐོག་དང་པོ་སྒོ་ཕྱེ་དུས་ཏོག་ཙམ་འགོར་གྱི་འདུག། དེ་ནི་གཙོ་བོ་གློག་ཀླད་ཀྱི་ཁྱད་པར་རེད་འདུག། དཔེར་ན། ང་རང་ལ་གློག་ཀླད་windows xp RM 500MB ཅན་ཞིག་ཡོད་པ་དེའི་ནང་ཁྱོད་ཀྱིས་གསུངས་པ་ནང་བཞིན་འགོར་གི་འདུག། ཡང་གློག་ཀླད་ windows 7 RM 2.GB ཅན་ཞིག་ཡོད་པར་མགྱོག་པོ་ཡོང་གི་འདུག།
    གང་ལྟར་ཐོག་དང་པོ་ལས་རྗེས་སུ་སྒོ་ཕྱེ་དུས་དེ་ཙམ་འགོར་གི་མི་འདུག། སོང་ཙང་གློག་ཀླད་ཀྱི་ཁྱད་པར་གྱིས་ཡིན་ས་རེད། ཡང་གློག་ཀླད་windows xp ཡིན་ན་ཡང་ནང་གི་མ་ལག་གསར་རྙིང་དང་ཆ་ཚང་མ་ཚང་གིས་ཁྱད་པར་ཡོད་ཚོད་འདུག།
    བཀྲ་ཤིས་བདེ་ལེགས།

    Reply
  7. རིག་རྩེ་རྒྱལ། says:
    ལོ་ 14 སྔོན།

    ཁྱེད་ཀྱི་ལས་གཞི་ཡི་སྔོན་འགྲོ་ཙམ་ཡིན་པས། ད་དུང་ངས་ཁྱེད་ལ་རྟེན་འབྲེལ་མི་ཞུ། མུ་མཐུད་དུ་ལས་ལ་འཇུག་རྒྱུ་རེ་བ་མི་དམན་ཡ།

    Reply
  8. བཀྲ་ཤིས། says:
    ལོ་ 14 སྔོན།

    སྨོན་ལམ་ཚིག་མཛོད་འདི་ཕབ་ལེན་བྱས་ཚར་རྗེས་སུ་སྒོ་ཕྱེ་ཡ་ལ་དུས་ཚོད་གང་མཚམས་འགོར་གི་འདུག དེའི་རྒྱུ་མཚན་ཤེས་མཁན་ཡོད་ན་གསལ་གཤད་ཅིག་གནང་རོགས།

    Reply
  9. མགར་ནེ་ཙོ། says:
    ལོ་ 14 སྔོན།

    སྐུ་ཞབས་རྒྱང་ཤེེལ་ལགས་དང་ར་རྒྱ་བློ་དབང་ལགས་གཉིས་ཀྱིས་བདག་ལ་སྨོན་ལམ་ཚིག་
    མཛོད་འཇུག་སྟངས་ལ་ལམ་སྟོན་བེྱད་པར་ཐུགས་རྗེ་ཆེ་ཞུ་བ་ཡིན། ཁྱེད་གཉིས་ཀྱི་བཤད་པ་རང་རེད། Window 7 ཡིན་ན་ང་ཚོས་སྨོན་ལམ་ཚིག་མཛོད་ཐད་ཀར་འཇུག་ཐུབ་གིན་འདུག Window xp ཡིན་པ་གང་ཞིག་ལ་དབྱིན་ཡིག་ཅན་གློག་ཀླད་ནང་་་wic_x86_enu་་འདི་ཕབ་ལེན་བྱེད་ཚེ་ཚིག་མཛོད་འཇུག་དཀའ་ངལ་གང་ཡང་མི་འདུག ཐུགས་རྗེ་ཆེ་ཞུ་ཞུ།

    Reply
  10. delekp says:
    ལོ་ 14 སྔོན།

    སྐུ་ཞབས་སྨོན་ལམ་ལགས་ནས་སྐུ་ངལ་ཁྱད་བསད་ཀྱིས་ཚིག་མཛོད་འདི་ལྟ་བུ་ཕྱོགས་བསྒྲིགས་ཀྱིས་འདོན་གནང་མཛད་པར་འཚམས་འདྲི་དང་བཅས་སྙིང་ཐག་པ་ནས་ཐུགས་རྗེ་བཀྲིན་བླ་མེད་དུ་ཆེ་ཞུ། ད་དུང་དེ་ལས་ལྷག་པའི་བོད་མི་རིགས་ལ་ཞབས་འདེགས་རླབས་པོ་ཆེ་འགྲུབ་ཐུབ་པའི་རེ་སྨོན་བཅས།། །།

    Reply
  11. ཡར་འཕེལ། says:
    ལོ་ 14 སྔོན།

    དྲ་གྲོགས་ཚོ་ཉེ་ཆར་དགེ་སློང་བློ་བཟང་སྨོན་ལམ་ལགས་ཀྱིས་ང་ཚོར་བླ་ན་མེད་པའི་ལེགས་སྐྱེས་ཤིག་གནང་བར་དགའ་སྤྲོ་དང་བཅས།
    ད་ལམ་ཚིག་མཛོད་བཟོ་སྐྲུན་པ་གྲ་སྨོན་ལམ་ལགས་ཀྱིས་གསལ་བཤད་ཞུས་དོན་་་་་་མང་པོ་ཞིག་གི་ཚིག་མཛོད་འདི་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་འགྲོ་མིན་གྱིས་དྲི་བ་དང། ཐུགས་དོགས་ཡོང་གི་ཡོད་ཚོད་འདུག། ད་ལམ་ཚིག་མཛོད་འདི་་་་་Windows ཁོ་ན་ལས་བེད་སྤྱོད་གཏོང་མི་ཐུབ་ལ། མི་རིང་བར་ཀུ་ཤུ་རྟགས་ཅན་ནང་བཀོལ་སྤྱོད་ཐུབ་པ་ཞིག་བཟོ་རྒྱུ་ཡིན་་་་་་་་་་་ཞེས་གསུངས་སོང་བས་དེ་དོན་དགོངས་འཇགས་འཚལ།
    གཞན་ཡང་བེད་སྤྱོད་གཏོང་སྟངས་གཤམ་གསལ་གཟུགས་མཐོང་བརྙན་པར་ལྟར་ཡིན།
    སྨོན་ལམ་ཚིག་མཛོད་བེད་སྤྱོད་གཏོང་སྟངས་གཤམ་གྱི་སྦྲེལ་ཐག་ལ་ནོན།་http://www.youtube.com/watch?v=eIBfrq3SjzI
    སྨོན་ལམ་བོད་ཡིག་ Windows Xp ནང་བེད་སྤྱོད་གཏོང་སྟངས་དང་པོ། http://www.youtube.com/watch?v=w6FsAKimt2A
    སྨོན་ལམ་བོད་ཡིག་ Windows Xp ནང་བེད་སྤྱོད་གཏོང་སྟངས་གཉིས་པ། http://www.youtube.com/watch?v=JQIZqEhJsGU

    Reply
  12. རྒྱང་ཤེལ། says:
    ལོ་ 14 སྔོན།

    སྐུ་ཞབས་མགར་ནེ་ཙོ་ལགས། ཁྱེད་རང་གི་གློག་ཀླད་Wingdows xp ཡིན་པ་གང་ཞིག་དེ་ལ་ཆ་ལག་ཚང་གི་མེད་པ་འདྲ། དེའི་རིགས་ལ་ལན་( An error occurred while installing system components for Monlam Dictionary.Setup can’t continue until all system components have been successfully installed.) འདི་འདྲ་བྱུང་ན་ངེས་པར་དུ་སྨོན་ལམ་དྲ་ཚིག་ཏུ་སོང་ནས་་་་་དབྱིན་ཡིག་ཅན་གློག་ཀླད་ནང་་་wic_x86_enu་་འདི་ཕབ་ལེན་་་་་། རྒྱ་ཡིག་ཅན་གློག་ཀླད་་་་་wic_x86_chs་་་འདི་ཕབ་ལེན་བྱས་ཏེ་སོ་སོར་ཐོག་དང་པོ་བཅུག་དགོས། དེ་རྗེས་ཚིག་མཛོད་ཆུག་དང་དཀའ་ངལ་སེལ་ཐུབ་པས་དེ་བཞིན་འཚལ།

    Reply
  13. རྒྱང་ཤེལ། says:
    ལོ་ 14 སྔོན།

    འདི་ནི་རླབས་ཆེན་གྱི་ཕྱག་ལས་ཤིག་རེད་ཐུགས་རྗེ་ཆེ།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese