མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་མང་གཙོའི་ལམ་ལུཊ་དར་འཕེལ་གྱི་མཚོན་རྟཊ། བློ་བཟང་སེང་གེ

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

བློ་བཟང་སེང་གེ ཨ་རི།

 

བོད་མི་མང་གིས་འོས་གཞི་བཏོན་པའི་བཀའ་བློན་ཁྲི་པའི་འོས་མི་རྣམས། ངས་ལྷག་བསམ་རྣམ་དག་གི་ཐོག་ནས་དང་ལེན་ཞུ་ཡི་ཡོད་ལ། མི་མང་གིས་བཀའ་སྤྱིའི་འོས་མི་ཚོར་འོས་གྲངས་༤༧༠༠༠ ལྷག་ཙམ་བླུགས་གནང་བ་དེ་ཤེས་རྟོགས་བྱུང་སྐབས་ཧ་ཅང་གི་དགའ་ཚོར་ཆེན་པོ་བྱུང་། གྲངས་ཚད་འདིའི་ཐོག་ནས་བལྟས་ན། བཙན་བྱོལ་ནང་ཡོད་པའི་བོད་མིའི་གྲངས་(སུམ་ཆ་གཅིག་)གིས་འོས་འཕེན་གྱི་ཆ་ཤ་བླངས་ཡོད་པ་དང། བཀའ་སྤྱི་གཉིས་ཀྱི་འོས་མི་ཚོར་ཧ་ཅང་གི་རྒྱབ་སྐྱོར་དང་ཡིད་ཆེས། སྐུལ་མ་གནང་བར་ལྷག་གསམ་ཟོལ་མེད་ཞུ་བ་དང་སྦྲགས་ནས། རྒྱབ་སྐྱོར་དང་སྐུལ་མ་སོགས་འདི་བཞིན་རྒྱུན་གནས་ཐུབ་པར་ཡིད་ཆེས་ཞུ་ཡི་ཡོད། འདི་དང་འབྲེལ་ནས་ངས་བཀའ་ཁྲིའི་འོས་མི་གཞན་དག་ཚོའི་ཆོད་སེམས་ལ་བཀའ་དྲིན་ཆེ་ཞེས་ཞུ་འདོད་བྱུང། གང་ཡིན་ཞེ་ན་འོས་མིའི་བགྲོ་གླེང་གི་བརྒྱུད་རིམ་ཁྲོད་དུ། ཁོང་རྣམ་པ་ཚོ་དང་ལྷན་དུ་གྲོགས་པོའི་རྣམ་པའི་ཐོག་ནས་མཉམ་ཞུགས་བྱས་ཐུབ་ཡོད་པས། ཁོང་རྣམས་ཀྱིས་ང་འོས་མི་ཚད་ལྡན་ཞིག་བཟོས་ཡོད་པ་རེད། ང་ཚོས་མཉམ་རུབ་ཀྱིས་འབད་བརྩོན་བྱས་པ་འདིས་དམིགས་འབེན་སྐྱར་གསོ་དང། དེ་བཞིན་འོས་འཕེན་དང་བོད་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་བརྒྱུད་རིམ་ལ་ནུས་ཤུགས་བསྐྱེད་པ་རེད་དྲན་གྱི་ཡོད།

 

སྐུ་ངོ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་མཉམ་དུ། ང་ལ་མི་མང་འདུ་འཛོམས་ཐོག་བགྲོ་གླེང་ཐེངས་བདུན་ཙམ་བྱས་པའི་གོ་སྐབས་བཟང་པོ་ཐོབ་ཡོད་པ་དང།  དེ་བཞིན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་དང་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས། བཤེར་དཔང་ཕུར་བུ་རྡོ་རྗེ་ལགས་བཅས་དང་ལྷན་དུ་བགྲོ་གླེང་ཐེངས་གཉིས་ཙམ་བྱེད་རྒྱུའི་གོ་སྐབས་ཐོབ་ཡོད་པ་རེད། བཀའ་ཟུར་བཀྲིས་དབང་འདུས་ལགས་དང་དྲུང་ཟུར་བློ་བཟང་སྦྱིན་པ་ལགས། དྲུང་ཆེ་བསོད་ནམས་སྟོབས་རྒྱལ་ལགས་རྣམ་པ་གསུམ་གྱིས། དྲ་ལམ་ཁག་དང་དེ་མིན་གྱི་གླེང་སྟེགས་བརྒྱུད་ནས་ཁོང་རྣམས་ཀྱི་ལམ་ལུགས་གསལ་འདོན་གནང་ཡོད་པས། འཛམ་གླིང་ཐོག་ཡོད་པའི་བོད་མི་ཚོས་འོས་འཕེན་གྱི་བརྒྱུད་རིམ་ཁྲོད་ནས་བཀའ་ཁྲིའི་འོས་མི་ཚོའི་མཁྱེན་རྒྱ་དང་།  འོས་མི་དེ་དག་གི་ལམ་ལུགས་མི་འདྲ་བ་རྣམས་ཉེ་པོའི་ཐོག་ནས་མཐོང་ཡོད་པ་རེད། བརྒྱུད་རིམ་འདི་འདྲ་བ་འདས་པའི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ཞིག་རེད་ལ།  གྲུབ་འབྲས་འདི་ལྟར་ཐོབ་པ་འདིའང་༧གོང་ས་མཆོག་གིས་དུས་རྟག་ཏུ་བོད་པའི་མང་གཙོའི་ཐད་ལ་ལམ་སྟོན་བཀའ་སློབ་གནང་བ་དེའི་འབྲས་བཟང་མངོན་དུ་གྱུར་པ་ཞིག་ཡིན་པ་དང། དེ་དང་འབྲེལ་ནས་རྒྱ་གཞུང་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱིས། བཙན་བྱོལ་ནང་གི་བོད་མི་ཚོས་ལམ་ལུགས་རྙིང་པ་བསྐྱར་གསོ་བྱེད་ཀྱི་ཡོད་རེད་ཟེར་བའི་བསྒྲགས་གཏམ་ཁག་ལ། གནད་ལ་འཁེལ་བའི་བརྡ་ལན་གསལ་པོ་ཞིག་ཀྱང་རེད་དྲན་གྱི་ཡོད།

 

ངས་གོ་སྐབས་འདི་བརྒྱུད་ནས། རྒྱབ་སྐྱོར་བ་ཚོས་ཕྱོགས་སུ་མ་ལྷུང་བ་དང་གཟབ་ནན་གྱི་ཐོག་ནས་བཀའ་ཁྲིའི་འོས་མི་ཚོར་རྒྱབ་སྐྱོར་གནང་བར་ལྷག་བཟམ་ཟོལ་མེད་ཀྱིས་བཀའ་དྲིན་ཆེ་ཞུ་རྒྱུ་དང།  དེ་དང་འབྲེལ་ནས་སླད་ཀྱི་ཆར་ཡང་རྒྱབ་སྐྱོར་བ་ཚོས་བཀའ་སྤྱི་གཉིས་ཀྱི་འོས་མི་སུ་ཡི་ཆེད་དུ་ལས་འགུལ་སྤེལ་ནའང། མཐུན་པའི་ཆ་གཙོ་བོ་དང། དེང་རབས་དང་མཐུན་པ། བག་དང་ལྡན་པའི་ཐོག་ནས་རྒྱབ་སྐྱོར་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་དང་། འདི་ལྟར་བྱུང་ན་བོད་ཀྱི་མང་གཙོའི་ལམ་ལུགས་དང་རྩ་དོན་རྣམས་ནུས་ཤུགས་དང་ལྡན་པ་ཞིག་ཆགས་ཀྱི་རེད། དེས་ན་ཕོ་མོ་སུ་འདྲ་ཞིག་ནུས་སྟོབས་ལྡན་པའི་གནས་བབས་དེའི་ཐོག་ཕེབས་སྐབས། བཙན་བྱོལ་བོད་གཞུང་དང་བཙན་བྱོལ་ནང་གི་མི་མང་གཅིག་པུའི་ཆེད་དུ་ལས་དོན་བསྒྲུབ་རྒྱུ་མིན་པར། བཙན་འཛུལ་འོག་ཏུ་ཡོད་པའི་བོད་ནང་གི་བོད་མི་ཚོའི་དཀའ་ལང་རྣམས་སེལ་ཐབས་དགོས་པ་དང་རང་དབང་ཐོབ་དགོས་པ།  དེ་བཞིན་༧གོང་ས་མཆོག་ཕོ་བྲང་པོ་ཏཱ་ལའི་ནང་གདན་འདྲེན་ཞུ་ཐུབ་དགོས་པ་བཅས་རེད ། བོད་རྒྱལ་ལོ།

 

 

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

ཆུ་ཚོད་ ༡༥ སྔོན་ལ།
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

ཆུ་ཚོད་ ༡༥ སྔོན་ལ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༡༩ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

ཆུ་ཚོད་ ༢༠ སྔོན་ལ།
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 91

  1. ངས་པོའི་ལྷ་སྲས། says:
    ལོ་ 14 སྔོན།

    དྲ་གྲོགས་ཁག་ཅིག་གིས་མཁས་དབང་འཇམ་ནོར་གྱི་དང་ཙང་གི་དབུ་ལ་ཞྭ་ནག་ཞིག་བཀོན་ཐབས་བྱེད་ཀྱིན་འདུག་ངོ་མ་དེ་ཚེ་དགོད་བྲོ་བ་རང་རེད།
    བཙན་བྱོལ་ནང་ལ་ཚོགས་པའམ་ལས་བྱེད། མི་སྒེར་སོགས་ཀྱི་བྱས་ཉེས་སྤྱི་ཚོགས་ནང་འཐེན་དོན་བྱེད་མཁན་
    བསམ་ཡོད་ཅན་གྱི་མི་སྣ་དག་སྤྱི་ཚོགས་སྟེང་ཁེར་རྐྱང་ངམ་ནག་པོ་བཟོ་ཐབས་དེ་སྔོན་གཡོ་འཁྲུལ་༼ཁོས་༸རྒྱལ་བ་རིན་པོ་ཆེ་ལ་སྐྱོན་བརྗོད་བྱེད་ཀྱི་ཡོད་རེད་ཞེས་དང་ཡང་ན་ཁོ་དོལ་རྒྱལ་དང་འབྲེལ་བ་ཡོད་ས་རེད།༽དེ་
    གཉིས་སྟོན་གྱི་ཡོད། ཡིད་ཕངས་བ་ཞིག་ལ་གཡོ་འཁྲུལ་དེ་ད་དུང་མཇུག་རྫོགས་མི་འདུག ཀྱེ་མ་ཀྱེ་ཧུད།
    ལྷོ་ཨེ་ཤི་ཡའི་སློབ་དཔོན་ཆེ་མོ་དབང་མཁས་ཟླ་བ་ནོར་བུ་ལགས་དང་པད་མ་འབུམ་ལགས། མཁས་དབང་འཇམ་ནོར་ཉིད་ལ་སོགས་པ་བོད་རིགས་ཀྱི་ལ་བརྒྱ་དང་ལྷག་བསམ་ཡོད་མཁན་གྱི་ཤེས་ཡོན་དེ་དག་གཡོ་འཁྲུལ་དེའི་འོག་ནས་རང་རིགས་དང་ཁ་བྲལ་བཏང་ཡོད།

    དེང་སང་ཕྱི་རྒྱལ་བ་དང་ཕྱི་རྒྱལ་ལ་ཡོད་པའི་རང་རིགས་སློབ་མ་རྣམས་ཀྱིས་བོད་ཀྱི་རྒྱལ་རབས་ཡག་པོ་ཞིག་ཤེས་དགོས་ན་མཁས་དབང་འཇམ་ནོར་ལགས་ཀྱིས་བྲིས་པའི་རྒྱལ་རབས་དེ་ངེས་པར་དུ་བལྟ་དགོས་ཞེས་བརྗོད་ཀྱི་ཡོད་འདུག

    ངེད་ཚོ་བོད་རང་བཙན་རྩོད་མི་རྩོད་གནས་ཚུལ་ཁག་ཁག་རེད། ཡིན་ནའང་བོད་དེ་རྒྱལ་རབས་ལོ་རྒྱུས་ཀྱི་ཐོག་ནས་རང་དབང་བཙན་གཙང་མ་ཡིན་པའི་དཔང་རྟགས་ཤིག་རྒྱལ་སྤྱི་ལ་སྟོན་དགོས་ཀྱི་ཡོད།
    དཔང་རྟགས་དེ་ཕྱི་རྒྱལ་ཡོད་པའི་མཁས་པ་ལ་སོགས་པ་སུ་གང་གི་ཡང་མི་སྒྲུབས་པ་ཞིག་མཁས་དབང་འཇམ་ནོར་ལགས་ཀྱི་བསྒྲུབས་ཡོད།
    མགྲིན་བཟང་ཚོ། དྲ་རྒྱ་འདིར་གཟིགས་རོགས།
    http://www.rangzen.net
    དེ་ནས་ང་ཚོས་ཁོང་མི་གང་འདྲ་ཞིག་ཡིན་མིན་ཐག་གཅོད་བྱེད་ཐུབ་སྙམ།

    Reply
  2. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 14 སྔོན།

    ཨོ་ཧོ། དྲ་གྲོགས་ངས་པོ་ལགས། ཚིག་འཁྲི་ཙམ་ལ་ཞུགས་མ་འདུག འཇམ་ནོར་གྱིས་གླེང་སློང་དེ་མ་བྱས་སྔོན་དུ་”ངས་རྒྱ་ནག་གི་ཨོ་བྷ་མ་བྱེད་འདོད་ཡོད།” ཞེས་པའི་ཚིག་འདི་ངོ་མ་ལྟར་བཟུང་ནས་དགག་པ་རྒྱབ་པར་ཕྱིས་སུ་ཁོང་གཉིས་འབྲེལ་བ་བྱུང་ནས་ཚིག་དེ་གད་མོའི་ཆེད་དུ་ཡིན་པ་ཤེས་ནས་འཇམ་ནོར་གྱིས་དགོངས་དག་ཞུས་པ་རེད། གལ་སྲིད་རྩོམ་དེ་མ་བྲིས་སྔོན་དུ་བློ་སེང་ལ་འབྲེལ་བ་དེ་བྱུང་ཡོད་ན་དགག་པ་དེ་མི་འོང་བ་ཡིན་པས་འཇམ་ནོར་གྱིས་”དེའི་སྐོར་ལ་ངས་རྩོམ་ཡིག་ཞིག་མ་བྲིས་སྔོན་དུ་བཀའ་འདྲི་ཞུ་རྒྱུ་མ་བྱུང་བར་དགོངས་དག”་ཞུས་པ་རེད། འདིས་ཨོ་བྷ་མ་བྱ་རྒྱུ་ཡིན་ཞེས་པ་དེ་ངོ་མ་དགོད་གཏམ་ཡིན་པ་ར་འཕྲོད་སོང་བའི་རྟགས་རེད། ང་གཉིས་ཀྱི་རྩོད་ངོ་མ་ནི་སྐད་ཆ་དེ་དགོད་གཏམ་ཡིན་མིན་དང་། འཇམ་ནོར་གྱིས་དགོངས་སེལ་ཞུས་ཡོད་མེད་དེ་ཡིན་མ་མ་བརྗེད་རོགས་ཅིའི་ཀྱང་ཞུ།

    Reply
  3. གངས་བུ། says:
    ལོ་ 15 སྔོན།

    ༄། དྲ་གྲོགས་མང་པོ་ཞིག་གི་སོ་སོ་བསམ་ཚུལ་མང་དག་ཞིག་བྲིས་གནང་འདུག་པར་ཡག་པོ་རེད་སྙམ་དེ་བཞིན་ཁག་གཅིག་གི་གང་ཟག་སྒེར་ལ་སྐྱོན་བརྗོད་མང་པོ་ཞིག་གནང་འདུག་པ་དེ་ཡག་པོ་ཞིག་མ་མཐོང་། འཇམ་ནོར་ནི་རྩོམ་པ་པོ་ཞིག་རེད་སྟེ་བོད་པའི་སྤྱི་ཚོགས་ནང་དུ་ག་དུས་ཡིན་ན་སྙོག་དྲ་བྱས་མཁན་ཞིག་རེད། དེ་འདྲ་བྱེད་སྟེ་ང་ཚོའི་སྤྱི་ཚོགས་ཆུང་ཆུང་འདི་ཡར་བཀྲུག་མར་བཀྲུག་པ་ཡིན་ན་ཕན་ཐོག་གང་ཡང་མི་འདུག་་འཇམ་ནོར་གྱི་ག་དུས་ཡིན་ན་བཙན་བྱོལ་གཞུང་དང་7རྒྱ་བ་རིན་པོ་ཆེ་དང་རང་གཞུང་གི་མཛད་གཙོ་རྣམས་ལ་སྐྱོན་བརྗོད་ཀྱང་བྱས་ཀྱི་འདུག་དེ་རྒྱུ་མཚན་གང་ཡིན་ནམ་ངས་མ་མཐོང་། བློ་སེང་རྒྱ་ནག་ཨོ་ལྦ་མ་བྱེད་མ་བྱེད་ཀྱི་སྐད་ཆ་མ་རེད་འཇམ་ནོར་ཁོ་རང་མི་ཕྲག་དོག་གི་བཅང་པའི་གང་ཟག་ཞིག་ཡིན་པ་ར་སྤྲོད་སོང་། ཁོ་རང་གང་འདྲ་ཡོད་མིན་ལ་ལྟོས་དང་འཇམ་ནོར་བཀྲས་མཐོང་གི་ཚ་བོ་རེད་རྒྱུ་མཚན་དེ་ཡི་ཁོང་རང་གི་བཀྲས་མཐོང་རྒྱབ་སྐྱོར་བྱས་འདུག་ག དྲ་གྲོགས་ཚོ་ཕྱོགས་མང་པོ་ཞིག་ལ་གཟིགས་ནས་གནས་ཚུལ་སྤེལ་ན་བཟང་།

    Reply
  4. གངས་ཆབ། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམས་པ་ལྷན་རྒྱས་ལ།
    འདིར་ངས་གསལ་བཤད་ཅིག་ཞུས་པ་ཡིན་ན།འཇམ་དབྱངས་ནོར་བུ་ལགས་དང་།བཀའ་ཟུར་བཀྲིས་མཐོང་བསྟན་འཛིན་རྣམ་རྒྱལ་གཉིས་སྤུན་ཆེད་ཡིན་པ་ཚང་མསཤེས་ཀྱི་ཡོད་ཤག་རེད།དེ་འདྲ་སོང་ཙམ་འཇམ་ནོར་ལགས་ཀྱིས་སོ་སོའི་སྤུན་ཆེད་ཀྱི་ཆེད་དུ་ཕྱོགས་ལྷུང་གི་རྣམ་པ་ཞིག་གཏན་ནས་མེད་མཁན་ཞིག་ག་ལ་ཡིན་སྲིད།དེ་འདྲ་སོང་ཙམ་ཟིན་བྲིས་འདྲ་མིན་འབྲི་མི་སྲིད་པ་ཞིག་ག་ལ་ཡིན།སོང་ཙམ་ད་ལྟའི་དུས་ཚོད་འདི་ལ་འཇམ་ནོར་ལགས་ཀྱིས་གང་བརྗོད་ལ་ཡིད་ཆེས་བྱ་དགོས་པའི་རྒྱུ་མཚན་གང་ཡང་ཡོད་མ་རེད།

    Reply
  5. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་ཨ་མཆོད་ལགས།
    “ངས་རྒྱ་ནག་གི་ཨོ་བྷ་མ་བྱེད་འདོད་ཡོད།” ཞེས་པའི་ཚིག་འདི་ལ་དགག་པ་རྒྱབ་པར་དགོངས་དག་ཞུས་འདུག་གམ།
    ཁྱེད་ཀྱིས་རྒྱ་ནག་གི་ཨོ་བྷ་མས་བྱ་རྒྱུ་ཡིན་ཞེས་པ་དེའི་སྐོར་ལ་ངས་རྩོམ་ཡིག་ཞིག་བྲིས་རྒྱུ་ཞེས་ཁོང་ལ་མི་བརྗོད་པ་རྩོམ་ཡིག་བྲིས་པ་དེར་དགོངས་དག་བཞུས་པ་ལས།
    ཨོ་བྷ་མ་བྱ་རྒྱུ་ཡིན་ཞེས་པ་དེར་དགག་རྒྱབ་པར་དགོངས་དག་ཞུས་འདུག་གམ།

    Reply
  6. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    དུས་ཡུན་རིང་པོ་ཞིག་ལ་ཡོང་ཐུབ་མ་སོང་། དེ་རིང་གསལ་བཤད་ཅིག་ཞུ།
    ངས་མཆན་ནིཿ “བློ་བཟང་སེང་གེ་ལགས་ཀྱིས་ “ངས་རྒྱ་ནག་གི་ཨོ་བྷ་མ་བྱེད་འདོད་ཡོད།” ཅེས་པ་ཞིག་གསུང་མྱོང་འདུག་མོད་དེ་ནི་གད་མོ་ཁོ་ནའི་དོན་དུ་ཡིན་འདུག འདིའི་སྐོར་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཀྱང་གླེང་སློང་གནང་ཡོད་ཅིང་རྗེས་སུ་ཁོང་གཉིས་བློ་ཁ་ཡོངས་སུ་འཆམས་ཤིང་། འཇམ་དབྱངས་ནོར་བུ་ལགས་ཀྱིས་བློ་བཟང་སེང་གེ་ལགས་ཀྱིས་གད་མོའི་གཏམ་དེ་དངོས་དོན་ལ་བརྩིས་ནས་གང་བྱུང་བཤད་པར་ཡོངས་གྲགས་ཐོག་དགོངས་སེལ་ཞུས་ཡོད། ད་འདི་ལྟ་འདྲའི་སྐོར་གླེང་གི་མ་བསྡད་ན་བཟང་སྙམ། མི་ལ་དགོད་གཏམ་ཞིག་ཀྱང་བཤད་དབང་མེད་པ་ཡིན་ནམ། ཁྱེད་རང་གིས་ཞལ་ཤོབ་ག་ཚོད་གནང་ཡོད་པ་ལ་དགོངས་པ་བཞེས་ཀྱི་ཡོད་དམ།”ཅེས་པ་འདི་རེད།
    འདི་ལ་དྲ་གྲོགས་འགས་ཁུང་སྐྱེལ་དགོས་ལུགས་བཀའ་བཀྱོན་ཕེབས་པར་ངས་དབྱིན་ཡིག་ལུང་འདྲེན་ཅན་གྱི་མཆན་དེ་བཏབ་པ་ཡིན།
    དེ་རིང་མཆན་ལ་བལྟ་སྐབས་དྲ་གྲོགས་ངེས་པོ་ལགས་ཀྱིས་ངོ་མ་དབྱིན་ཡིག་ཅུང་ཙམ་སྦྱོང་དགོས་པ་འདྲ། དེ་མིན་ཁྱེད་ཀྱིས་དེ་ལྟར་མི་གསུང་བར་ངེས། ང་རང་གཉིས་ཀྱི་རྩོད་གཞི་ནི་བློ་སེང་གིས་བོད་ཀྱི་ཨོ་བྷ་མ་འཇོན་མིན་གྱི་སྐོར་ལ་རྩོམ་བྲིས་པར་དགོངས་སེལ་བྱས་མིན་དེ་མིན་པར་བློ་སེང་གི་དགོད་གཏམ་དེ་དོན་དངོས་ལ་བརྩིས་ནས་གླེང་སློང་བྱས་པར་དགོངས་སེལ་ཞུས་མིན་གྱི་སྐོར་ཡིན། ཁྱེད་ཀྱིས་དམ་བཅའ་ལྷོད་མི་ཕོད་པར་རྩོད་གཞི་གསར་བ་བསླངས་ནས་དེ་ལ་འཕོ་ཐབས་ཀྱིས་མི་ལ་མགོ་སྐོར་གཏོང་ཐབས་གནང་བ་དེ་འདྲ་མི་གནང་བར་ཞུ།
    དྲ་གྲོགས་བཙན་བྱོལ་བ་ལགས།
    ཁྱེད་ཀྱིས་མཆན་སྔོན་མར་”ཨ་མཆོད་ལགས། ཁྱེད་ཀྱིས་འཇམ་དབྱངས་ནོར་བུའི་རྩོམ་ལ་ཡག་པོ་གིཟགས་ན་མམྱེན་གི་རེད་ ཁོང་གིས་རྒྱ་ནག་གི་ཨོ་བྷ་མ་བྱེད་འདོད་ཡོད་པའི་སྐད་ཆ་ལ་དགོངས་དག་དུས་ནམ་ཡང་ཞུས་མེད།” ཅེས་གསུང་ཡོད་པས་ང་རང་གཉིས་ཀྱིས་རྩོད་གཞི་ནི་འཇམ་ནོར་གྱིས་དགོངས་སེལ་ཞུས་ཡོད་མེད་དེ་ཡིན།
    འདིར་ཁྱེད་ཀྱིས་བཏབ་པའི་མཆན་རྗེས་མ་དེ་འདྲེན་རྒྱུ་ཡིན། “འཇམ་དབྱངས་ནོར་བུས་ཁོང་ལ་དགོངས་དག་ཞུ་དོན་ནི་ རྩོམ་ཡིག་འདི་ལྟར་མ་སྤེལ་བའི་སྔོན་དུ་བློ་སེང་ལ་སྔོན་ལ་བཀའ་འཁྲོལ་མ་ཞུས་པ་དང་དེའི་རྐྱེན་པས་ཁོང་གི་མཚན་མཐོང་ལ་གནོད་ཡོད་ན་དགོངས་སེལ་ཞུ་དེ་ཡིན་གྱི་ བློ་སེང་གིས་འདི་ལྟར་མ་བཤད་པ་གཅིག་འཇམ་དབྱངས་ཀྱིས་ནོར་ནས་བཀོད་པ་དེ་དགོངས་སེལ་ཞུས་པ་མ་ཡིན།” ཞེས་བཀོད་འདུག ད་ནི་ཁྱེད་ཀྱིས་ཇི་ལྟར་རྩོད་པ་ལ་གཡོལ་བའི་ཚུལ་དེ་གསལ་བོར་གྱུར་སོང་སྙམ། དེ་མིན་མི་ལ་མགོ་བཏང་ནས་གཞན་ལ་སྐྱོན་འགེབས་རྒྱུ་དེ་ཁྱེད་ཅག་གིས་གཤིས་ཀ་ལྟ་བུར་གྱུར་འདུག ཁྱེད་ཅག་ལ་རང་གིས་མི་འོས་པ་ཞིག་བྱེད་བཞིན་པའི་ཚོར་སྣང་ཙམ་ཀྱང་ཡོང་གི་ཡོད་དམ་སྙམ།

    Reply
  7. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་ཁྱེད་ཚོས་ཁ་བརྡ་དྲ་རྒྱ་དང་བོད་ཀྱི་ཆབ་སྲིད་བརྐྱར་ཞིབ་ཞེས་པའི་ནང་གི་
    བརྗོད་གཞི་འདིར་གཟིགས་རོགས།
    ༼“ང་རང་མི་གཅིག་ཡིན་པ་ཡིན་ནའང་འདིར་དཔུང་སྒྲིག་པ་སླེབས་པ་ཡིིན” ༽
    དེ་ནས་ཁྱེད་ལ་བསམ་ཚུལ་གསར་པ་ཞིག་སྟེར་ངེས་ཡིན།

    ཁ་བྱང་ནི། http://www.tibetanpoliticalreview.org/
    Lobsang Sangay’s “Unity” – an apparent contradiction
    ཁ་བརྡ། http://www.khabdha.org/

    Reply
  8. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་ཁྱེད་ཚོས་ཁ་བརྡ་དྲ་རྒྱའི་བརྗོད་གཞི་འདི་ལ་གཟིགས་རོགས།
    ༼“ང་རང་མི་གཅིག་ཡིན་པ་ཡིན་ནའང་འདིར་དཔུང་སྒྲིག་པ་སླེབས་པ་ཡིིན” ༽
    དེ་ནས་ཁྱེད་ལ་བསམ་ཚུལ་གསར་པ་ཞིག་སྟེར་ངེས་ཡིན།

    Reply
  9. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    ཁྱེད་ཚོར་དཔང་རྟགས་ཡོད་ན་སྟོན་ཆོག་པ་ལས་ད་དུང་དྲ་རྒྱའི་ནང་ལ་འཆལ་གཏམ་རིགས་མི་སྤེལ་ན་བཟང།
    དེ་མིན་ད་དུང་སྐད་ཆ་གཙང་མ་དགྱ་ནག་དབུས་གཞུང་ལ་མཁོ་བྱེད་རྐྱང་རྐྱང་བཤད་ན་ཕན་པ་ཨེ་ཡོད།
    བསམ་བློ་ཐོངས།

    Reply
  10. གངས་ཆབ། says:
    ལོ་ 15 སྔོན།

    ཞིབ་དཔྱད་ཡག་པོ་ཞིག་གནང་བ་ཡིན་ན།བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པའི་འགན་ཁུར་གནང་མྱོང་མཁན་བཀྲིས་མཐོང་གཅིག་པུར་ལས་གཞན་སུ་གང་གི་ཡང་གཞུང་དངུལ་ཁ་མ་འདོམ་བ་དང་རྩིས་ཆད་དེ་འདྲའི་རིགས་བྱུང་མྱོང་མེད་པ་མ་ཟད་གོ་ཐོས་ཙམ་ཡང་ཧ་ལམ་དཀོན་པོ་རེད་ཞེས་བརྗོད་ན་མི་འགྲིག་པ་ཞིག་གཏན་ནས་མེད།སོང་ཙམ་བཀའ་ཟུར་བཀྲིས་མཐོང་ལགས་ཀྱིས་ལྷག་བསམ་དང་སྤྱོད་ལམ་འཇོན་ཐང་ངོ་མ་དེར་ཚང་མས་ཧ་གོ་དོན་གསལ་རེད།ཡ་མཚན་སྐྱེ་དགོས་པ་ཞིག་ལ་བཀྲིས་མཐོང་གཅིག་པུར་དེ་འདྲའི་སྐབས་ཁེལ་དགོས་དོན་ཅི་ཞིག་ལ་བརྟེན་ནས་བྱུང་བ་ཡིན་ནམ།
    ཨོ།དེ་སྔོན་ཋེ་ཝེན་སྲིད་འཛིན་ཟུར་པ་ཁྲིམ་ཧྲི་ཕན་ལ་ཋེ་ཝེན་མི་མང་གིས་དད་གུས་ཆེ་ཤོས་བྱས་སའི་ཋེ་ཝེན་གྱི་བུ་ཞེས་པ་དེས་གཞུང་དངུལ་ལྐོག་ཟ་བྱས་པའི་དོན་རྐྱེན་འོག་བཙོན་འཇུག་བཀག་ཉར་བྱེད་སྐབས་ཋེ་ཝེན་མི་མང་ཙམ་མ་ཟད་འཛམ་གླིང་མི་མང་གང་མང་ཞིག་ཡིད་ཆེས་དཀའ་བ་ཞིག་ཏུ་གྱུར་ཡོད་ཀྱང་སྐབས་དེར་ཁྲིམ་ཧྲི་ཕན་ཀྱི་གཡོ་འོག་དུ་ཚུད་པའི་རྒྱབ་སྐྱོར་མི་སྣ་དག་གིས་ཉེས་མེད་དག་སེལ་དང་རྔམ་སྟོན་ཁྲོམ་སྐོར་ལ་སོགས་པ་སྤེལ་ཡོད་པ་མ་ཚད་ཁྲིམ་ཧྲི་ཕན་ཁོ་རང་གིས་ཀྱང་འདྲ་ཆགས་པོས་ཐོག་ཟས་བཅད་ངོ་རྒོལ་ཡང་བྱས་སོང་ཀྱང་།སྐབས་དེར་གཞུང་དངུལ་ལྐོག་ཟ་བྱས་ཡོད་པའི་ར་འཕྲོད་གསལ་པོ་བྱུང་ནས་ཚེ་བཙོན་ཁྲིམས་ཐག་བཅད་པ་དེ་ཚང་མས་སེམས་ལ་ངེས་ཡོད་ཤག་རེད།
    དེ་འདྲ་སོང་ཙམ་ལྐོག་ཟ་བྱ་མཁན་དག་གི་ནམ་ཡང་ལྐོག་ཟ་བྱ་རྒྱུ་མ་བྱུང་ཞེས་བཤད་པ་ལས་ངོས་ལེན་ཧ་ལམ་དཀོན་པོ་རེད།
    ག་སྲིད་ང་ཚོ་ལའང་རང་དབང་རང་བཙན་ཡོད་མཁན་གྱི་རྒྱལ་ཁབ་ཞིག་ཡིན་ན།དེ་ལྟར་ཁྲིམ་ཧྲི་ཕན་ནང་མི་འབྱུང་བའི་ངེས་པར་གང་ཡང་མེད།

    Reply
  11. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    རྒྱལ་ཞེན་ལྷག་བསམ་གྱིས་རབ་ཏུ་ཕྱུག་པའི་དྲ་གྲོགས་ལྷན་རྒྱས་མཆོག་ལ།

    དེ་འདྲ་མ་རེད། ང་ཚོས་ཕན་ཚུན་གཅིག་ཕོག་གཉིས་ཀྱི་གནས་ཚུལ་འབྲི་མཚམས་བཞག་ནས་ཁ་སང་ཁ་ཉིན་ལྡི་ལིར་༸གོང་ས་མཆོག་གིས་རྒྱ་གར་གསར་འགོས་པར་བཀའ་གནང་བའི་གནད་དོན་༼ཟླ་བ་ཁ་ཤས་ནང་བགྲེས་ཡོལ་དུ་ཕེབས་རྒྱུའི་དགོངས་གཞི་ཡོད་བསྐོར་དང་། རྒྱ་གར་དཔལ་འབྱོར་དུས་བབ་ཅེས་པའི་ཚོང་ལས་གསར་ཤོག་གྱིས་ཕྱི་ཚེས་༢༡ ཉིན་དེ་རིང་གསན་ཚུལ་སྤེལ་དོན་ལྟར་༸གོང་ས་མཆོག་གི་གསར་འགོད་པར་བགྲེལ་ཡུལ་གྱིོ་གྱི་གནད་དོན་སྐོར་བཀའ་འདྲི་ཞུས་པའི་ལན་དུ་། ༸གོང་ས་མཆོག་འབྱུང་འགྱུར་གྱི་ཟླ་བ་དྲུག་གི་ནང་ཚུན་ལ་བགྲེས་ཡོལ་དུ་ཕེབས་རྒྱུའི་འདུན་པ་ཡོད་ཀྱང་ཐ མའི་ཐག་ཆོད་དེ་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་དབུ་ཁྲིད་དང་གྲོས་ཚོགས་ཀྱི་ལྷན་གོ་བསྡུར་གནང་རྗེས་ཐུགས་ཐག་གཅོད་རྒྱུའི་བཀའ་ལན་གནང་བ༽་་་ཅེས་པའི་ཐོག་བགྲོ་གླེང་དང་བསམ་ཚུལ་འདྲ་སྤེལ་རེས་གནང་ན་མི་ལེགས་སམ། བློ་བཟང་སེང་གེ་ལགས་ཁྱེད་རང་གཞོན་སྐྱེས་ཚོར་མགོ་བསྐོར་གཏོང་རྒྱུར་རྒྱ་གར་ནང་གི་བསྐོར་བསྐྱོད་བྱེད་མུས་དེ་མཚམས་འཇོག་གིས་ང་ཚོ་དང་ལྷན་དུ་བགྲོ་གླེང་སུ་ངེས་ཕེབས་ཞུ་རྒྱུ་ཡིན། གང་ལགས་ཞེ་ན་སྐབས་དེར་ཁྱེད་ལ་དགོས་པའི་ཤེས་བྱ་མང་དག་ཞིག་ཡོད་ལ་དེ་བས་ཁྱེད་ལ་བསམ་ཞིག་གསར་པ་ཞིག་དང་གདམས་ཁ་གསར་པ་ཞིག། ལམ་ཁ་གསར་པ་ཞིག་བཅས་འཐོབ་ངེས་རེད ། དུས་དེ་ནས་མི་རབས་གསར་པའི་ཁ་སྟོང་དེར་རྒྱུ་མཚན་མེད་པ་དང་ཡང་དག་མིན་པ་ཡང་བསམ་དྲན་ཡོད་ན་ཤེས་ངེས་རེད།

    Reply
  12. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་གངས་ཆབ་ལ་སོགས་པའི་ལན་ཞིག་གནང་རོགས།

    Reply
  13. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    དྲ་གྲོགས་གངས་ལྷ་མེ་ཏོག་ཁྱེད་ཀྱིས་བཤད་པར་བདེན་ཁ་ལོས་སྦྱིན་བོད་ཀྱི་ཐུན་མིན་རིག་གཞུང་ལ་རྨོངས་པའི་ཕྱི་རྒྱལ་ཁྲིམས་ལུགས་འཛིན་པ་དེས་བཙན་བྱོལ་ནང་གང་ཞིག་ལ་བསམ་པ་དང་གང་ཞིག་ལ་རེ་ནས་བཀའ་ཁྲིར་རེ་བ་རེད།
    ད་ུང་ད་རེས་ཀྱི་བློ་སེང་མིང་ཐོག་གི་རྩོམ་བྲིས་དེ་ཁོང་གི་ཡིན་མིན་ཁོ་རང་གི་ཤེས་ཀྱི་ཡོད་ལ་དྲ་རྒྱ་འདིར་དྲ་གྲོགས་ཚོའི་མཆན་ལ་བལྟ་གིན་ཡོད་བཞག་རེད་པས། སྐབས་དང་དུས་སུ་ལན་ཞིག་བྱས་ན་ཡག། དེ་མིན་སྤྱི་ཚོགས་ནང་ཡོད་མདོག་གི་རྣམ་འགྱུར་བསྟན་པ་ནི་གཟིགས་ལྤགས་གཡོག་པའི་བུང་བུ་རང་རེད། ཁྱེད་ལ་བོད་ཡིག་ཤེས་ཚང་གང་ཡང་མེད་པར་གཞན་གཡོགས་སུ་བརྟན་པའི་རྩོམ་བྲིས་དེས་ཁྱེད་མཁས་དབང་ཡིན་པར་གྱུར་རྒྱུ་མ་རེད། དེ་ནི་རང་གི་ཞབས་འདྲེན་རང་གི་ཞུ་བ་རང་རེད་པས། བོད་མི་གཞོན་སྐྱེས་ཚི་མགོ་བསྐོར་མ་གཏོང། གཞོན་སྐྱེས་ཚོ་ཐུགས་བསམ་བཞེས། རང་རེའི་གཉན་ཕྲང་གི་དུས་འདིར་ཚང་མས་ཐུགས་བསམ་མ་བཞེས་ན་ངོ་མ་ཉེན་ཆེ་ཡ། གཟབ་གཟབ་བྱོས་མི་རབས་གསར་པ། སྐྱབས་བཅོལ་བ་ཡིན་པ་དུས་ནས་དུས་སུ་དྲན་པར་བྱ།

    Reply
  14. གཟི་མིག་༣པ says:
    ལོ་ 15 སྔོན།

    དྲ་གྲོགས་ཚོ་ལྷ་སྲས་དང་གངས་ལྷས་སུངས་པ་བདེན་ཡང་།
    བློ་སེང་ལགས་ནས་ལན་ངེས་པར་དུ་དགོས་ངེས་ཡིན་འདི་ནི་གནས་ཚུལ་ཆུང་ཆུང་རྩ་བ་ནས་མིན་།
    དུས་བབ་ལས་སྣེ་ལྷན་རྒྱས་ཚོ་ངས་ཉེ་ཆར་བློ་སེང་ལགས་སུ་བསམ་ཚུལ་ཅུང་ཞུས་ཡོད་པས་ཁྱེད་རྣམས་པས་བཀག་དགོས་དོན་ཅི་ཡིན་ནམ་འདིའི་ནང་མི་སྒེར་ལ་ཚིགས་ངན་ཅི་ཡང་ཞུས་མེད་དེ་བཞིན་ཡར་ཀླུང་གཙང་པོའི་བསྐོར་ལ་གནད་འགག་ཆེན་པོ་འདི་འདྲ་བྲིས་ཡོད་པས་བཀག་དགོས་དོན་ཅི་ཡིན་ལན་ངེས་པར་དགོས་།
    བོད་དང་རྒྱ་གར་རྒྱ་མིའི་གནས་ཚུལ་བྲིས་མི་རུང་བསམ་།

    Reply
  15. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    བློ་སེང་བསྟོད་ན་ཨ་སྔོན་དགོངས་ནས་བསྟོད་མཁན་ཚོ་ཁྱེད་ཚོ་ལ་དྲི་བ་གཅིག་གཏོང་གི་ཡིན། བློ་སེང་གི་བོད་ཡིག་རང་རྐྱ་འཕེལ་བ་ཞིག་ཤེས་ཀྱི་ཡོད་པ་རེད་དམ?
    སོ་སོའི་ཆོས་དང་རིག་གཞུང་མ་ཤེས་མཁན་ཞིག་གི་ཆོས་དང་རིག་གཞུང་གཅེས་སྐྱོང་བྱེད་ཀྱི་ཡིན་ལབ་ན་ཧམ་པ་ཆེ་དྲག་མ་རེད་དམ།
    ནུབ་ཕྱོགས་ཀྱི་ལྟ་བ་ཞིག་ཁུར་ནས་བཙན་བྱོལ་སྤྱི་ཚོགས་ནང་ནས་སྤེལ་གྱི་ཡིན་ལབ་ན་བུ་མི་སུའི་རྣ་བར་འགྲོ་རྒྱུ་རེད།
    བཙན་བྱོལ་བ་ལ་བཙལ་བྱོལ་བ་ཞིག་གི་འགྲོ་སྟངས་དང་འདུག་ཆ་ཚང་ཡོད་རེད། ཕྱིའི་རང་བཙན་རྒྱལ་ཁབ་ནང་བཞིན་འགྲོ་རྒྱུ་ཡིན་ལབ་ན་ག་རེ་ལབ་ཀྱི་ཡོད་རེད། དེ་ཚོས་བསམ་བློའི་རྒྱབ་ལྗོངས་ན་ག་རེ་ཡད་རེད། ཚང་མའི་ཤེས་པར་བྱོས། ཐོམ་ནས་ད་འདུག་མ་དྲག དྲང་བདེན་བྱོས། ལེགས་ཉེས་འབྱེད་རོགས།

    Reply
  16. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་ཁག་ཅིག་གིས་བློ་བཟང་སེང་གེའི་ལྷག་བསམ་དང་། དྲང་ལྡན་ཤེས་ཡོན་དང་འཇོན་ཐང་སོགས་ཀྱི་སྐོར་ཡག་པོ་ཤེས་ཀྱི་ཡོད་ས་རེད།
    དེར་བརྟན་བློ་སེང་གི་ཀུན་སྤྱོད་ལ་སོགས་པའི་སྐོར་ལ་དྲི་བ་ཁ་ཤས་ཤིག་ཡོད་དེར་ལན་ཁ་གསལ་ཞིག་གནང་རོགས་ཞུ།
    དེང་སང་སྤྱི་ཚོགས་ནང་བློ་བཟང་སེང་གེ་ལ་གཟའ་ཟླ་བུ་ཕྲུག་ཡོད་བཞིན་དུ་ཨ་རི་ལ་ཟུར་མོ་རྒྱ་མོ་ཞིག་དང་ཁེ་ན་དྲར་ལ་ཟུར་མོ་བོད་པ་ཞིག་ཡོད་རེད་ཟེར་གྱིན་འདུག་དངོས་གནས་དེ་འདྲ་ཡིན་ན་ང་ཚོའི་དབུ་ཁྲིད་ལ་འཆལ་པོ་ཀུན་སྤྱོད་གཙང་མ་མ་ཡིན་པ་ཞིག་བདམས་ན་མི་མང་གི་བརྕེ་བཀུར་ཇི་ལྟར་བྱེད་དགོས་སམ།

    བློ་བཟང་སེང་གེས་རང་བཙན་ལག་དེབ་བམ་དྭང་བླང་དཔྱ་དངུལ་ལོ་མང་པོ་ཞིག་གི་རིང་ལ་སྤྲད་ཡོད་མ་རེད་ཟེར་གྱིན་འདུག་དེ་བོད་སྤྱི་པའི་རྩ་དོན་ཐོག་ལ་ལྷག་བསམ་རེད་དམ་ཡང་ན་བོད་མིའི་རྩ་དོན་ལ་འགན་མི་འཁུར་བ་ཞིག་རེད་དམ།

    བློ་བཟང་སེང་གེས་༼བོད་ཀྱི་མང་གཙོའི་ལམ་ལུཊ་དར་འཕེལ་གྱི་མཚོན་རྟཊ།༽ཞེས་པ་འདི་ཁོ་བས་བྲིས་པ་ཡིན་མིན་དྲ་རྒྱའི་ནང་ལ་དོག་སློང་བྱུང་ཡོད། རྩོམ་ཐུང་འདི་ལ་བློ་བཟང་སེང་གེ་ཞེས་མིང་བྲིས་ཡོད་པ་རེད། ཡིན་ནའི་ཁོ་བའི་དབྱིན་ཡིག་རྩོམ་ཚང་མའི་ནང་ལ་མིང་བློ་བཟང་སངས་རྒྱས་ཞེས་བྲིས་ཡོད་པ་རེད།
    མི་ཁ་ཤས་ཀྱིས་བློ་སེང་ལ་རྒྱ་གར་མི་སེར་གྱི་སྤ་སེ་དང་བོད་མིའི་སྤ་སེ་རྒྱ་གར་ནང་ལ་གནས་སྐབས་སྡོད་ཆོག་པའི་སྤ་སེ་གཉིས་ཡོད་རེད་ཟེར་གྱིན་འདུག
    དངོས་གནས་དེ་འདྲ་ཡིན་ན་ཁྲིམས་ལུགས་མཁས་དབང་གི་ཁྲིམས་འགལ་་བྱས་པ་ཞིག་མ་རེད་པས། མི་གཅིག་ལ་རྒྱལ་ཁབ་གཉིས་ཀྱི་སྤ་སེ་ཉར་ན་དེ་ནི་ཁྲིམས་འགལ་མ་ཡིན་ནམ།

    Reply
  17. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    གངས་ཆབ་ལགས་སེམས་རྣལ་དུ་ཕབ་ནས་ཕྱོགས་ལྷུང་གི་ཕྱོགས་སུ་མ་སོང་བར་དཔྱད་རྩོམ་གནང་གལ་ཆེ་ མ་གཏོགས་ཁྱོད་ཀྱི་རྩོམ་ལ་ནུས་པ་གང་ཡང་ཐོན་གིན་མ་རེད་ དྲ་རྒྱ་ཀློག་མཁན་ཡོངས་རྫོགས་ཁྱེད་་ནང་བཞིན་ཞེན་ཁོག་གི་དྲ་བར་ཚུད་མཁན་རྐྱང་རྐྱང་མ་རེད་

    Reply
  18. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    དྲ་རྒྱ་འདའི་ནང་
    ཁྱེད་ཁ་དང་ངའི་སྣ་ཟེར་ནས་དགོས་དོན་དོར་བ་ཡིན་། དེ་བས་ཆོལ་ཁའི་ཞལ་ཁོག་དང་སྤྲུག་ཤིག་རྒྱབ་པ་ཧ་ཅང་ཕམ་།
    གད་ལྟར་མ་འོང་བཀའ་སྤྱི་གཉིས་པོ་འདི་ལེགས་པོ་ཞིག་ངན་པར་དུ་འདབས་དགོས་གལ་ཆེ་བ་མཐོང་།

    Reply
  19. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    བཀྲས་མཐོང་རྣམ་རྒྱལ་རྐུན་མ་ཡིན་པ་ངས་མི་ཤེས། བློ་བཟང་སེང་གེ་མཁས་དབང་ཡིན་པ་གོ་ཐོས་བྱུང་། བློ་སེང་དཔེ་ལ་བཞག་སྟེ་བཀྲ་མཐོང་དགྲ་རུ་འཛིན་པ་ཡི། སྨྱུ་གུ་འཛིན་པ་གང་ཆབ་སྨྱོ་འམ་ཅི།

    ༼༡༩༩༣ལོར་བཀྲིས་མཐོང་བསྟན་འཛིན་རྣམ་རྒྱལ་ཀྱིས་བཀའ་ཁྲི་དང་།ཕྱི་དྲིལ་དཔལ་འབྱོར་བཀའ་བློན་བྱས་སྐབས་གཞུང་དངུལ་ལྐོག་ཟ་བྱས་མེད་པའི་གནས་ལུགས་དང་རྒྱུ་མཚན་ཡང་དག་གཅིག་སུ་གང་ལ་ཡང་བརྗོད་རྒྱུ་མེད༽ཟེར་བ་ཁྱེད་ནས་ཁོང་གིས་ལྐོགས་ཟ་བྱས་པ་ཤེས་ཀྱི་ཡོད་དམ། གནས་ལུགས་རྒྱུ་མཚན་འདྲ་བཤད་རྒྱུ་ཡོད་པས། ཅི་སྟེ་ཁྱེད་ནས་གནས་ཚུལ་ཡང་དག་རྒྱུ་མཚན་ཡོད་པའི་ཐོག་ནས་བཤོད་རྒྱུ་ཡོད་ན་སྤྱི་ཚོགས་ནང་ཕན་སྲིད་ལ་དེ་མིན་སྲང་བར་གྱི་ཁྱི་བཞིན་གཅིག་གིས་༼འུ་འུ༽་ལབ་པར་ལས་བཟློས་ཙམ་གྱིས་མི་རིགས་དང་བསྟན་སྲིད་གང་ལ་ཡང་མི་ཕན་པའི་གནོད་ཚབས་ཆེ་བའི་ལས་ངན་སྐྱག་ལངས་སུ་མ་བཏང་ན་ལེགས་པར་མངོན།

    Reply
  20. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    དྲ་གྲོགས་གངས་ཁྱབ་ལགས་ཁྱེད་རང་དྲང་བདེན་གྱི་སྐད་ཆ་ཞིག་གཏན་ནས་མ་རེད།
    རང་ཉིད་ཀྱི་དུག་སྨན་འཐུང་ཚར་ནས་མི་གཞན་ལ་དུག་སྨན་མ་ཟ་ལབ་ན་ག་འདྲ་ཞིག་ཡོང་གི་རེད།
    དེ་ནང་བཞིན་གྱི་སྐད་ཆ་ཆགས་འདུག ཁྱེད་ཀྱི་བརྗོད་གཏམ་ལ་ངོས་ལེན་མེད།
    བསྟོད་ན་ཨ་སྔོན་དགོངས་ནས་བསྟོད། སྨད་ན་དོགས་མོ་ཟ་ནས་བཞག་པ་དེ་དྲང་བདེན་མ་རེད། བློ་སེང་ཡང་བསྟོད་ཆེ་དྲག་འདུག་པ་མ་ཟད་ཆབ་སྲིད་འཁྲམ་ཆེ་དྲག་འདུག་པའི་ལྟ་ཚུལ་ཞིག་བདག་གི་ག་དུས་ཡིན་ན་ཡང་སེམས་ནས་ཡལ་ཐུབ་མེད།

    Reply
  21. གངས་ཆབ། says:
    ལོ་ 15 སྔོན།

    དེང་དུས་ཀྱི་རྒྱལ་སྤྱིའི་ཁྲིམས་ལུགས་མཁས་དབང་བློ་བཟང་སེང་གེ་ལགས་ཀྱི་བོད་སྤྱི་པའི་རྩ་དོན་ཐོག་ལ་ལྷག་བསམ་དང་།དྲང་ལྡན་ཤེས་ཡོན་དང་འཇོན་ཐང་ལ་མང་གཙོའི་ལྟ་གྲུབ་དང་མཐུན་པའི་ཐོག་ནས་མིང་མང་གིས་འོས་བསྡུའི་ཆ་ཤས་བླངས་ནས་མང་མོས་ཀྱི་རྒྱབ་སྐྱོར་གནང་བ་ལ་བརྟེན་ནས་སྔོན་འགྲོའི་འོས་ཤོག་རྩེ་ཏོག་ཐོབ་པ་ལ།དང་ལེན་དང་གུས་བཀུར་ཞུ་འོས་པ་ཞིག་རེད་སྟེ།བསམ་ཡུལ་ལས་འདས་པ་ཞིག་ལ་བསམ་རྒྱུ་དྲན་རྒྱུ་ཕྱོགས་ལྷུང་ཁོ་ན་ལས་མེད་མཁན་གྱི་དྲ་གྲོགས་མི་སྣ་ཁག་ཅིག་གིས་བོད་མི་རིགས་ལ་ལྷག་བསམ་ཡོད་མདོག་དང་།བོད་སྤྱི་པའི་རྩ་དོན་ཁ་ལ་འཁྱེར་ནས་མཁས་དབང་བློ་བཟང་སེང་གེ་ལགས་ལ་སྔོན་འགྲོའི་འོས་ཤོག་མང་ཤོས་ཐོབ་པ་ལ་སྡང་སེམས་དང་།
    ཡི་མ་རང་བའི་རྣམ་འགྱུར་ཐོག་མི་བདེན་རྫུན་བཟོ་དང་།དོན་མེད་ཀུ་ཅོ་སྒྲོག་པ་ལ་སོགས་པའི་འཆལ་གཏམ་རིགས་འདྲ་མིན་གྱིས་མཆན་བུ་གཅིག་མིན་གཉིས་མིན་དང་།སོ་སོའི་དགའ་ཕྱོགས་དང་།སྤུན་ཉེ་ལ་སོགས་པ་འོས་མི་རུ་ཡོད་པ་དེ་དག་ནི་ཤེས་ཡོན་དང་འཇོན་ཐང་བྱས་རྗེས་ཡ་རབས་སྤྱོད་བཟང་ཡོད་འཁུ་གྱི་དག་སེལ་དང་།
    མི་བདེན་རྫུན་བཟོ་གྱིས་མི་མང་མགོ་བསྐོར་གཏོང་ཐབས་ཀྱི་གསལ་བཤད་དེ་དག་ནི།
    བོད་མི་རིགས་དང་སྤྱི་པའི་རྩ་དོན་ཐོག་འགོག་རྐྱེན་དང་གནོད་སྐྱོན་གྱི་རྒྱུ་ལས་མ་འདས།
    རྒྱུ་མཚན་ཡང་དག་དང་ལྡན་པའི་ཐོག་ནས་དཔེ་མཚོན་ཙམ་ཞུས་པ་ཡིན་ན།
    ༡༩༩༣ལོར་བཀྲིས་མཐོང་བསྟན་འཛིན་རྣམ་རྒྱལ་ཀྱིས་བཀའ་ཁྲི་དང་།ཕྱི་དྲིལ་དཔལ་འབྱོར་བཀའ་བློན་བྱས་སྐབས་གཞུང་དངུལ་ལྐོག་ཟ་བྱས་མེད་པའི་གནས་ལུགས་དང་རྒྱུ་མཚན་ཡང་དག་གཅིག་སུ་གང་ལ་ཡང་བརྗོད་རྒྱུ་མེད།རྒྱུ་མཚན་ནི་སྐབས་དེ་དུས་ཁོང་གིས་དག་སེལ་གཙང་མ་ཞིག་བཟོ་དགོས་ངེས་ཡིན་ཀྱང་དེའི་ཚེ་དེའི་དུས་ན་དག་སེལ་གཙང་མ་གང་ཡང་མེད་པའི་ཐོག་ནས་རང་ཉིད་བཀའ་ཁྲིའི་དུས་ཡུན་མ་རྫོགས་གོང་རང་བཞིན་གྱིས་རྩ་དགོང་ཞུས་ནས་ཨ་རིས་དུ་འགྲོ་དགོས་དོན་གྱི་རྒྱུ་རྐྱེན་གཙོ་བོ་གང་ཡིན་ནམ།ག་སྲིད་ཁོང་བོད་མི་མང་དང་སྤྱི་པའི་རྩ་དོན་ཐོག་སེམས་ཤུགས་དང་།ལྷག་བསམ་ཡ་རབས་སྤྱོད་བཟང་ལྡན་པའི་བཀའ་ཁྲི་གནང་འདོད་ཡོད་མཁན་ཞིག་ཡིན་ན།སྐབས་དེར་བཀའ་ཁྲིའི་དུས་ཡུན་མ་རྫོགས་གོང་ཨ་རིས་དུ་གནས་སྤོས་བྱས་སྲིད་ཀྱི་མ་རེད་ལ་གཞུང་དངུལ་ལྐོག་ཟ་བྱས་པའི་སྐོར་ལ་ཡང་དག་སེལ་གཙང་མ་བྱས་ངེས་རེད།
    དེ་ལས་ལྡོག་སྟེ་ལོ་ངོ་བཅོ་ལྔ་ཕྱིན་པའི་རྗེས་སུ་ཡང་བསྐྱར་ཁོང་བཀའ་ཁྲི་ལང་དགོས་པའི་རྒྱུ་མཚན་ཅི་ཞིག་ཡོད་པ་ཡིན་ནམ།
    དེ་ནི་ཁོང་གི་ཁྱིམ་ཚང་དང་ལོ་རྒྱུས་ཐོག་ལ་མཚན་སྙན་གྲགས་ལ་ནག་ཐིག་ཅིག་ཕོག་ཡོད་པ་དེར་དག་སེལ་ཡོང་བའི་ཆེད་དུ་ཡིན་པ་ནི་བསམ་ཡོད་དང་ཤེས་ལྡན་མི་སྣ་དག་གི་ཟུར་བལྟས་ལེབ་མཐོང་ཡིན་པ་ནི་ལྟ་ཅི་སྨོས།
    གཉིས་པ་དེར།ག་སྲིད་ཁོང་བོད་སྤྱི་པའི་རྩ་དོན་ཐོག་ལ་སེམས་ཤུགས་དང་འཇོན་ཐང་ལ་རྒྱ་ཡོད་མཁན་དེ་འདྲའི་རིགས་ཤིག་ཡིན་ན།
    ནང་མི་བུ་ཕྲུག་གི་དཀའ་ངལ་སེལ་ཆེད་དུ་ཨ་རིས་དུ་སྤྱོད་པ་ཡིན་ཟེར་ནས་བོད་མི་མང་གི་མདུན་དུ་ལངས་ནས་གཏམ་བཤད་བྱས་ནུས་པ་དེ་ནི་ཧང་སངས་དགོས་པ་ཞིག་མིན་ནམ་ཅི་ཞིག་ཡིན།བོད་མི་རིགས་དང་བོད་སྤྱི་པའི་རྩ་དོན་ཆེད་དུ་གཞིས་ལུས་བོད་མི་རྣམས་པའི་ཕ་རྩ་བུ་རྒྱུད་ནས་ནང་མི་བུ་ཕྲུག་དང་བཅས་པས་རང་སྲོག་གློད་བཏང་བྱས་ཡོད་པ་མ་ཚད།ད་དུང་ཡང་བྱས་དང་བྱེད་བཞིན་པར་ཆེད་གསོད་དང་མཐོང་ཆུང་བྱེད་པའི་གཏམ་བཤད་ཅིག་མ་ཡིན་ནམ་གཞན་ཅི་ཡིན།མ་ཟད་ཁོང་གི་ནང་མི་བུ་ཕྲུག་ལ་དཀའ་ངལ་ཇི་ཙམ་འཕྲད་ཀྱང་།
    ང་ཚོ་བཙན་བྱོལ་དུ་ཡོད་པའི་ཉམ་ཆུང་མི་མང་རྣམས་པའི་ཁྱིམ་ཚང་དང་།འཚོ་བའི་དཀའ་ངལ་ཡོད་པ་ནང་བཞིན་ཞིག་ཁོང་གི་ནང་མི་བུ་ཕྲུག་ལ་དཀའ་ངལ་ཞིག་འཕྲད་མི་སྲིད་པ་ཞིག་རེད།
    རྒྱུ་མཚན་ནི་སྐབས་དེར་ཁོང་བཀའ་ཁྲི་ཡིན་པ་མ་ཚད་མིང་གྲགས་ཡོད་པའི་ཁྱིམ་ཚང་ཞིག་རེད།ད་དུང་མི་བདེན་བརྫུན་བཟོ་བྱས་ཡོད་པ་དེ་དག་ཚང་མར་བསལ་བཤད་རེ་རེ་བཞིན་བྱས་དགོས་དོན་གང་ཡང་མ་མཐོང་སྟེ།
    དཔེ་མཚོན་ཙམ་ཞིག་འགོད་པ་ཡིན་ན།
    ༸གོངས་ས་མཆོག་ཕྱི་རྒྱལ་ལ་འདན་འདྲེན་བྱས་མཁན་དང་པོ་དེ་བཀྲིས་མཐོང་རེད་ཟེར་བ་དེ་ཧམ་བཤད་དང་མི་མང་མགོ་སྐོར་གཏོང་བྱེད་ཙམ་ལས་རྒྱུ་མཚན་ཡང་དག་ཅིག་གཏན་ནས་མ་ཡིན།གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཆིབས་བསྒྱུར་ཐོག་མར་སྐྱངས་པའི་སྤྱི་ལོ་ ༡༩༦༧ ལོར་ཉི་ཧོང་དང་ཐའི་ལེན་ཌ།
    དེ་ནས་༡༩༧༣ལོར་ཡུབ་རོབ་ཁག་བཅུ་གཉིས།༡༩༧༩ལོར་ཨ་རི།༡༩༨༠ལོར་ཉི་ཧོང་།༡༩༨༡ལོར་དབྱིན་ཡུལ་དང་ཨ་རི།
    ༡༩༨༤ལོར་དབྱིན་ཡུལ་དང་ཨ་རི་ལ་སོགས་པ་ལྟ་བུ་རིམ་རྒྱུད་ཀྱི་ཕྱི་རྒྱལ་ཡུལ་གྲུ་ཁག་མང་དག་ཞིག་ལ་ཆིབས་བསྒྱུར་སྐྱངས་འདུག་པ་ལགས་ན།
    བཀྲིས་མཐོང་གིས་བཀའ་བློན་ལས་ཁུར་ཐོག་མར་འགོ་འཛུགས་སྤྱི་ལོ༡༩༩༠ཐམས་པ་ལོར་རེད་འདུག་པའི་དེ་དོན་བཀྲིས་མཐོང་བཀའ་བློན་མ་བྱས་གོང་ལ་གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཆིབས་བསྒྱུར་སྐྱངས་ནས་ལོ་ངོ་ཉེ་གསུམ་ཙམ་འགྲོ་གི་འདུག་དེ་འདྲ་སོང་ཙམ་ཕྱི་ལོ་༡༩༦༧ནས་༡༩༩༠ཐམས་པ་བར་གྱི་བཀའ་བློན་དང་།བཀའ་ཁྲི་དེ་དག་གིས་ནུས་ཤུགས་གང་ཡོད་ཀྱི་ཕྱག་ལས་གནང་བཞག་པ་དེ་དག་སྐབས་དེའི་བཀའ་བློན་དང་།བཀའ་ཁྲི་རྣམས་པའི་བྱས་རྗེས་ཡིན་པ་ལས་བཀྲིས་མཐོང་གི་བྱས་རྗེས་སུ་འཇོག་པ་ནི་ཧམ་བཤད་བྱེད་ཀྱི་ཡོད་པ་ནི་སྨོས་མ་དགོས།
    དེ་འདྲ་སོང་ཙམ་འཆལ་གཏམ་དེ་འདྲའི་རིགས་ཀྱི་གཡོ་འོག་དུ་མགོ་མ་འཁོར་ནས་གཟབ་ནན་ཐོག་ཚང་མས་ཞིབ་དཔྱད་ལེགས་པར་གནང་ནས་ལྷག་བསམ་དང་དྲང་བདེན་ལ་ཁ་ཕྱོགས་དགོས་པ་ནི་གལ་གནད་ཆེ་བ་མཐོང་།

    Reply
  22. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་ཨ་མཆོད་ལགས་ཁྱེད་ཀྱིས་དབྱིན་ཡིག་ཡག་པོ་ཤེས་ཀྱི་ཡོད་ས་རེད།
    ཡོངས་གླིང་སློབ་གྲྭར་དབྱིན་ཡིག་ཏོག་ཙམ་སྦྱང་ན་ལེགས་སོ།
    མཁས་དབང་འཇམ་ནོར་ལགས་ཀྱིས་དབྱིན་ཇིའི་ལུགས་སྲོལ་ལྟར་བློ་སེང་གི་སྐོར་ལ་རྩོམ་ཡིག་མ་བྲིས་པའི་སྔོན་ནས་ཁོ་ལ་ཁྱེད་ཀྱི་སྐོར་ལ་བྲིས་རྒྱུ་ཡིན་ཞེས་བརྗོད་མེད་པ་དེར་དགོངས་དག་ལབ་པ་ལས་བློ་སེང་གིས་བོད་ཀྱི་ཨོ་བྷ་མ་འཇོན་མིན་སྐོར་ལ་བྲིས་པ་དེར་དགོངས་སེལ་ཞུ་མིན་འདུག

    Reply
  23. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ཨ་མཆོད་ལགས་ ཁྱེད་ཀྱིས་དབྱིན་ཡིག་ངོ་བཤུས་དེ་བཀོད་པ་ལེགས་བྱུང་ དེའི་ནང་དོན་དེ་ཁྱེད་ཀྱིས་འགྲེལ་བཤད་དྲང་པོ་གནང་མ་སོང་ དབྱིན་ཡིིག་གི་ནང་དོན་ནི་འདི་ལྟར་ འཇམ་དབྱངས་ནོར་བུས་ཁོང་ལ་དགོངས་དག་ཞུ་དོན་ནི་ རྩོམ་ཡིག་འདི་ལྟར་མ་སྤེལ་བའི་སྔོན་དུ་བློ་སེང་ལ་སྔོན་ལ་བཀའ་འཁྲོལ་མ་ཞུས་པ་དང་དེའི་རྐྱེན་པས་ཁོང་གི་མཚན་མཐོང་ལ་གནོད་ཡོད་ན་དགོངས་སེལ་ཞུ་དེ་ཡིན་གྱི་ བློ་སེང་གིས་འདི་ལྟར་མ་བཤད་པ་གཅིག་འཇམ་དབྱངས་ཀྱིས་ནོར་ནས་བཀོད་པ་དེ་དགོངས་སེལ་ཞུས་པ་མ་ཡིན་ འཇམ་ནོར་ནི་ཉམས་ཞིབ་པ་ཚད་མཐོ་པོར་སླེབས་པ་དེ་འདྲ་ཡིན་པས་དེ་འདྲ་ལ་འཕྱུགས་མི་སྲིད་སྙམ་ དྲང་པོར་བཤད་ན་བློ་སེང་གིས་ཁ་པར་ནང་དུ་འཇམ་ནོར་ལ་ལན་འདི་ལྟར་རྒྱབ་ཡོད་ ངས་སྐབས་དེ་དུས་སྐད་ཆ་འདི་ལྟར་བཤད་པ་དྲན་གིན་མི་འདུག་ཟེར་ཡོད་ འདི་ནི་བློ་སེང་གིས་དྲང་པོ་མིན་ ང་རྒྱ་ནག་གི་ཨོ་བྷ་མ་བྱེད་འདོད་ཡོད་ཟེར་བ་དང་ ཡང་བོད་དེ་རྒྱ་ནག་དང་མཉམ་དུ་ཟླ་བསྒྲིལ་གཏང་ནས་ཨ་རིའིའ་མི་རིགས་ནག་པོ་གྲངས་ཉུང་མི་རིགས་ཐོབ་ཐང་རྩོད་པ་ནང་བཞིན་རྩོད་རྒྱུ་རེད་ཟེར་ནས་སྐད་ཆ་འདི་ལྟར་བཤད་པ་ནི་བདེན་པ་ཡིན་ འདི་ནི་ཁུངས་སྐྱེལ་ཆོག་པ་ཞིག་ཡིན་

    Reply
  24. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    དྲ་གྲོགས་ངེས་པོ་སོགས་ལ་གསལ་བཤད་ཅིག་མ་བྱས་མ་འགྲིག
    སྐུ་ཞབས་འཇམ་ནོར་ལགས་ལ་གུས་བཀུར་ཁོ་བོས་ཀྱང་ཞུ་ཡི་ཡོད། ཁོང་གིས་དགོངས་སེལ་ཞུས་པ་དེས་ཀྱང་ཁོང་གི་ཆེ་མཐོང་མཐོ་རུ་འགྲོ།
    ཁོང་གི་དགོངས་སེལ་ཞུས་པའི་བརྒྱུད་ལམ་ནི་ཁོང་རང་ཉིད་ཀྱི་ཟིན་བྲིས་ནང་དུ་རེད། ཁྱེད་ཅག་གིས་དབྱིན་ཡིག་ཀློག་ཀྱིན་ཡོད་ཚོད་ལགས་པས་ངས་གཤམ་དུ་དེའི་འབྲེལ་ཐག་འཇོག་རྒྱུ་ཡིན། དུས་ཚོད་ནི་ཟླ་བཅུ་ཚེས་༡༨་ཉིན་རེད།
    We did not reach any agreement at the end of our telephone discussion but I did apologize to him, which I want to do again here publicly, for not giving him advance notice of my article. Lobsang la, I am sorry I should have called you first and let you know about my piece.
    གོང་གི་དབྱིན་ཚིག་དུམ་བུ་འདིའི་ནང་དུ་ཁོང་གིས་བློ་བཟང་ལགས་ལ་དགོངས་སེལ་ཞུས་འདུག ངས་དཀྲོགས་གཏམ་དང་གཞན་མང་པོ་ཞིག་གིས་བྱེད་པའི་རིགས་ནམ་ཡང་བྱས་མ་མྱོང་ལ་བྱེད་ཀྱིན་མེད་ལ་བྱ་འཆར་ཡང་མེད།
    གཤམ་དུ་འཇམ་ནོར་ལགས་ཀྱི་རྩོམ་དེའི་དྲ་འབྲེལ་ཕུལ་ཡོད་པས་ཁྱེད་ཅག་རང་ངོས་ནས་གཟིགས་པར་འཚལ།

    http://www.jamyangnorbu.com/blog/2010/10/18/lobsang-sangay-las-response/

    Reply
  25. མི་ཉག་བཙན་པོ says:
    ལོ་ 15 སྔོན།

    དྲ་གྲོགས་དག་གིས་ངེས་གོས་པ་ཞིག་ནི་དྲ་ལམ་བརྒྱུད་ནས་བོད་ཀྱི་རྩ་དོན་དང་མི་རིགས་ལ་
    ཕན་པའི་གཏམ་བཤད་དང་དམངས་གཙོ་འཕེལ་རྒྱས་གཏོང་ཐབས་དང་མ་འོང་པའི་མདུན་ལམ་ལམ་སྟོན་སོགས་སྤེལ་དགོས་པ་ལས་གཞན་གྱི་མཚང་འབྲུ་དང་དཀྲུགས་གཏམ་ཁོ་ན་སྤེལ་བ་ནི་དགེ་མཚན་གང་ཡང་མེད།བོད་པ་ལ་འཕྲད་པའི་དུས་ཚོད་ཛ་་དྲག་གི་སྐབས་འདིར་མཁས་

    དབང་བློ་བཟང་སེང་ལྟ་བུའི་ན་གཞོན་ཤེས་འཇོན་གྱི་འདབ་ཟུང་ལྡན་པ་སྤོབས་པ་དང་སེམས་
    ཤུགས་ཡོད་མཁན་གྱི་་གངས་ཕྲུགས་100000་ཡོད་ཡང་ཉུང་དྲག་པ་ལས་རེ་ཟུང་ཡོད་པ་དག་གི་རྐང་པ་ནས་མར་འཐེན་ཐབས་བྱས་པ་ནི་རྣམ་དཔྱོད་ཅན་གྱི་འཇུག་བྱའི་གནས་གཏན་ནས་མིན་མོད་ཀྱང་། རང་སེམས་རྟ་རྒོད་ཕྲག་དོག་གི་ཐང་དུ་ཤོར་བའི་མི་སྣ་རེ་ཟུང་དང་ཆབ་སྲིད་ལངས་ཕྱོགས་ཁ་ནས་བཤད་མཁས་པ།ལག་ལེན་དང་བྱས་རྗེས་ནམ་འཁའི་མེ་ཏོག་ལས་དཀོན་པའི་མཁས་མིང་ལྟ་ལོག་ཅན་འགས་སྨྱོན་གཏམ་ཡང་ཡང་སྨྲ་བ་ནི་ཁ་གཏད་རྒྱ་དམར་གྱི་དམིགས་ཡུལ་འགྲུབ་ཐབས་སུ་འགྲོ་བའི་ཉེན་ཆེ་བས་ཁ་ལ་བདག་པོ་བྱོས་ཞེས་བདེན་པའི་དྲང་གཏམ་འདི་ཐལ་ལོ།

    Reply
  26. ནགས་མེ། says:
    ལོ་ 15 སྔོན།

    ལོ་གཞོན་ཤེས་ཡོན་ཅན་ཞིག་སླེབས་པ་སྤྲོ་བ་ཡོད།

    Reply
  27. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    བཏགས་མིང་གངས་ལྷ་མེ་ཏོག་མཚན་ཅན་ལ་ཞུ་དོན། ཁྱོད་དང་ང་གཉིས་ཀྱི་གནད་དོན་དེ་ཉིད་གསལ་པོ་བཟོ་འདོད་ན་ཁ་བྱང་འདིའི་ཐོག་འབྲེལ་བ་གནང་རོགས། { Ganglhametog@yahoo.com } དུས་བབས་ཟིན་བྲིས་ནང་རྒྱུ་མཚན་ཆེན་པོ་མེད་ན་སྨྱོ་གཏམ་འདྲ་མིན་རེ་བཤད་ན་མི་བཟང་གི་ཡ།

    Reply
  28. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་ཨ་མཆོད་འཇམ་དཔལ་ལགས། མིག་ན་བ་ལག་པས་བཟོས་པ་རེད་
    ཁྱེད་ཀྱིས་༼འཇམ་དབྱངས་ནོར་བུ་ལགས་ཀྱིས་བློ་བཟང་སེང་གེ་ལགས་ཀྱིས་གད་མོའི་གཏམ་དེ་དངོས་དོན་ལ་བརྩིས་ནས་གང་བྱུང་བཤད་པར་ཡོངས་གྲགས་ཐོག་དགོངས་སེལ་ཞུས་ཡོད།༽བློ་སེང་ལྟར་གཞན་རྣམས་བསླུ་བྱེད་ཀྱི་གཡོ་ཚིག་འགའ་ཞིག་ཏེ་མཁས་དབང་འཇམ་་དབྱངས་ནོར་བུ་ལགས་ནི་རང་གི་ལངས་ཕྱོགས་བརྟན་ཞིང་རང་ལུགས་ཡོད་མཁན་ཞིག་པ་ལས་བློ་སེང་ལྟར་གཡོ་སྒྱུ་ཁྲམ་གསུམ་བྱང་ཆུབ་པའི་མི་སྣ་རང་ལུགས་མེད་པ་དེ་འདྲ་མིན།

    འོ་ན་མཁས་དབང་འཇམ་་དབྱངས་ནོར་བུ་ལགས་ཀྱི་ས་ཆ་ག་པར། དུས་ཚོད་ནམ། གསར་ཤོག་གམ་རླུང་འཕྲིན་ག་པར་ཁོ་ལ་་དགོངས་སེལ་ཞུས་པ་རེད།

    ཨ་མཆོད་ཁྱོད་ཤེས་པ་རང་དབང་དུ་གནས་པ་དང་དབང་པོ་ལ་སྐྱོན་མེད་ན་ཕ་ཡུལ་དྲ་རྒྱ་ནང་གི་རྩོམ་ཁག་གསུམ་ལ་ལེགས་པར་གཟིགས་དང་དེ་ནས་ཁྱོད་ཀྱི་ལོག་རྟོག་སེལ་རྒྱུར་ཕན་ཐོག་ཡོང་ངེས་ལགས་སོ།

    Reply
  29. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་ཐོས་པ་དགའ་ཁྱེད་ཀྱིས་༼མཐའ་དོན་མཁས་དབང་བློཟང་སེངྒེ་ཁོང་ཉིད་ང་ཚོའི་བོད་ཀྱི་ཨོ་བྷ་མཱ་ཆག་པའི་སྨོན་འདུན་རེ་བ་བཅས༽
    ཁྱེད་ཀྱི་མིག་ཡོད་བཞིན་དུ་གཡང་ལ་མཆོངས་ཀྱིན་འདུག་ངོ་མ་ཁྱེད་སྙིང་མ་རྗེ།
    མང་གཙོ་ཚོགས་པའི་ལས་བྱེད་ཉམས་མྱོང་དང་ཤེས་ཡོན་གཉིས་ལྡན་དག་གིས་ངལ་བས་བསྐྲུན་པའི་མང་གཙོ་ཚོགས་པའི་གཟི་བརྗེད་དེ་ད་ལྟ་ཨོ་བྷ་མས་རླུང་ལ་བསྐུར་བཞིན་ཡོད་པ་ཁྱེད་ཀྱིས་མ་མཐོང་ངམ།
    ལག་ཏེ་ཁྱེད་མ་མཐོང་བའམ་མ་མཁྱེན་པ་ཡིན་ན་འདི་ལོ་སྤྱི་ཟླ་ ༡༠ ཚེས་ ༣༠འོས་བསྡུའི་གྲུབ་འབྲས་ལྟོས་དང་ཁྱེད་ཀྱི་རྨོངས་གཉིད་སང་ཐུབ་ངེས་ཡིན།

    Reply
  30. བཙན་བྱོལ་བ་ says:
    ལོ་ 15 སྔོན།

    ཨ་མཆོད་ལགས། ཁྱེད་ཀྱིས་འཇམ་དབྱངས་ནོར་བུའི་རྩོམ་ལ་ཡག་པོ་གིཟགས་ན་མམྱེན་གི་རེད་ ཁོང་གིས་རྒྱ་ནག་གི་ཨོ་བྷ་མ་བྱེད་འདོད་ཡོད་པའི་སྐད་ཆ་ལ་དགོངས་དག་དུས་ནམ་ཡང་ཞུས་མེད་ ཞུ་མེད་པ་མ་ཚད་ ད་དུང་ཡང་བློ་སེང་གིས་ཆབ་སྲིད་ལངས་ཕྱོགས་ལ་སྐྱོན་བརྗོད་ཤུགས་ཆེན་གནང་ཡོད་པར་ཁྱེད་ཀྱིས་ཕ་ཡུལ་དྲ་རྒྱ་ནང་གི་རྩོམ་ཁག་གསུམ་ལ་ལེགས་པར་གཟིགས་དང་ རྩོམ་ཁག་གསུམ་ལས་དང་པོ་ འཇམ་བྱངས་ནོར་བུས་བློ་སེང་གི་ཆབ་སྲིད་ལངས་ཕྱོགས་དང་འབྲེལ་བའི་སྐོར་དང་ རྩོམ་ཁག་གཉིས་པ་ནི་ བློ་སེང་གིས་དེའི་ཐད་གསལ་བཤད་དང་ གསུམ་པ་ནི་བོད་གནས་སྐྱར་ཞིབ་ཁང་གིས་བློ་སེང་གི་གཏམ་བཤད་དང་འབྲེལ་བའི་དཔྱད་པ་བཅས་གསུམ་ཡིན་ མདོར་བསྡུས་ན་བློ་སེང་གི་ལངས་ཕྱོགས་དབུ་མའི་ལམ་ནས་ཆེས་བརྒལ་ནས་བོད་ཀྱི་ཡུལ་ལུང་ཡོངས་རྫོགས་རྒྱ་ནག་དང་ཟླ་བསྒྲིལ་བཏང་ནས་ཨ་རི་མི་རིགས་ནག་པོའི་ཐོབ་ཐང་རྩོད་པ་ནང་བཞིན་རྩོད་རྒྱུ་ཡིན་པ་དེ་ཡིན་ ཉམས་ཞིབ་པ་འཇམ་དབྱངས་ནོར་བུས་དགག་པ་རྒྱག་ས་གཙོ་བོ་ནི་དེ་ཡིན་གྱི་རྒྱ་ནག་གི་ཨོ་བྷ་མ་ཟེར་བ་ནི་ཞོར་འཕྲོས་ཙམ་ཡིན་

    Reply
  31. ཐོས་པ་དགའ། says:
    ལོ་ 15 སྔོན།

    ཐོག་མར་ངའི་མཁས་དབང་བློ་བཟང་སེང་གེ་ལ་བཀའ་ཁྲིའི་སྔོན་འགྲོའི་རྒྱལ་ཁ་ཐོབ་པར་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་ཆབ་གཅིག་དེ་རིང་བློ་བཟང་སེང་གེ་ལ་འོས་ཤོག་རྒྱལ་ཁ་ཐོབ་འདི་ནི་བཙན་བྱོལ་གཞུང་འདི་ཆོལ་ཁའི་འཐེན་འཁྱེར་མེད་པ་སྐུ་དྲག་རིང་ལུགས་ལྟ་བ་མེད་པ། དུས་རབས་དང་མཐུན་པའི་གོ་རྟོགས་སད་པ་སོགས་ཀྱི་རྒྱ་ནག་དབང་འཛིན་པ་ཚོ་ལ་བརྡ་ལན་ཞིག་སྤྲད་ཡོད་པ་རེད་བཅས་སྤོབས་པ་ཆེན་པོའི་བཤད་ཐུབ། བོད་བཙན་བྱོལ་གཞུང་གི་གཞོན་སྐྱེས་ཚོར་མཚོན་ན་བསམ་བློ་གསར་པ་ཞིག་དང་ཁ་ཕྱོགས་གསར་པ་ཞིག་གྱུར་ཡོད་པ་རེད། ཁོང་ལ་འོས་ཤོག་བླུག་མཁན་ཚང་མ་ལ་ངའི་སྒོ་གསུམ་གུས་པའི་རྗེས་སུ་ཡིད་རིང་དང་བསྔགས་བརྗོད་ཡོད་རྗེས་མ་དངོས་གཞིས་སྐབས་ང་རང་གི་བཀའ་བློན་དེ་མཁས་དབང་བློཟང་སེངྒེ་བླུག་ཐག་ཆོད་ཡིན་ལ་རྣམ་པ་ཚོ་ལའང་རེ་བ་ཡོད། མཐའ་དོན་མཁས་དབང་བློཟང་སེངྒེ་ཁོང་ཉིད་ང་ཚོའི་བོད་ཀྱི་ཨོ་བྷ་མཱ་ཆག་པའི་སྨོན་འདུན་རེ་བ་བཅས་བོད་རྒྱལ་ལོ།

    Reply
  32. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    དྲ་གྲོགས་ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས་ལགས་སུ།
    གཏམ་ཨ་ཕས་བཤད་རྒྱུ་ཨ་མས་བཤད། ཁྱི་བདག་པོས་བཀག་རྒྱུ་མགྲོན་པོས་བཀག་ཟེར་བའི་དཔེ་དེ་ཁྱེད་ཀྱི་མ་དྲན་ནམ། གང་ལྟར་ཁྱེད་ནས་བློ་བཟང་སེང་གེས་བཤད་པའི་སྐད་ཆ་དེ་གད་མོའི་ཚུལ་དུ་ཡིན་པར་སྒྲུབ་པ་གཟིགས་ལྤགས་གཡོག་པའི་བུང་བུ་དེ་གཟིགས་སུ་གྱུར་རྒྱུ་མ་རེད་ལ། ཁོང་ནས་བཤད་པ་བཤད་ཚར་བ་རེད་ལ་སྐབས་དེར་ཁོས་བཤད་པའི་སྐད་ཆ་བགོད་མོའི་ཚུལ་དུ་ཡིན་མ་ཡིན་གྱི་གནས་ཚུལ་འགྲེལ་བ་ནི་ཆོ་མེད་རེད་ལ་དེ་བས་ཇབ་ཆུང་རེད། ད་དུང་ཁྱེད་ལ་དྲན་གསོ་དགོས་པ་ཞིག་ལ་། གཏམ་ཁ ནས་ཤོར་ན་འཇུ་ས་མེད། རྟ་ལག་ནས་ཤོར་ན་འཇུ་ས་ཡོད་ཟེར་བ་དེ་ཡིན། ༼འཇམ་དབྱངས་ནོར་བུ་ལགས་ཀྱིས་བློ་བཟང་སེང་གེ་ལགས་ཀྱིས་གད་མོའི་གཏམ་དེ་དངོས་དོན་ལ་བརྩིས་ནས་གང་བྱུང་བཤད་པར་ཡོངས་གྲགས་ཐོག་དགོངས་སེལ་ཞུས་ཡོད།༽ཟེར་བའི་ཡི་གེའི་བར་ན་བྱེད་སྒྲས་ཁེངས་འདུག་པས་ནོར་འཁྲུལ་བྱེད་མཁན་དང་དགོངས་བསེལ་ཞུ་མཁན་སུ་ཡིན་ཤེས་མ་སོང་། གསལ་ཁ་དགོས་ལ་དགོངས་བསེལ་ཞུ་མཁན་དེས་ཡོངས་གྲགས་དགོངས་བསེལ་ཇི་ལྟར་བྱས་ཏེ་ཞུས་པ་རེད། བརྒྱུད་ལམ་ག་རེའི་ཐོག་ནས་དགོངས་བསེལ་ཞུས་ཡོད། ཡིག་ཐོག་ཏུ་ཡོད་དམ་ཇི་ལྟར་རེད་གསལ་པོ་འབྲི་རོགས། དེ་མིན་བསམ་དྲན་མེད་པར་མི་རབས་གསར་པར་རྒྱབ་སྐྱོར་གྱི་ཚུལ་དུ་བྲིས་པ་ཡིན་ན་ཆོ་མེད་རེད། མཁས་དབང་འཇམས་དབྱངས་ནོར་བུ་གོ་མྱོང་ཡང་དེ་ཙམ་མ་ཤེས་འོན་ཀྱང་ཁོང་གིས་མ་བརྟག་པར་མཆོངས་ཆོག་ཆོག་དང་། མགོ་རྟགས་ཞུ་ཆོག་ཆོག་ཞིག་གཏན་ནས་ཡོད་རྒྱུ་མ་རེད།

    Reply
  33. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ཆེད་རྩོམ་འདི་བློ་སེང་ལགས་ཀྱི་ཕྱག་བྲིས་མ་རེད་ཟེར། དེ་ལྟར་ཡིན་ནམ་མིན།

    Reply
  34. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    དེ་རིང་གུས་པས་དྲ་གྲོགས་རྣམས་ལ་།
    མ་འོང་བཀའ་ཁྲིའི་སྐོར་ལ་དོར་སྣང་ཆེན་པོའི་སྒོ་ནས་ཁྱེད་ཚོའི་བསམ་ཚུལ་དང་བཀླགས་མཁན་མང་པོ་བྱུང་ཡོད་པས་སྙིང་ཐག་པ་ནས་དགའ་བསུ་ཞུ།
    ༼ བློ་བཟང་སེང་གེ་མཆོག་ནི་ ༽
    རྒྱ་གར་ལ་མཚའ་ལོང་བྱུང་ཁན་ཞིག་དང་ཨ་རིའི་ལ་ལོ་བཅོ་ལྔ་སྡོད་མཁན་གྱི་བོད་ཕྲུག་ན་གཞོན་ཞིག་ཡིན་ན་ཡང་། ཁོང་གིས་བོད་སྐད་གཙང་མ་འདི་འདྲ་ཞིག་རྒྱབ་ཐུབ་པ་ལ་ལྟས་ན་། ཁོང་ནི་བོད་མི་རིགས་ལ་ལག་རྒྱ་ཆེ་ཞིང་སྙིང་སྟོབས་ལྡན་པའི་གངས་ཕྲུག་ཕོ་རྒོད་ཞིག་དུ་མཐོང་ངོ།

    Reply
  35. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 15 སྔོན།

    དྲ་གྲོགས་འོད་ཡུག་འཁྱམ་པོ་ལགས།
    བློ་བཟང་སེང་གེ་ལགས་ཀྱིས་ “ངས་རྒྱ་ནག་གི་ཨོ་བྷ་མ་བྱེད་འདོད་ཡོད།” ཅེས་པ་ཞིག་གསུང་མྱོང་འདུག་མོད་དེ་ནི་གད་མོ་ཁོ་ནའི་དོན་དུ་ཡིན་འདུག འདིའི་སྐོར་འཇམ་དབྱངས་ནོར་བུ་ལགས་ཀྱིས་ཀྱང་གླེང་སློང་གནང་ཡོད་ཅིང་རྗེས་སུ་ཁོང་གཉིས་བློ་ཁ་ཡོངས་སུ་འཆམས་ཤིང་། འཇམ་དབྱངས་ནོར་བུ་ལགས་ཀྱིས་བློ་བཟང་སེང་གེ་ལགས་ཀྱིས་གད་མོའི་གཏམ་དེ་དངོས་དོན་ལ་བརྩིས་ནས་གང་བྱུང་བཤད་པར་ཡོངས་གྲགས་ཐོག་དགོངས་སེལ་ཞུས་ཡོད། ད་འདི་ལྟ་འདྲའི་སྐོར་གླེང་གི་མ་བསྡད་ན་བཟང་སྙམ། མི་ལ་དགོད་གཏམ་ཞིག་ཀྱང་བཤད་དབང་མེད་པ་ཡིན་ནམ། ཁྱེད་རང་གིས་ཞལ་ཤོབ་ག་ཚོད་གནང་ཡོད་པ་ལ་དགོངས་པ་བཞེས་ཀྱི་ཡོད་དམ།

    Reply
  36. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    མཁས་དབང་བློ་བཟང་སེང་གེ་ལགས། སྔར་རང་ཨ་རིར་བསྡོད་སྐབས་ངས་རྒྱ་ནག་གི་མི་སེར་བཟོས་ཏེ་རྒྱ་ནག་གི་ཨོ་བྷ་མ་བྱེད་རྒྱུ་ཡིན་ཞེས་བརྗོད་པའི་སྐད་ཆ་དེ་བརྗེད་ཚར་ཏེ་ད་ཆ་བོད་པའི་ཨོ་བྷ་མ་བྱེད་འདོད་པ་ཁྱད་མཚར་རེད། དེ་ནི་ངོ་ཚ་བྲལ་བའི་གཞང་འཚོང་མ་དེ་ཚོའི་སྐད་ཆ་ལས་སྐྱོ་བ་མ་རེད་པས། ག་བ་གོ་སྐབས་རག་ན་དེ་ན་ཧམས་འཐོབ་བྱེད་པ་དེ་བོད་ལ་ཞ་ཞེན་ཡོད་པའི་རྟགས་ཡིན་ནམ།

    Reply
  37. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    གངས་ལྷ་མེ་ཏོག་མིང་འཛིན་པར་ཞུ་རྒྱུ་ཞིག་ནི། ཁྱེད་ཀྱི་མཆན་དུ་(འདྲ་རྐུ་བྱས་པའི་གང་ལྷ་མེ་ཏོག) ཞེས་བྲིས་ན་ཐལ་དྲག་འདུག་སྙམ། ངས་ཁྱོད་ལ་མི་དགའ་བ་དང་གནོད་པའི་ཚིག་གཅིག་ཀྱང་བྲིས་མེད་ལ་འབྲི་དགོས་དོན་ཡང་མི་འདུག རྒྱུ་མཚན་ང་རྐུ་མ་མིན་པས་སོ། ཁྱོད་ཀྱི་སྔོན་དུ་ང་ལ་རྐུ་མ་ཞེས་རང་ཉིད་ཀྱིས་གཞན་མིང་བརྐུས་པའི་ནག་ཉེས་ཚང་མ་ངའི་མགོ་ལ་གཡུག་གང་ཐུབ་བྱས་ཡོད་པ་དེས་རང་ཉིད་རྐུ་མ་མིན་པ་དག་སེལ་བྱེད་ཕྱིར་ཡིན་མོད། དགོ་བྲོ་ཞིག་ལ་ཁྱེད་ཀྱིས་ལུང་དང་རྒྱུ་མཚན་དེ་དག་ད་དུང་སྔ་དྲག་སོང་སྙམ། འུ་གཉིས་འདི་ནས་རྩོད་པ་ཇི་ལྟར་བྱེད་རུང་མཐའ་མའི་ཤན་འབྱེད་བྱེད་ཐུབ་མཁན་དེ་དུས་བབ་ཚང་གི་ཟིན་བྲིས་ཀྱི་བདག་པོ་ཡིན་པ་ལས་ང་མིན་ལ་ཁྱོད་དེ་བས་ཀྱང་ཡིན་མིན་སྲིད། དེ་བས་རྗེས་ཕྱོགས་སྐད་ཆ་བཤད་དུས་བསམ་བློ་ཡག་པོ་གཏོང་དགོས་པ་ཤེས་བར་གྱིས།

    Reply
  38. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    གྲོགས་ཤཱ་རིའི་བུ་ལགས། ཉིད་ནས་ལྗགས་ལན་གནང་བ་ཐུགས་རྗེ་ཆེ། ཉིད་ནས་མ་འགྲིག་པ་མི་དགོས་པ་ཞིག་བཤད་པ་དེ་འདི་རེད། ༼བཀའ་ཁྲི་ཕྱག་རོགས་རྣམས་ནི་ཡིན་གཅིག་གིས་ཆོལ་ཁ་རེའི་མི་རེ་འདམས་དགོས། དེ་ནི་གཅིག་བསྒྲིགས་གིས་མ་རྩ་ཡིན། ཆོས་རིགས་བཀའ་བློན་ནི་ས་སྐྱ་པའི་བླ་མ་ཞིག་འདམས་དགོས། དེ་ནི་བོད་རང་དབང་ལེན་པའི་རྟེན་འབྲེལ་ཡིན། ཕྱི་འབྲེལ་བཀའ་བློན་ནི་དབུ་གཙང་གིས་མི་ཞིག་བཞག་དགོས། དེ་ནི་ཁ་བདེ་ཡིན་པ་དང་སྤྲོ་ཐུང་མིན་པའི་རྒྱུ་མཚན་ཡིན། ཤེས་རིག་བཀའ་བློན་ནི་ཨ་མདོ་ཞིག་བཞག་དགོས། དེ་ནི་རང་རིགས་ཡི་གེ་ལ་མཁས་དབང་མང་པོ་ཡོད་པའི་རྒྱུ་མཚན་ཡིན། བདེ་སྲུང་བཀའ་བློན་ནི་ཁམས་པའི་མི་ཞིག་དགོས། དེ་ནི་དཔའ་རྩལ་ལྡན་ཞིང་བླ་མ་ལ་དད་གུས་ཆེ་བའི་རྒྱུ་མཚན་ཡིན། ༽ ཁ་དཔེར་གཏམ་ཨ་ཕའི་བཤད་རྒྱུ་ཨ་མས་བཤད། ཁྱི་བདག་པོའི་འགོག་རྒྱུ་མགྲོན་པས་བཀགས་ཞེས་པའི་དཔེ་ལྟར་མ་ཡིན་ནམ།

    Reply
  39. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་གངས་བུ་ལགས་དང་དྲ་གྲོགས་གཞན་ཚོས་མཁྱེན་རྟོགས་ཆེད་བློ་སེང་གིས་རྫུན་ཚིག་གམ་ཁྲམ་ཚིག་འགའ་ཞིག་ཁྱེད་རྣམ་པ་གསལ་དོན་བྱ་འདོད་བྱུང།
    ཁོ་བས་རྒན་རབས་པ་དག་དང་ལམ་དབུ་མར་རྒྱབ་སྐྱོར་བྱེད་མཁན་ཚོ་བློ་འགུག་ཐབས་སུ་ཁོ་བ་བཀའ་ཁྲིར་འོས་ཐོབ་ཚེ་དབུ་མའི་ལམ་ལ་ཤར་སྐྱོད་བྱ་རྒྱུ་ཡིན་ཞེས་དང་ཡང་ན་རང་བཙན་ལ་འདོད་མོས་ཡོད་མཁན་དག་དང་ན་གཞོན་རྣམས་བློ་འགུག་ཐབས་སུ་བཙན་བྱོལ་གཞུང་དེ་རྒྱལ་ཁབ་ཞིག་དང་རང་བཙན་ཡིན་པ་རྒྱལ་སྤྱིའི་ཐོག་ལ་འབད་བཙོན་བྱ་རྒྱུ་ཡིན་ཞེས་བརྗོད་སོང་།
    དྲ་གྲོགས་རྣམ་པ་གཟིགས་དང་གོང་གི་སྔ་ཕྱི་མི་མཐུན་པའི་གཏམ་བཤད་དེ་དག་བོད་རྒྱ་ཆེན་མི་མང་གི་ཆེད་དུ་བསམ་བློ་བཏང་ནས་བཤད་པ་ཞིག་དང་རེད་དམ།
    ཡང་ན་ཁོ་བ་སྒེར་ལ་ད་རེབ་འོས་ཤོག་ཐོབ་ཆེད་དུ་བཤད་པ་ཞིག་རེད་དམ།
    ཕྲན་གྱིས་རྒྱུ་མཚན་ཕྱི་མར་དེར་མོས་འདུན་བྱེད་ཀྱིན་ཡོད།

    Reply
  40. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    དུས་བབས་རྩོམ་སྒྲིག་པ་མཆོག་དང་བདག་མིང་འདྲ་རྐུ་བྱས་པའི་གང་ལྷ་མེ་ཏོག་ཟེར་མཁན་གཉིས་ལ་གསལ་བཤད་ཞུ་འདོད་པ་ཞིག་ནི་བདག་གི་ཟིན་བྲིས་ཀྱི་བདག་མིང་ལ་གངས་ལྷ་མེ་ཏོག་ཞེས་སྔར་ནས་བརྗོད་ཀྱི་ཡོད་ལ་སྔོན་ནས་ཆོ་རི་ཉི་མ་དང་ཟིན་བྲིས་པ་ག་གེ་མོ་དང་མཉམ་དུ་བློ་སྐྱེད་ཀྱི་ཚུལ་དུ་རྩོད་པ་རེ་ཟུང་རྒྱག་མྱོང་བའི་གངས་ལྷ་མེ་ཏོག་ཟེར་་མཁན་དེ་ཡིན་མོད་ད་ལྟ་ལ་བདག་མིང་བཀོལ་བསྐྱོད་བྱ་བཞིན་པའི་བའི་ཟིན་བྲིས་པ་ཞིག་འདུག་མོད་དེ་ནི་(nyima g ) མིན་པ་མཁྱེན་པར་མཛོད་རོགས་ཞེས་ཞུ་ཡ་ཡིན། མཆན་བཏབ་མཁན་ནི་དུས་བབས་རྩོམ་སྒྲིག་པ་མ་རེད་ལ་གང་ལྷ་མེ་ཏོག་རང་ཉིད་ཁོ་ན་ཡིན་ལ་དངོས་མིང་བེད་སྤྱོད་གཏང་མཁན་དེ་ཉིད་ཀྱི་བདག་པོ་ཡང་ཡིན། ལྦ་ཡེ་ཁྱོད་ཀྱི་ངའི་ཁ་བྱང་བེད་སྤྱོད་བྱས་པའི་རྐྱེན་གྱིས་མཆན་ཡིག་ལྡོག་ཕྱོགས་ཤིག་བྲིས་པ་ཡིན་ལ་རྐུན་མ་དེ་ལ་ཅག་ཅག་གི་ཚུལ་དུ་བྲིས་པའང་ཡིན། རྗེས་ནས་ཁྱོད་ཀྱི་བདག་མིང་གངས་ལྷ་མེ་ཏོག་ཞེས་བེད་སྤྱོད་མ་གཏང་རོགས་རེམ་རེམ་ཞེས་ཞུ་འདོད་བྱུང་།

    Reply
  41. ནད་པ says:
    ལོ་ 15 སྔོན།

    བཀའ་ཁྲིའི་འོས་གཞིར་མི་སྣ་དྲུག་བདམས་ཐོན་བྱུང་བ་དེར་དགའ་བསུ་ཞུ། སྐྱ་བོ་ཕོ་མོ་དང་། གྲྭ་བཙུན། བླ་སྤྲུལ། མི་རབས་གསར་པ། རྙིང་པ་སོགས་སུ་ཞིག་བཀའ་ཁྲིའི་ཞབས་སྟེགས་སུ་ཕེབས་ཀྱང་ང་ཚོས་དགའ་བསུ་ཞུ་དགོས།

    མི་དམངས་ཀྱིས་ཐད་ཀར་བདམས་པའི་བཀའ་ཁྲི་སུ་ཞིག་ཕེབས་ཀྱང་བོད་མི་རིགས་ཀྱི་མངོན་འདོད་ལྟར་བོད་རིགས་མི་དམངས་ལ་ཞབས་འདེབས་ཞུ་ཐུབ་པ་བྱེད་དགོས།

    བོད་རྒྱལ་ཁབ་ཟེར་བ་དེ་དང་བོད་མི་རིགས་ཟེར་བ་འདི་ད་ལྟའི་ཆར་ཆབ་སྲིད་དང་། བདག་དབང་། རང་ཡུལ། དཔལ་འབྱོར། མི་དམངས་ཀྱི་འཚོ་བ། རང་དབང་། སྤྱི་ཚོགས། རིག་གཞུང་། སྐད་ཡིག ཤེས་ཡོན་སོགས་ཕྱོགས་ཡོངས་ནས་གོད་ཆག་སྔར་བྱུང་མྱོང་མེད་པ་ཞིག་ཕོག་ནས་ད་ལྟའི་ཆར་ཅི་ཡང་མེད་པའི་ད་ཕྲུག་ཞིག་དང་ཁྱད་པར་གཏན་ནས་མེད་སྟབས་སྐོམ་པའི་དུས་སུ་ཆུ་ཞིག་བསྟེར་མཁན་དང་ལྟོག་པའི་དུས་སུ་ཟས་ཞིག་བསྟེར་མཁན་བྱུང་ཚེ་དེ་ནི་ས་མཐར་འཁྱམས་པའི་ད་ཕྲུག་ཚོའི་ལས་དབང་ཡིན།

    བོད་རྒྱལ་ཁབ་དང་བོད་མི་རིགས་འདི་ས་མཐར་འཁྱམས་ཤིང་མྱུལ་བའི་དྭ་ཕྲུག་གཅིག་ཡིན་སྟབས་ལས་དབང་ཧ་ཅང་ལྕི་བའི་འགན་འཁྲི་ཆེན་པོ་ཞིག་འཁུར་ཏེ་བོད་མི་རིགས་འདི་འཛམ་གླིང་སྟེང་ཡར་སློང་ཐུབ་མཁན་ཞིག་བྱུང་ཚེ་དེ་ནི་ང་ཚོ་ལྟོགས་རིས་ཀྱི་ཤི་ལ་ཉེ་བའི་བོད་རིགས་ཚོར་དགོས་པའི་དུས་སུ་བོད་ཀྱི་རྩམ་པ་དེ་ཀ་རང་ཡིན།

    གདམས་ལ་ཉེ་བའི་བཀའ་ཁྲིའི་དངོས་གཞིའི་སྐབས་སུ་མི་སྣ་གཉིས་ལས་དགོས་གལ་མ་མཆིས་སྟབས་འོས་ཤོག་ཉུང་བའི་མི་སྣ་བཀྲ་ཤིས་དབང་སྡུས་ལགས་དང་། རྒྱ་རི་སྒྲོལ་མ་ལགས། བསྟན་འཛིན་སྦྱིན་པ་ལགས། འཁོར་ལ་ཚང་བསོད་ནམས་སྟོབས་རྒྱལ་ལགས་བཅས་མི་སྣ་བཞིས་རང་ཁུལ་གྱི་དམངས་གཙོའི་བཟང་སྤྱོད་ཀྱིས་ཐོག་ནས་དགོངས་པ་ཞུ་དགོས།

    ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་རང་ཁུལ་དགོངས་ཞུ་གནང་ཡོད་པ་ལྟར་དངོས་གཞིའི་སྐབས་སུ་མི་སྣ་གཉིས་ལས་དགོས་གལ་མ་མཆིས་སྟབས་མི་སྣ་གཉིས་པོ་དེ་བློ་བཟང་སེང་གེ་ལགས་དང་བཀྲས་ཐོང་བསྟན་འཛིན་རྣམ་རྒྱལ་ལགས་གཉིས་པོའི་ཐོག་མི་དམངས་ཀྱིས་འོས་ཤོག་འཕེན་དགོས།

    དེ་ནི་བཙན་བྱོལ་བོད་གཞུང་དང་བོད་མི་རིགས་ཀྱིས་ཡང་དག་པའི་དམངས་གཙོའོ་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེང་ཏེ་༸ བཀའ་དྲིན་དང་མཁྱེན་རླབས་མཚུངས་་པ་མེད་པའི་བོད་ཀྱིས་༸ གོང་ས་ཡིད་བཞིན་ནོར་བུའི་ཅི་གསུངས་བཀའ་བཞིན་བསྒྲུབ་ནས་བོད་རྒྱལ་ཁབ་དང་བོད་མི་རིགས་འདི་འགྱེལ་ས་ཡར་ལངས་ཐུབ་ཆེད་གཞུང་དང་མི་དམངས་སྤྱི་ཡོངས་ཀྱིས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ཐུབ་པ་ཞིག་ཅིས་ཀྱང་བྱེད་དགོས།

    བོད་རྒྱལ་ལོ།

    Reply
རྗེས་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese