མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་མང་གཙོའི་ལམ་ལུཊ་དར་འཕེལ་གྱི་མཚོན་རྟཊ། བློ་བཟང་སེང་གེ

བོད་ཀྱི་དུས་བབ།
༢༠༡༠/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

བློ་བཟང་སེང་གེ ཨ་རི།

 

བོད་མི་མང་གིས་འོས་གཞི་བཏོན་པའི་བཀའ་བློན་ཁྲི་པའི་འོས་མི་རྣམས། ངས་ལྷག་བསམ་རྣམ་དག་གི་ཐོག་ནས་དང་ལེན་ཞུ་ཡི་ཡོད་ལ། མི་མང་གིས་བཀའ་སྤྱིའི་འོས་མི་ཚོར་འོས་གྲངས་༤༧༠༠༠ ལྷག་ཙམ་བླུགས་གནང་བ་དེ་ཤེས་རྟོགས་བྱུང་སྐབས་ཧ་ཅང་གི་དགའ་ཚོར་ཆེན་པོ་བྱུང་། གྲངས་ཚད་འདིའི་ཐོག་ནས་བལྟས་ན། བཙན་བྱོལ་ནང་ཡོད་པའི་བོད་མིའི་གྲངས་(སུམ་ཆ་གཅིག་)གིས་འོས་འཕེན་གྱི་ཆ་ཤ་བླངས་ཡོད་པ་དང། བཀའ་སྤྱི་གཉིས་ཀྱི་འོས་མི་ཚོར་ཧ་ཅང་གི་རྒྱབ་སྐྱོར་དང་ཡིད་ཆེས། སྐུལ་མ་གནང་བར་ལྷག་གསམ་ཟོལ་མེད་ཞུ་བ་དང་སྦྲགས་ནས། རྒྱབ་སྐྱོར་དང་སྐུལ་མ་སོགས་འདི་བཞིན་རྒྱུན་གནས་ཐུབ་པར་ཡིད་ཆེས་ཞུ་ཡི་ཡོད། འདི་དང་འབྲེལ་ནས་ངས་བཀའ་ཁྲིའི་འོས་མི་གཞན་དག་ཚོའི་ཆོད་སེམས་ལ་བཀའ་དྲིན་ཆེ་ཞེས་ཞུ་འདོད་བྱུང། གང་ཡིན་ཞེ་ན་འོས་མིའི་བགྲོ་གླེང་གི་བརྒྱུད་རིམ་ཁྲོད་དུ། ཁོང་རྣམ་པ་ཚོ་དང་ལྷན་དུ་གྲོགས་པོའི་རྣམ་པའི་ཐོག་ནས་མཉམ་ཞུགས་བྱས་ཐུབ་ཡོད་པས། ཁོང་རྣམས་ཀྱིས་ང་འོས་མི་ཚད་ལྡན་ཞིག་བཟོས་ཡོད་པ་རེད། ང་ཚོས་མཉམ་རུབ་ཀྱིས་འབད་བརྩོན་བྱས་པ་འདིས་དམིགས་འབེན་སྐྱར་གསོ་དང། དེ་བཞིན་འོས་འཕེན་དང་བོད་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་བརྒྱུད་རིམ་ལ་ནུས་ཤུགས་བསྐྱེད་པ་རེད་དྲན་གྱི་ཡོད།

 

སྐུ་ངོ་བཀའ་ཟུར་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་དང་མཉམ་དུ། ང་ལ་མི་མང་འདུ་འཛོམས་ཐོག་བགྲོ་གླེང་ཐེངས་བདུན་ཙམ་བྱས་པའི་གོ་སྐབས་བཟང་པོ་ཐོབ་ཡོད་པ་དང།  དེ་བཞིན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་དང་ཚོགས་གཞོན་རྒྱ་རི་སྒྲོལ་མ་ལགས། བཤེར་དཔང་ཕུར་བུ་རྡོ་རྗེ་ལགས་བཅས་དང་ལྷན་དུ་བགྲོ་གླེང་ཐེངས་གཉིས་ཙམ་བྱེད་རྒྱུའི་གོ་སྐབས་ཐོབ་ཡོད་པ་རེད། བཀའ་ཟུར་བཀྲིས་དབང་འདུས་ལགས་དང་དྲུང་ཟུར་བློ་བཟང་སྦྱིན་པ་ལགས། དྲུང་ཆེ་བསོད་ནམས་སྟོབས་རྒྱལ་ལགས་རྣམ་པ་གསུམ་གྱིས། དྲ་ལམ་ཁག་དང་དེ་མིན་གྱི་གླེང་སྟེགས་བརྒྱུད་ནས་ཁོང་རྣམས་ཀྱི་ལམ་ལུགས་གསལ་འདོན་གནང་ཡོད་པས། འཛམ་གླིང་ཐོག་ཡོད་པའི་བོད་མི་ཚོས་འོས་འཕེན་གྱི་བརྒྱུད་རིམ་ཁྲོད་ནས་བཀའ་ཁྲིའི་འོས་མི་ཚོའི་མཁྱེན་རྒྱ་དང་།  འོས་མི་དེ་དག་གི་ལམ་ལུགས་མི་འདྲ་བ་རྣམས་ཉེ་པོའི་ཐོག་ནས་མཐོང་ཡོད་པ་རེད། བརྒྱུད་རིམ་འདི་འདྲ་བ་འདས་པའི་ལོ་རྒྱུས་ནང་བྱུང་མྱོང་མེད་པ་ཞིག་རེད་ལ།  གྲུབ་འབྲས་འདི་ལྟར་ཐོབ་པ་འདིའང་༧གོང་ས་མཆོག་གིས་དུས་རྟག་ཏུ་བོད་པའི་མང་གཙོའི་ཐད་ལ་ལམ་སྟོན་བཀའ་སློབ་གནང་བ་དེའི་འབྲས་བཟང་མངོན་དུ་གྱུར་པ་ཞིག་ཡིན་པ་དང། དེ་དང་འབྲེལ་ནས་རྒྱ་གཞུང་དབང་ཆ་གཅིག་བསྡུས་རིང་ལུགས་ཀྱིས། བཙན་བྱོལ་ནང་གི་བོད་མི་ཚོས་ལམ་ལུགས་རྙིང་པ་བསྐྱར་གསོ་བྱེད་ཀྱི་ཡོད་རེད་ཟེར་བའི་བསྒྲགས་གཏམ་ཁག་ལ། གནད་ལ་འཁེལ་བའི་བརྡ་ལན་གསལ་པོ་ཞིག་ཀྱང་རེད་དྲན་གྱི་ཡོད།

 

ངས་གོ་སྐབས་འདི་བརྒྱུད་ནས། རྒྱབ་སྐྱོར་བ་ཚོས་ཕྱོགས་སུ་མ་ལྷུང་བ་དང་གཟབ་ནན་གྱི་ཐོག་ནས་བཀའ་ཁྲིའི་འོས་མི་ཚོར་རྒྱབ་སྐྱོར་གནང་བར་ལྷག་བཟམ་ཟོལ་མེད་ཀྱིས་བཀའ་དྲིན་ཆེ་ཞུ་རྒྱུ་དང།  དེ་དང་འབྲེལ་ནས་སླད་ཀྱི་ཆར་ཡང་རྒྱབ་སྐྱོར་བ་ཚོས་བཀའ་སྤྱི་གཉིས་ཀྱི་འོས་མི་སུ་ཡི་ཆེད་དུ་ལས་འགུལ་སྤེལ་ནའང། མཐུན་པའི་ཆ་གཙོ་བོ་དང། དེང་རབས་དང་མཐུན་པ། བག་དང་ལྡན་པའི་ཐོག་ནས་རྒྱབ་སྐྱོར་གནང་རོགས་ཞེས་རེ་སྐུལ་ཞུ་རྒྱུ་དང་། འདི་ལྟར་བྱུང་ན་བོད་ཀྱི་མང་གཙོའི་ལམ་ལུགས་དང་རྩ་དོན་རྣམས་ནུས་ཤུགས་དང་ལྡན་པ་ཞིག་ཆགས་ཀྱི་རེད། དེས་ན་ཕོ་མོ་སུ་འདྲ་ཞིག་ནུས་སྟོབས་ལྡན་པའི་གནས་བབས་དེའི་ཐོག་ཕེབས་སྐབས། བཙན་བྱོལ་བོད་གཞུང་དང་བཙན་བྱོལ་ནང་གི་མི་མང་གཅིག་པུའི་ཆེད་དུ་ལས་དོན་བསྒྲུབ་རྒྱུ་མིན་པར། བཙན་འཛུལ་འོག་ཏུ་ཡོད་པའི་བོད་ནང་གི་བོད་མི་ཚོའི་དཀའ་ལང་རྣམས་སེལ་ཐབས་དགོས་པ་དང་རང་དབང་ཐོབ་དགོས་པ།  དེ་བཞིན་༧གོང་ས་མཆོག་ཕོ་བྲང་པོ་ཏཱ་ལའི་ནང་གདན་འདྲེན་ཞུ་ཐུབ་དགོས་པ་བཅས་རེད ། བོད་རྒྱལ་ལོ།

 

 

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

ཆུ་ཚོད་ ༡༩ སྔོན་ལ།
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

ཆུ་ཚོད་ ༡༩ སྔོན་ལ།
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

ཆུ་ཚོད་ ༢༣ སྔོན་ལ།
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

ཆུ་ཚོད་ ༢༤ སྔོན་ལ།
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢
༸གོང་ས་མཆོག གསར་འགྱུར།

ཡེ་ཤུ་ཆོས་དཔོན་ཕོབ་ལེའོ་མཆོག་ལ་༧གོང་ས་མཆོག་དང་ལྷན་དུ་མགྱོགས་མྱུར་མཇལ་འཕྲད་གནང་བའི་འབོད་སྐུལ་ཞུས།

༢༠༢༥/༠༥/༢༢

མཆན། 91

  1. Ngawang Norbu says:
    ལོ་ 15 སྔོན།

    འོད་ཡུག་འཁྱམས་པོ་ལགས། ཁྱེད་རང་དངོས་འབྲེལ་འོད་ཡུག་འཁྱམས་པོ་རང་རེད་འདུག དེ་འདྲ་བའི་མིང་དོན་མཚུངས་པ་ད་རིང་མ་གཏོགས་མཐོང་མ་མྱོང་། བཤད་རྒྱུའི་སྐད་ཆ་དེ་ཚོ་ཡང་ལས་མེད་འཁྱམས་པོའི་སྨྱོ་གཏམ་ཤ་ཅིག་རེད་འདུག ཁྱི་རྒན་ཀུ་ཅོ་འདོན་བཞིན་བསྡོད། གླང་ཆེན་དལ་གྱི་མདུན་བསྐྱོད་བྱེད།

    Reply
  2. ཤྰ་རིའི་བུ། says:
    ལོ་ 15 སྔོན།

    བསྟན་འཛིན་ཚེ་མཚོ་ལགས་ནས་བསམ་ཚུལ་གསུང་པ་ལ་ཐུགས་རྗེ་ཆེ། དེས་ན་གང་འདྲ་ཞིག་དགོས་པ་གསལ་བཤད་ཞིག་གནང་རོགས། གུས་པ་ལ་བཀའ་ཀྱོན་མ་གནང་རོགས། མ་འགྲིག་པ་དེ་གང་ཡིན་ན་གསུང་རོགས་གནང་། གཞན་རང་ཕྱོགས་ལ་མི་འགྲིག་པ་ཅུང་བྱུང་བ་དང་གང་འབྱུང་གསུང་མི་རུང། དེ་འདྲ་རྐྱེན་པའི་ད་དབར་ང་ཚོ་ལས་ཀ་འདི་ལྷག་པ་རེད། ཁ་ཐུག་གསུང་དང་། ངོས་ལེན་ལོས་བྱེད། དེ་མིན་ཅི་ཟེར་མི་ཤེས་པའི་ཁྱེད་ལག་པ་དལ་ཆ་ཆེ། དྲ་གྲོགས་མང་པོ་གཞུང་ལས་ཐུགས་འཁུར་ཐོག་ནས་གསུང་འདུག་པའི་དགའ་བ་ཆེ། ཕ་ཡུལ་དང་ཆོས་ལུགས། ཆོལ་ཁ་སོགས་དུས་ནམ་ཡང་མ་བྲིས་རོགས། དེ་ནི་གཅིག་བསྒྲིགས་གིས་བཀག་རྡོ་ཡིན། ལས་འབྲས་དཔང་ལ་བཞག་ནས་ལས་ཞིག་གནང་རོགས་ཞུ། གངས་ཅན་པ་ཚོ། རྩམ་པ་ཟ་ཤེས་ན་དེ་བདག་པོ་རྒྱག་དགོས་པ་ཤེས་དགོས། མིང་རྫུན་འོག་ནས་གང་འབྱུང་བྲིས་ན་དགེ་མཚན་དབེན།

    Reply
  3. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 15 སྔོན།

    ད་མཐོན་བྱུང་མི་རབས་གསར་པ་ཞེས་པའི་སྤྱི་ཚོགས་ཀྱི་མཁས་དབང་དེའི་རྩོམ་བྲིས་ཕེབས་སོང་། བརྗོད་རྗོད་བྱེད་དག་ཆ་དང་བཅས་པར་བསམ་དྲན་མེད་པའི་མཁས་དབང་དེའི་ལག་བྲིས་སླེབས་སོང་། ད་དུང་སྨྱུག་ཐོག་པ་རྣམས་ཀྱིས་གང་ཡོད་ཀྱིས་ཁོ་ལ་རེ་བ་བྱེད་བཞིན་བསྟོད་ར་བྱེད་པ་ནི་དོན་དུ་བསམ་དྲན་གང་ཡང་མེད་པ་མ་ཟད་འགན་ཁྲི་ལ་དོ་སྣང་མེད་པའི་རྟགས་རེད།
    མི་རབས་གསར་པ་ཞེས་པའི་སྐད་ཆ་དེ་འཕྲོས་ཏེ་ད་བཟོད་ཁོང་དངོས་སུ་བཀའ་ཁྲིའི་འོས་མིར་མཐོན་བྱུང་། ངོ་མ་ཁྱེད་བློ་རིག་བཀྲ་ལ་སྤྱང་དྲུང་ལྡན་སོང། ཁྱེད་ལ་མི་རབས་གསར་པ་ཞེས་པའི་ཐ སྙད་སྐམ་པོ་དེས་རྒྱབ་སྐྱོར་བྱས་སོང་། དེ་ནི་དགོས་མེད་ཀྱི་བོད་མི་མང་གི་གྱོང་གུན་རེད། ཁྱེད་བཀའ་ཁྲིར་ལངས་པའི་ཉིན་ནས་ང་ཚོ་བོད་པ་ཚང་ལ་འདྲེ་ལག་བསྐྱངས་སོང་་།་ བོད་པ་ཚང་གི་གཞུང་ཞབས་ཚོའི་བློ་སྙིང་དཔྲལ་སོང་། གཞུང་ལ་གྱོང་གུན་ཕོབས་སོང་། མདའ་ཁྲུག་ཕུ་ཁྲུག་ཆགས་སོང་། གཞུང་དོན་ཉིན་འགྱངས་ཕྱིན་སོང་། མི་རབས་གསར་པ་སླེབས་སོང་། ང་འཇོན་ངས་ཤེས། ང་ལས་ལྷག་པ་མེད་པའི་ཁ་སྟོང་པའི་ལྕེ་རིང་མནར་བཞིན་པའི་བློ་བཟང་སེང་གེ་སླེབས་སོང་། སྒོར་མོས་རྒྱབ་རྟགས་ཉོས་ཏེ་འཛམ་གླིང་ཡོངས་སུ་སྐོར་སོང་། རྩོམ་བྲིས་དྲན་གཡོག་མཉམ་སྦྱར་བྱས་ཏེ་དུས་བབ་ནང་དུ་ན་གཞོན་མགོ་འཁོར་བསླུ་བྲིད་བྱེད་པར་སླེབ་སོང། དོན་དུ་བོད་དང་མི་རིགས་སྐད་ཡིག་རང་བཙན་བཅས་ལ་ཞེན་ཅིང་དུང་བའི་ཕོ་རྒོད་མོ་རྒོས་ཡིན་ན་འགག་རྩའི་དུས་སུ་བསམ་དྲན་དགོས་ལ་མ་འོངས་བོད་པའི་ཕུགས་བརྒྱངས་ལ་བསམ་ཞིག་བྱེད་རན། མགོ་བསྐོར་མ་ཐེབ་མི་རབས་གསར་པ་ལགས།

    Reply
  4. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    ད་ནི་དྲ་གྲོགས་ཚོའི་
    རྒྱུ་མཚན་དང་གནས་ལུག་མེད་པའི་རྨྱོག་གླེང་མང་དག་ཞིག་རྩོད་ཀྱི་ཡོད་པས་གོ་རྒྱུ་མེད་། གུས་པས་ལྟས་ན་མ་འོང་བཀའ་ཁྲི་དེ་ཕལ་ཆེར་བློ་སེང་ཐབས་པར་ངེས་བསམ་།
    གལ་དེ་བློ་སེང་ཁྱེད་རང་ཐབས་ན་ཤེས་འཇོན་ལྷག་བསམ་སྙིང་སྟོབས་ལྡན་པའི་ཚོགས་གཙོ་སྤན་འབར་ཚེ་རིང་མཆོག་བཀའ་བློན་གཅིག་ངེས་པར་དུ་བདམས་གལ་ཆེ་བ་མཐོང་ལགས་།

    Reply
  5. རིགས་པ་སྨྲ་བ། says:
    ལོ་ 15 སྔོན།

    དྲྭ་གྲོགས་གནས་ཚང་ལགས། ཁྱོད་ཀྱིས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཁྱད་གསོད་བྱས་པའི་རྗེས་སུ་ད་ལྟ་ཡང་ཆོལ་ཁའི་ཕྱོགས་ཞེན་གྱི་ངན་ཚིག་མང་པོ་སྨྲ་བཞིན་ཡོད་པས་དེ་ལ་གཟབ་པར་དགོས་པ་དང་གསར་དུ་འཐོན་བཞིན་པའི་མཁྱེན་ཡངས་ཀྱི་བཀའ་ཁྲི་གསར་བའི་འོས་མི་བློ་བཟང་སེང་གེ་ལ་འོས་བསྡུའི་ཁྲོད་དུ་གནོད་པ་མི་ཡོང་བར་བྱེད་པ་དང་ང་ཚོ་ཚང་མ་དཀའ་སྡུག་གི་འོག་ཏུ་གནས་པའི་བོད་རིགས་ཤིག་ཡིན་པའི་འདུ་ཤེས་ཐུགས་ལ་མངའ་བར་ཞུ།

    Reply
  6. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་བསྟན་འཛིན་ཚེ་འཚོས་དྲ་གྲོགས་གནང་ཚང་ལ་ཟུར་ཟའི་སྐད་ཆ་༼བློ་སེང་གིས་ལི་ཐང་བ་ཞེས་འོས་ཐོབ་ཆེད་དམིགས་བསལ་གཅིག་ཡིན་མདོག་གིས་སྤྲེལ་ལད་ཞིག་འཁྲབ་ཡོད་ན་མ་གཏོགས། ལི་ཐང་བ་དམིགས་བསལ་གཅིག་ཡིན་ཞེས་གསུངས་མེད་པར་འདོད། ༽འདི་བཤད་འདུག
    དེ་ནི་དངོས་ཡོད་ཀྱི་གཏམ་མ་ཡིན་ཏེ་བློ་སེང་ཁོ་བས་ལི་ཐང་གི་འདུ་འཛོམས་སྐབས་བཤད་པའི་སྐད་ཆར་གཟིགས་ན་དེས་བསྟན་འཛིན་ཚེ་འཚོ་ཁྱེད་གཏམ་དེ་འཆལ་གཏམ་ཡིན་པ་དོན་དངོས་ཀྱི་ར་སྤྲོད་བྱེད་ཐུབ།

    Reply
  7. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་གངས་བུ་ལགས་ཁྱེད་ཀྱིས་༼ངས་གོ་མ་སོང་། ༽ཞེས་བྲིས་འདུག།
    དེར་རྒྱུ་མཚན་གང་ཡང་མཐོང་མ་སོང་དཔེར་ན། ཁྱེད་ཀྱིས་ཟ་མ་མྱོང་བའི་ཟས་དང་འགྲོ་མ་མྱོང་ས་ཆ་ད་དུང་ཡང་རྒྱ་ཆེན་པོ་ཡོད།
    དེ་ཡང་རྣམ་འགྲེལ་ལས། མ་མཐོང་ཕྱིར་ན་མེད་པ་མིན།། ཞེས་གསུངས་པའི་ཕྱིར་རོ།

    Reply
  8. གནས་ཚང་། says:
    ལོ་ 15 སྔོན།

    སྤྲོ་ཚིགས་དགེ་འདུན་ལགས། ཡག་པོ་བྱུང་ཤག ཐུགས་རྗེ་ཆེ། དེ་མིན་གཞན་དག་བསྟན་འཛིན་ཚེ་འཚོར་ཕུལ་བའི་ལན་དང་གཅིག་ཡིན།

    Reply
  9. གནས་ཚང་། says:
    ལོ་ 15 སྔོན།

    བསྟན་འཛིན་ཚེ་མཚོ་ལགས། མ་གཞི་ང་རང་ཡང་ཆོལ་ཁའི་ཞེན་ཁོག་མེད་མཁན་ཞིག་ཡིན་པར་མ་ཟད། པཱ་ལེ་བཙོང་བ་ནས་མི་རིགས་དབྱེ་འབྱེད་ཀྱང་བྱེད་མིརུང་གི་བསམ་མཁན་ཞིག་ཏུ་གྱུར་སོང་། ཡིན་ནའི། དྲང་པོར་ཞུས་ན། དབུ་ཁྲིད་ཅིག་དང་། མི་དྲག་ཅིག་ཡིན་ན་རང་ཉིད་སོ་སོའི་ཡོངས་ཁུངས་བརྗོད་མི་ཐུབ་པའམ། མི་བཤད་མཁན་ཞིག་ཡིན་ཚེ་དེ་ནི་ཟོལ་བཅོས་རེད་ལ། ཉེན་ཁའང་རེད། བོད་ལ་ཆོལ་ཁའི་ཐ་སྙད་བྱུང་ནས་ལོ་བདུན་བརྒྱ་ལྷག་ཕྱིན་ཡོད་ཅིང་། སྡེ་བ་ཚོ་བའི་ཐ་སྙད་བྱུང་ནས་མི་ལོ་སྟོང་ཕྲག་མང་བོ་སོང་ཡོད་ཙང་། དེ་ཉིན་གཅིག་དང་གཉིས། ཡང་ན། ཟླ་གཅིག་དང་གསུམ་མམ། ལོ་གཅིག་དང་གཉིས་ཀྱི་ནང་ལ་འགྱུར་བ་གཏོང་ཐུབ་པ་ཞིག་མིན་ལ། ཉུང་མཐར་མི་རབས་ཁ་ཤས་ཤིག་བརྒྱུད་དགོས་ཀྱི་ཡོད། ཡང་ཅིག་བཤད་ན། འདིའང་སྲོལ་རྒྱུན་རིག་གཞུང་གི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། མི་རིགས་འདི་སྲ་ཐག་ཆོད་ཀྱི་རྒྱུན་ཐག་གཙོ་བོ་ཞིག་ཀྱང་ཡིན། གལ་སྲིད་རྒྱུན་ཐག་འདི་ཆད་པ་ཡིན་ན། མི་རིགས་འདིའི་ངོ་བོའང་གཞན་ཞིག་ཏུ་འགྱུར་ཡོད། དེ་བས། བཀའ་ཁྲི་ཨ་མདོ་བ་ཡོང་ཆོག་གི་རེད་ལ། ཁམས་པ་དང་དབུས་གཙང་བའང་ཡོང་ཆོག་གི་རེད། གཙོ་བོའི་ནང་གི་གཙོ་བོ་ནི་མི་དེར་དབུ་ཁྲིད་ཀྱི་ནུས་པ་འདུག་གམ་མི་འདུག བོད་ཕྱི་ནང་གཉིས་ལ་ཤ་ཚ་འདུག་གམ་མི་འདུག རྒྱ་གཞུང་ཤེས་པའི་བློ་མིག་ལྡན་ནམ་མི་ལྡན། རྩོད་རྙོག་འདུག་གམ་མི་འདུག དེ་ལྟ་མི་ལྡན་ན། མང་གཙོའི་ཐོབ་དབང་སྤྱད་ནས་འོས་ཤོག་ཕྱིར་འཐེན་ཆོག་གི་རེད། དེ་གཅིག་ཡིན།

    གཞན་སྤྱི་མི་ཞེས་པ་དེའང་ཡོངས་ཁུངས་ཆོལ་ཁ་ཡིན་ཆོག་གི་རེད་ལ། སྡེ་བ་ཚོང་བའང་ཡིན་ཆོག་གི་རེད། དེ་ལྟ་མིན་ན། དམིགས་བསལ་སྐུ་ཚབ་རྒྱ་རི་བློ་གྲོས་རྒྱལ་མཚན་ཞེས་འབོད་དུས་ཡོངས་ཁུངས་ཁམས་རྒྱ་རི་ནས་ཡིན་ཞིང་། བོད་ཀྱི་དབུ་ཁྲིད་ཀྱི་དམིགས་བསལ་སྐུ་ཚབ་ཞེས་སྟོན་བཞིན་པ་མིན་ནམ། འོ་ན། འདིའང་སྤྱི་མིའི་མཚན་ཉིད་ཚང་མི་འདུག་ཅེས་ངོ་རྒོལ་བྱེད་ཀྱི་ཡིན་ནམ།

    བློ་སེང་གིས་མ་གཞི་ལི་ཐང་བ་ཡིན་ཞེས་ན། འོས་ཐོབ་རེག་ཆེད་ཡིན་པའི་ཁྱབ་ཀྱི་མ་རེད་ལ། དེ་ལས་ཀྱང་ཕ་ཁུངས་མ་ཁུངས་མི་བརྗེད་པའི་བུ་ཞིག་ཡིན་པ་དེ་སྔོན་འགྲོ་དང་། བུ་འདིས་རང་གི་མི་རིགས་ཀྱང་བརྗེད་ཀྱི་མ་རེད་ཅེས་སྔོན་འགྲོའི་ཆ་རྐྱེན་དེར་ལྟོས་ནས་བརྗོད་ཆོག་གི་ཡོད་པ་རེད།

    གལ་སྲིད་ཁྱེད་རང་གིས་འདི་དག་རྫོབ་ཏོ་རེད་བསམ་ན། ཁྱེད་རང་གིས་ཐོག་མར་གྲུབ་མཐའ་ཁག་གཅིག་གྱུར་ཇི་ལྟར་བཟོ་རྒྱུ་ཡིན་པ་དང་། དེ་ནས་ཆོལ་ཁ་དང་ལུང་ཚན། སྡེ་བ་ཚོ་བ་བཅས་གཅིག་གྱུར་ཡོང་ཐབས་ཀྱི་ཐབས་ལམ་དང་ལག་ལེན་ནང་འདེབས་སྟངས་གསལ་བོ་ཞིག་ཕྲིས་དང་། མི་མང་ལ་རིམ་པས་གོ་རྟོགས་སད་མི་སྲིད་པའང་མ་རེད།

    Reply
  10. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    གནས་ཚང་ལགས་ངོ་མ་ཐུགས་ལ་མ་ཕོག་ཞུ་རྒྱུ་ཡིན
    དྲང་གཏམ་དང་ཚིག་རྩུབ་གཉིས་ལ་ཡིད་གཟབ་བྱོས།་དེ་གཉིས་གཅིག་གཏད་ནས་མིན
    ངོ་མ་བཤད་ན་ཆོལ་ཁ་དང་ཆོས་ལུགས་མཐལ་ན་ལུང་ཚན་སོགས་ཀྱི་ཞེན་ཁོག་མེད་མཁན་ཧ་ཅིང་དཀོན། འོན་ཀྱང་།ཧ་ཅིང་ཐལ་ཆེ་ན་ཕན་པ་ལས་གནོད་ཆེ་བ་ཤེས་ན་རེད།
    ཁྱེད་དང་ང་ངོ་མི་ཤེས་ཀྱང་ཁྱེད་ཀྱི་བདག་དགེ་འདུན་པ་ཞིག་དུ་མཐོང་སྤྲད་པས་ན་་་་་བསླབ་བྱ་ཡིན།
    རེ་བ་ལ་ཁྱེད་ཀྱི་བསླབ་བྱ་དེ་ལེན་ཤེས་པར་བྱོས།

    Reply
  11. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    དུས་བབ་རྩོམ་སྒྲིག་པ་ལགས། ཁྱེད་ཚང་གི་ཟིན་བྲིས་གཉིས་ལ་མིང་གཅིག་ལྟ་བུ་བཟོས་ཡོད་དམ། ཕྲན་གྱིས་ཟིན་བྲིས་མིང་ལ་གངས་ལྷ་མེ་ཏོག་ཟེར་ཞིང་དུས་ཚོད་ཀྱི་དབང་གིས་ནམ་རྒྱུན་མཆན་འབྲི་ཐུབ་གིན་མེད། ཡིན་ན་ཡང་དེ་རིང་བློ་བཟང་སེང་གེའི་རྩོམ་ཡིག་དེ་ཀློག་དུས་གངས་ལྷ་མེ་ཏོག་ཟེར་བའི་ཟིན་བྲིས་པ་ཞིག་གིས་མཆན་བཏབ་འདུག་ལ་མཆན་བུ་དེ་ཡང་ངའི་བསམ་བློའི་ཁ་ཕྱོགས་དང་རྦད་དེ་ཐ་དད་པ་ཞིག་བྲིས་འདུག དེ་བས་ངའི་རེ་བ་ལ་ཁྱེད་རྩོམ་སྒྲིག་པས་ངའི་ཁ་བྱང་བེད་སྤྱད་དེ་འབྲི་གི་ཡོད་དམ་ཡང་ན་ཁྱེད་ཚང་གི་དྲ་ངོས་ན་གངས་ལྷ་མེ་ཏོག་མིང་འཛིན་ཅན་གཉིས་ཡོད་འདུག ཉིད་ཀྱི་རེ་བར་ཁྱེད་ཀྱི་གང་མགྱོགས་ངང་གནད་དོན་དེ་གསལ་འདེབས་ཡོང་བའི་རེ་བ་ཡོད།

    Reply
  12. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    གནས་ཚང་ལགས། གསལ་བརྗོད་བྱས་པར་ཐུགས་རྗེ་ཆེ། ང་ཚོའི་གླེང་དགོས་ས་ཞིག་ཡོད་ན་མི་དེའི་གཤིས་སྤྱོད་དང་མཁྱེན་རྒྱ། ཡོན་ཏན། དམིགས་འདུན་སོགས་གླེང་དགོས་པ་ལས། འཕྲལ་མར་ས་ཕྱོགས་དང་ངན་གོམས་སུ་སོང་བའི་འཐེན་དབང་དེས་ཡིན་མདོག་གི་རྫིག་ཉམས་དང་། སྦམ་མདོག་གི་སྤོབས་ཉམས་དེ་སྟོན་མི་རུང་བ་ངེས་དགོས། གལ་སྲིད་བློ་སེང་ལགས་བཀའ་ཁྲི་འོས་འདེམས་དངོས་སུ་བྱུང་རྗེས་བློ་སེང་ལི་ཐང་གི་མི་མ་རེད་ལ། ཁམས་པའི་མི་ཡང་མ་རེད། བློ་སེང་ནི་བོད་སྤྱི་ལ་དབང་བའི་བོད་མི་ཞིག་ཡིན་པ་ལས་བྱེ་བྲག་པ་ཞིག་གི་མི་བྱེད་མི་རུང་པ་དེ་ཡང་ཤེས་དགོས།
    དེ་བས་བློ་སེང་གིས་ལི་ཐང་བ་ཞེས་འོས་ཐོབ་ཆེད་དམིགས་བསལ་གཅིག་ཡིན་མདོག་གིས་སྤྲེལ་ལད་ཞིག་འཁྲབ་ཡོད་ན་མ་གཏོགས། ལི་ཐང་བ་དམིགས་བསལ་གཅིག་ཡིན་ཞེས་གསུངས་མེད་པར་འདོད། སྤྱིར་ཁྱེད་དང་ངེད་གཉིས་ནས་རྩོད་པ་གང་ཡང་མིན་མོད་སྤྱི་ཚོགས་ནང་ས་ཕྱོགས་དང་རང་ཕྱོགས་ཀྱི་སྐྱུར་དྲི་ཁ་བའི་རྫོབ་ཐོ་དག་གཡུག་རན་རེད་བསམ།

    Reply
  13. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    གངས་ལྷ་མེ་ཏོག་ལགས་ཁྱེད་ཀྱིས་འདི་འདྲ་ཞིག་གསུངས་འདུག་་་《འཁྱོགས་གཏམ་ཁོ་ན་བཤད་མཁན་ཧོར་བུ་དང་རྒྱང་ལྟ་སོགས་རེ་གཉིས་བསྐྱར་དུ་ཞུ་འདོད་བྱུང་། གང་ཡིན་ཞེ་ན་བློ་བཟང་སེང་གེའི་ད་བར་དུ་ས་གནས་མང་པོ་ཞིག་ལ་སོང་ནས་བསམ་ཚུལ་བཤད་ཡོད་རེད། དེའི་ནང་དུ་དམངས་གཙོའི་སྐོར་མ་གཏོགས་མེད་ལ་འཛིན་རྒྱུའི་ཚིག་གང་བཤད་ཡོད།》ཞེས་གསུངས་ལུགས་བལྟས་ན་ཁྱེད་ཀྱིས་མཁས་དབང་བློ་བཟང་སེང་གེའི་བོད་དོན་འཐབ་རྩོད་ཀྱི་ནུས་པ་བཅུ་གསུངས་པ་དེར་ཧ་མ་གོ་པར་འདྲ། མང་གཙོ་གཅིག་པོ་ག་ལ་ཡིན།་་་ཧ་ཧཧཧ

    བློ་བཟང་སེང་གེ་ཡིས་ངོས་འཛིན་གནང་བའི་ནུས་པ་བཅུ་ནི། ཆབ་སྲིད་ཀྱི་ནུས་པ་དང་མི་དམངས་ཀྱི་ནུས་པ། དངུལ་གྱི་ནུས་པ། དྲག་པོའི་ནུས་པ། ཁྲིམས་ཀྱི་ནུས་པ། ཁོར་ཡུག་གི་ནུས་པ། ཞི་བའི་ནུས་པ། གཟི་བརྗིད་ཀྱི་ནུས་པ།ཆིག་སྒྲིལ་གྱི་ནུས་པ། ཤེས་ཡོན་གྱི་ནུས་པ་བཅས་རེད་ཞེས་གསུངས་ཡོད།
    གངས་ལྷ་མེ་ཏོག་ཁྱེད་རང་གིས་མི་གཞན་ལ་སྐྱོན་བརྗོད་བྱེད་བསམ་ན་དང་པོ་ཡག་པོ་འགོ་ཚུད་པ་གྱིས། ཁྱེད་དང་ང་ལྟ་བུ་གཉིས་ཀྱིས་ནུབ་པ་བཅུ་ལ་སློབ་སྦྱོང་པ་ལ་ལོ་བཅུ་དུས་ཚོད་གཏོང་དགོས་པ་མི་འགྲོ་སྙམ།

    Reply
  14. གནས་ཚང་། says:
    ལོ་ 15 སྔོན།

    བསྟན་འཛིན་ཚེ་འཚོ་ལགས། སྐད་ཆ་བཤད་དུས་ཐག་བཅད་ནས་བཤད་མ་ཡོང་། ལི་ཐང་བློ་བཟང་སེངྒེ་ལགས་ན་ནིང་ལི་ཐང་གི་འདུ་འཛོམས་སྒང་ཕེབས་སྐབས་ཀྱི་བརྙན་ཐག་ལ་ལྟོས་དང་བློ་སེང་གིས་ལི་ཐང་ཇི་ལྟར་བརྗོད་ཡོད་པ་ཤེས་ཐུབ། ༼བསྟོད་མིན་དམོད་མིན་མི་ཤེས་བ་ཞིག་བརྗོད་འདུག༽གམ། རྣར་མི་འགྲོ་ན་༼བཙན་རྒོལ་རྒྱལ་སྐྱོབ༽ཞེས་པའི་དེབ་ཕྲེང་དེར་ག་ལེར་གཟིགས། དེ་ནས་ཁྱོད་ལ་ལི་ཐང་བ་གཡུལ་ལ་ཆས་པ་འདི་འདྲ་ཞིག་རེད་ཅེས་པའི་ལན་གསལ་བོ་ཞིག་བཏབ་ཡོང་། གཞན་བློ་བཟང་སེངྒེ་གཙོས་བློ་བཟང་རབ་རྒྱས་དང་བཀྲ་ཤིས་རབ་རྒྱས་སོགས་ལ་ལྟོས་དང་རིགས་པ་བརྡར་ན་བརྡར་གོ་ཆོད་པའི་དྲིས་ལན་གནང་ཡོང་། གཞན་གོང་གི་མ་རྩོམ་འདིར་གཟིགས་དང་གཞན་དག་གི་ལན་གནང་ཡོང་། དེ་ཙམ་བྱོས།

    སྤྲོ་ཚིགས་དགེ་འདུན་ལགས། འོས་ལྡུག་མིན་དེ་ཁྱེད་རང་གི་འདོད་པ་རེད་དེ། དགེ་འདུན་པ་ཞིག་གིས་འདི་འདྲའི་ཚིག་རྩུབ་བཤད་ཕོད་ཀྱི་འདུག་གམ། ༼འདུལ་བ༽གཞུང་ན་ཚིག་རྩུབ་ཀྱི་ཉེས་པ་ཅི་ཞིག་ཡིན་པ་མཐོང་མ་མྱོང་ངམ། མ་གྱུར་སེམས་ཅན་ཐམས་ཅད་བསྒོམ་མི་ཐུབ་ཀྱང་བོད་ཅེས་པ་གཅིག་པུའི་སྒང་ལ་བསམ་བློ་འཁོར་མི་ཐུབ་བམ། མ་གཞི་པཱ་ལེ་བ་ཞིག་གིས་དགེ་འདུན་པ་ཞིག་ལ་འདི་ལྟར་ལན་རྒྱག་མི་བདེ་བ་ཞིག་རེད་དེ། ལན་འདི་བརྒྱུད་ནས་ཁྱེད་རང་གི་སེམས་གྱོང་བོ་དེ་འདུལ་ཐུབ་པར་ཡིད་ཆེས་ཡོད།

    Reply
  15. གངས་བུ། says:
    ལོ་ 15 སྔོན།

    ༄༎ དྲ་གྲོགས་ལྷ་སྲས་ལག བློ་སེང་གི་མགོ་སྐོར་བཏང་སོང་ཞེས་གསུངས་པ་དེ་བདེན་པ་མིན། གང་ལ་ཞེས་ན་བློ་སེང་ཁོང་ལོ་མང་རིང་བོད་ཀྱི་རྩ་དོན་ཐོག་ཕྱག་ལས་གནང་བའི་ཉམ་མྱོང་དང་སློབ་སྦྱོང་བྱས་པའི་རྒྱུད་རིམ་ནང་དུ་དོན་ཚན་འདི་དག་ངེས་པར་དུ་དགོས་ཀྱི་ཡོད་གཅིག་སྒྲིལ། འཆར་གཞི། སྒྲིག་ཚུགས་་དེ་ཚོ་བོད་ཀྱི་རྩ་དོན་ལ་དགོས་མཁོ་ཧ་ཅང་ཆེ་བར་མི་མང་ལ་གསལ་བཤད་གནང་པ་རེད་མ་གཏོགས་སྔོན་མ་སུ་བྲིས་པ་དང་ཁོང་གི་གསར་རྩོམ་བྱེད་ཡིན་ཞེས་གསུངས་པ་ཞིག་ངས་གོ་མ་སོང་། རྩ་དོན་རྩོད་མཁན་གྱི་རྒྱལ་ཁབ་གཞན་གྱི་གོང་གི་དོན་ཚན་དེ་དག་བེད་སྤྱད་དེ་འཐབ་རྩོད་གནང་འདུག་ང་ཚོ་ངེས་པར་དུ་ཚང་དགོས་པ་རེད་ཞེས་གསུངས་ཡོད། དོན་མེད་ཀྱི་འཆམ་གཏམ་རིག་མ་སྤེལ་ན་བཟང་གི་ཡ།

    Reply
  16. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    འབྱུང་འགྱུར་གྱི་བཀའ་བློན་གྱི་འོས་གཞི་རྣམ་པར་འཚམས་འདྲིའི་བཀྲིས་བདེ་ལེགས་ཞུ།
    བློ་སེང་གིས་༼ཐེངས་མང་པོར་མི་མང་ལ་མགོ་སྐོར་བཏང་སོང་། དེ་ནི་མི་གཞན་གྱིས་བྲིས་པའི་རྩོམ་ཡིག་ཁྱེད་རང་གི་མིང་ཐོག་ན་སྤེལ་གྱིན་ཡོད་པ་དེ་རེད།༽ དམར་ཁ་ཚས་གསུངས་པ་ལྟར་རེད།
    དཔེར་ན་༼Gene Shprp༽ཇིན་ཤབ་ཡིས་གསུངས་པའི་འཚེ་མེད་ཞི་བའི་ལས་འགུལ་ལ་མེད་དུ་མི་རུང་བའི་སྒྲིག་གཞི་གསུམ་ནི།
    གཅིག་སྒྲིལ། འཆར་གཞི། སྒྲིག་ཚུགས་བཅས་གསུམ་པོ་ཁོ་བས་གསར་གཏོད་བྱས་པ་ལྟ་བུ་དེ་ ཚོ་རེད།

    Reply
  17. གངས་བུ། says:
    ལོ་ 15 སྔོན།

    ༄། ཡར་སྟོད་ཀྱང་མར་སྨད་ཀྱང་རུང་ད་ལྟའི་ཆ་ལ་བཙན་བྱོལ་བོད་མི་མང་པོ་ཞིག་གི་བློ་སེང་ལ་རེ་ལྟོས་བྱེད་ཀྱི་ཡོད་དེ་ལ་ངས་རྒྱབ་བསྐྱོར་ཡོད་། ཁོང་གང་ནས་ཡིན་ཁྱད་པར་མེད་དབུས་སྨད་ཞེས་བཤད་ན་རྒྱུ་མཚན་མེད་པ་ཞིག་རེད་ཁོང་ནི་བོད་པ་གཙང་བ་ཞིག་རེད་།གཙོ་བོ་དེ་ནི་བོད་མི་རིགས་འདི་ཡི་རྩ་དོན་གྱི་ཐོག་ལ་ཐུགས་བསམས་བཞེད་དགོས་ཀྱི་ཡོད། མཁས་དབང་ཁོང་ནི་ཤེས་ཡོན་དང་འཇོན་ཐང་སོགས་ཡོད་མེད་ཀྱི་སྐོར་འདས་ཟིན་པའི་ཁོང་གི་ལོ་རྒྱུས་ཀྱི་རྒྱུད་རིམ་སོགས་ལ་ལྟ་ཀློག་བྱེད་དགོས་ཀྱི་ཡོད།

    Reply
  18. སྤོབས་པ་མཐའ་ཡས། says:
    ལོ་ 15 སྔོན།

    གང་ལྟར་བློ་བཟང་སེང་གེ་ལ་བོད་མི་མང་པོས་རེ་ལྟོས་བྱེད་བཞིན་དེ་གནད་ཆེན་རེད། བློ་སེང་ག་འདྲ་ཞིག་ཡིན་མིན་ངོ་མ་དེ་ལོ་ལྔའི་རྗེས་སུ་མ་གཏོགས་ཤེས་མི་ཐུབ། གོང་དུ་གནས་ཚང་ཟེར་བ་སོགས་ཀྱིས་བློ་སེང་བཀའ་ཁྲིར་འདེམས་པ་དང་སྦྲགས་ནས་ལི་ཐང་དང་ལི་ཐང་བ་ཚང་མ་ཡར་འགྱོག་པའི་ཅོལ་ཆུང་གི་སྐད་ཆ་དེར་རྒྱུ་མཚན་གང་ཡང་མི་འདུག ལི་ཐང་བས་ག་རེ་བྱས་ཡོད་མེད་ང་ཚོའི་སེམས་ན་ཁྲིག་ཁྲིག་ཡིན། མ་གཞི་ལི་ཐང་དང་བློ་སེང་གཉིས་ལ་འབྲེལ་བ་གང་ཡང་ཡོད་པ་མ་རེད། བློ་སེང་གིས་ལི་ཐང་ཟེར་བ་དེ་མཐོང་ཡང་མྱོང་ཡོད་པ་མ་རེད།

    Reply
  19. སྤྲོ་ཚིགས་དགེ་འདུན says:
    ལོ་ 15 སྔོན།

    གནས་ཚང་ལགས་་་་་་འཁྱོགས་བསྡད་འདུག
    ངན་པ་རང་རྩིས་ཆེ་ཁྭ་ཏ་སྒྲོ་རྩིས་ཆེ།
    སྤྱོར་བཤད་ན་་་མཆན་བུ་པ་དག་གིས་ཨ་མདོ་དང་ཁམས་ལི་ཐང་སོགས་དགག་ཁྲིད་བྱས་མ་ཡོང་ན་མི་བཟང་ངམ
    ད་ལྟ་ཅུང་བློ་སེང་སྟོད་རྒྱུ་སྔ་གྲགས་པ་རེད། དངོས་གཞིའི་འོས་ཡོང་རྒྱུ་བསྡད་ཡོད་
    གང་ལྟར་ངའི་འོས་ཤོག་གཅིག་པོ་དེ་ཡང་བློ་སེང་ལ་མི་བླུག་ཐག་ཆོད་ཡིན
    སྐབས་འདིར་ང་ལ་འདོད་པ་མེད་པས་སོ
    སྐབས་འདིར་བློ་སེང་ལགས་ནས་བཀའ་ཤག་དང་ཡང་ན་སྤྱི་མཐས་གང་ཞིག་ལ་ཞུགས་ན།སྐབས་རྗེས་མར་ངའི་འོས་ཤག་དེ་ཡང་ཁོང་གི་ཡིན་ཡིན་པ་རེད།་གང་ལྟ་ད་ཐག་འདོད་པ་མེད

    Reply
  20. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    གནས་ཚང་ལགས། དོན་དང་མཐུན་པ། གཞན་བློ་འབབ་པའི་སྐད་ཆ་ཤོད། བློ་སེང་གིས་ཁོང་ལི་ཐང་གི་མི་ཡིན། ལི་ཐང་གི་མི་འདི་འདྲ་ཞིག་ཡིན་ཞེས་ཁྱོད་ཀྱི་བཤད་པ་ལྟ་བུ་སྐད་ཆ་ཚིག་གཅིག་ཀྱང་མི་འདུག་ལ། ད་དུང་ལི་ཐང་བ་ཚོས་ཀྱང་དེ་འདྲ་ཞིག་བཤད་བཞིན་མི་འདུག ཁྱོད་ཀྱིས་འདི་ལྟར་༼མ་གཞི་ལི་ཐང་གི་མི་ཐོག་གཉིས་ཀྱིས་བོད་སྤྱི་དང་ཡང་སྒོས་བཙན་བྱོལ་བར་མིག་དཔེ་ཡག་པོ་ཞིག་སྟོན་ཐུབ་ཡོད། དེ་གང་རེད་ཅེ་ན། གཡུལ་ལ་ཆས་ན་གཡུལ་གོ་ཆོད་པ་དང་རིགས་ལམ་བརྡར་ན་བརྡར་གོ་ཆོད་པ་ཞིག་ཡིན་པ་དེ་རེད། དེ་མཚུངས་སུ་མགོ་གཉིས་མ་མི་འཁྲབ་པ་དང་ནང་ཁུལ་དེ་བས་ཀྱང་མི་དཀྲུགས་པ། རང་དང་ནུས་པ་འདྲ་མཉམ་ཅན་ལ་བརྩི་བཀུར་ཡོད་པ། གཞིས་བྱེས་གཉིས་ཀར་ཆ་མཉམ་གྱིས་བསམ་ཕོད་པ་འདིའང་གཞན་ལ་མེད་པའི་ཁྱད་ཆོས་གཞན་ཞིག་ཡིན། ༽ བསྟོད་མིན་དམོད་མིན་མི་ཤེས་བ་ཞིག་བརྗོད་འདུག

    Reply
  21. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    དྲ་གྲོགས་གངས་ལྷ་མེ་ཏོག་ལགས་།
    ངས་ལྟས་ན་ཁྱེད་རང་ངན་པ་ལམ་དུ་ཤོར་ནས་སྐྱག་པ་ལང་ནས་བཏང་མཁན་ཞིག་ཡིན་པ་ཐག་ཆོད་། སོ་སོའི་དགའ་ས་ལ་སྟོད་ར་བཏང་བ་ཙམ་གྱི་ཁྱེད་མ་དགའ་ན་བྱེད་ཐབས་བྲལ་། ཡིན་ན་ཟིན་སྤན་རང་གིས་ཟས་དུས་ཁ་ཚར་། གཞན་གྱིས་ཟས་དུས་མིག་ཚར་ན་བྱེད་རྒྱུ་གང་ཡོད་།
    ཁྱེད་ཀྱིས་མ་འོང་བཀའ་ཁྲི་དེ་ རྒྱ་རི་ཚང་སྒྲོལ་མ་དང་་་་་ཁོར་ལ་ཚང་སྟོབས་རྒྱས་གཉིས་ལས་མཐོང་གི་མེད་། སེམས་ཤུགས་མ་ཆགས་། རེ་བ་ཡོད་་རེ་བ་ཡོད་་།

    Reply
  22. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    དྲ་གྲོགས་ཚོའི་གོང་དུ་ ༼ མཁས་དབང་བློ་བཟང་སེང་གེ་ ༽ མཆོག་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བ་དགའ་བསུ་ཞུ།
    རྗེས་སུ་འོས་བསྡུའི་དངོས་གཞིའི་སྐབས་ལ་ཡང་། འོས་ཕན་གྱི་རྒྱབ་སྐྱོར་གནང་སྐྱོང་ཡོངས་བའི་འབུལ་བཀུལ་ཞུ།
    ༼ གངས་ལྷ་མེ་ཏོག་ལགས་ ༽
    ཁྱེད་ཀྱིས་མ་འོང་པ་ལ་འོས་ཤོག་མཁས་དབང་བློ་བཟང་སེང་གེ་ལ་རྩ་བ་ནས་བླུགས་ཀྱི་མིན་ཟེར་བ་གློན་པའི་རང་རྟགས་ཙམ་ལས་རྒྱུ་མཚན་མ་མཐོང་།
    བླུག་དང་མ་བླུགས་རང་དབང་ཁྱེད་ལ་ཡོད་མ་ཏོག་། གཞན་ལ་ཤོར་ན་ཤིན་དུ་ཕམ །
    བློ་སེང་གི་རྒྱལ་བའི་བཀའ་བཅག་མི་ཡོང་སྙམ་པའི་དོག་ཡོད་དང་མེད་གཉིས་བཤད་པ་ལ་ལྟས་ན་། ཁྱེད་རང་ཚུབ་མ་ཟིན་པའི་རྒྱུག་ཁྱི་སྨྱོན་པ་ཞིག་ལས་གཞན་མ་མཐོང་། ཧ་ཧ་ཧ་ཧོ།

    Reply
  23. བསྟན་འཛིན་ཚེ་འཚོ། says:
    ལོ་ 15 སྔོན།

    ༟༟༟ཤཱ་རིའི་བུ། ཁྱེད་ཀྱི་བཤད་མི་ཤེས་ན་མ་བཤད་ན་ལེགས། ཉིད་ཀྱི་རེ་བའི་འོད་སྣང་དེ་ཙམ་ལས་མེད་ན་འཕྱུགས་པའི་མི་ཚད་བརྫད་ནས་བཞག་འདུག འདི་ལྟ་བུའི་ཕུགས་བསམ་ཞིག་དང་བློ་རྒྱ་ཞིག་མེད་ན་བོད་ནི་འཐོར་ཚར་རེད་ལགས།

    Reply
  24. གནས་ཚང་། says:
    ལོ་ 15 སྔོན།

    ལི་ཐང་བློ་བཟང་སེངྒེ་ལགས་ལ་བཀའ་ཁྲིའི་སྔོན་འགྲོའི་འོས་འདེམས་ཁྲོད་རྒྱལ་ཁ་ཐོབ་པར་བཀྲ་ཤིས་བདེ་ལེགས་ཡོད། སྤྱིར་མདོ་ཁམས་ལི་ཐང་ནི་དཔའ་བོ་མཚོན་ཐོགས་ཀྱི་མི་རབས་ནས་མཁས་པ་ཀམ་བྷོ་ཊ(གློག་ཀླད)ཅན་གྱི་མི་རབས་སུ་སླེབས་ནས་བཙན་བྱོལ་མི་མང་གིས་གཞི་ནས་དོ་སྣང་བྱེད་འགོ་ཚུགས་པ་འདི་མི་རབས་གཉིས་ཀྱི་དཀའ་ལས་བརྒྱབ་པའི་འབྲས་བུ་ཡིན་པར་མ་ཟད། འབྲས་བུ་དེ་བཞིན་བོད་མིས་ཤེས་རྟོགས་བྱེད་འགོ་ཚུགས་པར་ལྟ་ཆོག་པ་ཞིག་ཀྱང་རེད་སྙམ།

    མ་གཞི་ལི་ཐང་གི་མི་ཐོག་གཉིས་ཀྱིས་བོད་སྤྱི་དང་ཡང་སྒོས་བཙན་བྱོལ་བར་མིག་དཔེ་ཡག་པོ་ཞིག་སྟོན་ཐུབ་ཡོད། དེ་གང་རེད་ཅེ་ན། གཡུལ་ལ་ཆས་ན་གཡུལ་གོ་ཆོད་པ་དང་རིགས་ལམ་བརྡར་ན་བརྡར་གོ་ཆོད་པ་ཞིག་ཡིན་པ་དེ་རེད། དེ་མཚུངས་སུ་མགོ་གཉིས་མ་མི་འཁྲབ་པ་དང་ནང་ཁུལ་དེ་བས་ཀྱང་མི་དཀྲུགས་པ། རང་དང་ནུས་པ་འདྲ་མཉམ་ཅན་ལ་བརྩི་བཀུར་ཡོད་པ། གཞིས་བྱེས་གཉིས་ཀར་ཆ་མཉམ་གྱིས་བསམ་ཕོད་པ་འདིའང་གཞན་ལ་མེད་པའི་ཁྱད་ཆོས་གཞན་ཞིག་ཡིན།

    Reply
  25. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    འཁྱོགས་གཏམ་ཁོ་ན་བཤད་མཁན་ཧོར་བུ་དང་རྒྱང་ལྟ་སོགས་རེ་གཉིས་བསྐྱར་དུ་ཞུ་འདོད་བྱུང་། གང་ཡིན་ཞེ་ན་བློ་བཟང་སེང་གེའི་ད་བར་དུ་ས་གནས་མང་པོ་ཞིག་ལ་སོང་ནས་བསམ་ཚུལ་བཤད་ཡོད་རེད། དེའི་ནང་དུ་དམངས་གཙོའི་སྐོར་མ་གཏོགས་མེད་ལ་འཛིན་རྒྱུའི་ཚིག་གང་བཤད་ཡོད། དངོས་གནས་དྲང་བདེན་མ་ཡིན་པའི་ཞེན་ཁོག་དང་སོ་སོའི་དགའ་ཕྱོགས་ཀྱི་འོས་ཤོག་བླུགས་ན་བོད་སྤྱི་ལ་གྱོང་མ་གཏོགས་མེད་པ་ངེས་པར་དུ་ཤེས་དགོས།
    བསྟོད་ན་ཨ་སྔོན་དགོངས་ལ་བསྟོད། སྨད་ན་དོགས་མོ་ས་ལ་བཞག དེ་ཕལ་ཆེར་བོད་པའི་གཤིས་ལུགས་རེད། སྟོད་ལུགས་འདི་ལ་ང་ཁྱོན་ནས་དགའ་བོ་མེད།

    Reply
  26. ngawang lodoe says:
    ལོ་ 15 སྔོན།

    ༄༎ མ་འོངས་བཀའ་ཁྲིར་མཁས་དབང་བློ་བཟང་སེང་གེ་ལགས་སུ་འཚམས་འདྲི་བཀྲིས་བདེ་ལེགས་ཞུ། འོས་མི་གཞན་དག་རྣམ་ལ་བཀྲིས་བདེ་ལེགས་ཀྱི་བསུ་བ་ཡོད། མ་འོངས་ལས་དོན་མཐའ་དག་བགེག་མེད་ལྷུན་གྲུབ་ཡོང་བའི་སྨོན་འདུན་བཅས་ཡོད་དོ།

    Reply
  27. གངས་ཆབ། says:
    ལོ་ 15 སྔོན།

    མཁས་དབང་བློ་བཟང་སེང་གེ་མཆོག་ལ་སྔོན་འགྲོའི་འོས་ཤོག་མང་ཤོས་ཐོབ་པ་ལ་འཚམས་འདྲི་བཀྲིས་བདེ་ལེགས་གྲངས་མེད་ཞུ།

    Reply
  28. དཀར་མཚོ་སྐྱིད། says:
    ལོ་ 15 སྔོན།

    བཀའ་ཁྲིའི་འོས་མིར་བཏོན་པའི་མཁྱེན་ཡངས་གྱི་སྐུ་ཞབས་རྣམ་པ་དྲུག་པོར་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བ་དང་འབྲེལ། རང་རེའི་ད་ལྟའི་བཙན་བྱོལ་གཞུང་གི་དམངས་གཙོའི་ལམ་ལུགས་སྲ་བརྟན་དུ་འགྱུར་མེད་པའི་འགག་རྩའི་གནས་བབ་ལ་དགོངས་པ་བཞེས་ཏེ། ཁྱེད་རྣམ་པས་བོད་རྒྱ་ཆེའི་མི་དམངས་ཀྱི་དབུ་ཁྲིད་དེ་དམངས་གཙོའི་ལམ་སྲོལ་གྱི་སྒོ་འཕར་ཡངས་པོར་དབྱེ་བ་ལ་མེད་དུ་མི་རུང་བའི་སྲིད་འཛིན་ལམ་ལུགས་ཀྱི་འགྲན་རྩོད་ལ་མུ་མཐུད་དུ་མཉམ་ཞུགས་གནང་སྟེ་སོ་སོའི་རྣམ་དཔྱོད་ཀྱི་རིག་རྩལ་ཕུལ་དུ་བྱུང་བ་གཟེངས་སུ་འདོན་པར་སྙིང་ཁོང་རུས་པའི་སྟེང་ནས་རེ་བ་ཉག་གཅིག་ཞུ་བ་ཡིན།

    Reply
  29. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དྲ་གྲོགས་རྣམ་པ་ཚོ། བློ་བཟང་སེང་གེར་བསྟོད་བསྡགས་གཏོང་རྒྱུ་སྡ་དྲགས་པ་
    མ་ཡིན་ནམ། ཨ་རིའི་སྲིད་འཛིན་ཨོ་བྷ་མཱ་ལའང་དེ་ལྟར་སྟོད་བསྔགས་བཏང་ཡང་།
    ད་ལྟ་ཕྱོགས་ཡོངས་ནས་སྦོ་ལུགས་བཞིན་འདུས་པས། ང་ཚོ་ལའང་འདི་ལྟབུའི་
    མཇུག་འབྲས་ངན་པ་ཞིག་མི་ཡོང་བ་སུ་ཡིས་འགན་ལེན་ཐུབ་བམ།
    དེར་བརྟེན་ངེས་ཚོར་ཤེས་འཇོན་གཉིས་དང་ཉམས་མྱོང་ལྡན་པའི་བཀའ་བློན་ཞིག་དགོས་པ་ལས་མིང་བྱང་རྫིག་པོ་ཡོད་པའི་འཚོ་བ་དངོས་ཀྱི་ཉམས་མྱོང་དང་བྲལ་བའི་ཨ་རིའི་སྲིད་འཛིན་ལས་ཐོག་པ་ཨོ་བྷ་མ་ལྟ་བུ་ཞིག་མི་དགོས།
    ཤེས་ཡོན་གཉིས་དང་ཉམས་མྱོང་ལྡན་པའི་གང་ཟག་དག་གིས་ངལ་བས་བསྐྲུན་པའི་མང་གཙོ་ཚོགས་པའི་གཟི་བརྗིད་དེ་ད་ལྟ་སྲིད་འཛིན་ཨོ་བྷ་མས་ཉམ་ཉེས་སུ་བཏང་ཡོད།
    འཚོ་བ་དངོས་ཀྱི་ཉམས་མྱོང་དང་བྲལ་བའི་དེབ་ཀློག་རྩོམ་རིག་སྨྲ་བ་ནི་ཁྲོམ་པའི་ནང་གི་ཟླ་བ་བཞིན་རེད་ཞེས་གསུངས་པ་ལྟར་ད་ང་ཚོར་འཚོ་བ་དངོས་ཀྱི་ལག་ལེན་གྱི་ཐོག་ནས་ར་སྤྲོད་བྱས་ཡོད།
    རང་གི་རིན་བྲལ་གྱི་འོས་ཤོག་དེ་དངུལ་གྱི་གཞན་དབང་དུ་མི་གྱུར་བར་བོད་རིགས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་པ་བསྐྲུན་ཐུབ་མཁན་ཞིག་ལ་བླུགས་རོགས་གནང་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

    Reply
  30. ཤྰ་རིའི་བུ། says:
    ལོ་ 15 སྔོན།

    མཁྱེན་ལྡན་ཡངས་པའི་བློཟང་སེངྒེ་ལགས་ལ་ཐོག་མ་གུས་པའི་བཀྲ་ཤིས་བདེ་ལེགས་ཞུ། ད་ནི་ཁྱེད་རེས་གཏན་གཏན་བཀའ་ཁྲི་ལ་སླེབས་ཐུབ་པའི་རེ་བ་ཧ་ཅང་ཆེ་བའི་རྒྱུ་མཚན་དེ་ན་གུས་ནས་རེ་བསྐུལ་ཞིག་ལ་ཆོས་ལུགས་དང་ཆོལ་ཁའི་ཕྱོགས་རེས་སོགས་དུས་ནམ་ཡང་མ་གནང་རོགས་ཞུ་ཡག་ཡིན། ད་བར་གཙན་བྱོལ་གཞུང་འདི་ཆོས་ལུགས་ཞིག་གིས་བཟུང་ནས་བསྡོད་ཡོད་པའི་གྲུབ་འབྲས་གང་ཡང་འཐོན་མེད་ཞུ། དེ་བཞིན་བཀའ་ཁྲི་ཕྱག་རོགས་རྣམས་ནི་ཡིན་གཅིག་གིས་ཆོལ་ཁ་རེའི་མི་རེ་འདམས་དགོས། དེ་ནི་གཅིག་བསྒྲིགས་གིས་མ་རྩ་ཡིན། ཆོས་རིགས་བཀའ་བློན་ནི་ས་སྐྱ་པའི་བླ་མ་ཞིག་འདམས་དགོས། དེ་ནི་བོད་རང་དབང་ལེན་པའི་རྟེན་འབྲེལ་ཡིན། ཕྱི་འབྲེལ་བཀའ་བློན་ནི་དབུ་གཙང་གིས་མི་ཞིག་བཞག་དགོས། དེ་ནི་ཁ་བདེ་ཡིན་པ་དང་སྤྲོ་ཐུང་མིན་པའི་རྒྱུ་མཚན་ཡིན། ཤེས་རིག་བཀའ་བློན་ནི་ཨ་མདོ་ཞིག་བཞག་དགོས། དེ་ནི་རང་རིགས་ཡི་གེ་ལ་མཁས་དབང་མང་པོ་ཡོད་པའི་རྒྱུ་མཚན་ཡིན། བདེ་སྲུང་བཀའ་བློན་ནི་ཁམས་པའི་མི་ཞིག་དགོས། དེ་ནི་དཔའ་རྩལ་ལྡན་ཞིང་བླ་མ་ལ་དད་གུས་ཆེ་བའི་རྒྱུ་མཚན་ཡིན། དེ་བཞིན་ཁྱེད་རེས་གིས་ལས་འགན་དང་པོ་ནི་གཙན་བྱོལ་དུ་ཡོད་པའི་བོད་རིགས་ཡོངས་རྫོགས་གཅིག་བསྒྲིགས་བཟོ་དགོས། ད་རིང་དེ་ཙམ་ཡིན། རྗེས་སུ་རིམ་བཞིན་ཕུལ་ཆོག་ཞུ། བྱུང་ན་རེ་བསྐུལ་འདི་གཟིགས་ཚེ་ལན་ཞིག་གནང་རོགས། ང་ནི་གྲྭ་རྒན་མིན་ལ་སྐུ་དྲག་མིན། བོད་རིགས་ཞིག་ཡིན་ཚོད་འདུག།།

    Reply
  31. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    བློ་སེང་གིས་རྩོམ་ཡིག་དེ་ དག་བོད་ཡིག་ཏུ་བྲིས་པ་མིན་པ་ཙམ་གྱིས་ངའི་སེམས་ནས་ཁོང་གི་གོ་གནས་དེ་མར་ཆག་ འགྲོ་རྒྱུ་ཅང་མེད། རྒྱུ་མཚན་ནི་ད་བར་གྱི་བཀའ་བློན་དང་བཀའ་ཁྲི་ཚོའི་ཁྲོད་དུ་ཟམ་གདོང་ཚང་མ་ གཏོགས་བོད་ཡིག་གིས་རྩོམ་ཡིག་སྤེལ་ཐུབ་མཁན་ཅང་ཡོད་ཚོད་མི་འདུག བཀྲས་མཐོང་བསྟན་རྣམ་གྱིས་ཅང་སྤེལ་ཡོད་དམ། ཚོགས་གཞོན་རྒྱ་རི་སྒྲོལ་མར་ཅང་ཡོད་དམ། ཡོད་སྲིད་ཀྱང་ངས་ཅང་མ་ཐོས། བོད་ཀྱི་རང་དབང་དང་རང་བཙན་གཉིས་དང་བློ་སེང་གི་བོད་ཡིག་ཤེས་ཚད་དང་འབྲེལ་བ་ ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག ང་ཚོར་དགོས་པ་ནི་བློ་སེང་གི་རྒྱལ་སྤྱིའི་ཆབ་སྲིད་རིག་པའི་ཤེས་ཡོན་དང་འབྲེལ་ འདྲིས་འཛིན་སྐྱོང་གི་འཇོན་ཐང་། བོད་དོན་ཐད་བཅངས་པའི་ལྷག་བསམ། སྐྱག་རྫུན་དེ་ཙམ་མེད་པའི་མི་གཤིས་བཅས་ཡིན། དེ་ལས་གཞན་བློ་སེང་ཡང་འགྲོ་བ་མི་ཞིག་ཡིན་པས་སངས་རྒྱས་དང་བྱང་སེམས་ཚོ་ནང་ བཞིན་ལྷད་མེད་དྭངས་གཙང་ཤེལ་གྱི་རིལ་བུ་ལྟ་བུ་ཞིག་ཡིན་པར་བསམས་ན་དེ་ནི་ནོར་ འཁྲུལ་ཆེན་པོ་ཞིག་རེད། ཆབ་སྲིད་པ་ཞིག་ཡིན་ན་ཚད་གཞི་ག་འདྲ་ཞིག་རྒྱག་དགོས་མིན་གྱི་དཔེ་མཚོན་ང་ཚོར་ མང་དྲགས་མེད་ན་ཉུང་སྐྱོན་ཞིག་གཏན་ནས་མེད། ཡིན་ན་ཡང་རྩོམ་ཡིག་དེ་དག་བློ་སེང་གིས་བོད་ཡིག་ཏུ་བྲིས་པ་ཞིག་ཡིན་ནམ་ཡང་ན་ མི་གཉིས་པ་ཞིག་གིས་དབྱིན་ཡིག་ནས་བོད་ཡིག་ཏུ་བསྒྱུར་པ་གང་ཡིན་གྱི་གསལ་བཤད་ ཅིག་ཡོད་ན་མང་མང་གི་དོགས་པ་སེལ་བར་ཕན་པར་འདོད་དོ།།

    Reply
  32. ཁ་བ་ནག་པོ། says:
    ལོ་ 15 སྔོན།

    དུས་བབ་ཏུ་སྤེལ་བའི་རྩོམ་ཡིག་དེ་དག་བློ་བཟང་སེང་གེས་བོད་ཡིག་ཏུ་བྲིས་པ་རེད་དམ་མི་གཉིས་པ་ཞིག་གིས་དབྱིན་ཡིག་ནས་བསྒྱུར་པ་རེད། འདི་ལ་དུས་བབ་ཚང་གིས་གསལ་བཤད་རེ་བྱེད་ཐུབ་ན་ཡང་འགྲིག རྒྱུ་མཚན་ནི་སྤྱི་ཚོགས་ཁྲོད་དུ་བློ་སེང་གི་བོད་ཡིག་དེ་ཙམ་ཡག་པོ་མེད་པའི་སྐད་ཆ་དེ་ཐོས་པས་ཡིན། དམིགས་ཡུལ་གཞན་མེད།

    Reply
  33. ཧོར་བུ་ཡེ་ཤེས says:
    ལོ་ 15 སྔོན།

    གངས་ལྷ་མེ་ཏོག་ཟེར་བ་ཁྱོད་ཀྱིས་འུག་པའི་གཏམ་འདྲ་མ་བཤད་དང་།བཤད་མ་ཤེས་ན་ཨུ་ཚུགས་རྒྱག་དགོས་ལེ་མ་རེད།སུས་ཁྱོད་ལ་བཙན་སྐུལ་བཏང་ཡོང་གིན་འདུག།

    Reply
  34. དམར་ཁ་ཚ། says:
    ལོ་ 15 སྔོན།

    བཀའ་ཁྲིའི་སྔོན་འགྲོའི་དང་ཤོས་བློ་བཟང་སེང་གེ་ལ་བཀྲ་ཤིས་བདེ་ལེགས་ཡོད།
    ཡིན་ཡང་། བཟང་སྤྱོད་ནི་བཀའ་ཁྲི་དང་སྤྱི་འཐུས་སོགས་དབུ་ཁྲིད་ཙམ་མ་ཟད་བོད་པ་ཚང་མས་སྲུང་བྱ་གཙོ་བོ་ཡིན་པ་མ་ཟད། ༸གོང་ས་མཆོག་གི་བཀའ་སློབ་ཀྱི་སྙིང་པོ་ཡང་རེད།
    ངས་ཁྱོད་ལ་བཟང་སྤྱོད་ཚང་མ་སོང་ཞེས་དེ་རིང་བར་ཞུས་མེད། ཡིན་ཡང་ཁྱེད་ཀྱིས་ཐེངས་མ་མང་པོར་མི་མང་ལ་མགོ་སྐོར་བཏང་སོང་། དེ་ནི་མི་གཞན་གྱིས་བྲིས་པའི་རྩོམ་ཡིག་ཁྱེད་རང་གི་མིང་ཐོག་ན་སྤེལ་གྱིན་ཡོད་པ་དེ་རེད།

    ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་སྐབས་ཁྱེད་རང་ང་ཚོའི་ཚོགས་ཆུང་གི་ཚོགས་གཙོ་རེད། ཁྱེད་ཀྱིས་མཇུག་བསྡོམས་སྐབས་ང་ཚོའི་ཚོགས་ཆུང་གི་ཟིན་བྲིས་ཚིག་ཐོ་ཀློག་མ་ཤེས་པར་ཆུང་ཚེ་རིང་གིས་ཀློག་པ་རེད། ལོ་གཉིས་ཀྱི་གོང་དུ་བོད་ཡིག་ཀློག་མི་ཤེས་མཁན་གྱི་མི་དེ་༢༠༡༠ལོར་རྩོམ་པ་པོ་ཆགས་འདུག འདི་ཙམ་མ་རེད། ཚང་མར་རྒྱུས་མངའ་ཡོད་པ་རེད།
    ང་ཡང་ཁྱེད་ལ་རྒྱབ་སྐྱོར་བྱེད་མཁན་དང་འོས་ཤོག་ལྡུགས་མཁན་ཡིན། ཡིན་ཡང་། སྐབས་རེར་ངན་ཕྱོགས་ཀྱི་སྤྱོད་པ་མཐོང་སྐབས་ཚིག་པ་ཟ་གིན་འདུག

    ཁྱེད་ཀྱིས་འབྱོན་པ་དེ་འབྱོན་ཚོད་དང་། མི་འབྱོན་པ་དེ་མི་འབྱོན་ཞེས་བཤད་ན་མི་གཤིས་དྲང་ཞིག་གི་རྣམ་པ་རེད་པཱ།
    སྐྱག་རྫུན་མ་གསུང་རོགས།
    འདི་བཤད་པ་ཙམ་གྱིས་དགོངས་པ་མ་ཚོམ། ངའི་འོས་ཤོག་གཅིག་དེ་ནམ་ཡང་འགྱུར་བ་མེད།

    Reply
  35. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    བཙན་འཛུལ་འོག་ཏུ་ཡོད་པའི་བོད་ནང་གི་བོད་མི་ཚོའི་དཀའ་ལང་རྣམས་སེལ་ཐབས་དགོས་པ་དང་རང་དབང་ཐོབ་དགོས་པ། དེ་བཞིན་༧གོང་ས་མཆོག་ཕོ་བྲང་པོ་ཏཱ་ལའི་ནང་གདན་འདྲེན་ཞུ་ཐུབ་དགོས་པ་བཅས་རེད ། བོད་རྒྱལ་ལོ།
    བྱུས་ངན་འོག་ཏུ་ཡོད་པའི་བོད་ནང་གི་བོད་མི་ཚོའི་དཀའ་ངལ་རྣམས་སེལ་ཐབས་དགོས་པ་དང་རང་དབང་ཐོབ་དགོས་པ། དེ་བཞིན་༧གོང་ས་མཆོག་ཕོ་བྲང་པོ་ཏཱ་ལའི་ནང་གདན་འདྲེན་ཞུ་ཐུབ་དགོས་པ་ལས་བཞུགས་བཟོད་ཁག་མི་ཐེག་པ་རེད། བོད་རྒྱལ་ལོ།
    ཅེས་པར་བཅོས་དགོས་འདུག

    Reply
  36. ཕུན་ཚོགས་བཀྲ་ཤིས་ says:
    ལོ་ 15 སྔོན།

    ཆེས་གོང་དུ་བཀུར་འོས་་་སློབ་དཔོན་ཆེན་མོ་མཁས་དབང་བློ་བཟང་སེངྒ་ལགས་
    བཀྲ་ཤིས་བདེ་ལེགས།

    མཁས་དབང་མཆོག་རིང་མིན་བོད་ཀྱི་ཆབ་སྲིད་ཀྱི་དབུ་ཁྲིད་དེ་ལ་འོས་
    པའི་མི་མང་གི་རྒྲབ་སྐྱོར་ཤུགས་ཆེར་བྱུང་བ་དེ་ནི། ཉིད་ཀྱི་དྲང་ཚུགས་དང། རྣམ་དཔྱོད་བཅས་ལ་ཡིད་དབང་འཕྲོག་ནས་
    འོས་ཤོག་བླུགས་པ་ཞིག་རེད། འབྱུུང་འགྱུར་དངོས་གཞིའི་སྐབས་སུ་
    ཉིད་ལ་རྒྱབ་སྐྱོར་གྱི་མི་དེ་དག་ལ་དངོས་ཤུགས་གང་ཡང་གནོད་མེད་ཀྱིས་རྒ་ྱབ་སྐྱོར་འདི་བཞིན་བྱེད་ཐུབ་པའི་སྨོན་ཤུགས་དྲགས་ཞུ།

    རྡོ་རྗེ་གདན་གྱི་མཆོད་རྟེན་མོའི་དྲུང་ནས་བྲིས།

    Reply
  37. མཁའ་དབུགས་གསར་བ says:
    ལོ་ 15 སྔོན།

    ཐོག་མར་ཁྱེད་ལ་འོས་ཤོག་མང་པོ་ཐོབ་པར་རྟེན་འབྲེལ་དང་དགའ་བསུ་ཞུ།
    ཡིན་ཡང་། ཁྱེད་བོད་ཡིག་རྩོམ་ཡིག་ཁྲོད་དུ་ཡིག་ནོར་ཅུང་མང་པར་འདོད་པས་གཟབ་གཟབ་བྱེད་རོགས་མཛོད་ཅིག་གུ ཉི་ཧོང་གི་སྲིད་བློན་ཨ་སོད་ཐ་རོད་ལགས་ཀྱིས་ཉི་ཧོང་གི་རྒྱུན་སྤྱོད་མིང་ཚིག་འགའ་ཀློག་འདོན་བྱེད་མ་ཤེས་པར་སྲིད་བློན་གྱི་གོ་གནས་ལས་མར་ཆགས་པ་རེད། མི་འགྱངས་པའི་མ་འོངས་པའི་བཀའ་བློན་ཁྲི་བ་ཞིག་གིས་ཡིག་ནོར་འབྲི་བཞིན་ཡོད་པ་འདི་ཡང་བོད་སྐད་ཡིག་ཆགས་འཇིགས་ཀྱི་སྔ་ལྟོས་ཡིན་ན་ཅི་འདྲའི་བློ་ཕངས་པ་ལ་ཨང་། བོད་རྒྱལ་ལོ།
    ཁྱེད་ལ་རྒྱབ་སྐྱོར་དང་རེ་ལྟོས་བཅིངས་མཁན་ཞིག་གིས་སྦྱར་བའོ།

    Reply
  38. རྒྱང་ལྟ says:
    ལོ་ 15 སྔོན།

    ཁོ་རེ། གངས་ལྷ་མེ་ཏོག ཆོ་མེད་སྐད་ཆ་བཤད་མ་ཡོང་། བློ་བཟང་སེང་གེ་་ལ་འོས་བླུག་མིན་དེ་ཁྱེད་རང་གི་འདོད་པ་རེད། ཡིན་ནའང་། ཁྱེད་ཀྱིས་བློ་བཟང་སེང་གེས་དམངས་གཙོར་ཁ་གཡར་ཏེ་རྒྱལ་བའི་བཀའ་བཅག་མི་ཡོང་ངམ་ཟེར་བར་ཁྱེད་ལ་བདེན་དཔང་ག་རེད་ཡོད། ཡང་ན་། བཀྲས་མཐོང་དང་འོས་མི་གཞན་ཚོས་རྒྱལ་བའི་བཀའ་མི་གཅོག་པའི་ཁག་ཐེག་ཁྱེད་ཀྱིས་བྱ་ཐུབ་བམ།

    Reply
  39. བཀྲ་ཤིས། says:
    ལོ་ 15 སྔོན།

    ཆེས་མཆོག་ཏུ་བཀུར་བར་འོས་པའི་མ་འོངས་བོད་ཀྱི་སྲིད་འཛིན་མཆོག་ལ་སྙིང་ནས་འཚམས་འདྲི་ཞུ།
    ཁྱེད་ཀྱི་སྙིང་སྟོབས་དང་བློ་གྲོས་ལ་བདག་དང་བདག་འདྲ་བའི་བོད་མི་མང་པོས་རེ་བ་དང་ཡིད་ཆེས་བྱེད་བཞིན་ཡོད་པ་ཤེས་དགོས་པ་གལ་ཆེ་བ་དང་། ཤེས་ཀྱི་ཡོད་པའི་རེ་བ་ཡོད།
    ཁྱེད་རང་གིས་གསུང་པ་ཇི་བཞིན། ཁྱེད་རང་ལྟ་བུ་ཞིག་བོད་མི་མང་གི་མགོ་ཁྲིད་བྱེད་གོ་སྐབས་རག་པ་འདིས། བོད་ཀྱི་གཞོན་སྐྱེས་ཚོ་ལ་སེམས་ཤུག་དང་སྤོབས་པ་གསར་དུ་བསྐྲུན་ཡོད་པ་མ་ཟད། རྒྱ་དམར་གཞུང་དང་། རྒྱ་དམར་གྱི་དཔོན་རིགས་ཚོ་ལ་ཡང་བསམ་བློ་ཞིབ་ཏུ་གཏོང་དགོས་པའི་དྲི་བ་ཞིག་བཏང་ཡོད་པ་རེད་སེམས་བཞིན་ཡོད།

    Reply
  40. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    མཁས་དབང་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ་ཡ་དང་བསྒྲགས།
    དམངས་གཙོ་ལ་ཁ་གཡར་ནས་རྒྱལ་བའི་བཀའ་བཅག་མི་ཡོང་སྙམ་པའི་སེམས་ཚོར་བདག་ལ་མེད་ཞུ་ཡ་ཡིན། བདག་གི་ཁྱེད་རྒྱལ་བའི་རེ་སྨོན་དཀོན་མཆོག་ཞུའོ།།

    Reply
  41. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    ས་ཤོས་ཐོབ་པ་རེད། ཡིན་ཡང་བདག་གི་རྩ་བ་ཉིད་ནས་ཁྱེད་འོས་བླུགས་རྒྱུ་མིན།
    དམངས་གཙོ་ཁ་གཡར་ནས་རྒྱལ་བའི་བཀའ་བཅགས་མི་ཡོང་སྙམ་པའི་སེམས་ཚོར་ཧ་ཅང་ཆེ།

    Reply
  42. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    མ་འོས་བཀའ་ཁྲི་བློ་བཟང་སེང་གེ་ལགས་ཕེབས་པར་དགའ་བསུ་ཞུ།

    ཁྱེད་རང་ལ་རྒྱབ་སྐྱོར་བྱས་མཁན་བཙན་བྱོལ་བོད་མི་ཉམ་ཐག་སྟོང་ཕྲག་མང་པོས་འོས་སྤྲད་ཡོད་རེད། མ་འོས་ཁྱེད་རང་བཀའ་ཁྲིའི་རྐུབ་སྟེགས་སྟེང་དུ་སླེབས་སྐབས་སུ་བཙན་བྱོལ་བོད་མི་ཉམ་ཐག་སྟོང་ཕྲག་མང་པའི་དམིགས་ཡུལ་དང་མངོན་འདོད་བཅས་ལ་གུས་བཀུར་བྱེད་དགོས་པ་ནི་སྤྱི་ཚོགས་འགོ་ཁྲིད་ཤིག་ལ་ཚང་དགོས་པའི་མཚན་ཉིད་གལ་ཆེ་ཞིག་རེད།

    ཉམ་ཐག་བཙན་བྱོལ་མི་དམངས་ཀྱི་ཕུགས་བསམ་དང་དཔལ་འབྱོར་མཁོ་སྒྲུབ་བྱ་ཕྱོགས་སྐོར་ལ་མི་དམངས་ཀྱི་འདོད་པ་དང་བརྟེན་ནས་ཕྱག་ལས་གནང་བའི་རེ་བ་ཡོད་ལ་གནང་དགོས་ངེས་ཀྱང་རེད་སྙམ།

    འགོ་ཁྲིད་པ་ཞིག་གིས་མི་དམངས་ཀྱི་འདོད་འདུན་ཤེས་དགོས་པ་དང་ཤེས་ཚར་དུས་སྒྲུབ་དགོས་པ་ནི་གལ་ཆེན་ནང་གི་དོན་ཆེན་རེད་འདོད། ༧གོང་ས་མཆོག་གིས་ཀྱང་བཙན་བྱོལ་བོད་མིའི་དམིགས་འདུན་གསན་འདོད་ཡོད་པ་རེད་ལ་མི་དམངས་ཀྱི་དམིགས་ཡུལ་སྒྲུབ་འདོད་ཡོད་པ་གསལ་པོ་རེད།

    དེང་རབས་ཉེར་གཅིག་པའི་བརྡ་འཕྲིན་གྱི་དེང་རབས་འདིར་བྱ་བ་མང་པོ་ཞིག་ཕྱི་གསལ་ནང་གསལ་ཡོང་གི་ཡོད་རེད་ལ་ཉམ་ཐག་བཙན་བྱོལ་བོད་མི་རྣམས་ཀྱི་མངོན་འདོད་ཀྱང་ཕྱི་གསལ་ནང་གསལ་ཆགས་ཀྱི་ཡོད་རེད།

    ཁྱེད་རང་ལ་རྒྱབ་སྐྱོར་བྱེད་མཁན་ཚོའི་མངོན་འདོད་དང་དམིགས་ཡུལ་སྒྲུབ་མཁན་ཞིག་ཁྱེད་ལ་རེ་བ་བཅོལ་ཡོད་རེད་ལ་ཁྱེད་ཀྱིས་ཀྱང་སྒྲུབ་ཀྱི་རེད་བསམ་པའི་ཡིད་ཆེས་བྱེད་བཞིན་ཡོད།

    བལ་ཡུལ་དང་འབྲུག་རྒྱལ་ཁབ་ནང་གི་བོད་མིའི་དཀའ་ངལ་ནི་ཚད་ལས་བརྒལ་བ་ཞིག་རེད། དེའི་སྐོར་ལ་ཐུགས་བསམ་སྔར་ཙམ་ནས་བཞེས་རོགས་ཞེས་རེ་འབོད་བྱེད་བཞིན་ཡོད།

    བོད་རྒྱལ་ལོ།

    Reply
  43. སྨར་དྷཱིཿཟེར། says:
    ལོ་ 15 སྔོན།

    མཁས་དབང་བློ་བཟང་སེང་གེ་ལགས་སྔོན་འགྲོ་འོས་གྲངས་རྩེ་རྟོག་བྱུང་བ་དགའ་བསུ་དང་འཚམས་འདྲི་ཞུ།

    Reply
  44. གངས་ལྷ་མེ་ཏོག says:
    ལོ་ 15 སྔོན།

    ད་ཐེངས་འོས་ཤོས་ཐོབ་པ་རེད། ཡིན་ཡང་བདག་གི་རྩ་བ་ཉིད་ནས་ཁྱེད་འོས་བླུགས་རྒྱུ་མིན།
    དམངས་གཙོ་ཁ་གཡར་ནས་རྒྱལ་བའི་བཀའ་བཅགས་མི་ཡོང་སྙམ་པའི་སེམས་ཚོར་ཧ་ཅང་ཆེ། བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད།

    Reply
  45. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 15 སྔོན།

    འབྱུང་འགྱུར་དུ་བཀའ་ཁྲི་ཐོབ་པར་ངེས་པའི་བློ་བཟང་སེང་གེ་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།
    ཐེངས་འདིར་མི་དམངས་ཀྱི་རེ་བ་དང་དམིགས་འདུན་ཚང་མ་ཁྱེད་དབང་པས་ཁྱེད་མ་འོངས་བཀའ་ཁྲི་གཏན་ཁེལ་བའི་ཉིན་མོར་ནས་མི་དམངས་ཀྱི་རེ་བ་རེ་བའི་ཁེངས་ཐུབ་པའི་སྨོན་འདུན་དང་ཡིད་ཆེས་བྱེད་བཞིན་ཡོད།

    Reply
  46. རྟུལ་ཕོད། says:
    ལོ་ 15 སྔོན།

    ད་ནས་བཟུང་སྐུ་ཉིད་ལ་བཀའ་ཁྲིའི་རྐུབ་སྟེགས་འཐོབ་རྒྱུ་ཡིན་པ་ཕལ་ཆེར་ཐག་བཅད་ཆོག་པ་ཞིག་རེད་པས་སོ་སོའི་འོས་མི་ལ་རྒྱལ་ཁ་ཐོབ་པར་ང་དགའ་ནས་ཡོད།ཡིན་ནའང་སྐུ་ཉིད་བཀའ་ཁྲི་མ་ཆགས་གོང་ནས་བང་ཆེན་གསར་ཤོག་གི་སློབ་སྟོན་པ་ནས་ཕྱིར་འབུད་དགོས་འདུག་སྟེ་ཚོགས་པ་འདི་ལ་ཕྱོགས་ཁག་ཡོད་པ་འདྲ།རྒྱུ་མཚན་འདིའི་ཚོགས་མི་དག་སོ་སོའི་ཕྱོགས་ཁག་མ་གཏོགས་ལེན་གྱིན་མེད་པས་དྲང་ཚུགས་ཅན་གྱི་མི་འགའ་འདིའི་ཚོགས་མི་མ་བྱས་པ་གོ་རྒྱུ་ཡོས་པས་སོ།གཞན་ཡང་བཀའ་ཁྲི་ཞིག་ཕྱོགས་ཁག་ཅན་གྱི་ཚོགས་པ་ཞིག་གི་སློབ་སྟོན་པ་བྱས་ན་འོས་འཚམ་མིན་པ་དང་རང་ཉིད་ཀྱི་སྣང་བརྙན་ཆུང་དུ་འགྲོ་བ་དེ་རེད།

    Reply
  47. ཧེ་ར་བཀྲ་ཤིས། says:
    ལོ་ 15 སྔོན།

    ཆེས་བཀུར་བར་འོས་པའི་མཁས་དབང་བློ་བཟང་སེངྒེ་ལགས།
    སྐུ་ཉིད་ལ་འོས་ཤོག་རྩེ་ཕུད་ཐོབ་པར་ང་རང་དགའ་སྤྲོ་ཆེན་པོ་བྱུང་།
    རྩོམ་ཡིག་འདི་སྐུ་ཉིད་ཀྱིས་བོད་ཡིག་སྒང་ནས་བྲིས་པ་ཡིན་ནམ་ཡང་ན་མི་གཞན་ལ་བོད་ཡིག་སྒང་བསྒྱུར་དུ་བཅུགས་པ་ཡིན།
    བཀའ་ལན་ཞིག་འབྱོར་རྒྱུ་རེ་འགུག་བྱས་ཡོད།

    Reply
  48. ཨ་རིག་དགེ་མཐོང་། says:
    ལོ་ 15 སྔོན།

    མ་འོངས་པའི་བཀའ་ཁྲི་མཆོག་གིས་རྩོམ་བྲིས་ནས་མི་སེམས་འགུགས་པར་བྱེད་ན་འདོད་ཡོད་པ་འདྲ། མཇུག་གི་བོད་རྒྱལ་ལོ།ཞེས་པའི་ཚིག་འདི་ངས་སྙིང་སྟོབས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡིན།

    Reply
  49. བསྟན་འཛིན་འཕགས་པ། says:
    ལོ་ 15 སྔོན།

    གུས་པས་སྙིང་ཐག་པ་ནས་་ཆོལ་ཁའི་ཕྱོགས་ལྷུང་བྲལ་བའི་ཆོལ་གསུམ་སྤུན་ཟླ་ཡོངས་ལ་།
    གོང་༸ས་མཆོག་དང་གཞིས་གཞུགས་སྤུན་ཟླའི་རེ་འདུན་ལྟར་། ཤེས་འཇོན་གཉིས་ལྡན་གྱི་སློབ་དཔོན་ཆེན་པོ་མཁས་དབང་བློ་བཟང་སེང་གེ་མཆོག་ལ་རྒྱབ་སྐྱོར་འདི་འདྲ་ཞིག་གནང་བ་དགའ་བསུ་ཞུ།
    རྗེས་སུ་ཡང་རྒྱབ་སྐྱོབ་དེ་ལས་མ་མང་ན་། ་ཉུང་དུ་མོ་འགྲོ་བའི་རེ་སྨོན་ཞུ།

    Reply
  50. ཤག་སྒང་ཟིན་བྲིས། says:
    ལོ་ 15 སྔོན།

    ངའི་བཀའ་བློན་ཁྲི་པར་དགོས་པའི་འོས་ཆོས་དང་པོ་ནི་མི་སྣ་དེ་དང་ཐོག་མཁས་དབང་ཞིག་དགོས་པ་ལྟར། ཐེངས་འདིའི་བཀའ་ཁྲིའི་སྔོན་འགྲོའི་འོས་ལ་མཁས་དབང་ཁྱེད་ལ་རྒྱལ་ཁ་སོན་པར་འཚམས་འདྲིའི་བཀྲིས་བདེ་ལེགས་ཡོད། འཚམས་འདྲི་དང་ཐུགས་རྗེ་ཆེ་ལྟ་བུའི་ཕྱག་འབྲི་འདི་ལ་གོ་རྒྱུ་ཆེ་ཙམ་ཡོད་པ་ལྟ་བུ་ཞིག་ལ་ཡང་། དེ་ཙམ་ཞིག་གི་ལྗིད་ཅིག་མེད་པ་ལྟ་བུའི་ཚོར་བ་ཞིག་ཀྱང་ངང་གིས་ཡོང་བསྡད་སོང་། གང་ལྟར་ཐུགས་རྗེ་ཆེ། བོད་རྒྱལ་ལོ།

    Reply
རྩོམ་ཡིག་སྔ་མ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese