མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བཙལ་ཡང་མ་རྙེད་པའི་བརྩེ་དུང་། དགུ

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༡༡/༡༨
Share on FacebookShare on TwitterShare on EmailShare on Whatsapp

                                                                                 དགུ

ཕ་མ་གཉིས་ཀྱིས་ངས་སྐུར་བའི་སྐད་དེ་གོ་བའི་ཕྱིར་ཉིན་ལམ་དུ་ཆས་ནས་རྫོང་མཁར་དུ་ལམ་དུ་ཆས་འདུག་ལ། ལམ་བར་དུ་རླངས་འཁོར་གྱི་ལམ་ཁ་ཡག་པོ་མེད་པ་ཡིན་དུས། འགྲིམ་འགྲུལ་རླངས་འཁོར་ལ་སྐྱོན་ཞིག་ཤོར་ནས་མཚན་གཅིག་ལུས་འདུག མཚན་མོ་དེར་ཁོ་གཉིས་ཀྱིས་དོན་དག་ག་རེ་བྱུང་ཡོད་མེད་གསལ་བོ་ཤེས་མེད་སྟབས་སེམས་ཁྲལ་གྱི་གཉིད་ཀྱང་ཁུགས་མི་འདུག

ང་འདི་དངོས་ནས་ལས་ངན་བུད་མེད་ཅིག་ཡིན་ཡ་་ཞེས་བདེ་སྐྱིད་འཚོས། ང་ལ་དོ་ནུབ་ང་ལ་ཐ་མག་ཞིག་སྤྲོད་དང་། ངས་ཀྱང་ཐ་མག་གི་བྲོ་བ་ཞིག་མྱོང་འདོད་འདུག་ཞེས་ངས་ཕྱོགས་སུ་ལག་པ་བསྲིངས་སོང་། ངས་རང་གི་ཨམ་ཕྲག་ནང་དུ་ལག་གཉོབ་བྱེད་ཀྱིན། དངོས་ནས་སྔོན་ཆད་འཐེན་མྱོང་མེད་པ་ཡིན་ན་ཡག་པོ་ཡོད་པ་མ་རེད། དེ་ལས་ཁྱེད་རང་སེམས་པ་སྐྱིད་པོ་མེད་ན་འུ་གཉིས་ཕྱིར་ནང་དུ་སོང་ནས་ཁྱེད་རང་གི་ངལ་གསོ་བྱས་ན་ག་འདྲ་འདུག ད་ལྟ་འཕྱི་བོ་ཡང་ཆགས་འདུག སང་ཉིན་འུ་གཉིས་ཀ་གུང་གསེང་རེད། ཁྱེད་རང་ཁོམ་པ་ཡོད་ན་ང་རང་བསྡོད་སར་ཡོང་ན་ག་འདྲ་འདུག

བདེ་སྐྱིད་འཚོས། ཐ་མག་འཐེན་ན་ཡག་པོ་མེད་པ་ངས་ཤེས་ཀྱི་ཡོད། ངས་སྔོན་ཆད་རྩ་ནས་འཐེན་མྱོང་མེད། ཁྱེད་རང་གི་འཐེན་སྟངས་ལ་བལྟས་དེ་འོང་དུས་ཅི་འདྲའི་ཞིམ་པ་ལའང་སྙམ་པ་ཞིག་འདུག་ལ། སྐྱོ་རོགས་ཤིག་ལོས་ཡིན་སྙམ་པའི་ཚོར་སྣང་ཞིག་སྟེར་གྱི་འདུག ང་ལ་གཅིག་སྤྲོད་དང་། འཐེན་ཞོར་དུ་འུ་གཉིས་ཕྱིར་སོང་ན་འགྲིག་གི ང་རང་སང་ཉིན་ལས་ཀ་གང་ཡང་མེད། ཁྱེད་རང་དངོས་ནས་དེ་འདྲའི་ཉན་འདོད་ཆེན་པོ་ཡོད་པ་དང་། འབད་པ་ལྷོད་མེད་ཀྱིས་ངེད་ཀྱི་ཡིད་སྐྱོ་བའི་ལོ་རྒྱུས་འདི་ཟིན་ཐོར་ཕབ་པར་དང་ལེན་བྱས་པ་དེ་དག་ལ་ང་རང་ཕྱོགས་གཅིག་ནས་སེམས་པ་སྐྱོ་བོ་ཞིག་ཡིན་ན་ཡང་། ཕྱོགས་གཞན་ནས་དངོས་ནས་དགའ་ནི་ཞིག་རེད། གནམ་འོག་འདི་ན་ད་དུང་ཡང་ང་རང་ངོ་ཤེས་མཁན་དང་། ང་རང་གི་སྐྱོ་རོགས་བྱེད་མཁན། བསམ་ཤེས་བྱེད་ཐུབ་མཁན་ཁྱེད་རང་ལྟ་བུ་ཞིག་རྙེད་པ་དེ་ཡིན།

སྐད་ཆ་དེ་ཡིས་ང་རང་དོགས་མི་བདེ་བ་ཞིག་བཟོས་ཀྱང་། ངའི་འཛུམ་མདངས་ཤིག་སྟོན་ཞོར་དུ། བདེ་སྐྱིད་འཚོས་རེ་སྐུལ་ལྟར་ཁོ་མོ་ལ་ཐ་མག་རྐང་ཐུར་གཅིག་མེ་རུ་སྒྲོན་ནས་སྤྲད། ཁོ་མོས་ཁོག་ལུད་རྒྱགས་ཀྱིན་རྒྱགས་ཀྱིན་ཐ་མག་རྐང་ཐུར་གཅིག་དེ་ནི་སེམས་ནང་གི་སྐད་ཆ་བཤད་འཕྲོ་དང་འགྲོགས་ནས་འཐེན་སོང་།

ནང་དུ་འགྲོ་བའི་ལམ་ཁར། ངས་དེ་ནས་ཁྱེད་ཀྱི་ཕ་མ་གཉིས་ཀྱིས་ཁྱེད་རང་ཡོད་སར་སླེབས་དུས་སུ་ག་རེ་གསུངས་སོང་། ཕ་རྒན་ནི་བཟང་ན་ངན་ན། སྐྱེ་བ་ཕོ་ཞིག་ཡིན་དུས་འདྲ་རྒྱུ་མི་འདུག ང་རང་ལ་སེམས་ཁྲལ་མ་བྱེད། མགོ་ནག་སྐྱིད་སྡུག་གནམ་གྱི་ལག ཉལ་ས་དྲོན་པོ་རང་གི་ལག་ཟེར་སྲོལ་ཡོད་པ་རེད་ཅེས་བསླབ་བྱ་བརྒྱབས་སོང་། དྲིན་ཆེན་གྱི་མ་ནི་བུད་མེད་ཀྱི་སེམས་སྙི་དྲགས་པ་ནི་ང་རང་ངུས་དེ་ཁོ་གཉིས་ཀྱི་གམ་དུ་བཅར་བ་དང་མ་རྒན་ཡང་ངུས་དེ་ང་རང་ལ་འཐམ་སོང་ལ། བུ་ཀུན་ཐར་སྐྱབས་གང་དུ་ཡོད་ཟེར།

གཞི་ནས་ངས་རང་ཉིད་ལ་ད་དུང་། ལོ་གཅིག་མ་ཟིན་ཙམ་གྱི་བུ་ཆུང་ཞིག་ཡོད་པ་དེ་དགེ་རྒན་འབྲུག་འབུམ་རྒྱལ་གྱི་གཉོར་སྐྱོང་བྱེད་ཀྱིན་པ་ཤེས་སོང་། ང་ནི་དྲན་པ་འབོར་བའི་མི་ཞིག་གྱུར་བ་རེད། ངས་དྲིན་ཆེན་གྱི་ཕ་མ་གཉིས་དང་། ཚེ་རིང་དོན་འགྲུབ་ཀྱི་ཕ་མ་གཉིས་བཅས་ཁོང་ཚོ་ནད་ཁང་གི་ཕྱི་ལོག་དུ་བསྡད་ནས། ཕན་ཚུན་ལ་ཁ་བརྡ་བྱེད་འགོ་བཙུགས་སོང་། ང་རང་ནད་ཁང་ནང་དུ་ཚེ་རིང་དོན་འགྲུབ་ཀྱི་གམ་དུ་ཡོད་ཀྱང་། ཁོང་ཚོས་གླེང་བཞིན་པའི་སྐད་ཆ་ནང་ནས་གོ ཁོང་ཚོས་བུ་ཀུན་ཐར་སྐྱབས། རེ་ཞིག་རིང་ཁོང་ཚོས་ཅིག་གིས་ཁྲིད་འགྲོ་རྒྱུའི་སྐོར་དང་། ཚེ་རིང་དོན་འགྲུབ་ལ་འདུག་རོགས་སུས་བྱེད་དགོས་མིན་བཅས་གླེང་གི་འདུག

མུ་འགོད།

མཆན། 2

  1. sha tak ri sim says:
    ལོ་ 12 སྔོན།

    བདེ་སྐྱིད་འཚོའི་ཚབ་བྱས་ནས་ངས་ཁྱེད་རང་རྒྱུན་དུ་ཕེབས་པ་དེར་དགའ་བསུ་ཞུ།

    Reply
  2. jigme says:
    ལོ་ 12 སྔོན།

    ཁྱེད་ཚང་ལ་ནུབ་ཇ་འཐུང་བར་ཡོང་བ་ཡིན། བདེ་སྐྱིད་འཚོའི་མིག་མཐར་མཆི་མ་འཁྱིལ་ལེ་ཇ་ཞིག་བླུགས་དང་ཐལ། ཡ་ཡ། ད་དེ་བྱོས། ཡང་རུ་ཉུལ་ལ་འགྲོ་རྒྱུ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist