༧ དཔལ་རྒྱལ་བ་ཇོ་ནང་པའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུ་ཆར་ཐེངས་དགུ་བ་དེ་བཞིན་ཕྱི་ལོ་༢༠༡༡ཟླ་ ༡ ཚེས་༥ ནས་ ༡༡ བར་དང་། བོད་རྒྱལ་ལོ་ ༢༡༣༧ བོད་ཟླ་ ༡༡ ཕྱི་མའི་ཚེས་ ༡ ནས་ ༧ བར་ཉིན་བདུན་གྱི་རིང་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་གནང་རྒྱུ་ཐུགས་གཏན་འཁེལ་བ་ལགས་ན། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཆོས་ཚོགས་ནང་བཞུགས་དཔལ་རྒྱལ་བ་ཇོ་ནང་པའི་མཁན་སྤྲུལ་སེར་སྐྱ་ཡོངས་ཀྱི་དབུས་རིས་མེད་བླ་གྲྭ་མི་མང་དང་དད་སློབ་སྦྱིན་བདག་ཁག་བཅས་གོང་གསལ་དུས་ཚེས་ཐོག་ངེས་ཕེབས་ཡོང་བའི་གསལ་བསྒྲགས་སུ་དཔལ་རྒྱལ་བ་ཇོ་ནང་པའི་སྨོན་ལམ་ཆེན་མོ་འཛམ་གླིང་ཕན་བདེའི་གྲུང་ཆར་གྱི་གོ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༠ཟླ་ ༡༡ ཞེས་ ༢༠ ལ།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།