མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་མའི་རྒྱལ་ཁབ་ལ་བལྟ་སྟངས་གསར་པ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༡
Share on FacebookShare on TwitterShare on EmailShare on Whatsapp

བྲམཱ་ཅེ་ལཱ་ནེ་ཡིས་བརྩམས། བསོད་ནམས་བཟང་པོས་བསྒྱུར།  

འབར་མའི་དམངས་གཙོའི་དབུ་འཁྲིད་ཨང་སན་སུའུ་ཀཱེ་ལགས་ཀློད་གྲོལ་བཏང་བ་དང་དུས་མཚུངས་ཨ་རི་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་འབར་མར་འཛིན་པའི་སྲིད་ཇུས་ལ་བསྐྱར་ཞིབ་བྱས་ཏེ། ཆབ་སྲིད་ཀྱི་བཅོས་བསྒྱུར་གསར་པ་ཞིག་ཡོང་བར་ཤུགས་སྣོན་རྒྱག་དགོས་པའི་དུས་ལ་སླེབས་ཡོད། དབུལ་ཕོངས་ཉམ་ཐག་ཡིན་པའི་འབར་མའི་རྒྱལ་ཁབ་ཀྱིས་མུ་མཐུད་ནས་གདེངས་སྤོབས་ཆེ་བའི་རྒྱ་ནག་རྒྱལ་ཁབ་ལས་ལྷག་པར་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡག་པོ་ཡོང་བར་རྒྱུན་འཁྱོངས་བྱེད་དགོས་དོན་གང་ཡང་མེད། འཛམ་གླིང་ནང་དམར་གསོད་གཏོང་མཁན་མང་ཤོས་ཡིན་པའི་རྒྱ་ནག་རྒྱལ་ཁབ་དེ་རྒྱལ་སྤྱིའི་ཁྲོམ་རའི་ནང་དུ་ཞུགས་ནས་དཔལ་འབྱོར་ཡར་རྒྱས་གཏོང་བར་གོ་ས་སྤྲད་པ་དང་། འབར་མའི་རྒྱལ་ཁབ་འདི་བཞིན་རྒྱལ་སྤྱིའི་ཁྲོམ་རའི་ནང་འཛུལ་ཞུགས་བྱེད་པར་བཀག་སྡོམ་བྱེད་དགོས་དོན་གང་ཡིན་ནམ། འདས་པའི་ལོ་བཅུ་ཕྲག་གཉིས་ཀྱི་སྔོན་དུ་འབར་མ་དང་རྒྱ་ནག་རྒྱལ་ཁབ་ནང་དམངས་གཙོའི་ལས་འགུལ་ལ་རྡུང་བརྡེག་ཞོད་འཇགས་བཏང་བ་དུས་མཉམ་ཡིན་མོད། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རྒྱལ་ཁབ་འདི་གཉིས་ཀྱི་འཕེལ་རྒྱས་ཐད་ལྟ་ཚུལ་ཧ་ཅང་མི་འདྲ་བ་རེ་འཛིན་ཡོད།

 

ཡར་ཐོན་ཆེ་བའི་རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་དེ་ནི་ ༡༩༨༩ ལོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམངས་གཙོའི་ལས་འགུལ་ལ་རྡུང་བརྡེག་དང་མི་གསོད་དོན་རྐྱེན་བྱུང་རྗེས། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཚོང་དོན་ཁྲིམས་ལུགས་ལ་བརྩི་སྲུང་ནན་པོ་མ་བྱས་པ་དང། འབྱུང་འགྱུར་ལ་མནོ་བསམ་མ་བཏང་བར་ཐལ་ཆ་ཆེ་བའི་ཐག་གཅོད་བྱས་པར་བརྟེན་ནས་བྱུང་བ་ཞིག་རེད། གྲང་དམག་མཚམས་འཇོག་བྱས་རྗེས་ཨ་རིའི་སྲིད་གཞུང་གིས་མ་མཐོང་ཞ་རར་བརྫུས་ཏེ། ཆེད་མངགས་རྒྱལ་སྤྱིའི་ཚོང་དོན་ཁྲིམས་ལུགས་ལ་རྒྱབ་འགལ་བྱས་པ་དང་། ཕྱི་རྒྱལ་གྱི་མ་འཇོག་དང་ཚོང་འབྲེལ་ལ་ཤུགས་རྐྱེན་སྤྲོད་པར་གུ་ཡངས་སུ་བཏང་ནས་རྒྱ་ནག་རྒྱལ་ཁབ་དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་གཞན་དང་ལྷན་མཉམ་འབྲེལ་བྱེད་པའི་གོ་སྐབས་སྤྲད་ཡོད། གཟུར་གནས་བློ་ལྡན་རྣམས་ཀྱིས་ལེགས་པོར་བལྟས་ན་འབར་མའི་རྒྱལ་ཁབ་ཀྱིས་གནམ་བདེ་སྒོ་མོ་ཆེའི་དོན་རྐྱེན་མ་བྱུང་གོང་གི་ཟླ་བ་བཅུའི་སྔོན་དུ་དམས་གཙོའི་ལས་འགུལ་ལ་རྡུང་བརྡེག་བཏང་རྗེས། རྒྱལ་སྤྱིའི་ཚོང་དོན་ཁྲིམས་འཛིན་གྱིས་འབར་མའི་ཐོག་ནན་ནན་ཏན་ཏན་གྱིས་དམ་དྲག་ཤུགས་ཆེན་བྱས་ཏེ། འབར་མའི་དཔལ་འབྱོར་གནས་སྟངས་སོགས་ཡར་རྒྱས་གཏོང་བར་གོ་སྐབས་ཡེ་ནས་མ་སྤྲད་ཅིང་། ཐ་ན་ ༡༩༩༠ ལོར་འབར་མའི་ནང་རྒྱལ་ཡོངས་འོས་བསྡུ་བྱས་ཀྱང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབར་མར་འཛིན་པའི་ལྟ་ཚུལ་ལ་འགྱུར་བ་གང་ཡང་བཏང་མེད་པ་ཤེས་ཐུབ། གལ་ཏེ་རྒྱལ་སྤྱིའི་ཚོང་དོན་ཁྲིམས་ལུགས་དེ་འབར་མར་ལག་བསྟར་བྱས་པ་བཞིན་རྒྱ་ནག་ལ་གཅིག་མཚུངས་སུ་ལག་བསྟར་བྱས་ཡོད་ཚེ། ད་ལྟའི་འབྱོར་ཕྱུག་དང་དཔལ་འབྱོར་སྲ་བརྟན་ཅན་གྱི་རྒྱ་ནག་འདི་འདྲ་ཞིག་གཏན་ནས་ཆགས་མི་སྲིད།

 

ལོ་ནས་ལོ་བསྟུད་དེ་འབར་མའི་རྒྱལ་ཁབ་དེ་བཞིན་རྒྱལ་སྤྱིའི་ཁྲོམ་རྭར་ཞུགས་པར་བཀག་བསྡོམ་བྱས་པ་དེས་རྒྱལ་ཁབ་ཡར་རྒྱས་གཏོང་བར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ལ། རྒྱ་ནག་ལྟར་དཔལ་འབྱོར་གྱི་རང་དབང་དང་ཆབ་སྲིད་ཀྱི་དབང་ཆ་གཅིག་བསྡུད་བྱེད་པའི་ལྟ་ཚུལ་མཉམ་བསྲེས་ཀྱི་གོ་སྐབས་དེ་འདྲ་ཡེ་ནས་བྱུང་མེད། དོན་དངོས་སུ་ལོ་རབས་དགུ་བཅུ་པའི་མགོ་སྟོད་དུ་འབར་མ་དྲག་པོའི་སྲིད་གཞུང་གིས་ཡུལ་དེ་གའི་དཔལ་འབྱོར་གྱི་སྒོ་མོ་དབྱེ་བའི་ཐབས་ཤེས་བྱས་ཡོད་ཀྱང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་གནོན་ཤུགས་ཆེན་པོ་སྤྲད་པར་བརྟེན། དུས་ཡུན་ཐུང་ཐུང་ཞིག་ནང་ལས་དོན་དེ་མཚམས་འཇོག་བྱེད་དགོས་བྱུང་། དེ་རིང་ལྕམ་ཨང་སན་སུའུ་ཀེ་ལགས་ཀློད་གྲོལ་བཏང་བ་དེས་འདས་པའི་ལོ་བཅུ་ཕྲག་གཉིས་རིང་འབར་མར་འཛིན་པའི་སྲིད་ཇུས་ཀྱི་བསླབ་བྱར་གཞིགས་ཏེ། བསྐྱར་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབར་མར་འཛིན་པའི་ལྟ་ཚུལ་ལ་འགྱུར་བ་གཏོང་མིན་ཐད་ཁོག་ཚད་ལེན་པའི་གོ་སྐབས་བཟང་པོ་ཞིག་སྤྲད་ཡོད། བསླབ་བྱ་དང་པོ་དེ་ནི་དཔལ་འབྱོར་གྱི་གནད་དོན་དང་འབྲེལ་བ་ཞིག་རེད། འབར་བའི་དཔལ་འབྱོར་ཐད་རྒྱལ་སྤྱིའི་ལྟ་ཚུལ་འཛིན་སྟངས་ལ་བསྐྱར་ཞིབ་ཕྲན་བུ་བྱས་ཡོད་ཀྱང་། དེས་ཆབ་སྲིད་ཀྱི་གྲུབ་འབྲས་ནོར་འཁྲུལ་ཅན་ཞིག་བསྐྲུན་ཡོད།

 

རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབར་མར་འཛིན་པའི་སྲིད་ཇུས་དེས་ལོ་ངོ་མང་པོའི་རིང་འབར་མའི་རྒྱལ་ཁབ་དེ་བཞིན་ཁེ་ལས་དཔལ་འབྱོར་གཉེར་སའི་སྤྱི་ཚོགས་ཤིག་ཏུ་བསྐྲུན་ཐུབ་མེད་ལ། ཐ་ན་བརྟན་ལྷིང་གི་སྤྱི་ཚོགས་རྣམ་པ་ཙམ་ཡང་མེད་པར་དབང་ཆ་གཅིག་སྡུད་ཅན་གྱི་དྲག་པོའི་སྲིད་གཞུང་གནས་དགོས་བྱུང་ཡོད། བསླབ་བྱ་གཉིས་པ་ནི་འདི་འདྲ་ཞིག་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབར་མར་ཧ་ཅང་གུ་དོག་པའི་སྲིད་ཇུས་འཛིན་པར་བརྟེན་རྒྱལ་ཁབ་དེ་ཉིད་ཡུན་རིང་ཁེར་རྐྱང་དུ་ལུས་པ་མ་ཟད། འབར་མ་དྲག་པོའི་སྲིད་གཞུང་གིས་གང་ས་ཅི་ཐད་ནས་རྒྱ་ནག་ལ་མ་བརྟེན་ཐབས་མེད་དུ་གྱུར་བ་རེད། དུས་སྐབས་ཤིག་ལ་ཨ་རིས་རྒྱ་ནག་གི་གནོན་ཤུགས་ལ་ཁ་གཏད་གཅོག་ཆེད་ཝེ་ཋེ་ནམ་དམར་པོའི་རྒྱལ་ཁབ་དེ་བཞིན་(ཨ་རིའི་སྲུང་སྐྱོབས་ཁུལ་གྱི་ཆ་ཤས་ཤིག་ཡིན་པའི)སྲིད་ཇུས་འཛིན་པ་དང་། འཆར་གཞི་ལྡན་པའི་ངང་འབར་མའི་རྒྱལ་ཁབ་དེ་བཞིན་རྒྱ་ནག་གི་སྲིད་ཇུས་སྤེལ་ས་ཞིག་ཏུ་བསྐྲུན་ཐབས་བྱས་ཡོད། འོན་ཀྱང་ཁོ་ཚོའི་དམིགས་གཏད་བྱེད་ས་ངོ་མ་དྲག་པོའི་སྲིད་གཞུང་ལ་ཕོག་ཐུག་མ་བྱུང་བར། འབར་མའི་མི་སེར་དཀྱུས་མ་ཚོར་དོ་ཕོག་ཆེན་པོ་བཏང་ཡོད།

 

དུས་རབས་ཕྱེད་ཀ་ཙམ་གྱི་རིང་དྲག་པོའི་སྲིད་གཞུང་གིས་འབར་མའི་ནང་དབང་བསྒྱུར་བྱས་པར་བརྟེན། ཁོ་ཚོའི་སྟོབས་ཤུགས་ཆེན་པོ་ཆགས་ཡོད་ལ། དྲག་པོའི་དབང་བསྒྱུར་མཚམས་འཇོག་བྱས་ནས་དམག་སྒར་དུ་ཕྱིར་ལོག་བྱ་རྒྱུ་ཁག་པོ་ཆགས་ཡོད། དོན་དངོས་ཐོག་ད་ཆ་ཁོང་ཚོ་དམག་སྒར་དུ་ཕྱིར་ལོག་བྱེད་པར་འཚམ་པོ་མེད་ལ་ལོག་ཀྱང་མི་སྲིད། འབར་མའི་ནང་ “ཁ་དོག་གསར་རྗེར་” ལ་གྲུབ་འབྲས་མ་སོན་པར་བརྟེན། ད་ཆ་ཡུལ་དེའི་ནང་དམག་ཤུགས་ཕྱིར་བསྡུ་བྱེད་པའི་ཐབས་ལམ་ནི་གོམ་པ་རིམ་སྤོས་བྱེད་པའི་ཐབས་ཤེས་ཤིག་ལ་མ་བརྟེན་ཐབས་མེད་ཡིན། གནད་དོན་འདི་དང་འབྲེལ་ཏེ་གླེང་ན་མིག་སྔར་འབར་མའི་ནང་འོས་བསྡུ་བྱས་པ་དེ་རང་དབང་དང་དྲང་པོ་དེ་ཙམ་མིན་ཡང་། འདིས་ལོ་ངོ་མང་པོའི་རིང་འཚར་ལོངས་མ་བྱུང་བའི་འབར་མའི་ཆབ་སྲིད་ལམ་ལུགས་ལ་གསོན་ཤུགས་གསར་པ་ཞིག་སྤྲད་པ་དང་། མི་དམངས་ལ་རང་ཉིད་ཀྱི་དབང་ཆ་བེད་སྤྱོད་བྱེད་པའི་ཚོར་སྣང་གསར་པ་ཞིག་བསྐྲུན་ཡོད། གོམ་པ་རིམ་སྤོས་བྱེད་པའི་ཐབས་ལམ་དེའི་ནང་ལྕམ་ཨང་སན་སུའུ་ཀེ་ལགས་ཀློད་གྲོལ་བཏང་བ་དེས་དམངས་གཙོའི་ལས་འགུལ་ལ་གུ་ཡངས་གསར་པ་ཞིག་སྤྲད་པ་མཚོན་ཐུབ།

 

ད་ནི་ཨ་རི་དང་ཨ་རིའི་ཕྱོགས་གཏོགས་རྒྱལ་ཁབ་ཁག་གིས་རང་ཉིད་ཁོ་ནའི་ཁེ་ཕན་སྲུང་སྐྱོབས་བྱས་ནས་མི་འདུག་པར། འབར་མའི་ནང་རྒྱལ་སྤྱིའི་འབྲེལ་འདྲིས་གང་ཐུབ་ཡོང་བར་རོགས་སྐྱོར་བྱ་དགོས་པའི་དུས་ལ་སླེབས་ཡོད། འབར་མའི་ནང་ཆབ་སྲིད་ཀྱི་འཕོ་འགྱུར་རེ་རེ་འགྲོ་བ་དང་བསྟུན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་དང་འཚམས་པའི་གུ་ཡངས་ཀྱི་ལྟ་སྟངས་རེ་ངེས་པར་དུ་འཛིན་དགོས། ལར་ནས་དམངས་གཙོ་གོང་འཕེལ་གཏོང་སྐབས་ས་ཁམས་སྲིད་དོན་གྱི་ལག་ཆ་བེད་སྤྱད་དེ། སྟོབས་ཤུགས་ཞན་པའི་རྒྱལ་ཁབ་ཆུང་གྲས་ལ་བཙན་གནོན་བྱས་ན་མི་འགྲག འཛམ་གླིང་ནང་དབང་ཆ་གཅིག་སྡུད་ཀྱི་རྒྱལ་ཁབ་ཆེ་ཤོས་རྒྱ་ནག་གི་ཆབ་སྲིད་ལ་འགྱུར་བ་གཏོང་ཆེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་འབར་མར་འཛིན་པའི་སྲིད་ཇུས་ལྟར་རྒྱ་ནག་ལ་གཅིག་མཚུངས་སུ་ལམ་ལུགས་དེ་ལག་བསྟར་བྱེད་མི་ཐུབ་པ་གང་ཡིན་ནམ། རྒྱལ་ཁབ་ཆུང་གྲས་ཁག་ལ་སྒྲིག་ཁྲིམས་ནན་པོས་བལྟ་སྲུང་བྱེད་ཅིང་། དབང་ཆ་གཅིག་སྡུད་བྱེད་མཁན་གྱི་སྟོབས་ཆེན་རྒྱལ་ཁབ་ལ་ཁ་ཡ་ཙམ་ཡང་མི་བྱེད་པ་དེས་རྒྱལ་སྤྱིའི་ནང་བཟང་ཕྱོགས་ཀྱི་གྲུབ་འབྲས་ཤིག་སྟོན་ག་ལ་ཐུབ། ནོ་བྷེལ་གཟེངས་རྟགས་ཚོགས་ཆུང་གིས་ཕྱི་ལོ་ ༢༠༡༠ ལོའི་ནོ་བྷེལ་ཞི་བདེའི་གཟེངས་རྟགས་དེ་བཙོན་དུ་བཞུགས་པའི་རྒྱ་རིགས་བློ་མཐུན་ལིག་ཞོ་པའོ་ལགས་ལ་འབུལ་རྒྱུའི་གསལ་བསྒྲགས་བསྐྱངས་སྐབས། རྒྱ་ནག་སྲིད་གཞུང་གིས་མངོན་གསལ་དོད་པོས་རྒྱལ་སྤྱིའི་སྒྲིག་ཁྲིམས་མང་པོ་ཞིག་གཏོར་བཤིག་བཏང་བ་མ་ཟད། ཡུལ་དེ་གའི་ནང་ཆབ་སྲིད་རང་དབང་ལ་རྡོག་རོལ་ཚབས་ཆེན་བཏང་ནས་བསྡད་ཡོད།

 

འབར་མར་ཚད་ལས་བརྒལ་བའི་དམ་དྲག་གི་སྲིད་ཇུས་འཛིན་པ་དེས་གོ་ལྡོག་གི་གྲུབ་འབྲས་ཞིག་ཐོན་ངེས་ཡིན་ཏེ། དེས་ཨ་རིའི་སྟོབས་ཤུགས་ཉམས་ཞན་དུ་གཏོང་བ་དང་རྒྱ་ནག་གི་སྟོབས་ཤུགས་ཇེ་ཆེར་གཏོང་ངེས་རེད། དེའི་རྒྱུ་མཚན་ནི་ང་ཚོས་སྲིད་འཛིན་བྷུ་ཤིའི་སྲིད་གཞུང་གིས་འབར་མར་དམ་དྲག་ཤུགས་ཆེན་བྱེད་སྐབས་རྒྱ་ནག་གིས་འཕྲལ་མར་འབར་མ་དྲག་པོའི་སྲིད་གཞུང་ལ་གྲོགས་པོ་བསྒྲིགས་པའི་ཉམས་མྱོང་ལ་བལྟས་ན་ཤེས་ཐུབ་ངེས་ཡིན། སྲིད་འཛིན་ཨོ་བྷ་མ་མཆོག་ནས་ཨ་རི་དང་འབར་མའི་འབྲེལ་ལམ་རིམ་བཞིན་བཟང་ཕྱོགས་ཀྱི་ངོ་བོ་ཞིག་ཏུ་བསྒྱུར་ཐབས་བྱས་ཀྱང་། མིག་སྔར་རྒྱ་གར་དུ་འཚམས་གཟིགས་གནང་སྐབས་འབར་མར་རྒོལ་གཏམ་ལན་གསུམ་སྤེལ་ཏེ། འབར་མའི་མྱུར་ཚད་ཧ་ཅང་དལ་བའི་འཕེལ་རྒྱས་ལ་སྐྱོན་བརྗོད་ཚབས་ཆེན་བྱས་ཡོད། འོན་ཀྱང་། ད་ནི་ལྕམ་ཨང་སན་སུའུ་ཀེ་ལགས་ཀློད་གྲོལ་བཏང་ཟིན་པས་སྲིད་འཛིན་ཨོ་བྷ་མ་མཆོག་ནས་དམངས་གཙོའི་སོན་རྩ་དེ་དབུལ་ཕོངས་ཀྱི་དཔལ་འབྱོར་ཞིང་སར་རྩ་བ་རྒྱས་མི་སྲིད་པར་ངེས་ཤེས་བརྙེད་དགོས་པ་ཡིན། ཡར་རྒྱས་ཀྱི་ལམ་སྟོན་མེད་པའི་ཕྱིའི་གནོན་ཤུགས་དང་། རྒྱལ་ཁབ་ཀྱི་གནས་སྟངས་ཉག་ཕྲ་བའི་དུས་སུ་ཞི་བདེའི་སྤྱི་ཚོགས་ཀྱི་ཡར་ཐོན་ལྟ་བུར་རེ་ཞག་འཕེན་པ་དེས་རང་གིས་རང་ཉིད་རྨེག་མེད་དུ་གཏོང་བ་ལསམ་འདས་སོ།

 

༼ གོང་གི་རྩོམ་ཡིག་འདི་རྒྱ་གར་དུས་བབ་ཚགས་པར། ཕྱི་ལོ་ ༢༠༡༠ ཟླ་ ༡༡ ཚེས་ ༡༦ སྟེང་བཀོད་ཡོད་པ་དང་། རྩོམ་པ་པོ་བྲམཱ་ཅེ་ལཱ་ནི་ Brahma Chellaney ལགས་ཡིན་ཞིང་། ཁོང་ནི་སྲིད་ཇུས་ཉམས་ཞིབ་ཁང་ (Centre for Policy Research) ཞེས་པར་ཕྱག་ལས་གནང་མཁན་གྱི་སློབ་དཔོན་ཆེན་མོ་ཞིག་ཡིན།  ༽

འབྲེལ་ཡོད་གསར་འགྱུར།

tibettimes
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཁཱལ་མུག་གི་སྲིད་འཛིན་ཟུར་པར་མཇལ་ཁ་སྩལ།

ཆུ་ཚོད་ ༡༩ སྔོན་ལ།
(File image) Jean-François Humbert and other French Parliamentarians with His Holiness the Dalai Lama in Toulouse, France, on 15 August 2011
Mobile App

བོད་དོན་རྒྱབ་སྐྱོར་བ་སྐུ་ཞབས་ཧམ་བྷར་ཊི་ལགས་སྐུ་གྲོངས་བར་མྱ་ངན་ཞུས། 

ཆུ་ཚོད་ ༢༡ སྔོན་ལ།
ཨ་རུ་ན་ཅལ་གྱི་བུད་མེད་པདྨ་དབང་འཛོམས་ལགས་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་བཀག་འགོག་བྱས། ༢༠༢༥།༡༡།༢༡ དྲ་ལམ་གྱི་པར།
Mobile App

ཧྲང་ཧེ་གནམ་ཐང་ནས་པདྨ་དབང་འཛོམས་ལ་བཀག་འགོག་དང་སྡིགས་དམོད་བྱས།

༢༠༢༥/༡༡/༢༤
བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་ཆེན་ཐེངས་ ༡༠ པ་འཚོག་བཞིན་པ། ༢༠༢༥།༡༡།༢༤ དུས་བབ་ཀྱི་པར།
གསར་འགྱུར།

བོད་ཀྱི་རྒྱལ་ཡོངས་མང་གཙོ་ཚོགས་པས་སྲིད་སྤྱི་འོས་བསྡུའི་སྐོར་སོགས་ལ་བགྲོ་གླེང་གནང་གི་འདུག

༢༠༢༥/༡༡/༢༤
Indo-Tibetan Border Police (ITBP) personnel show skills during the police force’s 64th Raising Day, in Udhampur, Jammu and Kashmir, on November 22, 2025 | Photo Credit: PTI
Mobile App

འཕགས་བོད་ས་མཚམས་སུ་བུད་མེད་ཀྱི་དམག་དཔུང་ས་ཚིགས་གསར་འཛུགས་གནང་།

༢༠༢༥/༡༡/༢༤
དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་ལངས་པའི་གསལ་བསྒྲགས་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༡༡།༢༡
Mobile App

དབུ་དཀར་ཚང་སྐལ་བཟང་རྡོ་རྗེ་ལགས་ཕྱི་ལོ་ ༢༠༢༦ ལོའི་སྲིད་སྐྱོང་གི་འོས་མིར་བཞེངས་པའི་གསལ་བསྒྲགས་བྱས།

༢༠༢༥/༡༡/༢༡

མཆན། 4

  1. བདེ་ཁང་སྲས་ says:
    ལོ་ 15 སྔོན།

    གྲོགས་རྟ་ནག་ལགས། དེ་དེ་བཞིན་དུ་ཞུ་བ་ཡིན།

    Reply
  2. བདེ་ཁང་སྲས་ says:
    ལོ་ 15 སྔོན།

    ཁྲ་གླག་སྤྱང་གསུམ་ཕེབས་པར་དགའ་བསུ་ཞུ།

    Reply
  3. ཁྲ་གླག་སྤྱང་གསུམ། says:
    ལོ་ 15 སྔོན།

    དབྱེ་ཞིབ་དོན་དང་ལྡན་པ་ཞིས་བྱས་འདུག་ལ། བསྒྱུར་བ་པོ་ཡང་ཚད་ལྡན་ཞིག་ཡོད་པ་འདྲ། ཐུགས་རྗེ་ཆེ་ཞུ་ཡ་ཡིན།

    Reply
  4. རྟ་ནག་སྐལ་བཟང་ལུང་རིགས། says:
    ལོ་ 15 སྔོན།

    བསོད་ནམས་བཟང་པོ་ལགས། ཁྱེད་ངའི་སློབ་གྲོགས་བསོད་ནམས་བཟང་པོ་ཡིན་ནམ། ཡིན་ན་བཟང་གི། ང་ཚོའི་<རྣམ་ཤེས་འགུལ>ན་བཟང་གི།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese