མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཟི་སྨན་འགོག་ཐབས་ཀྱི་ཟབ་སྦྱོང་།

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

 

ཟླ་འདིའི་ཕྱི་ཚེས་ ༡༩ ནས་ ༢༠ ཉིན་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཏཱ་ར་མགྲོན་ཁང་ཞེས་པར། བོད་ཀྱི་སློབ་གྲྭ་ཁག་  ༡༦ ཙམ་གྱི་སློབ་སྤྱི་དང་དགེ་ཆེ། སློབ་ཕྲུག་གི་འཐུས་མི་བཅས་མཉམ་འཛོམས་ཐོག བོད་ཀྱི་སློབ་ཕྲུག་ཚོས་མྱོས་རྫས་སྤྱོད་བཞིན་པའི་གནས་སྟངས་ཐོག་ཟབ་སྦྱོང་ཞིག་ཚོགས་ཡོད་ཅིང་། ཟབ་སྦྱོང་དེའི་སྐུ་མགྲོན་གཙོ་བོར་བོད་གཞུང་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་ཕེབས་ཡོད། ཚོགས་འདུའི་ཉིན་དང་པོར་བོད་གཞུང་སྨན་རྩིས་ཁང་གི་སྨན་རམས་པ་པདྨ་རྡོ་རྗེ་ལགས་དང་རྒྱ་གར་གྱི་ཕྱི་ལུགས་སྨན་པ་ཁག་ཅིག་ཆེད་ཕེབས་ཀྱིས་བཟི་སྨན་གྱི་ཉེན་ཁ་དང་དཀའ་ངལ་སྐོར་ངོ་སྤྲོད་གནང་ཡོད་པར་མ་ཟད། ལྷག་དོན་དུ་བོད་ཀྱི་སློབ་གྲྭ་ཁག་གི་དགེ་ལས་ཚོས་བཟི་སྨན་གྱི་དཀའ་ངལ་ལ་ཇི་ལྟར་གདོང་ལེན་དང་སྔོན་འགོག་བྱ་དགོས་མིན་གྱི་གཏམ་བཤད་སྤེལ་ཡོད། ཉིན་གཉིས་པར་ཕྱི་ལོ་ ༢༠༠༦ ལོར་གཏན་འབེབས་བྱུང་བའི་ཚོགས་འདུའི་གྲོས་ཆོད་ཁག་ལ་བསྐྱར་ཞིབ་དང་། སློབ་གྲྭ་ཁག་གི་ལས་སྡོམ་ལ་བལྟས་ཏེ། འཕྲོད་བསྟེན་ལས་ཁུངས་དང་སློབ་གྲྭ་ཁག དེ་བཞིན་ཀུན་ཕན་ཚོགས་པ་བཅས་ཐུན་མོང་ཐོག བཟི་སྨན་སྔོན་འགོག་གི་སྤྱི་མོས་གྲོས་ཆོད་ཁག་ཅིག་འཇོག་ཐུབ་ཡོད། སྐབས་དེར་བཀའ་བློན་མཆོག་གིས་ལྡི་ལི་ས་གནས་མགོ་འཛིན་ལས་ཁུངས་དང་འཕྲོད་བསྟེན་སྨན་ཁང་བཅས་སུ་གཟིགས་སྐོར་གནང་སྟེ། ས་གནས་མགོ་ཁྲིད་ཚོར་བོད་རིགས་མང་ཚོགས་ཀྱི་འཕྲོད་བསྟེན་གནས་སྟངས་སྐོར་རྒྱུས་ལོན་གནང་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

ཆུ་ཚོད་ ༡༣ སྔོན་ལ།
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

ཆུ་ཚོད་ ༡༦ སྔོན་ལ།
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༡༩ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༢༠ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

༢༠༢༦/༠༩/༢༡
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡

མཆན། 5

  1. གངས་སྐྱེས། says:
    ལོ་ 16 སྔོན།

    དངོས་གནས་མ་འོངས་པའི་བོད་ཀྱི་སོན་རྩ་དག་གིས་དུག་རྫས་ཀྱི་རིགས་བེད་སྤྱོད་བྱེད་བཞིན་པ་འདི། ངེས་པར་དུ་མཚམས་འཇོག་བྱེད་དགོས་པའི་བཅའ་ཁྲིམས་དང་།དགེ་ལས་ཁག་གིས་འགན་ཁུར་གཙང་ལེན་བྱེད་དགོས་པ་རེད། དེང་སང་གི་སློབ་གྲྭའི་ནང་དེ་འདྲའི་རིགས་གཏན་ནས་བེད་སྤྱོད་བྱེད་མི་ཆོག་པའི་བཀའ་རྒྱ་དང་རང་འགུལ་གྱིསདམ་བཅའ་བྱེད་དུ་འཇུག་དགོས་པ་སོགས། མདོར་ན་ཐབས་ཤེས་གང་ཡོད་ཀྱིས་བོད་ཀྱི་སྤྱི་ཚོགས་ནང་ལ་དེ་འདྲའི་གཏན་ནས་མེད་པ་བཟོ་བའི་འབད་བརྩོན་བྱེད་དགོས་པ་དེ་ཡིན། དེ་ཡང་དགེ་ལས་ཁ་ཤས་ཤིག་དང་ལྷག་བསམ་གྱིས་ཕྱུག་པའི་མི་བུ་ཁ་ཤས་ཤིག་གིས་དེ་ཙམ་གྱི་འབྲས་བུ་འབྱུང་དཀའ་བས་སྤྱི་ཚོགས་སྟེང་གི་བོད་མི་ཚང་མས་འབད་པ་བྱེད་རོགས་ཞེས་འབོད་བསྐུལ་ཞུས་པ་ཡིན།

    Reply
  2. Tenzin Jigmey says:
    ལོ་ 16 སྔོན།

    ཁོ་བོ་གཏན་ཉིན་སློབ་གྲར་སྡོད་རིང་བཟི་སྨན་བེད་སྤྱོད་བྱེད་མཁན་མང་པོ་མཐོང་མྱོང་ལ་དེས་རང་ཙམ་མ་ཡིན་པར་ནང་མི་དང་སྤྱི་ཚོགས་དེ་བཞིན་རྒྱལ་ཁབ་ལ་ཡང་གནོད་ཀྱི་ཡོད་པ་ནི་བརྗོད་མི་དགོས་པ་ཞིག་ཡིན་ དེར་བརྟེན་བཟི་སྨན་འགོག་ཐབས་ཀྱི་ཟབ་སྦྱོང་དེར་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན།
    ཐུགས་རྗེ་ཆེ་།།

    Reply
  3. སྐྱ་ཀ says:
    ལོ་ 16 སྔོན།

    བཟི་སྨན་ནི་མི་ཞིག་གི་མི་ཚེ་ཙམ་མ་ཡིན་པ་ང་ཚོའི་བོད་མི་རིགས་གནས་སྟངས་ཀྱི་ངོ་བོ་རུ་སྐྱོན་ཆེན་ཡོང་གི་ཡོད། དེ་ནི་ཚོགས་འདུ་བཀང་པ་ཙམ་མ་ཡིན་པ་ལག་ལེན་ཁེལ་ཐུབ་པའི་རེ་འབོད་བྱེད་ཀྱིན་ཡིན།

    Reply
  4. འོད་ཡུག་པའི་འཁྱམས་པོ། says:
    ལོ་ 16 སྔོན།

    ཡག་པོ་རེད་ལས་མགུལ་སྤེལ་བར་བསྔགས་བརྗོད་ལོས་ཞུ། འོན་ཀྱང་ལས་མགོ་བརྕམས་པར་སླ་མོད་བཟང་མཐའ་འཁྱོལ་བར་ཧ་ཅང་དཀའ་འོན་ཀྱང་ཅུང་ཞིག་པན་ཀྱང་སྤྱི་ཚོགས་ཀྱི་ཞབས་ཞུ་རང་རེད་ད།

    Reply
  5. ངས་པོའི་ལྷ་སྲས། says:
    ལོ་ 16 སྔོན།

    ད་རེས་ཡག་པོ་དཔེ་མི་སྲིད་པ་བྱུང་འདུག་སློབ་ཕྲུག་དེ་ཚོ་ལ་བཟི་སྨན་གནོད་སྐྱོན་གྱི་སྐོར་ལ་ཟབ་སྦྱོང་མང་ཙམ་སྤྲོད་རོགས་གནང།
    དེང་སང་སློབ་གྲྭ་ཁག་གི་ནང་ལ་བཟི་སྨན་བེད་སྤྱོད་བྱེད་མཁན་མང་པོ་འདུག་ཟེར་གྱིན་འདུག
    ཟབ་སྦྱོང་སྤྲད་པ་ཙམ་མིན་པར་དགེ་རྒན་ཚོས་རྒྱུན་དེའི་ཐོག་ལ་རྒྱུན་ནས་འགན་འཁུར་མང་ཙམ་བཞེད་རོགས་ཞེས་འབུལ་སྐུལ་ཞུ་བཞིན་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese