མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བྱང་པ་གཅུང་ལགས་དགོངས་པ་རྫོཊ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

 

པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ངོས་འཛིན་གནང་སྐབས། རླབས་ཆེན་གྱི་མཛད་རྗེས་འཇོག་མཁན་སྐུ་ཞབས་བྱང་པ་གཅུང་ལགས་གདན་ས་བཀྲ་ཤིས་ལྷུན་པོའི་ཉེ་འགྲམ་གཞིས་རྩེ་ཀླུ་ལྡིང་ས་ཁུལ་གྱི་སྐུ་མཆེད་ཅིག་གི་གཟིམ་ཁང་ནས་དགོངས་པ་རྫོགས་ཡོད་འདུག

བྱང་པ་གཅུང་ལགས་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་མ་ཐག ཕྱི་ཚེས་ ༡༤ ཉིན་ནས་པཎ་ཆེན་ཨེར་ཏེ་ནི་ཞབས་ཞུ་ལས་དོན་ལྟེ་གནས་ཁང་གིས་རྒྱ་གར་དང་བལ་ཡུལ་གྱི་གནས་ཆེན་ཁག་ལ་མཆོད་འབུལ་ཞུ་མགོ་བཙུགས་ཡོད་པའི་གནས་ཚུལ་སྐོར་བཀོད་དོན། ཉིན་དེ་ནས་བཟུང་རྒྱ་བལ་གྱི་གནས་ཆེན་ཁག་ལ་མཆོད་འབུལ་ཞུ་དགོས་རིགས་ཞུས་དང་ཞུ་བཞིན་པ་དང༌། དམ་པ་དེ་ཉིད་ཀྱི་ཐུགས་དགོངས་ཟབ་མོ་ཡོངས་སུ་རྫོགས་པའི་ཆེད་སྐུ་ཚིགས་ནམ་ཡིན་ལ་དགེ་འདུན་གྱི་འདུས་སྡེར་བསྙེན་བཀུར་དང་འབྲེལ་གསོལ་འདེབས་མཆོད་འབུལ་ཞུ་བཞིན་ལགས། སྐུ་ཞབས་བྱང་པ་གཅུང་ལགས་བོད་ཀྱི་བསྟན་སྲིད་དོན་དུ་སྐུ་ཚེའི་འཕེན་པ་རྫོགས་ཟིན་ཡང༌། གང་གིས་སྐུ་ཚེ་ཧྲིལ་པོར་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་ནམ་ཡང་འཇིགས་ཞུམ་བྲལ་བའི་སྒོ་ནས་བཞག་པའི་རླབས་ཆེན་གྱི་མཛད་རྗེས་རྣམས་ང་ཚོའི་སྙིང་དབུས་ནས་ནམ་ཡང་ཟུབ་ཐབས་མེད། ཅེས་བཀོད་འདུག

སྤྱི་ལོ་ ༡༩༣༩ ལོར་བོད་གཙང་ཁུལ་རོང་མཚོར་༼ རོགས་ཚོ ༽འཁྲུངས་ཤིང༌། ཆུང་དུས་ནས་བོད་ཀྱི་གདན་ས་བཀྲ་ཤིས་ལྷུན་པོར་ཆོས་བཞུགས་གནང་ནས་རྩེ་སློབ་གྲྭར་བོད་ཀྱི་བརྡ་སྤྲོད་རིག་གནས་ཀུན་ལ་སྦྱངས་པ་མཐར་ཕྱིན་མཛད་དེ་མཁས་པའི་ཡང་རྩེར་སོན། ལོ་རབས་བརྒྱད་ཅུའི་ནང་གཞིས་རྩེ་དགེ་འོས་སློབ་གྲྭའི་དགེ་རྒན་ཆེན་མོར་གདན་དྲངས། དེ་རྗེས་ཀུན་གཟིགས་ྋཔཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོའི་བཀའ་དགོངས་བཞིན་བོད་གངས་རྒྱན་སློབ་གྲྭའི་མཛད་འགན་བཞེས། ཁོང་གིས་བོད་ནང་སེར་སྐྱ་སློབ་མ་སྟོང་ཕྲག་མང་པོར་བོད་ཀྱི་བརྡ་སྤྲོད་འཆད་འཁྲིད་མཛད་ནས་བོད་ཀྱི་རིག་གནས་ཉམས་པ་སླར་གསོར་སྨན་པའི་ཕྱག་ལས་རྒྱ་ཆེར་མཛད། ཀུན་གཟིགས་ྋཔཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་དགོངས་པ་རྫོགས་རྗེས་ཡང་སྲིད་འཚོལ་ཞིབ་ཀྱི་ལས་དོན་སྐོར་ཕྱག་ལས་གནང་མཁན་གཙོ་གྲས་ཤིག་ཆགས།

 

སྤྱི་ལོ་ ༡༩༩༥ ལོར་རྒྱ་ནག་གཞུང་གིས་སྤྱི་ནོར་ྋགོང་ས་མཆོག་གིས་ངོས་འཛིན་གསལ་བསྒྲགས་བསྐྱངས་པའི་ཀུན་གཟིགས་ྋཔཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཛིན་བཟུང་བཙན་ཁྲིད་བྱེད་སྐབས། རྒན་བྱང་པ་གཅུང་ལགས་ཀྱང་འཛིན་བཟུང་བཀག་ཉར་བྱས་ནས་ཞི་དྲག་གཉིས་ཀྱི་སྒོ་ནས་འདྲི་རྩད་ལན་མང་བྱས། ཉིན་གཅིག་རྐང་ལག་ལྕགས་སྒྲོག་གིས་བཅིངས་པའི་བྱང་པ་གཅུང་ལགས་གཞིས་རྩེའི་ཉེན་རྟོགས་དམག་མིས་གདན་ས་བཀྲ་ཤིས་ལྷུན་པོའི་ནང་འཁྲིད་ནས་མཐའ་མའི་འདྲི་རྩད་བྱེད་སྐབས། སྔར་བཞིན་ྋརྒྱལ་བ་རིན་པོ་ཆེར་ཡིག་འབྲེལ་བྱེད་མཁན་ང་རང་ཡིན། སྐུ་ཞབས་བྱ་བྲལ་རིན་པོ་ཆེར་ཐུགས་ཁག་རྩ་བ་ནས་མེད། གལ་སྲིད་ཉེས་པ་ཡོད་ན་ཚང་མ་ང་རང་གཅིག་པུས་བསགས་པ་ཡིན། ཁྱེད་ཚོས་ཆད་པ་ག་རེ་བཏང་ཡང་ང་ལ་གཏོང་རོགས་གནང་ཞེས་སྔར་བཞིན་ཚིག་ཐག་ཆོད་པོས་གསུངས་པར། མཐར་རྒྱ་ནག་གཞུང་གིས་ཁོང་ལ་རྒྱལ་ཁབ་ཀྱི་གསང་བ་ཕྱི་ལ་གྱར་མཁན་དང་ངན་འབྲེལ་ཡོད་པའི་ཉེས་མིང་འོག་ལོ་ངོ་བཞིའི་རིང་དུས་བཀག་བཙོན་འཇུག་དང༌། ལོ་ངོ་གཉིས་རིང་ཆབ་སྲིད་དབང་ཆ་འཕྲོག་པའི་ཁྲིམས་ཐག་བཅད་ནས་བཙོན་དུ་བཅུག

 

གོང་གསལ་བཙོན་འཇུག་གི་ལོ་ཚད་ཡོལ་ཀྱང་ལམ་སེང་ཀློད་གྲོལ་མ་བྱས་པར། དུས་ཡུན་རིང་པོའི་རྗེས་སུ་གཞི་ནས་བཙོན་ཁང་ནས་གློད། དེ་རྗེས་གཞིས་རྩེར་སྐུ་མཆེད་ཞིག་གི་གཟིམ་ཁང་དུ་བཞུགས་ཀྱང་གཞིས་རྩེ་ས་གནས་ཉེན་རྟོགས་པའི་ལྟ་སྲུང་བ་ཞིག་ཞབས་ཕྱི་ཡིན་ཁུལ་གྱིས་འབྲལ་མེད་བཞག་ཡོད་པས། ཁོང་ལ་ཕྱི་ཚུལ་ཙམ་ལས་དོན་དམ་གྱི་བཙོན་གྲོལ་ནམ་ཡང་ཐོབ་མེད། ཁོང་བཙོན་གྲོལ་རྗེས་ནམ་རྒྱུན་ཕྱི་མི་སུ་གང་དང་རང་དབང་གི་སྒོ་ནས་ཐུག་འཕྲད་གནང་རྒྱུའི་གོ་སྐབས་བྱུང་མེད་ལ་ཐུག་འདོད་ཀྱང་གནང་གི་མེད། ཁོང་བཙོན་ཁང་དུ་བཞུགས་རིང་རྡུང་རྡེག་དྲག་པོས་སྐུ་གཟུགས་ལ་གཅོང་ནད་ཚབས་ཆེན་ཕོག་པས་གཞིས་རྩེར་སྐུ་མཆེད་ལྷན་དུ་ལོ་ངོ་གསུམ་ལྷག་བཞུགས་ལོང་མ་བྱུང་བར་ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༨ ཐོག་དགོངས་པ་རྫོགས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 7

  1. dawa says:
    ལོ་ 15 སྔོན།

    ངེད་ཚོ་བོད་པ་འདི་ཚོ་ག་དུས་ཡིན་ནའང་དེ་འདྲ་རེད།
    མི་ཞིག་གྲོངས་ཚར་དུས་ཡག་ཏུ་འགྲོ་བ་ངེད་ཅག་གི་ཆོས་ཉིད་རེད།

    Reply
  2. རིགས་བཟང་། says:
    ལོ་ 15 སྔོན།

    ལག་ཟུང་མཐེབ་མོ་སྦྱར་ནས་མྱ་ངན་ཞུ།

    Reply
  3. གངས་སྐྱེས། says:
    ལོ་ 15 སྔོན།

    དམ་པ་གང་ཉིད་དགོངས་པ་རྫོགས་པ་ལ་མྱ་ངན་ཞུ།

    Reply
  4. གངས་སྐྱེས། says:
    ལོ་ 15 སྔོན།

    རླབས་ཆེན་གྱི་སྐྱེས་ཆེན་འདི་ལྟ་བུ་ཅིག་ཉག་ཕྲའི་དུས་ཚོད་ཀྱི་སྐབས་སུ་དགོངས་པ་རྫོགས་པ་དེ་དངོས་གནས་ཡིད་སྐྱོ་དགོས་པ་ཞིག་རེད། འདི་འདྲིའི་རིགས་ལ་ང་ཚོས་རྗེས་དྲན་དང་ནམ་ཡང་སྨོན་ལམ་འདེབས་དགོས་པ་རེད།

    Reply
  5. ངས་པོའི་ལྷ་སྲས། says:
    ལོ་ 15 སྔོན།

    དམ་པ་དེ་ཉིད་ཕྲན་གྱི་དངོས་སུ་མཇལ་མྱོང་མེད་ཀྱང་ཁོག་གི་མཛད་རྣམས་ཆུང་ངུ་དུས་ནས་ཐོས་མྱོང།
    ༸པཎ་ཆེན་མཆོག་སྤྲུལ་རིན་པོ་ཆེའི་ཡང་སྲིད་བརྩད་གཅོད་སྐབས་ཕྱག་ལས་རྒྱ་མི་ཆུང་བ་ཞིག་གནང་བར་རྗེས་སུ་ཡིད་རང་ཡོད།
    དམ་པ་ཁོང་བཙོན་ཁང་དུ་བཞུགས་རིང་རྡུང་རྡེག་དྲག་པོས་སྐུ་གཟུགས་ལ་གཅོང་ནད་ཚབས་ཆེན་བཟོས་པའི་ཉེ་ལེན་ལ་བརྟེན་ནས་དགོངས་པ་རྗོགས་པར་མྱ་ངན་ཞུ།

    Reply
  6. མགར་ནེ་ཙོ། says:
    ལོ་ 15 སྔོན།

    མི་རིགས་གཙོ་བྱས་རྒྱལ་ཁབ་དང་ཆོས་སྲིད་ཀྱི་དོན་དུ་མི་ཚེ་རྫོགས་པའི་དམ་འདི་ཉིད་སྐུ་གཤེགས་པར་ང་ཚོས་སྙིང་ཐག་པ་མྱ་ངན་དང་། ཁོང་གི་མི་ཚེ་ནང་ཕྱག་རྗེས་བླ་མེད་བཞག་པར་
    ང་ཚོས་ནམ་ཡང་རྗེས་དྲན་ཡང་ཡང་བྱས་ངེས། དུས་གཏན་དུ།

    Reply
  7. མངའ་རིས་ཕོ་ཉ། says:
    ལོ་ 15 སྔོན།

    པཎ་ཆེན་སྐུ་ཕྲེང་བཅུ་གཅིག་ངོས་འཛིན་ཆེད་དུ་སྐུ་སྲོག་འབེན་དུ་བཞག་ནས་སྐུ་ངལ་ཚད་མེད་སྐྱོན་པ་དེ་བོད་མི་རིགས་ཀྱི་བདེན་དོན་ཆེད་དུ་ནམ་ཡང་འཇིགས་ཞུམ་བྲལ་བའི་སྒོ་ནས་རླབས་ཆེན་གྱི་མཛད་རྗེས་རྣམས་ང་ཚོའི་སྙིང་དབུས་ནས་ནམ་ཡང་ཟུབ་ཐབས་མེད།
    དམ་པ་དེ་ཉིད་སྐུ་བཞི་ཡེ་ཤེས་ལྔ་ཡི་གོ་འཕང་མྱུར་དུ་ཐོབ་ནས་བོད་བསྟན་སྲིད་དོན་དུ་ཡང་སྲིད་བྱོན་པ་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese