མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙལ་ཡང་མ་རྙེད་པའི་བརྩེ་དུང་། བཅོ་ལྔ།

བོད། ཤ་ཁྲག་རུས་གསུམ།
༢༠༡༠/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

                                                                           བཅོ་ལྔ།

བདེ་སྐྱིད་འཚོས། ཁྱེད་རང་གཟའ་འཁོར་སྔོན་མའི་ནང་དུ་གྲོགས་པོ་དེ་ཡིས་སྐད་བཏང་ནས་སོང་དུས། དོན་དག་ག་རེ་བྱུང་འདུག

ངས་ཁོ་མོ་ལ་བཟང་བོ་སྐྱབས་ཀྱི་གྲོགས་པོ་ཞིག་གི་དོན་རྐྱེན་སྐོར་བྱུང་རིམ་དག་ཞིབ་དུ་བཤད་པ་དང་། སླར་ཡང་ངས་ཁོ་མོས་བཤད་འཕྲོར་ཉན་པ་ཡིན།

བདེ་སྐྱིད་འཚོས། ཨོ་རེད། གཟའ་འཁོར་སྔོན་མ་དེ་འུ་གཉིས་ཀྱི་བཤད་མཚམས་རེད། དེ་ནས་ཚེ་རིང་དོན་འགྲུབ་སྨན་ཁང་དུ་ཡུན་རིང་མ་བསྡད་པར་ནང་དུ་གནས་སྤོས་པ་དང་། ང་རང་ཡང་འཚོ་བའི་ཆེད་དུ་ཆང་ཁང་དུ་ལྟ་རྟོགས་མང་ཙམ་བྱེད་དུ་མི་འགྲོ་ཐབས་མེད་བྱུང་། རྒྱུ་མཚན་ནི་འགན་འཛིན་ཁོ་རང་ལ་སྒེར་གྱི་ལས་དོན་གལ་ཆེན་ཞིག་ཐོན་ནས་དགོངས་པ་ཞུས་སོང་། དེ་ནས་མི་གསར་བ་ཞིག་གློ་བར་དུ་མི་རེག་པ་དང་། ང་རང་ཡང་དེ་ནས་གསར་བ་ཡིན་དུས། གང་ལྟར། ངས་གནས་སྐབས་རིང་ཆང་ཁང་ལ་དོ་དམ་མི་བྱེད་ཀ་མེད་རེད།

དགོང་མོ་མཚམས་རེར་འཕྱི་བོ་ཆགས་ནས་ནང་དུ་འགྲོ་དགོས་པ་དང་། སྔ་མོ་སྔ་ཙམ་བླངས་དཀའ་བ་མ་ཟད། ཡར་བླངས་རྗེས་སུ་བརྩེ་བའི་ཁྱོ་ག་ཚེ་རིང་དོན་འགྲུབ་དང་ཁོང་གི་ཕ་མ་གཉིས་ལ་ཞབས་ཞུ་ཞིག་ཀྱང་བྱེད་ཁོམ་མེད་པའི་གནས་སུ་ལྷུང་། དེ་དུས་ཡུན་རིང་ཞིག་འགྲོ་མ་སོང་། གཞི་ནས་ཚེ་རིང་དོན་འགྲུབ་ཀྱི་ཕ་མ་གཉིས་ཀྱིས། ང་ལ་བདེ་སྐྱིད་འཚོ། ད་འདི་འདྲ་ཞིག་བྱས་ནས་འུ་གཉིས་འདི་ནས་བསྡད་ཀྱང་ཁྱེད་རང་ལ་རོགས་བྱེད་ཐུབ་ཀྱི་མི་འདུག་ལ། ཁྱེད་ཀྱིས་ཀྱང་ཚེ་རིང་དོན་འགྲུབ་ལ་ལྟ་སྐྱོང་བྱེད་ཐུབ་ཀྱི་མི་འདུག ངེད་གཉིས་ལ་རང་གི་སྡེ་བའི་ནང་ཡག་པོ་འདུག དེ་ནས་ཁོ་རང་ལ་ཡང་ཁོད་ཡངས་པ་དང་། སེམས་པ་ཡང་དུ་འགྲོ་སྲིད་པ་རེད། ཁྱེད་རང་གིས་གནས་སྐབས་རིང་ལ་འདི་ནས་ཆང་ཁང་གི་ལས་འཁུར་བྱེད་བཞིན་ཡོད།

བཤད་ནས་མཚམས་དེར་སླེབས་དུས། ངས་ཀྱང་ཁོའི་ཕ་མ་གཉིས་ཀྱི་ཅི་གསུངས་བཞིན་བྱེད་པ་ལས་ཁྱེད་གཉིས་ནང་དུ་བསྡོད་དང་། ངས་ཀྱང་ལས་ཀ་སྐྱུར་ནས་ནང་དུ་འཁོར་ཟེར་ནས་བཤད་ཐུབ་ཀྱང་མེད་པ་ལྟ་བུ་ཞིག་ཆགས་ཡོད། རྒྱུ་མཚན་ནི་ང་ཚོའི་འཚོ་བའི་བརྟེན་ས་ནི་ཆང་ཁང་དེ་ཆགས་ཡོད། དེ་ཡག་པོ་ཞིག་མ་བྱུང་བ་ཡིན་དུས། ངས་རང་གི་བུ་ཀུན་ཐར་སྐྱབས་དང་རང་གི་ཁྱོ་ག་ཚེ་རིང་དོན་འགྲུབ། ང་ཚོས་ཁ་གསོ་ཐབས་གཞན་ཞིག་ཇི་ལྟར་བཙལ།

ཁོའི་ཕ་མ་གཉིས་དང་རང་གི་བརྩེ་བའི་ཁྱོ་ག་ཚེ་རིང་དོན་འགྲུབ་བཅས་རླངས་འཁོར་ཆུང་ཆུང་ཞིག་གི་ནང་དུ་བཏང་བ་ཡིན། ནང་ལ་རླངས་འཁོར་ཞིག་ཡོད་ཀྱང་། ངས་སྐབས་དེ་དུས་རླངས་འཁོར་གཏོང་མི་ཤེས་ཤིང་། གཏོང་མཁན་གྱི་ཁྱོ་ག་ཚེ་རིང་དོན་འགྲུབ་ནི་ཚད་དེ་ལ་ལྷུང་ཡོད་པ་རེད། ངས་ཁོང་ཕ་མ་གཉིས་ལ་ང་རང་མི་འགོར་བར་ཁྱེད་ཅག་ལ་སྐོར་ར་རྒྱགས་དུ་ཡོང་ཁོ་ཐག་ཡིན། དངོས་ནས་ཕྱོགས་གཅིག་ནས་སྡེ་བའི་ནང་དུ་སོང་ན་བཟང་གི དེ་རུ་ངའི་ཕ་མ་གཉིས་ཀྱི་གམ་དུ་བུ་ཀུན་ཐར་སྐྱབས་ཀྱང་ཡོད་པ་ཡིན་དུས། ཁོ་རང་གིས་བུ་ཀུན་ཐར་སྐྱབས་མཐོང་ན་ཇེ་དགའ་འགྲོ་ན་ཡང་ཐང་།

ཁོང་ཚོ་སོང་ནས་ཉིན་བཅུ་གྲངས་བཅུ་ཙམ་ཞིག་འདས་པ་རེད། ང་རང་ཚེ་རིང་དོན་འགྲུབ་དང་གཅེས་པའི་བུ་ཆུང་ལ་སྐོར་ཞིག་རྒྱགས་དུ་མི་འགྲོ་ག་མེད་ཆགས་ཡོད། གནས་སྐབས་རིང་ཆང་ཁང་ནང་དུ་ལྟ་རྟོགས་བྱེད་ཉན་ཞིག་བློས་འཁེལ་ཆོག་པ་ཞིག་རྙེད་ཀྱི་མི་འདུག གཅིག་ཡོད་པ་དེ་ནི་དགེ་རྒན་འབྲུག་འབུམ་རྒྱལ་རེད། ཁོ་རང་ཡང་དགོང་མོ་མ་གཏོགས་སློབ་ཚན་ཁྲིད་དུ་འགྲོ་དགོས་པ་རེད། ངས་ཁོང་ལ་རེ་སྐུལ་བྱེད་མ་ཐུབ་པར་ཡོད་དུས། ཁོ་རང་ཕལ་ཆེར་ཕྱི་དྲོ་རྟག་པར་ངེད་ཚང་གི་ཆང་ཁང་དུ་ཡོང་གི་ཡོད། ཕྱི་དྲོ་ཞིག་ལ་ཁོས་ང་ལ་ཁྱེད་རང་ཁྱོ་ག་དང་བུ་གཉིས་ལ་སྐོར་ཞིག་རྒྱགས་དུ་འགྲོ་མི་དགོས་སམ་ཟེར།

ང་འགྲོ་ལོས་དགོས། ཡིན་ཡང་། འདི་ལ་ལྟ་མཁན་ཞིག་མི་རེག་གི
ངས་བལྟས་ཆོག་ན་ངས་ལྟ་ཆོག
ཡིན་དང་ཡིན། ཁྱེད་རང་ལོས་ཆོག རེད་དེ་ཁྱེད་ཀྱི་སློབ་ཚན་ཁྲིད་རྒྱུའི་ཕྱོགས་ནས།
ནངས་ཉིན་ནས་བྱིས་པ་ཚོ་གུང་གསེང་ཞིག་ལ་འཁེལ་གྱི་ཡོད།

མུ་འགོད།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནང་གི་བོད་ཡིག་སྒོ་བྱང་མེད་པར་བཟོ་བཞིན་འདུག

ཆུ་ཚོད་ ༡ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༣ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

༢༠༢༦/༡༠/༠༥
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese