མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྱོད་དོན་དེ་ཁྲིམས་ཁང་གིས་ཐག་གཅོད་གནང་གི་རེད།

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

 

ཁྲིམས་ཁང་ནས་བརྡ་ཐོ་འབྱོར་བ་ཡིན་ན་དེར་འགྲེལ་བཤད་རྒྱག་རྒྱུའི་གོ་སྐབས་ཤིག་ཡོད་པ་རེད། ཁྲིམས་ཁང་ལ་འགྲེལ་བཤད་ཅི་ཡང་མེད་པར་མི་འཇུས་སོང་ཟེར་བའི་སྐད་ཆ་ཞིག་ཡོང་ཐབས་ཡོད་པ་མ་རེད། གལ་སྲིད་བོད་པ་དེ་དག་ལ་ཁྲིམས་ཁང་ནས་ནག་ཉེས་ར་སྤྲོད་གསལ་བོ་བྱུང་བ་ཡིན་ན། བཀའ་ཤག་གིས་ཁྲིམས་མཐུན་མིན་མཁན་ཞིག་ལ་རྒྱབ་སྐྱོར་གནང་ཐབས་ཡོད་མ་རེད་ཟེར།

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་གྱི་ཧི་མ་ཅལ་མངའ་སྡེའི་ཧིན་རྡུ་ཉིན་རེའི་ཚགས་པར་སྟེང་། གནས་ཆེན་མཚོ་པདྨ་ཁུལ་དུ་སྡོད་མཁན་བོད་མི་ཁ་ཤས་ཀྱིས་ཡིག་ཆ་རྫུན་མའི་ཐོག་ནས་ས་ཆ་ཉོ་ཚོང་བྱས་པའི་ཁྲིམས་འགལ་གྱི་གྱོད་དོན་བཟོས་ཡོད་སྟབས། ད་ཆར་རྒྱ་གར་ཉེན་རྟོག་པས་བོད་མི་ ༣ འཛིན་བཟུང་བྱ་གཏན་འཁེལ་ཡོད་སྐོར་བཀོད་འདུག་ལ། གྱོད་དོན་དེ་ཐོག་མར་ ༢༠༠༥ ཙམ་ནས་རྒྱ་གར་ས་གནས་ཡུལ་མི་ཞིག་གིས་མན་ཌི་ Mandi རྫོང་ས་གནས་ཁྲིམས་ཁང་དུ་བོད་མི་ཚོས་ཁྲིམས་འགལ་ཐོག་ས་ཆ་ཉོ་ཚོང་བྱེད་ཀྱི་ཡོད་པའི་ཞུ་གཏུག་བྱས་པ་ལས་བྱུང་ཞིང་། ད་ལྟ་གནད་དོན་དེ་ཅུང་ཛ་དྲག་གི་ངོ་བོར་འགྱུར་བཞིན་ཡོད་འདུག

དེ་རིང་འདི་གའི་གསར་འགོད་པ་བཀའ་ཤག་ཏུ་བསྐྱོད་དེ་བཀའ་དྲུང་མི་འགྱུར་རྡོ་རྗེ་ལགས་སུ། གནད་དོན་དེའི་སྐོར་ལ་མཁྱེན་རྟོགས་ཡོད་མེད་བཀའ་དྲི་ཞུས་སྐབས་ཁོང་གིས། གནད་དོན་དེ་ནི་ས་གནས་རྒྱ་གར་ཡུལ་མི་པཱ་ཝན་ཀོ་མར་ Pawan Kumar ཟེར་བ་ཞིག་གིས། བོད་པས་ཁྲིམས་མཐུན་མིན་པའི་ས་ཆ་བདག་གཉེར་བྱེད་བཞིན་ཡོད་པ་དང་། བོད་ཀྱི་དགོན་སྡེ་ཁག་དང་ལས་ཁུངས་ཁག་ཏུའང་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱེད་ཀྱི་ཡོད་པ་རྣམས་གཞི་རྩའི་རྒྱ་གར་གྱི་ཁྲིམས་ལུགས་དང་འགལ་ཡོད་སྟབས། མངའ་སྡེ་དང་དབུས་གཞུང་གིས་གནད་དོན་དེའི་ཐོག་དགོས་ངེས་ཀྱི་ཁྲིམས་ལུགས་ལག་བསྟར་བྱ་དགོས། ཞེས་སྙན་ཞུ་ཞིག་ཧི་མ་ཅཱལ་མངའ་སྡེའི་ཁྲིམས་ཁང་ལ་ཕུལ་ཡོད་སྐོར་གསར་ཤོག་ནང་ཐོན་ཡོད་པ་རེད། སྙན་ཞུ་དེ་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་ལ་འབྱོར་ཡོད་ངེས་ཡིན་ཡང་། བོད་གཞུང་བཀའ་ཤག་ལ་ད་བར་འབྱོར་ཡོད་པ་མ་རེད། གནས་ཚུལ་དེ་ཐོན་མ་ཐག་རྒྱ་གར་གྱི་གསར་འགོད་པ་ཁག་ཅིག་གིས་ཀྱང་གནད་དོན་འདིའི་ཐད་བཙན་བྱོལ་བོད་གཞུང་ལ་གཟིགས་ཚུལ་ག་རེ་ཡོད་མེད་དྲིས་བྱུང་། སྐབས་དེར་ངས་གནད་དོན་དེའི་ཐད་བཙན་བྱོལ་བོད་གཞུང་ལ་དགོངས་ཚུལ་གསུང་རྒྱུ་གང་ཡང་མེད། དེ་ནི་ཁྲིམས་ཁང་གི་བརྡ་ཡིག་ཅིག་ཆགས་ཡོད་དུས། བརྡ་ཡིག་མ་མཐོང་ན་དེའི་ནང་གི་གནས་ཚུལ་མང་པོ་ཞིག་རྒྱུས་ལོན་ཐུབ་ཀྱི་མེད་པས་བསམ་ཚུལ་བཤད་ན་འོས་འཚམ་མིན། གལ་སྲིད་ཡི་གེ་འབྱོར་ཡོད་ན་སྐབས་བསྟུན་གྱི་བརྡ་ལན་གསལ་པོ་ཞིག་སྤྲོད་ཀྱི་ཡིན་ཞེས་བཤད་པ་ཡིན། ཞེས་གསུངས་སོང་།

ཁོང་ལ་བོད་མི་ ༣ གྱི་གནད་དོན་དེ་ ༢༠༠༥ ལོར་མཚོ་པདྨར་བྱུང་བའི་ས་ཆ་ཉོ་ཚོང་གི་རྙོག་དྲ་དེར་འབྲེལ་བ་ཡོད་མེད་དྲིས་པར། ས་ཆའི་གནད་དོན་ནི་ལོ་བདུན་བརྒྱད་གོང་གི་གནད་དོན་ཡིན་པ་ལས་གསར་པ་གང་ཡང་མ་རེད། མངའ་སྡེ་འདིའི་མི་སེར་ཡིན་ན་མི་སེར་ཆགས་སྟངས་དེ་ཡང་མ་འདྲ་བ་ཞིག་ཡོད། དེ་ཁྲིམས་ཐོག་ཏུ་གནས་སྟངས་ཐ་ཐད་ཅིག་ཆགས་ཀྱི་ཡོད། དཔེར་ན། མི་ཞིག་དངོས་ཡོད་ཐོག་མངའ་སྡེ་འདིའི་མི་སེར་ཡིན་ཚེ། མི་སེར་གྱི་ཐོབ་ཐང་ལེན་ཆོག་གི་ཡོད་ཀྱང་། མི་དེ་རྒྱལ་ཁབ་དེའི་མི་སེར་དང་མངའ་སྡེའི་ཆབ་འབངས་ཡིན་མིན་ཐད། ཁྲིམས་ཐོག་ནས་ཁུངས་ལྡན་ར་སྤྲོད་གསལ་པོ་མ་ཆགས་པར་གནད་དོན་དེ་རྩོད་གཞིའི་ངོ་བོར་གནས་རྒྱུ་ཡིན་སྟབས། དེ་ལ་འགྲེལ་བཤད་རྒྱག་རྒྱུ་གང་ཡང་ལྷག་མེད་པ་རེད་ཟེར།

ཡང་ཁོང་ལ་འཛིན་བཟུང་བྱ་འཆར་གྱི་བོད་མི་དེ་གསུམ་གྱི་ལོ་རྒྱུས་དང་། ཁོང་ཚོར་ཉེས་མིང་གཙོ་བོ་ག་རེ་བཏགས་ཡོད་མེད་དྲིས་སྐབས། གཙོ་བོ་བོད་མི་དེ་དག་གིས་ཁྲིམས་འགལ་གྱི་ཐོག་ནས་གཞན་གྱི་ས་ཆ་ཉོས་ཟེར་བ་དེ་ཡིན་པ་འདྲ། ཁོང་ཚོའི་གྱོད་དོན་དེ་ནི་ཁྲིམས་ཁང་ནས་ཐག་གཅོད་གནང་རྒྱུ་ཞིག་ལས་ང་ཚོ་སུས་ཀྱང་རྒྱུས་ལོན་ཐུབ་ཀྱི་མེད། ཁྲིམས་མཐུན་ཐོག་ས་ཆ་ཉོ་ཚོང་བྱས་ཡོད་མེད་དེ་ཁྲིམས་ཁང་གིས་ཁོ་ནས་ཐག་གཅོད་བྱེད་ཀྱི་རེད། སྤྱིར་བཏང་བོད་པ་ཚོར་ཁྲིམས་མཐུན་གྱི་ཐོག་ནས་ས་ཆ་ཉོ་རྒྱུའི་ཐོབ་ཐང་ཡོད་ཀྱང་། དྲང་བདེན་དང་ལུགས་མཐུན་གྱི་ངོ་བོར་སོང་མེད་ན་ཁྲིམས་འགལ་ཆགས་ཀྱི་ཡོད། ཡིན་ནའང་། ཁྲིམས་འགལ་ཡིན་མིན་དེ་གསར་འགྱུར་འགོད་མཁན་དང་སྙན་ཞུ་ཕུལ་མཁན་གཉིས་ཀྱིས་ཐག་ཆོད་པ་ཞིག་གཏན་ནས་མ་རེད། དེའི་སྟབས་ཀྱིས་ཁྲིམས་འགལ་ཡིན་མིན་གྱི་གནད་དོན་དེ་མཐའ་མར་ཞུ་གཏུགས་བྱེད་སའི་ཁྲིམས་ཁང་གིས་ཐག་གཅོད་གནང་གི་རེད། ཅེས་གསུངས་བྱུང་།

བཀའ་དྲུང་མཆོག་ལ་ས་གནས་གཞན་དུ་ས་ཆ་ཉོ་ཚོང་གི་རྙོག་དྲ་དེ་འདྲ་ཡོད་མེད་དང་། བོད་པ་སྐྱབས་བཅོལ་བ་ཚོར་ས་ཆ་ཉོ་རྒྱུའི་ཐོབ་ཐང་ཡོད་མེད་དྲིས་པར། ངས་ཤེས་གསལ་ལྟར་ན། ད་བར་བོད་པའི་སྤྱི་ཚོགས་ནང་ཁྲིམས་འགལ་གྱི་ས་ཆ་ཉོས་པའི་གནས་ཚུལ་གང་ཡང་བྱུང་མྱོང་མེད་ལ། ཧི་མ་ཅལ་དང་དེ་མིན་གྱི་བོད་པའི་གཞིས་ཆགས་ཁུལ་དུ་རྒྱ་གར་དབུས་གཞུང་གིས་སྤྲད་པའི་ས་ཆ་དེ་དག་བེད་སྤྱོད་བྱེད་བཞིན་ཡོད་པ་དང་། བོད་རིགས་ཤིག་ནས་ས་ཆ་ཉོ་དགོས་པ་དེ་ཚོའང་རྒྱ་གར་ནང་སྲིད་ལྷན་ཁང་བརྒྱུད་  Reserve Bank of India བཀའ་འཁྲོལ་ཞུ་དགོས་ཤིང་། བཀའ་འཁྲོལ་ཞུ་ཡིག་ནང་ས་ཆ་ཉོ་བ་དང་བེད་སྤྱོད་གཏོང་ཕྱོགས་ཐོག་ལུགས་མཐུན་གྱི་འགྲེལ་བཤད་ཆ་ཚང་ཞིག་བརྒྱབ་ན་འགྲོ་ལམ་གཅིག་ཡོད་པ་རེད། ཅེས་ལན་བསྐྱོན་སོང་།

རྒྱ་གར་ཉེན་རྟོག་པས་འཛིན་འཆར་ཡོད་པའི་བོད་མི་དེ་དག་གི་ཐད། བཙན་བྱོལ་བོད་གཞུང་ལ་གནང་ཕྱོགས་གང་འདྲ་ཡོད་མེད་དྲིས་སྐབས། ཁྲིམས་ཀྱི་འགྲོ་ལུགས་ལྟར་ན། ཁྲིམས་ཁང་ནས་བརྡ་ཐོ་འབྱོར་བ་ཡིན་ན་དེར་འགྲེལ་བཤད་རྒྱག་རྒྱུའི་གོ་སྐབས་ཡོད་པ་རེད། དེ་མིན་ཁྲིམས་ཁང་ལ་འགྲེལ་བཤད་ཅི་ཡང་མེད་པར་མི་འཇུས་སོང་ཟེར་བའི་སྐད་ཆ་ཞིག་ཡོང་ཐབས་ཡོད་པ་མ་རེད། གལ་སྲིད་བོད་པ་དེ་དག་ལ་ཁྲིམས་ཁང་ནས་ནག་ཉེས་ར་སྤྲོད་གསལ་བོ་བྱུང་བ་ཡིན་ན། བཀའ་ཤག་གིས་ཁྲིམས་མཐུན་མིན་མཁན་ཞིག་ལ་རྒྱབ་སྐྱོར་གནང་ཐབས་ཡོད་མ་རེད་ལ། གལ་སྲིད་རྒྱབ་སྐྱོར་བྱས་ཀྱང་ཁྲིམས་མཐུན་ཆགས་ཐབས་མེད་པར་བརྟེན། ནམ་ཡང་ཁུངས་འཁྱོལ་བ་ཞིག་ཡོང་ཐབས་ཡོད་པ་མ་རེད། ཅེས་གསུངས་སོང་།

མཇུག་ཏུ་རྒྱ་གར་ཡུལ་མི་ཁ་ཤས་ཀྱིས་ཁྲིམས་ཁང་ལ་ཞུ་གཏུགས་བྱས་པ་དེས་ས་གནས་ཧིན་བོད་མང་ཚོགས་བར་བར་ཤུགས་རྐྱེན་ངན་པ་ཐེབས་མིན་སྐོར་དྲིས་པར། ང་རང་གིས་ཧི་མ་ཅལ་རྒྱ་གར་ཡུལ་མི་དང་བོད་མིའི་བར་མཐུན་ལམ་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད། སྤྱིར་བཏང་ང་ཚོའི་ནང་མི་དང་བཟའ་ཚང་བར་ལའང་གླེང་གཞི་ཆུང་ཚགས་རེ་ཡོང་གི་ཡོད་པ་ཆོས་ཉིད་ཡིན་ལ། མངའ་སྡེ་འདིའི་ནང་མཚམས་རེར་མི་རེ་ཟུང་བར་བསམ་ཚུལ་མི་མཐུན་པ་ཕྲན་བུ་རེ་འབྱུང་བཞིན་ཡོད་ཀྱང་། དེ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ཡིན་པ་ལས་རྩོད་རྙོག་ཆེན་པོ་གང་ཡང་མ་རེད། དཔེར་ན། ཉེ་ཆར་ཚགས་པར་ནང་ཐོན་པའི་ཁྲིམས་ཁང་གི་གནད་དོན་སྐོར་དེ་དག་ཀྱང་། མཐར་གཏུགས་ན་མི་སྒེར་བ་ཞིག་གི་སྙན་ཞུ་ཡིན་པ་ལས། ཡུལ་མི་ཁྱོན་ཡོངས་དང་ཡུལ་མིའི་སྐུ་ཚབ་མཚོན་ཐུབ་པའི་སྙན་ཞུ་གང་ཡང་མ་རེད། དེ་ཡིན་དུས་༧གོང་ས་མཆོག་དང་བོད་གཞུང་བཀའ་ཤག་གིས་དུས་རྒྱུན་བོད་རིགས་མང་ཚོགས་ལ། རྒྱ་གར་ཡུལ་མི་དང་མཐུན་ལམ་ཡག་པོ་དགོས་རྒྱུ་དང་། ཡུལ་ཁྲིམས་གཙང་མ་འཁུར་དགོས་པའི་སྐོར་བཀའ་སློབ་རིམ་པར་གནང་ཡོད་སྟབས། བོད་རིགས་ཚང་མས་ལག་ལེན་འཁེལ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།


གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 9

  1. གཅན་ཚ་དཔལ་ལྡན། says:
    ལོ་ 14 སྔོན།

    དྲ་གྲོགས་ལས་རླུང་ལགས་སུ། ཁ་སྔོན་གུས་པས་བཀའ་དྲུང་སྐུ་ངོ་མི་འགྱུར་རྡོ་རྗེ་མཆོག་ལ་རྒྱ་གར་མི་སེར་ཐོབ་ཐང་མེད་ན་ཁྲིམས་མཐུན་ཐོག་ས་ཆ་ཉོ་ཆོག་མིན་དྲིས་པར། ཁོང་གིས་ Reserve Bank of India བརྒྱུད་འབྲེལ་བ་བྱས་ན་ས་ཆ་ཉོ་ཆོག་པའི་ལམ་ཁ་ཞིག་ཡོད་ཚུལ་གསུངས་བྱུང་། ང་རང་ཅུང་ཡིད་མ་ཆེས་པར་ནན་གྱིས་བསྐྱར་འདྲི་བྱས་ཀྱང་། ཁོང་གིས་དེ་ནི་ཡོངས་ཁྱབ་རང་བཞིན་ཞིག་མིན་ཡང་། རང་ཉིད་ལ་གནས་ལུགས་དང་རྒྱུ་མཚན་ཟབ་མོ་རེ་ཡོད་ན་ལམ་ཁ་དེ་ཡོད་ཚུལ་གསུངས་སོང་། ང་རང་སྒེར་ལ་མཚོན་ན་དེའི་ཐད་ཀྱི་ཤེས་རྟོགས་གང་ཡང་མེད། ཁྱེད་ཀྱིས་ཤེས་འདོད་ཡོད་ན། བཀའ་དྲུང་ཡིག་ཚང་ལ་འབྲེལ་བ་གནང་རོགས། ཐུགས་རྗེ་ཆེ།

    Reply
  2. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    གཞུང་གི་ལས་འགན་ནི་རང་མི་རིགས་ཀྱི་བདེ་སྡུག་བལྟ་རྒྱུ་དང་རང་མི་རིགས་ལ་དཀའ་ངལ་འཕྲད་སྐབས་སྲུང་སྐྱོབ་བྱེད་རྒྱུ་དེ་རེད་ བདེན་པ་རེད་ ཡིན་ན་ཡང་ གལ་སྲིད་བོད་རིགས་གཅིག་གིས་རྒྱ་གར་ནང་གི་ཁ་ཆེ་འཇིགས་སྐུལ་རིང་ལུགས་པའམ་ཡང་ན་སྟག་གཟིག་ནག་འཚོང་རྒྱག་མཁན་གཅིག་དང་ལག་འབྲེལ་གྱིས་དེའི་ནང་ཞུགས་ནས་འཛིན་བཟུང་བྱེད་ཡོད་ཚེ་དེ་ལ་བོད་གཞུང་གིས་སྲུང་སྐྱོབ་བྱེད་དགོས་ཟེར་བ་ཡིན་ན་ཏག་ཏག་བསྡད་ཀྱི་མེད་ སྤྱིར་ང་ཚོ་ཚང་མ་རྒྱ་གར་གྱི་ལུང་པ་ནང་གནས་ཡོད་ཙང་ཡུལ་དེའི་ཁྲིམས་ལ་བརྩི་སྲུང་བྱེད་དགོས་པ་ཡིན་ རང་གི་ལུང་པ་ནང་གནས་པ་ནང་བཞིན་རང་སྣང་གང་དྲན་བྱེད་ས་ཞིག་གཏན་ནས་མིན་ བྱས་ཙང་བཀའ་དྲུང་མི་འགྱུར་ལགས་ཀྱིས་གསུངས་པ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད་

    Reply
  3. རང་དབང་ཕོ་ཉ། says:
    ལོ་ 14 སྔོན།

    ང་རང་དྷ་སར་གཏན་སྡོད་བྱེད་མཁན་དུས་བོད་གཞུང་གིས་མི་མང་གཟིགས་སྐྱོང་ག་ཚོད་ག་འདྲ་གནང་གི་ཡོད་དེ་གསལ་པོ་ཧ་གོ་གི་ཡོད། ས་གནས་ཡུལ་ཁྲིམས་དང་འགལ་རིགས་ལ་ལྟ་ཞོགས་ཡུལ་ཁྲིམས་དང་མ་འགལ་བའི་རིགས་ཉམ་ཐག་ལ་ཚུལ་བཞིན་བལྟ་སྐྱོངས་བྱེད་ཐུབ་ཀྱི་མེད། གལ་སྲིད་འབྲེལ་ཡོད་དེ་འདྲ་བདེ་སྡུག་འདྲ་ཞུ་བ་ཕྱིན་པ་ཡིན་ན། སྣང་ཆུང་བྱེད་པ་མ་ཟད་བཀའ་སྐྱོན་ཚ་པོ་ཟད་སྟེ་ཕྱིར་ལོག་ཡོང་རྒྱུ་ལས་གཞན་གང་ཡང་ཡོད་པ་མ་རེད། སྐབས་སུ་བབ་པ་དོ་དག་བཀའ་དྲུང་ཡིན་ཟེར་འདི་ལྷན་ཁང་ཁག་གི་དྲུང་ཆེ་ནང་ནས་བཟང་སྤྱོད་མེད་པའི་སྡུག་ཤོས་ཤིག་རེད། གལ་ས྄ིད་ཁོང་ལ་བཅར་གཏུགས་བྱས་མྱོང་མཁན་ཡོད་གསལ་པོ་ཧ་གོ་ཡི་རེད། ངའི་སེམས་ནང་ལྷང་ངེར་ཤར་བ་ཞིག་གསར་འགོད་པ་ཁོང་ལ་དེ་ལྟར་གནང་ཡོད་ངེས་རེད།

    Reply
  4. དྲང་བདེན་གི་གཏམ་ says:
    ལོ་ 14 སྔོན།

    བཀའ་དྲུང་ལགས་གི་གསུང་པ་དེ་རྣམས་ནི་བདེན་པ་རེད་བསམ་གི་འདུག།།།། མི་ཉག་སྐལ་བཟང་ལགས་གི་གསུང་པ་དེར་ང་མོས་མཐུན་མེད། ལེགས་ཉེས་མ་ལྟོས་པར་བོད་གཞུང་ནས་གང་བྱུང་གི་མི་ཞིག་ལ་འགེབས་སྲུང་བྱེད་དགོས་ན་ཉིན་ཞིག་བོད་མི་རེ་ཟུང་ནས་བཙན་བྱོལ་གཞུང་དེ་ནག་ཉེས་འགེབས་སྲུང་ཚོགས་པ་ལྟ་བུ་ཞིག་བཟོ་ངེས་རེད།།།།།། མི་གང་ཟག་གི་ཉེས་པ་བསགས་ཚེ་ཉེས་ཁྲིམས་རང་ཉིད་གི་འཁུར་བ་ལས་རང་གི་གཞུང་གི་འཁུར་བ་དང་འགེབས་སྲུང་བྱེད་པ་ནི་ནམ་ཡང་ཡོང་མི་སྲིད་པ་ཞིག་རེད།།། ལྷག་པར་དུ་མི་དེ་ཚོར་དངོས་སུ་ཉེས་པ་ཡོད་ཚེ་དེ་རྣམས་ལ་ཁྲིམས་མཐུན་གྱི་ཆད་པ་བཅད་ན་ལེགས་པ་ལས་བོད་གཞུང་ནས་འགེབས་སྲུང་དང་ཐད་ཇུས་མ་བྱས་ན་ལེགས་ དེ་མིན་བོད་མི་རེ་ཟུང་གི་མིང་ཐོག་ནས་བོད་གཞུང་དང་རྒྱ་གར་གཞུང་གཉིས་དབར་བརྒལ་བ་ཡོང་སྲིད་།།

    Reply
  5. མི་ཉག་སྐལ་བཟང་། says:
    ལོ་ 14 སྔོན།

    སྐུ་ངོ་ཁོང་ལ་ད་ལྟ་ད་དུང་ཡང་གནའ་སྔ་མོའི་བོད་སྡེ་པ་གཞུང་གི་མི་ཆེན་སྐུ་ངོ་ཚོའི་བཀའ་གནང་སྟངས་ཀྱི་ཁྱད་ཆོས་ཁོང་ལ་ལྡན་འདུག གང་ལྟར་བོད་མི་དེ་དག་གི་གྱོད་དོན་ལ་རང་གཞུང་གི་ལག་པ་འཆང་མི་འདོད་པ་བསྟན་ཚར་འདུག ལེགས་ཉེས་དང་ཡག་སྡུག་གི་ཆ་གང་ཡིན་རུང་བོད་མི་རེ་རེའི་རྒྱབ་མདུན་ན་བོད་གཞུང་ཡོད་དགོས་པ་དང་། བོད་གཞུང་གི་རྒྱབ་མདུན་གཉིས་ཀར་བོད་མི་རེ་རེ་ངོ་རེ་ཡོད་དགོས་པ་ནི་རྕ་བའི་མི་རིགས་ཤིག་གི་གནད་འགག་ཡིན་པ་རེད། གལ་ཏེ་བོད་མི་དེ་དག་ལ་དངོས་ཡོད་ཀྱི་གནས་ཚུལ་དེའི་རིགས་འཕྲད་པ་ན་བོད་གཞུང་གིས་འཕྲལ་དུ་ལག་པ་འཆང་མི་འདོད་རུང་རྒྱང་བལྟ་ཙམ་བྱེད་དགོས་པ་ནི་གཞུང་གི་ལས་འགན་རེད།

    Reply
  6. ལས་རླུང་། says:
    ལོ་ 14 སྔོན།

    གསར་འགོད་པ་དཔལ་ལྡན་ལགས།
    བཀའ་དྲུང་མི་འགྱུུར་གྱིས། བོད་རིགས་ཤིག་ནས་ས་ཆ་ཉོ་དགོས་པ་དེ་ཚོའང་རྒྱ་གར་ནང་སྲིད་ལྷན་ཁང་བརྒྱུད་ Reserve Bank of India བཀའ་འཁྲོལ་ཞུ་དགོས་ཤིང་། བཀའ་འཁྲོལ་ཞུ་ཡིག་ནང་ས་ཆ་ཉོ་བ་དང་བེད་སྤྱོད་གཏོང་ཕྱོགས་ཐོག་ལུགས་མཐུན་གྱི་འགྲེལ་བཤད་ཆ་ཚང་ཞིག་བརྒྱབ་ན་འགྲོ་ལམ་གཅིག་ཡོད་པ་རེད་ཅེས་གསུང་བའི་དོན་དེ་ཞིབ་འགྲེལ་ཞིག་གནང་རོགས། ངའི་གྲོགས་པོ་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པ་ཞིག་ལ་དངུལ་ཡོད་ཀྱང་། ས་ཆ་ཉོ་བ་དང་ཁང་པ་བརྒྱག་པའི་ཐོབ་ཐང་མ་རེག་པའི་དཀའ་ངལ་འཕྲད་ཚུལ་ཚོར་སྣང་ཅན་གྱི་དཀའ་ངལ་དེ་འདྲ་འཕྲད་ཚུལ་ཐོས་བྱུང་ན་དེའི་ཐད་གསལ་བཤད་དམ། བསྐྱར་འདྲི་རེ་བྱེད་རོགས།

    དེ་མིན། རྒྱ་གར་བོད་མིའི། R C ཞེས་པའི་ལག་ཁྱེར་དེ་དངོས་གནས་ཁྲིམས་ཐོག་གི་ཐོབ་ཐང་གང་འདྲ་ཡོད་ན་ཧ་གོ་བའི་གསལ་བཤད་ཞིབ་ལྷུག་ཅིག་དྲ་ཐོག་ཏུ་འགོད་སྤེལ་བྱ་གལ་ཆེ། གནད་དོན་འདི་སྤྱིའི་ཆ་ནས་བཙན་བྱོལ་བོད་མིའི་གཞིས་ཆགས་བརྟན་བརླིང་དང་འབྲེལ་ཞིང་། བྱེ་བྲག་གང་ཟག་སྒེར་བ་ཚོའི་མི་ཚེའི་འཚོ་གོས་གནས་མལ་གྱི་བརྟན་འདུག་གནས་བབས་ལ་ཧ་ཅང་འབྲེལ་བ་ཆེ་བས་ཚོར་སྣང་ཙམ་གྱིས་རྩོམ་ཉོག་རེར་མཐོང་ཆེན་གྱིས་ཚུལ་དུ་ཁྱབ་བསྒྲགས་འགྲེམས་སྤེལ་ལ་འཐོམས་ནས་བཞུགས་པ་ལས་གནད་དོན་འདི་རིགས་ལ། ཁ་ཟིན་སྣ་ཟིན་ཙམ་མིན་པར་རྒྱུས་ལོན་བྱས་ཏེ་ཕྱི་གསལ་གནང་གསལ་གནང་གལ་ཆེ་བའི་གནས་སྟངས་དང་གནས་ལུགས་གང་མང་མཐོང་གི་འདུག་ན། དེ་ལུགས་ཡིད་འཇགས་ཀྱིས་གང་ཡོང་ཅི་ཐུབ་གནང་རོགས་མཛོད།

    Reply
  7. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    ས་ཁུལ་གང་དུ་བསྡད་ན་ཡང་ཁྲིམས་དང་མཐུན་པ་གནང་ཡས་འདི་ཤིན་ཏུ་གལ་ཆེན་པོ་རེད་ ང་ཚོ་བོད་ནང་ལ་རང་སྣང་གང་དྲན་བྱེད་པ་ནང་བཞིན་མ་རེད་ བོད་ནང་དུ་ཡིན་ན་གྲི་རྒྱག་ནས་མི་བསད་པ་དང་རྐུ་རྒྱག་པ་ཡིནན་དེ་ཙམ་གྱི་ནག་ཉེས་ཆེན་པོ་བརྩི་གིན་མེད་ མ་ཚད་ས་ཁུལ་ཁ་ཤས་ལ་དེ་འདྲའི་བྱེད་མཁན་རིགས་ལ་དཔའ་བོ་གྲས་ལ་བརཙི་གིན་ཡོད་ རྒྱ་གར་ལུང་པ་ལ་དེ་འདྲ་མིན་

    Reply
  8. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    མི་གསུམ་འཛིན་འཆར་ཟེར་བ་དེར་བསམ་བློ་ཞིག་བཏང་ན་འཛིན་བཟུང་བྱེད་རྒྱུ་མིན་པའི་རྟགས་གསལ་པོ་བསྟན་ཚར་འདུག འཆར་གཞི་ཕྱིར་བསྒྲགས་བྱས་པ་དེས་མི་དེ་དག་བྲོས་རྒྱུགས་ཟེར་བ་དང་ཁྱད་པར་མིན་འདུག མ་གཞི་རྒྱ་གར་ལས་བྱེད་མགོ་མཇུག་བར་གསུམ་ཚང་མ་ལྐོག་ཟ་རུལ་སུངས་བྱེད་མཁན་ཤ་དག་ཡིན་པས་ཧང་སངས་རྒྱུ་གང་ཡང་མེད་ལ་ཉེ་འཆར་བཀའ་ཟུར་དང་ཨ་རི་དོན་གཅོད་བློ་བཟང་སྙན་གྲགས་ལགས་ཀྱིས་གཏམ་བཤད་ལ་ཉན་ཡོད་པ་ཡིན་ན་ཞུ་གཏུགས་བྱེད་མཁན་པཱ་དབང་རྐུ་མ་ཟེར་བ་དེར་ཡང་རྒྱ་མིས་དངུལ་མ་སྤྲད་པའི་ངེས་པ་གང་ཡང་མེད།

    གནས་ཚུལ་དེ་འདྲས་རྐྱེན་གྱིས་བོད་པ་ཚོ་ཕྱི་རྒྱལ་ལ་འདེད་ཀྱི་ཡོད། རྒྱ་གར་ཡུལ་དང་ཡུལ་མི་བོད་མིར་དྲིན་ཆེ་ཡང་ཡུལ་མི་ལ་ཤས་རང་གིས་མ་འཇོན་ཞིང་བོད་མིས་བྱས་ཐུབ་པ་མིག་ནང་མ་གཤོངས་བ་བྱེད་ཀྱི་འདུག སྔོན་མ་དགུ་བཅུ་གོ་གྲངས་ནང་རྒྱ་གར་གྱི་ཚགས་པར་པཱན་ཇབ་ཀེས་རི་ཟེར་བའི་ནང་བོད་པ་ཚོས་ལྷམ་དང་གྱོན་གོས་གོང་ཆེན་པོ་གྱོན་གྱི་འདུག མོ་ཊ་གཏོང་གི་འདུག སྦག་སྦག་གཏོང་གི་འདུག་ཟེར་མང་པོ་ཞིག་བྲིས་སོང་། དེ་ནས་ངས་ཕྱི་རྒྱལ་ལ་འགྲོ་རྒྱུའི་གྲབས་བྱས་པ་ཡིན། འཚམས་ལ་ལར་ཡུལ་མི་ངན་པའི་ས་གནས་ལ་གནས་སྡོད་བྱེད་མཁན་བོད་པ་ཚོར་དངོས་གནས་སྙིང་རྗེ་གི་འདུག

    Reply
  9. ཁྲ་གླག་སྤྱང་གསུམ། says:
    ལོ་ 14 སྔོན།

    བཀའ་དྲུང་ལགས་ཀྱིས་གསུངས་པ་དེ་ག་རང་རེད། དེ་ལས་ཐབས་ཤེས་གཞན་གང་ཡང་མེད། ཁོང་གིས་འགྲེལ་བཤད་ལུགས་དང་མཐུན་པ་ཞིག་བརྒྱབ་འདུག འོན་ཀྱང་ང་ལ་དོགས་པ་ཞིག་བྱུང་བ་ནི་ཁྲིམས་འགལ་ཐོག་ས་ཆ་ཉོ་མཁན་འཛིན་བཟུང་བྱེད་རྒྱུ་ཡིན་ན། འོ་ན་ཁྲིམས་འགལ་ཐོག་བཙོང་མཁན་དེ་ལ་ཅི་ཞིག་བྱེད་རྒྱུ་ཡིན་ནམ། གལ་སྲིད་ཉོ་མཁན་དང་ཚོང་མཁན་གཉིས་ཀ་ཁྲིམས་མཐུན་ཡིན་ན་ཞུ་སྦྱོར་བ་དེ་ལ་ཅི་ཞིག་བྱེད་རྒྱུ་ཡིན་ནམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese