མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཅིག་གྱུར་སྐད་ཡིག་ཁྱབ་སྤེལ། རྫ་ཆུའི་ཟླ་བ།

བོད་ཀྱི་དུས་བབ།
༢༠༡༠/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

 

ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་དར་བའི་ཡང་དག་པའི་རིག་གཞུང་འདི་དག་གི་རྩ་བའི་ཕན་ནུས་དང་འབྱུང་ཁུངས་ཞིབ་འཇུག་རིག་པས་ཤེས་རྟོགས་བྱས་ཏེ། དུས་རབས་གོང་འོག་གི་ལོ་རྒྱུས་ཁྲོད་དུ་བླ་མེད་མཛད་བཟང་འོད་སྟོང་འབར་བའི་ཡབ་མེས་ཚོའི་ཤུལ་བཞག་ནོར་བུའི་རིན་ཐང་བསམ་སྟེ། ད་ལྟའི་ང་ཚོའི་མི་རབས་འདིས་ཀྱང་མི་རིགས་རང་གི་ཁེ་ཕན་རྩ་དོན་ཆེད་འབད་བརྩོན་ཡང་དག་གི་སྒོ་ནས་གཅིག་གྱུར་སྐད་ཡིག་ཁྱབ་སྤེལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་འཚོལ་རྒྱུ་འདི་གལ་ཆེན་རང་བཞིན་ལྡན་པའི་དོན་སྙིང་ཞིག་ཏུ་མཐོང་། 
དེའི་ཕྱིར་ང་ཚོ་བོད་ས་གནས་སྤྱི་ཡོངས་ལ་དབང་བའི་སྐད་ཡིག་ཁྱབ་སྤེལ་དགོས་ན་ཐོག་མར་ས་གནས་སོ་སོའི་དམངས་ཁྲོད་དང་སློབ་གྲྭ། དགོན་པ་སོགས་ཀྱི་ནང་ནས་གཅིག་གྱུར་སྐད་ཡིག་སྐོར་ཀྱི་བགྲོ་གླེང་ཚོགས་འདུ་དང་དེང་རབས་སྤྱི་ཚོགས་གསར་བའི་བྱ་དངོས་རྒྱུས་ལོན་བྱས་ཐོག་འདོད་རྗེས་གང་རུང་གི་ཐ་སྙད་སྡུ་རུབ་བྱས་ཏེ། དེའི་ནང་ནས་ཀྱང་མིང་དོན་འཚམ་མི་འཚམ་དང་གོ་བརྡ་སྤྲད་ཐུབ་མིན་ཀྱི་ཁྱབ་ཁོངས་ཆེ་ཆུང་སོགས་ཞིབ་འཇུག་བྱས་ཏེ། གཅིག་གྱུར་ཚིག་མཛོད་དཔེ་དེབ་འགྲེམ་སྤེལ་བྱ་རྒྱུ་དང་། དམིགས་བསལ་སྐབས་མ་གཏོགས་རྒྱུན་ལྡན་འཚོ་བའི་ཁྲོད་དུ་དབྱིན་སྐད་དང་རྒྱ་སྐད་སོགས་མི་བཤད་རྒྱུའི་དྲན་ཤེས་རྟེན་མིན་ལ་རག་ལུས་ཡོད། 
དེ་མཚུངས་སུ་གླུ་བ་དང་གླུ་ཚིག་རྩོམ་པོ། སྙན་དེབ་གསར་བ་འབྲི་མཁན་སོགས་ལ་མཚོན་ན་ཧ་ཅང་གིས་གལ་འགངས་ཆེ་ཞིང་སྤྱི་ཚོགས་ཐོག་གཅིག་གྱུར་སྐད་ཡིག་ཁྱབ་སྤེལ་འཕེལ་རྒྱས་ཕྱོགས་སུ་ཕན་གནོད་ཆེ་བའི་གཞི་རྩ་རླབས་ཆེན་ཞིག་ཆགས་ཡོད་པར་མ་ཟད། གླུ་བ་དང་གླུ་ཚིག་རྩོམ་པ་པོ་དེ་དག་གིས་ཁ་ཕྱོགས་གཙོ་བོ་དེ་ཡང་མི་རིགས་རང་གི་ཐུན་མིན་སྲོལ་རྒྱུན་རིག་གཞུང་རྒྱུ་རྩལ་གྱི་ཉམས་འགྱུར་འབུར་དུ་ཐོན་རྒྱུའི་གྲུབ་འབྲས་འཚོལ་རྒྱུ་གལ་ཆེན་པོ་རེད་འདུག་སྙམ། དེང་སྐབས་གཞན་སྐད་འདྲེས་པའི་གླུ་ཚིག་ཇི་སྙེད་ཅིག་གིས་ཞོ་ཡི་ནང་དུ་ཁྲག་བླུག་པ་བཞིན་བོད་སྐད་གཙང་མར་འབག་བཙོག་ཧ་ཅང་ཆེན་པོ་བཟོ་ཡི་འདུག དེ་ཡང་ལེགས་ཆར་མི་ལྟ་བར་སྐྱོན་ཆ་འཚོལ་རྒྱུར་དགའ་དྲགས་པ་མིན་ཡང་། དཔེར་ན་“བུ་ཆུང་ང་ལ་(Hello)གསུང་རོགས་གནང་དང,,ཞེས་པ་དང་། བུ་ངའི་(number)གཟིགས་རོགས་གནང་དང,,སོགས་ཀྱིས་མཚོན་པའི་ཉེས་སྐྱོན་མང་དག་ཅིག་མཐོང་རྒྱུ་ཡོད་པ་འདིའི་རིགས་གཅིག་གྱུར་སྐད་ཡིག་ཁྱབ་སྤེལ་དང་འཕེལ་རྒྱས་ཀྱི་བགྲོད་ལམ་གཏོར་བཤིག་གཏོང་བྱེད་གཙོ་བོ་ཆགས་ཡོད།

ད་དུང་རྩོམ་དེབ་གསར་བ་འབྲི་མཁན་ལ་མཚོན་ན་ཁ་ཤས་ཀྱིས་རང་མོས་སྙན་ངག་ཡིན་ཟེར་ཏེ་ (ཚིག་ཆག་བཙན་སྒྲིག) བྱས་ཏེ། ཡིད་ལ་གང་དྲན་དྲན་ཤར་མར་བྲིས་ཤིང་ཡུལ་ལུང་མི་གཅིག་པའི་སྐད་རིགས་འདྲ་མིན་སྒྲ་སྦྱོར་བྱས་ཏེ། དོགས་ཟོན་མེད་པར་རྩོམ་དེབ་འགྲེམ་སྤེལ་བྱེད་རྐྱང་བྱེད་བ་སོགས་ནི་མིག་རྒྱང་རིང་བའི་བློ་གྲོས་ཅན་དག་གིས་ཅི་ནས་ཀྱང་སྔོན་འགོག་ཀྱི་ཐབས་ཤེས་འདོན་རྒྱུ་གལ་ཆེན་པོ་རེད་འདུག་སྙམ། 

གཅིག་གྱུར་སྐད་ཡིག་ཁྱབ་སྤེལ་ཐད་དགོས་མཁོ་ཆེ་བའི་ཚིག་མཛོད་ཁག་གཅིག་འགྲེམ་སྤེལ་བྱས་ཟིན་པའམ་ཡང་ན་འགྲེམ་སྤེལ་བྱ་གྲབས་ཡོད་པ་སོགས་ཀྱང་། རང་གར་བཞག་པས་མི་ཕན་པར་དེས་ནང་གི་དེང་རབས་སྤྱི་ཚོགས་ཀྱི་བྱ་དངོས་གསར་བའི་ཐ་སྙད་དག་ལ་དོ་སྣང་བྱས་ཏེ། ཚོང་ལས་དང་འགྲིམ་འགྲུལ་གང་གི་སྐབས་སུ་ཡིན་ན་ཡང་བོད་རིགས་ཕན་ཚུན་བར་དངོས་དོན་ལག་སྟར་བྱ་རྒྱུ་འདིའང་གཙོ་བོ་ཡིན། སྤྱིར་དེང་སྐབས་ན་གཞོན་མང་དག་ཅིག་གིས་བོད་སྐད་ཀྱི་ཐ་སྙད་བཀོལ་རྒྱུ་ལས་གཅེར་བུར་སྲང་ལ་འགྲོ་རྒྱུར་ངོ་མི་ཚ་བའི་གནས་སྟངས་ཆགས་ཡོད་ན་ཡང་། དོན་དངོས་ཐོག་བོད་ཀྱི་སྐད་ཡིག་འདིའི་ལོ་རྒྱུས་དང་གྲུབ་ཆ་སྤུས་ཚད་གང་ཅིའི་ཐད་ནས་རྒྱལ་སྤྱིའི་ཐོག་ངོ་གནོང་མི་དགོས་པར་མ་ཟད། རྒྱལ་ཁབ་རིམ་པའི་ཆེད་ལས་མི་སྣ་དང་ལོ་རྒྱུས་མཁས་དབང་དག་གིས་མགྲིན་གཅིག་དབྱངས་གཅིག་གིས་བསྔགས་པའི་གནས་སུ་གྱུར་ཡོད། 

གཅིག་གྱུར་སྐད་ཡིག་ཡར་རྒྱས་ཀྱི་རུ་འདྲེན་གཙོ་བོ་དགོན་སྡེ་དང་སློབ་གྲྭ་སོགས་ཡིན་ལ། ཉམས་རྒུད་གཏོང་མཁན་ཡང་བཤད་གྲྭ་དང་སློབ་གྲྭའི་སློབ་མ་ཚོ་རེད། དེ་ཡང་དགེ་རྒན་ཀྱིས་སློབ་གསོ་གཏོང་ཕྱོགས་སྐོར་ཀྱི་གོམས་ཆ་དང་སློབ་ཕྲུག་སོ་སོས་རྒྱུན་ལྡན་འཚོ་བའི་ཁྲོད་དུ་ཉམས་སྣང་མ་བྱས་པའི་སྐད་ཆ་ཤན་བཞུགས་སྟངས་ཤིག་ཀྱང་རེད། དེས་རིམ་པས་ནང་མི་དང་གྲོགས་པོ་ཕན་ཚུན་བར་གཞན་སྐད་ཀྱི་ཐ་སྙད་བཀོལ་རྒྱུ་ཇེ་མང་ནས་ཇེ་མང་དུ་སོང་སྟེ་འདི་ལྟར་སྣང་མེད་དུ་བཞག་ན། འབྱུང་འགྱུར་ཕལ་ཆེར་ལོ་ཉིས་བརྒྱའི་རྗེས་སུ་བོད་སྐད་ཡང་དག་གི་བསྟན་པ་དེ་ཡང་འཇའ་ལྟར་ཡལ་ངེས་ཡིན་པའི་སྔོན་དཔག་བྱེད་ཐུབ། 

གཞིས་ལུས་བོད་རིགས་སྤུན་ཟླར་མཚོན་ན། ས་གནས་སོ་སོར་སྤྱི་སྐད་གཏན་འབེབ་ཆེད་གཉེར་ཀྱིས་ལས་དོན་བསྒྲུབས་དང་སྒྲུབ་བཞིན་ཡོད་པར་དགའ་བསུ་ཞུ་འོས་པ་ཞིག་རེད། འོན་ཀྱང་བྱེས་བཞུགས་བོད་རིགས་དག་དེ་དང་གཤིབ་ན། གཅིག་གྱུར་བོད་སྐད་བཤད་རྒྱུར་དེ་ཙམ་དོ་སྣང་མེད་པར་མཐོང་གི་འདུག སྐད་རིགས་གཞན་ཞིག་གི་སྒྲ་གདངས་དང་དག་ཆ་ཡོང་མིན་སྐོར་ཀྱི་གྲོས་བསྡུར་དང་སེམས་ཁུར་མ་གཏོགས་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ནང་གི་སྔོན་རྗེས་མིང་གསུམ་གྱི་སྒྲ་དོན་འཇུག་ཚུལ་དང་། རྟགས་འཇུག་ནས་གསུངས་པའི་སྐད་གདངས་དྲག་ཞན་ནམ། ཡང་ན་དེང་རབས་སྤྱི་ཚོགས་གསར་བའི་བྱ་དངོས་དང་མཐུན་པའི་བོད་སྐད་གཙང་མ་འགྲན་བསྡུར་ཞིབ་བཤེར་བྱ་རྒྱུ་ཉུང་ཉུང་རེད། དགེ་རྒན་ཚོས་མཚམས་རེར་སློབ་ཁྲིད་སྐབས་གཏམ་དཔེ་དང་དཔེར་རྗོད་སོགས་འདྲེན་དགོས་ཚེ་དབྱིན་སྐད་ཀྱི་ཐ་སྙད་བེད་སྤྱོད་གཏོང་རྒྱུ་ལས་བོད་སྐད་ཀྱི་ལམ་ནས་ཚིག་དེ་ལ་སྙན་ཆ་མི་འདུག་ཟེར་བའམ་ཡང་ན་སྟབས་བདེ་བོ་མི་འདུག་ཟེར་མཁན་ཉུང་ཉུང་མིན། དེའི་སྐྱོན་གང་ལ་ཐུག་ཡོད་ཟེར་ན་དགེ་རྒན་ཁོ་རང་ལ་བོད་སྐད་ཡིག་གི་ཆུ་ཚད་འདང་ངེས་མེད་པའི་ནང་རྟགས་ཕྱི་རུ་མངོན་པ་རེད་མ་གཏོགས་བོད་ཀྱི་སྐད་ཡིག་གི་ནུས་ཚད་དམའ་དྲགས་པ་གཏན་ནས་ཡིན་མི་སྲིད། 

དེ་ཡང་ལོ་ཙཱ་བ་ཀུན་ཀྱི་དབུས་ནས་མངོན་པར་འཕགས་པའི་སློབ་དཔོན་ཐོན་མི་སཱམ་བྷོ་ཊ་བྱོན་ནས་བཟུང་། དུས་རབས་བདུན་པའི་དཀྱིལ་དུ་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་བྱོན་པའི་བར་ལོ་གྲངས་ཆིག་སྟོང་ལྷག་གི་རིང་བོད་ཀྱི་ལོ་ཙཱ་བ་སྔ་རྗེས་ཡོངས་རྫོགས་བསྡོམས་ན་བདུན་བརྒྱ་ཡས་མས་བྱུང་བ་དེ་ཚོས། རྒྱ་བལ་འབྲུག་གསུམ་དང་། ཁ་ཆེ་ཞང་ཞུང་། ལི་ཡུལ་བཅས་ཀྱི་སྐད་ནས་ནང་པ་སངས་རྒྱས་ཀྱི་གཞུང་ཆེན་ལྔ་དང་། གསོ་རིག སྐར་རྩིས། སྙན་ངག སྒྲ་རིག་པ། གཏམ་རྒྱུད། རྩོམ་ཡིག ཟློས་གར་བཅས་ནང་དོན་ཧ་ཅང་རྒྱ་ཆེ་ཞིང་རྣམ་གྲངས་མི་ཉུང་བའི་བཀའ་བསྟན་དེ་དག་བོད་སྐད་དུ་བསྒྱུར་ཡོད་པ་འདིས་ཀྱང་གསལ་བོར་ཤེས་ཐུབ། 

སྤྱིར་དེང་དུས་སུ་གསར་བྱུང་བྱ་དངོས་ཉིན་རེ་ལས་ཉིན་རེར་གོང་འཕེལ་དུ་འགྲོ་རྒྱུ་བགྲང་གིས་མི་ལངས་ཤིང་། དེ་དང་མཚམས་པའི་ཐ་སྙད་ཡང་གསར་དུ་འདོག་རྒྱུ་མ་གཏོགས་སྔ་ས་ནས་དེ་ལ་མིང་ཞིག་གྲ་སྒྲིག་བྱས་མེད་ན་ཡང་། བྱ་དངོས་གསར་བ་གང་འདྲ་ཞིག་ཡིན་རུང་དེ་ལ་མིང་གསར་བ་འདོག་རྒྱུར་གཞི་རྩའི་བོད་རང་གི་སྐད་ཡིག་གིས་འདང་ངེས་ཡིན་ལ། ང་ཚོ་མདོ་དབུས་ཁམས་གསུམ་དབྱེ་འབྱེད་མེད་པར་བོད་སྐད་ཡིག་རང་གི་ཐོག་ནས་དེང་དུས་ཀྱི་བྱ་དངོས་གསར་བའི་ཐ་སྙད་ཀྱི་སྟོང་ཆ་འགེང་རྒྱུ་དེ་དང་། ཕྱོགས་ཡོངས་ནས་གཅིག་གྱུར་སྐད་ཡིག་གི་ཆུ་ཚོད་གོང་མཐོར་བཏང་སྟེ། མི་རིགས་ཀྱི་སྲིད་དཔལ་རིག་གསུམ་དར་སྤེལ་གཏོང་རྒྱུ་དེ་ཕུགས་རྒྱང་རིང་བོར་ཞིབ་དཔྱོད་མཁས་པའི་བློ་གྲོས་ཀྱི་མིག་ཟུང་ཅེར་མཁན་དང་<<ཁོག་ན་སྙིང་དང་སྙིང་ན་དྲོད>>་ཡོད་པའི་ཤ་ཞེན་ལ་རྒྱའི་ཀི་རིང་འདེབས་མཁན་ཚོའི་ཕྲག་ཏུ་བབ་པའི་འོས་འགན་ཉག་གཅིག་རེད་འདུག་སྙམ།

༼ རྩོམ་པ་པོའི་ཟིན་བྲིས་ལས་བདམས་བཀོད་བྱས ༽

འབྲེལ་ཡོད་གསར་འགྱུར།

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠

མཆན། 3

  1. ཀཱི༔ལུང་ཐུབ་བཟང་། says:
    ལོ་ 15 སྔོན།

    རྫ་ཆུའི་ཟླ་བ་ལགས་ཀྱིས་བོད་ཀྱི་སྐད་ཡིག་གཅིག་གྱུར་དང་དེ་དར་སྤེལ་གྱི་ཐད་ལ་ཆེད་རྩོམ་ལེགས་པོ་གནང་བ་བཀའ་དྲིན་ཆེ།
    ང་ཚོ་བོད་མི་རིགས་འདི་མུ་འཐུད་དུ་གོ་ལ་འདིར་གནས་ཐབས་ལ་བོད་རང་ནུས་ཀྱིས་མི་གཅོགས་པའི་གནས་ཚུལ་དག་ནི་སྔོན་གྱི་ལས་ཀྱིས་སམ་འཕྲལ་གྱི་རྐྱེན་གྱིས་སམ་ཡང་ན་་་་་་་་་གང་ལྟར་ཅི་ལེགས་འདོད་བྱེད་པའི་རང་དབང་དང་ཐབས་བཀོད་མེད་པ་རེད།
    འོན་ཅང་རང་དབང་ཡོད་ཀྱང་བྱེད་ཐུབ་པའི་ལས་དོན་དག་རང་ངོས་ནས་འཐུས་ཤོར་བཏང་ན་ཧ་ཅང་གྱོང་གུད་ཆེན་པོ་རེད་བསམ་གྱི་འདུག ངས་ཀྱང་སྐད་ཡིག་དར་སྤེལ་དང་གཅིག་གྱུར་གྱི་སྐོར་ལ་བསམ་ཚུལ་བོད་གཞི་བྱེས་གཉིས་ཀྱི་རྒྱལ་ཕམ་ཟེར་བ་ཞིག་བྲིས་ནས་དྲྭ་ཐོག་ཏུ་བཀོད་ཡོད།
    མ་གཞི་དེང་སང་དྲྭ་ཐོག་ཏུ་བརྗོད་བྱ་བློ་ལ་བབས་པ་དྲྭ་གྲོགས་ཚོས་འཚངས་ཁ་བྱེད་ས་ཞིག་གི་གསུམ་ཡོད། ༡༽ཆོས་ལུགས་ཀྱི་ཕྱོགས་རིས་རེད། དྲྭ་བ་དོ་དམ་པས་དེའི་འཆན་བུ་སྒོ་རྒྱབ་དགོས་པའི་གནས་ཚུལ་བྱུང་པ་རེད། ༢༽ཆོལ་ཁའི་ཕྱོགས་རིས་རེད། དྲྭ་ཚུགས་མང་ཤོས་ཀྱི་ཟིན་བྲིས་པའི་བརྗོད་བྱ་མང་ཤོས་དང་འཆན་བུ་མང་ཤོས་རེད། ༣༽ཆགས་གཏན་འདྲ་མིན་རེད། འཆན་བུ་བརྒྱ་ལས་རྒལ་བའི་ཟིན་བྲིས་མང་པོ་ཡོད། དེ་ལས་པའི་གཞན་པའི་བོད་ཀྱི་སྐད་ཡིག་གི་ཐད་ནས་གླེང་ན་དྲོ་བ་ཆུང་ཆུང་ཡིན་པའི་སྤྱི་ཚོགས་ཤིག་གི་སྣང་ཚུལ་བྱུང་། དེ་ནི་ངའི་འཁྲུལ་སྣང་ཡིན་པར་ཤོག།

    Reply
  2. ཅོ་རི་ཉི་མ། says:
    ལོ་ 15 སྔོན།

    རྫ་ཆུའི་ཟླ་བ་ལགས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཁྱེད་ཀྱིས་
    《ང་ཚོ་མདོ་དབུས་ཁམས་གསུམ་དབྱེ་འབྱེད་མེད་པར་བོད་སྐད་ཡིག་རང་གི་ཐོག་ནས་དེང་དུས་ཀྱི་བྱ་དངོས་གསར་བའི་ཐ་སྙད་ཀྱི་སྟོང་ཆ་འགེང་རྒྱུ་དེ་དང་། ཕྱོགས་ཡོངས་ནས་གཅིག་གྱུར་སྐད་ཡིག་གི་ཆུ་ཚོད་གོང་མཐོར་བཏང་སྟེ། མི་རིགས་ཀྱི་སྲིད་དཔལ་རིག་གསུམ་དར་སྤེལ་གཏོང་རྒྱུ་དེ་ཕུགས་རྒྱང་རིང་བོར་ཞིབ་དཔྱོད་མཁས་པའི་བློ་གྲོས་ཀྱི་མིག་ཟུང་ཅེར་མཁན་དང་<<ཁོག་ན་སྙིང་དང་སྙིང་ན་དྲོད>>་ཡོད་པའི་ཤ་ཞེན་ལ་རྒྱའི་ཀི་རིང་འདེབས་མཁན་ཚོའི་ཕྲག་ཏུ་བབ་པའི་འོས་འགན་ཉག་གཅིག་རེད་འདུག》ཞེས་གསུངས་འདུག་པསབདེན་པ་འདྲ་གཅིག་རེད་སྙམ།

    ༡་་དུབ་བབ་དྲ་ཐོག་ཏུ་ང་མཁས་ཁོང་མཁས་ཟེར་མཁན་དྲ་གྲོགས་མི་ཉུང་བ་ཞིག་ཡོད་པས་སུ་དང་སུས་གནད་དོན་འདིའི་ཐོག་ཏུ་ཅི་དང་གང་བྱ་ཐུབ་མིན་གྱི་བསམ་ཚུལ་རེ་མཆན་བུ་འདེབས་རོགས་ཞུ་རྒྱུ་ཡིན།

    ༢་་དེང་སང་གི་དུས་ཚོད་ལ་དྲ་རྒྱའི་རྒྱུད་ནས་ཞབས་འདེབས་འདྲ་ཞུ་ཐུབ་སྲིད་པ་རེད་སྙམ། མི་མང་པོས་བསམ་འཆར་བཤད་ན་ཐབས་ཤེས་རྙེད་སྲིད་པ་རེད། རང་སོ་སོའི་དུས་ཚོད་འདི་འདྲ་ལ་ཐབས་ཤེས་འདྲ་ཡོད་ན་ཁོག་ལ་སྦས་ནས་མ་བསྡད་པར་གསུང་ན་ཕན་ཐོགས་ཡོང་གི་རེད་འདོད།

    ༣་་་་་ང་ཅོ་རིས་ངོས་ནས་བཤད་མང་དྲག་མེད་ནའང་ཉུང་མེད་པ་ཞིག་སྔོན་མ་ནས་བཤད་པ་ཡིན། ངའི་རེ་བ་ཆེ་ཤོས་བོད་ཀྱི་སྐད་ཡིག་ནང་དུ་དེང་རབས་གསར་པའི་སྲིད་འབྱོར་རིག་གསུམ་ཚར་བསྒྱུར་ཐུབ་པ་བྱེད་དགོས་པ་དེ་ཡིན།

    བོད་ཀྱི་སྐད་ཡིག་འདི་དེང་རབས་ཅན་ཞིག་ལ་བསྒྱུར་དགོས།
    བོད་ཀྱི་སྐད་ཡིག་འདི་ལྟོ་གོས་ཅན་ཞིག་ལ་བསྒྱུར་དགོས།
    བོད་ཀྱི་སྐད་ཡིག་འདི་ཆེད་ལས་ཅན་ཞིག་ལ་བསྒྱུར་དགོས།
    བོད་ཀྱི་སྐད་ཡིག་འདི་སྔོན་འགྲོ་པ་ཞིག་ལ་བསྒྱུར་དགོས།
    བོད་ཀྱི་སྐད་ཡིག་འདིའི་ཐོག་ནས་དེང་རབས་གསར་པའི་རིག་གནས་བསླབ་ཐུབ་པ་ཞིག་ལ་བསྒྱུར་ཐུབ་དགོས་པ་ནི་གལ་ཆེ་ནང་གི་དོན་ཆེ་མིན་འགྲོ་སྙམ།

    ཐུགས་རྗེ་གཟིགས།

    Reply
  3. དོན་གྲུབ། says:
    ལོ་ 15 སྔོན།

    རྫ་ཆུའི་ཟླ་བ་ལགས་ཀྱི་རྩོམ་ཡིག་འདི་གནད་ཐོག་ལ་འཁེལ་འདུག གླུ་ཚིག་དང་རྩོམ་ཐུང་དམ་དུམ་ནང་ཕྱི་སྐད་བསྲེས་པ་བཙན་བྱོལ་ཙམ་མ་རེད། བོད་ནང་དུའང་ཤུགས་ཆེན་པོ་རེད། བོད་པ་ཞིག་གིས་དབྱིན་སྐད་དང་རྒྱ་སྐད་ཀྱི་གླུ་གཞས་གཏོང་ཐུབ་ན་གཟི་བརྗིད་རེད། འོན་ཀྱང་བོད་སྐད་ཀྱི་གླུ་གཞས་ནང་མི་རིགས་སྐད་ཀྱི་སྐད་བསྲེས་ན་དེ་ནི། སོ་སོའི་མི་རིགས་ཀྱི་སྐད་ཡིག་ལ་གཏོར་བརླག་བྱས་པ་རེད། དེ་སྔ་བོད་ནང་གི་གླུ་བ་ཚོས་བོད་གླུ་ཡི་ནང་རྒྱ་སྐད་བསྲེས་མ་མ་ཐོས་མོད། བོད་གླུའི་ནང་ཤེས་ལ་མ་ཤེས་དང་དག་ལ་མ་དག་གིས་ཨུ་ཚུགས་ཀྱིས་དབྱིན་སྐད་བསྲེས་ཡོད་པ་ཞིག་ཐོས་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese